མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟོགས་སླ་བའི་བོད་ཀྱི་” ཁོར་ཡུག་གཏོར་བརླག་སྨྲ་བ”།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

བོད་གངས་ཅན་པ་རྣམས་ནི་ནང་ཆོས་དང་འབྲེལ་བའི་སྤྱི་ཚོགས་ཤིག་ཏུ་འཚར་ལོངས་བྱུང་ཡོད་ལ། དེའི་སྤྱི་ཚོགས་ནི་ནང་པའི་ཆོས་ཀྱི་བཟང་པོའི་ཀུན་སྤྱོད་ཀྱི་ཞགས་རྩི་དང་མ་བྲལ་བར་གནས་པས། བོད་མི་རྣམས་ཀྱིས་འགྲོ་བ་སེམས་ཅན་ཙམ་མ་ཟད། སྣོད་ཀྱི་བཀོད་པ་རང་བྱུང་ཁམས་ཆེན་མོར་གཅེས་སྤྲས་གནང་སྟངས་ནི་དམིགས་བསལ་ཞིག་ཡིན། སྤྱི་ཚོགས་ཀྱི་བསམ་བློའི་འཕེལ་རིམ་དང་ཡུལ་དེའི་རིག་གནས་ཀྱི་བབ་དང་བསྟུན་ཏེ་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་རྣམས་རང་བཞིན་བོད་མི་རྣམས་ཀྱི་ཀུན་སྤྱོད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། བོད་མི་རྣམས་ཀྱིས་གཏེར་ཁ་སྔོག་པ་དང་ཆུ་དཀྲུག་པ། ཤིང་གཅོད་པ་སོགས་བྱས་ན་ཡུལ་ལྷ་ཁྲོས་པ་དང་། ས་བཅུད་ཉམས་ནས་མུ་གེ་དང་ཐན་སྐྱོན་ཡོང་དོགས་ལ་ཡིད་ཆེས་བྱེད་ཅིང་། དེའི་སྲོལ་རྒྱུན་གྱིས་ད་དུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་ཚད་ལྡན་གྲུབ་ཡོད།

འོན་ཀྱང་རྒྱ་ནག་གིས་བོད་བཙན་ཟོས་བྱས་པ་ནས་བོད་ཀྱི་ས་ཆེན་པོའི་བཅུད་ཉམས་ཤིང་། དེར་གནས་བཅས་པའི་སེམས་ཅན་མང་ཆེ་བ་རྩ་སྟོང་དུ་འགྲོ་བཞིན་པ་ནི་འཛམ་གླིང་ཀུན་གསལ་ཆགས་ཡོད། རྒྱ་ནག་གིས་དབང་བསྒྱུར་བྱེད་སྟངས་ལ་མི་སེམས་བསླུ་བ་ནས་ཞི་དྲག་གང་རུང་གིས་བོད་མི་རྒྱ་མིར་བསྒྱུར་ཐབས་དང་། བོད་མི་ཉུང་དུ་གཏོང་ཐབས་སོགས་ཀྱི་སྲིད་བྱུས་ཀྱི་མཉམ་དུ་ད་དུང་གཏིང་ནག་པོའི་སྲིད་བྱུས་གཞན་ཞིག་སྤེལ་བཞིན་ཡོད་པ་ནི། ཁོར་ཡུག་གཏོར་བརླག་གཏོང་བའི་སྲིད་བྱུས་འདི་ཡིན་ཞིང་། ཁོར་ཡུག་གཏོར་བརླག་བཏང་བས་ས་བཅུད་ཉམས་པ། གནམ་གཤིས་དོ་མི་ཉམས་པ། ཐན་སྐྱོན་ཆེ་བ། ཆུ་སྐམ་པ་སོགས་ས་ཆེན་པོའི་བཅུད་ཤོར་འགྲོ་བས། བོད་མི་རྣམས་རང་སར་གནས་ཐབས་མི་ཡོང་རྒྱུའི་དུས་ཚོད་ལ་ངང་སྒུག་བྱེད་བཞིན་པའི་རྒྱ་ནག་གི་བྱེད་ཕྱོགས་འདི་ནི་དུས་རབས་ ༢༡ པ་འདིའི་ནང་མི་སྤྱོད་ལས་འདས་པའི་དཔེ་མཚོན་ཨང་དང་པོ་དེ་ཆགས་ཡོད།

བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ཡོད་པའི་བོད་ཀྱི་ས་ཆ་ནི། ཨེ་ཤ་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་ལ། རྒྱ་དཀར་ནག་གཉིས་དང་། པ་ཀི་སི་ཐན། འབར་མ། ཐའེ་ལན་ཌི་སོགས་བརྒྱུད་འཛམ་གླིང་གི་མི་འབོར་བརྒྱ་ཆའི་ ༤༧ གྱི་ཐོན་སྐྱེད་ནུས་ཤུགས་དང་འབྱུང་ཁམས་ལ་འབྲེལ་བ་ཡོད་པར་འཛམ་གླིང་ཡོངས་གྲགས་ཀྱིས་ངོས་འཛིན་གནང་གི་ཡོད། རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་སྔོན་༧གོང་ས་ལྔ་བ་ཆེན་པོའི་དུས་ནས་ཡོད་པའི་༼ རི་རྒྱ་ཀླུང་རྒྱ་བསྡམས་པའི་རྩ་ཚིག་ཆེན་མོ ༽ སོགས་ཀྱི་ཁྲིམས་ཀྱིས་ཁྱབ་ནས་བོད་ཀྱི་ཁོར་ཡུག་ནི་མི་སྨོན་རང་སྐྱིད་དུ་གནས་ལ། སྨན་ལྗོངས་འབྲུག་དང་བོད་རྒྱལ་ཁབ་གཉིས་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྲོལ་གཏན་འབེབས་གནང་མཁན་འཛམ་གླིང་ནང་ཐོག་མའི་གྲས་སུ་དེང་སང་ཁོར་ཡུག་ཞིབ་འཇུག་པ་དག་གིས་ཡོངས་གྲགས་སུ་བཞེད་ཀྱི་ཡོད།

བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་དོན་ནི་ཕ་ས་ཕ་ཡུལ་ཡིན་པ་དང་། རང་ཉིད་རང་སའི་བདག་པོ་ཡིན་པས་བོད་ཀྱི་མི་རབས་གསར་བ་རྣམས་རང་སར་གནའ་འཆའ་ཐུབ་དགོས་པ་དེས་ཡིན་མོད། རྒྱ་ནག་གཞུང་གིས་” བོད་ལ་སྔ་མོར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་མེད་ཚུལ་དང་། དེའི་རྒྱུ་མཚན་ནི་བོད་མི་ཚོས་རང་སའི་ཐོན་ཁུངས་རྣམས་ལ་ཞིབ་ཏུ་རྒྱུས་མངའ་བྱས་མེད་“ཅེས་གླེན་བཤད་བྱས་ཡོད། དེ་ནི་ཁོང་ཚོས་བོད་སར་ལག་པ་བསྐྱངས་དགོས་པའི་རྒྱུ་མཚན་བོད་ཀྱི་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ་སྦས་ཀྱང་ཕྱི་ལ་ཤོར་པའི་གཟུགས་བརྙན་རང་རེད་མ་གཏོགས་གཞན་ཅི་གང་མ་རེད།

ཡང་ཁོང་ཚོས ” ལོ་ངོ་ ༦༠ ཡི་ཚུན་ལ། བོད་ལྗོངས་སུ་ཁོར་ཡུག་སྦག་བཙོག་གི་དོན་རྐྱེན་ཆེན་པོ་གཅིག་ཀྱང་བྱུང་མྱོང་མེད་པ་དང་།   གཙང་བོ་དང་མཚོ་མཚེའུ་གཙོ་བོ་དག་སྔར་བཞིན་གདོད་མའི་ཚུལ་དུ་གནས་ཡོད། ” ཅེས་དང་། ཡང་ཁ་སྐྱེངས་ངོ་ཚ་ཅུང་ཙམ་མེད་པར། ” བོད་ལྗོངས་རྙིང་བའི་བརྒྱ་ཆའི་ ༡ ཡང་ཟིན་མེད་པའི་བོད་ལྗོངས་ཀྱི་ནགས་ཚལ་ཁེབས་ཚད་དེ་བརྒྱ་ཆའི་ ༡༡.༩༡ བར་འཕར་བ་རེད” ཟེར། རིག་པ་རྣལ་དུ་གནས་མཁན་ཞིག་ཡིན་ན། རྫུན་གཏམ་འདི་འདྲ་བཤད་རྒྱུ་ནི་རང་གི་གྱོན་གོས་རང་གིས་བཤུས་ནས་དམར་ཧྲེང་སེ་ཁྲོམ་ལ་ཕྱིན་པ་དང་འདྲ་བར་ངོས་འཛིན་བྱེད་ཀྱང་། ངོ་ཚ་ཞེས་པའི་མིའི་རིགས་ཀྱི་རྩ་ལམ་དག་ཏུ་ཁྱབ་པའི་རིག་གནས་ལ་འབྲེལ་འདྲིས་མེད་མཁན་ཚོ་ལ་ནི། དེ་ཡང་ཅི་ཡང་ཡིན་ཚོད་མ་རེད་མོད། དོན་དག་ཆུང་ཆུང་འདི་གཅིག་པུ་ནས་བསམ་བློ་བཏང་བ་ཡིན་ནའང་རྒྱ་བོད་གཉིས་དུས་གཏན་དུ་མཉམ་གནས་ཞི་མཐུན་ཞིག་མེད་པ་གསལ་བཤད་བྱས་ཡོད་པ་རེད།

ངས་གོང་གི་སྐྱག་རྫུན་ཆེན་པོ་འདི་གཉིས་ཀྱི་ནང་རུལ་ཅུང་ཙམ་སྔོག་ན། མི་རྣམས་ལ་ངེས་ཤེས་ཤིག་ཐོབ་ངེས་ཡིན། བོད་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱེ་ལེ་གྲུ་བཞི་མ་ ༢༢༡༨༠༠ ཡོད་པ་དང་། ༡༩༨༥ ལོར་ནགས་ཚལ་གྱི་རྒྱ་ཁྱོན་སྤྱེ་ལེ་གྲུ་བཞི་མ་ ༡༣༤༠༠༠ ལས་ལྷག་མེད་པ་ནི་ཕྱེད་ཙམ་ཉུང་དུ་ཕྱིན་ཡོད། ནགས་ཚལ་ཞིབ་འཇུག་དག་གིས་བརྗོད་ན། བོད་ལ་རང་བྱུང་གོད་ཆགས་ཀྱིས་ནགས་ཚལ་ཉམས་ཉེས་སོང་བ་ལས་རྒྱ་ནག་གཞུང་གིས་གནོད་སྐྱོན་བཏང་བ་ཉུང་ཉུང་མིན་ཚུལ་བཤད་ཡོད། བོད་ཀྱི་ས་ཁུལ་ནས་ཚད་གཞི་གཏན་འབེབས་བྱས་པའི་ཤིང་ཆ་ལོ་རེར་འོར་འདྲེན་བྱས་པ་དག་ནི། བཤད་སྟངས་ཙམ་མིན་པར་དངོས་སུ་མིག་ལ་མཐོང་རྒྱུ་ཡོད་པ་འདི་ཡིན་སྟབས། ཨུ་ཡོན་ཀྲང་གཞོན་པ་༧པཎ་ཆེན་རིན་པོ་ཆེས་ཀྱང་རྒྱ་གཞུང་གི་ཁ་གྲགས་ཚད་ལ་བཤད་བསྡད་པའི་འཛུགས་བསྐྲུན་ནི་བོད་ཀྱི་ས་ནས་རྒྱ་གཞུང་གིས་རྐུ་འཕྲོག་བཅོམ་གསུམ་བྱས་པ་དང་བསྡུར་ཐབས་མེད་པའི་སྡོམ་ཚིག་གསལ་བོར་བཀོད་གནང་ཡོད།

ལོ་རབས་བརྒྱད་བཅུ་པའི་ནང་བོད་མི་བཙོན་པ་མི་གྲངས་ ༢༠༠༠༠ ཙམ་ནས་ཉིང་ཁྲི་ས་ཁུལ་ནས་ནགས་ཚལ་གཅོད་འབྲེག་དང་འོར་འདྲེན་བྱས་པ་དང་། ༡༩༥༩ ལོར་ཨ་མདོ་རྔ་བ་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་ཧེག་ཀྲར་(Hectari)ས་ཡ་ ༢.༢༠ དང་། ཤིང་ཆའི་གསོད་ཚད་རྒྱ་དཔང་གྲུ་བཞི་མ་སྤྱི་ཁྲེ་ས་ཡ་ ༣༤༠ ཙམ་ཡོད་ཀྱང་། རྗེས་སུ་ནགས་ཚལ་ཧེག་ཀྲར་ ༡.༡༧ དང་། ཤིང་ཆ་གསོག་ཚད་རྒྱ་དཔངས་གྲུ་བཞི་མ་སྤྱི་ཁྲེ་ས་ཡ ༡༨༠ ཙམ་ལས་ལྷག་མེད། ཨ་མདོ་ཀན་ལྷོ་ས་ཁུལ་ནས་ཕྱི་ལོ་ ༡༩༨༥ བར་རྒྱ་ནག་གཞུང་གིས་ཤིང་ཆ་རྒྱ་དཔངས་གྲུ་བཞི་མ་སྤྱི་ཁྲེ་ས་ཡ་ ༦.༤༤ གཅོད་འབྲེག་བྱས་ཡོད། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། ཤིང་ཆ་དེ་དག་ཞེང་ཚད་སེན་ཌི་མི་ཌར(Centimetre) ༣༠ དང་། རིང་ཚད་སྤྱི་ཁྲེ་ ༣ བྱས་པའི་སྡོང་མར་གཏུབ་སྟེ་ནར་ནར་མཐུད་རྒྱབ་པ་ཡིན་ན་སའི་གོ་ལར་བསྐོར་བ་གཉིས་ཐེབས་ཀྱི་ཡོད་པར་ཐ་ཚིག་ནན་བསྒྲགས་བྱས་ཡོད། ༡༩༩༨ ལོར་རྩེ་ཆུ་བརྒྱུད་ནས་རྒྱ་ནག་ལ་ཆུ་ལོག་བྱུང་སྟེ་ས་ཁུལ་མང་པོར་གནོད་སྐྱོན་ཤུགས་ཆེར་བྱུང་སྐབས། བོད་ཀྱི་ས་ཁུལ་ཡོངས་ནས་ཤིང་ནགས་གཅོད་འབྲེག་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་ཀྱང་། ༡༩༩༩ ཟླ ༢ ནང་ཟི་ཁྲོན་ཞིང་ཆེན་གྱི་བོད་ས་ནས་ཤིང་ཆ་འོར་འདྲེན་གྱི་རླངས་འཁོར་གྲངས་ལས་འདས་པ་བཏང་འདུག་པ་ཨ་རིའི་རྩོམ་པ་པོ་ཞིག་གིས་མཐོང་སྟེ། ༼ བོད་དང་བོད་མི། ནེའུ་ཡོག ༽ ཅེས་དེབ་ནང་གསལ་བོར་བྲིས་ཡོད་པ་རེད།

སྨྱུག་འཛིན་པ་ཁོ་བོར་མཚོན་ན། ལོ་རབས་བརྒྱད་བཅུའི་ནང་སྐྱེས་མཁན་ཞིག་དང་། སྟོང་ལོ་གསར་བའི་བར་བོད་དུ་འཚོ་སྐྱེལ་བར་བརྟེན། ཁོ་བོ་སྐྱེས་སའི་གྲོང་གསེབ་ཁག་ཏུའང་ཤིང་ནགས་གཅོད་འབྲེག་གིས་ནགས་རི་རྣམས་དཀར་སེང་ངེ་གྱུར་ཡོད་པ་ནི་སློབ་ཆུང་འགྲིམས་སྐབས་ནས་གསལ་བོར་མཐོང་གི་ཡོད། ཡིན་ནའང་ས་བདག་བོད་མི་རྣམས་ལ་ནི་སྡོད་ཁང་ཙམ་རྒྱག་རྒྱུ་ལ་ཤིང་ཆ་མེད་པའི་དཀའ་ངལ་ཡོང་གི་ཡོད་ལ། མཚམས་རེར་ཆུ་ལོག་ཆེན་པོས་ཁུར་ཡོང་པའི་ཤིང་སྡོང་རེ་འགའ་གྲོང་མིར་ལག་སོན་བྱུང་བ་རྣམས་ཀྱང་རྒྱ་གཞུང་གིས་ཉེས་ཆད་གཏོང་བས་མ་ཟད། ང་སྐྱེས་སའི་གྲོང་གསེབ་དེའི་ཚེ་རིང་དབང་རྒྱལ་ཟེར་བ་ཆུ་ཤིང་སྡོང་བོ་གཉིས་ཀྱི་ཕྱིར་དུ་བཙོན་འཇུག་གིས་ཟི་ལིང་སྟོང་སྐོར་དུ་ལམ་བཟོར་བཏང་བ་དང་། ཟླ་དྲུག་གི་རྗེས་སུ་རྒྱ་སྒོར་ཉིས་སྟོང་གིས་བཙོན་ནས་གློད་ཐུབ་པ་བྱུང་ཡོད།

བོད་མིའི་གནས་ཡུལ་རེ་རེར་འདི་ལྟའི་རྒྱ་གཞུང་གི་ཚད་ལས་བརྒལ་བའི་བྱ་སྤྱོད་རྗོད་ཀྱི་ཡོད་པ་ཞིབ་ཏུ་མ་མཁྱེན་པར། བོད་ཀྱི་ཁོར་ཡུག་སྨྲ་བ་ཚོའི་སྐད་ཆ་ནི་རྟོགས་དཀའ་བ་ཞིག་དང་ཁུངས་ལུང་མེད་པར་བརྗོད་རྒྱུ་ནི། ཡེ་རྡོར་དང་བཀྲ་ཤིས་སོགས་ཀྱི་རྒྱབ་ཏུ་སྦས་པའི་རྒྱ་གཞུང་གི་སྡིག་པ་མིག་བཙུམ་གྱི་བྱ་སྤྱོད་ངོ་མ་དེ་མ་རེད་དམ།

ད་དུང་དངོས་ཡོད་སྦས་སྐུང་གིས་ཅི་མི་སྙམ་པར་བོད་སར་ཤོག་སྒོར་དུང་ཕྱུར་མང་པོ་བཏང་རབ་ཀྱི་གསར་འགྱུར་བརྒྱུད་ལམ་རྫུན་བཟོ་བྱས་ཏེ། རང་སྣང་དག་སྟེ་འདུག་སྟངས་འདི་གཅིག་བྱས་ན། དུས་ཡུན་གང་འཚམས་རེར་འདྲ་ཆགས་པོ་རེ་ཡིན་མོད་ཀྱང་། མི་རྣམས་ནི་ཞིབ་འཇུག་དང་། བདེན་པའི་རྗེས་སུ་འགྲོ་མཁན་ཞིག་ཡིན་སྟབས། རྒྱ་ནག་གུང་བྲན་གྱི་རང་སེམས་རང་གིས་གསོ་པའི་རྫུན་གཏམ་བསྟར་བསྒྲིགས་ཀྱིས་ཁུངས་མི་འཁྱོལ་བ་ནི་དུས་ཚོད་ཀྱི་སྔ་ཕྱི་ཙམ་རེད།

རྒྱུ་མཚན་དེས་གསར་དུ་བཀའ་ཁྲིར་སླེབས་རྒྱུའི་འབུམ་རམས་པ་བློ་བཟང་སེང་གེས་བོད་ཀྱི་ཁོར་ཡུག་གཏོར་བརླག་བཏང་ཚུལ་བརྗོད་པ་ནི་ཐལ་ཆ་གང་ཡང་མིན་ལ། ཁོང་གིས་རྒྱལ་སྤྱིའི་སྟེང་གི་དོན་དངོས་བཤད་པ་དེ་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་གྱི་སྐད་ཆ་ཡིན་པར་གཡམ་སྒྲོག་བྱེད་པ་ནི། ཁུངས་ལུང་བྲལ་བའི་བཤད་སྟངས་རང་ཡིན་ཡང་། རླབས་ཆེན་གྱི་སྐྱེས་བུ་༧གོང་ས་ཏཱ་ལའི་བླ་མས་གནའ་ནས་འབོད་སྐུལ་གནང་བ་བཞིན། བཙན་བྱོལ་བོད་གཞུང་གི་ཡིག་སྣོད་ཚུན་ཆུད་ལ་ཞིབ་འཇུག་བྱས་ཆོག་པའི་བདེན་པ་རི་རྒྱལ་འདྲ་བོའི་འགྱིང་ཉམས་ད་དུང་བསྡད་བསྡད་པ་རེད་ལ། ག་དུས་ཡིན་ཡང་དོགས་གཅོད་དུ་ཕེབས་ཆོག་པའི་སྒོ་མོའང་ཕྱེས་ཕྱེས་པ་རེད།

དེ་ནི་གཙོ་བོ་རྒྱ་ནག་གི་འགོ་ཁྲིད་ཚོ་མིའི་གྲལ་དུ་འགྲོ་འདོད་ཡོད་མེད་དང་། མིའི་བདེ་སྡུག་ཐག་གིས་གཅོད་པའི་ཆོད་སེམས་ཡོད་མེད་ལ་རག་ལས་ཡོད་པ་རེད། དེས་ན་རྗེས་སུ་ཡེ་རྡོར་དང་བཀྲ་ཤིས་སོགས་ཀྱིས་ཀྱང་སྨྱུག་ཁ་འདི་མི་དོན་ཐད་བསྒྱུར་ཨེ་ཐུབ་ལྟོས་ན་དགའ་བར་འདོད།

                                                                                               མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཤར་ཕྱོགས་ཁུག་རྟ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ལྟ་བུ་ལ་ངས་གངས་ཅན་བོད་ཀྱི་བུ་ཕྲུག་ཅེས་འབོད་འདོད། ཡོན་ཏང་ཁྱེད་ཀྱི་དངོས་མིང་འགོད་རོགས། བཀྲ་ཤིས་ཟེར་བའི་མིང་ཐོག་ནས་ང་ཚོར་སྐྱོན་བརྗོད་བྱས་པར་རྒྱ་གཞུང་གིས་རྒྱུན་དུ་བཤད་པའི་བཟང་ས་མཛེས་ས་ཡིན་ས་རྐྱང་རྐྱང་ནས་བཤད་པ་མ་གཏོགས་ངན་ས་དང་སྡུག་ས་དང་མ་ཡིན་ས་ནས་རྩ་བ་ནས་བཤད་མི་འདུག ། བོད་མདོ་དབུས་ཁམས་གསུམ་གྱི་ས་ཆར་གཏེར་ཁ་ཇི་ཙམ་རྔོག་འདུག་མིག་ལྟོས་དང་སེམས་ཀྱིས་བཟོད་པ་ཞིག་མི་འདུག །་དཔེར་ན་མི་ཉག་རྭ་རྔ་ཁར་གསེར་གྱི་གཏེར་ཁ་ཉིན་མཚན་མེད་པར་གློག་འཕྲུལ་གྱིས་རྔོག་བཞིན་པ་དང་། མུ་ལེ་ལུང་པར་ཟངས་ཀྱི་གཏེར་ཁ་དང་། ལི་ཐང་ལུང་པར་གཏེར་རིགས་སྣ་ཚོགས་རྔོག་འདོན་དང་། མ་ཟད་སྔར་ཡིན་ན་དགོན་སྡེ་སྟོང་ཕྲག་དྲུག་ལྷག་གཏོར་བཤིག་བཏང་བའི་རིན་པོ་ཆེའི་ཅ་ལག་རྣམས་དང་སྐུ་འདྲ་རྙིང་པ་ཁྲི་སྟོང་མང་པོ་རིན་ཐང་གཞལ་དུ་མེད་པ་རྣམས་རྒྱ་གཞུང་དང་དཔོན་ངན་རྣམས་ཀྱིས་ཁྱུར་མིད་བྱས་པ་ང་ཚོས་བརྗེད་ག་ལ་རུང་། དཔེར་ན་དགའ་ལྡན་དགོན་པའི་རྗེ་བླ་མའི་སྐུ་གདུང་གི་རང་འོད་ཆེ་བའི་རྡོ་རྗེ་ཕ་ལམ་འཛམ་གླིང་དུ་སྐད་གྲགས་ཅན་དེ་གང་དུ་འཁུར་བ་རེད། བོད་ཕྲུག་ཚོས། མེས་པོས་བཞག་པའི་བྱས་རྗེས་ང་ཚོས་ཇི་བརྗེད་རུང་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ལ། ནུབ་ཕྱོགས་ཁུག་རྟས་རྩོམ་བྲིས་ལ་ཐུགས་རྗེ་ཆེ་དང་། མུ་འགོད་ཡོང་བའི་རེ་བསྐུལ་བཅས། བོད་ཀྱི་རི་རྒྱ་ཀླུང་རྒྱ་བསྡོམས་པར་མཛོད་ཅིག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མཛོད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese