མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདྲེ་མགོ་རྡོ།

སྐད་ཆ་མང་པོ་བཤད་ན་མི་མང་པོའི་མཐོང་ཐོས་བསྐྱར་ཟློས་བྱས་པ་ལྟར་ཆགས་འགྲོ་བས། དོན་གྱི་མདོ་རྩ་ལག་ཏུ་བཟུང་ནས་ལོ་རྒྱུས་དེབ་ཐེར་དུ་བྲིས་པ་ཡིན་ན། བོད་རྒྱལ་ཁབ་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུའི་ཁའང་བཀང་ལ་ཉེ་ཞིང་། མི་ལོ་དྲུག་ཅུའི་རིང་རྒྱ་ནག་གི་ཞལ་རས་དཀར་ནག་འཚོས་ནས་བོད་ལ་འགྲོ་ས་འདུག་ས་རེ་ཨེ་ཡོད་བལྟས། མཚམས་རེར་རང་ཉིད་རང་བཙན་གྱི་རྒྱལ་ཁབ་ཅིག་ནས་བཙན་འོག་གི་རྒྱལ་ཁབ་ཅིག་ཏུ་གྱུར་ཚུལ་སྨྲས་ཤིང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་སོགས་ནི་བཙན་འཛུལ་རང་ཡིན་པས་རྩིས་མེད་ཡིན་ཚུལ་གྱི་གནམ་ས་གཡོ་བའི་སྐད་ཆེན་པོ་རྒྱབ། ཡིན་ནའང་མཚམས་ལན་རེར་རྩིས་མེད་དང་བརྩི་མཐོང་མེད་པར་རྨེག་མེད་དུ་བཏང་ཟིན་པའི་གྲོས་མཐུན་དེའང་གཞི་འཛིན་ས་ཞིག་ཡོད་པའི་རྣམ་འགྱུར་བསྟན། གང་ལྟར་ཡར་ནུར་མར་ནུར་གྲངས་ལས་འདས་པ་ཞིག་བྱས་རྗེས།

            སྐབས་བཅུ་བཞི་པ་ཟེར་བའི་སྤྱི་ལྷན་འདི་དང་ཟམ་གདོང་བླ་མ་ཟེར་བའི་བཀའ་ཤག་འདིའི་ཁ་རྗེ་དབང་ཐང་ལ་བོད་ཀྱི་ཚེ་སྲོག་ཡོངས་སུ་དབང་བར་བྱས་ཏེ་དེ་རིང་གི་ཉིན་མོར་སླེབས་པ་ན། མི་རབས་གསར་པའི་གསོན་ཤུགས་དང་ཤེས་ཡོན་གྱི་དུས་རབས་ཁད་ཀྱིས་བཞད་པའི་ཚེ་ན། བརྡ་འཕྲིན་དུས་རབས་ཀྱིས་སའི་གོ་ལའི་ཤར་ནས་ནུབ་ཏུ་སྐར་ཆ་རེའི་བར་ནས་འབྲེལ་བ་བྱེད་ཐུབ་པའི་དུས་ཚོད་ཅིག་ཏུ། བོད་རྒྱལ་ཁབ་ཟེར་བ་དེའི་བརྒྱུད་པ་བར་མ་ཆད་པར་ཡོང་བའི་ཁྲིམས་མཐུན་གྱི་བཙན་བྱོལ་བོད་གཞུང་དེས། རང་གི་མི་མང་གིས་བླ་ན་མེད་པར་ངོས་འཛིན་གནང་བའི་རང་གི་༼ གཞུང་༽དེ། རྒྱ་གར་ནག་གཉིས་ཀྱི་རྔམ་བརྗིད་དང་གདུག་རྩུབ། ཁེ་ཕན་ལ་ཞེད་ནས་རང་ཤུགས་ཀྱིས་མིང་བསྒྱུར་བྱས་སོང་། རྒྱལ་སྤྱི་དང་རྒྱ་ནག་གི་མིག་ནང་དུ་ཡོད་པའི་བོད་གཞུང་དེ་གློ་བུར་༼ སྒྲིག་འཛུགས་༽ཟེར་བ་ཞིག་ཏུ་བསྒྱུར་སོང་།

            འདི་ནས་མར་རྩིས་ནས་མི་རབས་ཁ་ཤས་ཤིག་འདས་མཐའ་ན། བོད་མིར་འབོད་པ་རྣམས་ཀྱིས་འདི་ལྟར་སྨྲ་སྟེ། ” སྔོན་༧ཏཱ་ལའི་བླ་མ་ཟེར་བའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ང་ཚོའི་མི་རིགས་འདིར་འཁྲུངས་འདུག ཡིན་ནའང་དེང་གི་ཀྲུང་གོ་འདིས་བཙན་འཛུལ་ལས་ཁོང་གིས་དབུ་ཁྲིད་པའི་ང་ཚོའི་གཞུང་དེ་བཙན་བྱོལ་བ་ཆགས་འདུག བཙན་བྱོལ་ནས་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སྙིང་སྟོབས་དང་མངོན་འདོད་གཞིར་བཞག་ནས་བོད་གཞུང་གི་རྒྱུན་དེ་མུ་མཐུད་གནས་འདུག ཡིན་ནའང་༧ཏཱ་ལའི་བླ་མ་ཟེར་བ་དེ་སྐྱེས་བུ་རླབས་ཆེན་ཞིག་ཡིན་སྟབས། ཁོང་ལ་སྲོལ་རྒྱུན་ནས་ཡོད་པའི་མཚན་གནས་རྗེས་འབྲེལ་གྱི་མིང་ཙམ་གྱི་དབང་ཆ་རྣམས་དུས་རབས་ཉེར་གཅིག་པའི་ནང་ཁོང་གིས་མི་མང་ལ་རྩིས་སྤྲོད་བྱས་ཤིང་། སྐབས་དེའི་བཅའ་ཁྲིམས་སུ་གསལ་བའི་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་རྣམས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་དགོས་པའི་བཀའ་ལྕི་ལྡོག་མེད་ཕེབས་འདུག སྐབས་དེར་གཤམ་འོག་ལས་བྱེད་པས་དང་པོ་བཀའ་དེ་བློ་ཡིད་དུ་མ་ཤོངས་ཁུལ་ལ། གློ་བུར་དུ་བཀའ་གསུང་རྣམས་ལག་ལེན་བསྟར་རྒྱུར་འཚུབ་ཆ་ཞེ་དྲག་ལངས་ནས་དུས་ཡུན་ཟླ་གཅིག་དང་ཉིན་ཁ་ཤས་རིང་ལ་ཁོང་དང་ང་ཚོའི་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ་ལ་སྡུད་གསོག་རྒྱབ་འདུག” ཅེས་དང་། ཡང་ཁོང་ཚོས ” དེང་སང་ཡིག་ཆ་ལག་སོན་བྱུང་བ་དག་ལ་ཞིབ་འཇུག་བྱས་ན། སྐབས་དེར་ཚོགས་ཆེན་ཞིག་འཚོགས་འདུག དེའི་མིང་ལ་༼ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་༽ཟེར་གྱི་འདུག དེའི་སྐབས་སུ་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འོས་འགན་རྩིས་སྤྲོད་གནང་ཕྱོགས་བཅའ་ཁྲིམས་སུ་ཅི་ལྟར་གསལ་རྒྱུའི་སྐོར་ལ་རེད། ཡིག་ཆ་དག་ལ་ལྟོས་པ་ཡིན་ན་ཕལ་ཆེར་སྐབས་དེར་ཚོགས་ཆུང་ཆ་བགོས་བྱས་འདུག ཚོགས་ཆུང་ ༥ པ་ཕུད་ཚོགས་ཆུང་གཞན་རྣམས་ཀྱིས་བོད་གཞུང་གི་མིང་དེ་རྒྱུན་གནས་ཡོང་ཐབས་ལ་སྤྱི་མོས་བྱུང་འདུག་ཁར། དོན་ཚན་དང་པོའི་ནང་སྐུ་ཕྲེང་ན་རིམ་འཁོད་རྒྱུར་སྤྱི་མོས་བྱུང་འདུག ཡིན་ནའང་ཡ་མཚན་པ་ཞིག་ལ་༧ཏཱ་ལའི་བླ་མར་སྙན་གསེང་ཞུ་དུས་བརྗོད་ཚིག་དེ་དག་ལ་འགྱུར་བ་ཐེབས་འདུག  དེའི་རྐྱེན་ང་ཚོའི་བོད་གཞུང་དེ་དུས་རབས་ཉེར་གཅིག་པའི་དཀྱིལ་ནས་ཡིག་ལམ་དུ་མངོན་རྒྱུ་ཉུང་དུ་ཕྱིན་པ་རེད་ཅེས་“བཀའ་མོལ་གནང་།
            གོང་གི་སྒྲུང་གཏམ་བཤད་མཁན་གྱི་བོད་ཕྲུག་འདི་དག་ནི་རྒྱ་མི་ཤེས་ཡོན་ཅན་གྱི་གྲས་སུ་ཚུད་པའི་ཀྲུང་གོ་བ་རྐྱང་རྐྱང་ཡིན་ལ། ཁོ་ཚོ་ལ་མཚོན་ན་བྱུང་རབས་འདི་དག་ནི་སྒྲུང་གཏམ་ཙམ་དང་གནའ་གཏམ་ཙམ་ལས་གཞན་ཅི་གང་ལ་འང་བརྩི་ཡི་མེད།

            ཀྲུང་གོ་གུང་བྲན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱང་དུས་རབས་ཀྱི་འགྲོས་དང་རྒྱ་ནག་མི་མང་གི་འཚོ་བའི་གནས་ཚད་དང་བསྟུན་ནས་འགྱུར་འགོ་ཚུགས་ཤིང་། དུས་རབས་ཉེར་གཉིས་པའི་རྒྱ་ནག་གུང་བྲན་སྲིད་གཞུང་ནི་མང་གཙོའི་བྱང་ཆ་ཚད་མཐོར་སླེབས་པའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་དེའི་ནང་དུ་འཐིམས་ཟིན་པའི་གོང་གི་བོད་ཕྲུག་འདིའི་རིགས་ཀྱིས། སོ་སོའི་མི་རིགས་ཀྱི་ལོ་རྒྱུས་ཀྱི་དབུ་ལྟ་བུ་ནི་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྱུར་འགོ་འདི་ནས་ཡིན་པར་སེམས་ཡོད་ལ། ཁོང་ཚོ་ནས་ཡར་རྩིས་ན་དེ་རིང་བར་ལོ་བརྒྱ་ཕྲག་གཅིག་ལྷག་འགོར་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་སྨྱན་སྦྱོར་བྱས་པའི་༼ ངོ་ལོག་པ་མཐར་བསྐྲོད་བཏང་བའི་ལོ་རྒྱུས་༽ཁྲོད་དུ་༧ཏཱ་ལའི་བླ་མའི་མིང་འདི་ཡང་ཡང་ཐོན་གི་ཡོད་ལ། རྒྱ་ནག་གཞུང་གིས་སྐབས་དེར་ལོ་རྒྱུས་འབྲི་སྟངས་ཀྱང་དེ་རིང་གི་༼ བོད་མིའི་སྒྲིག་འཛུགས་༽ཀྱིས་མགོ་བཅུགས་ཏེ་ལོ་རྒྱུས་གཞན་རྣམས་ལྟག་ལོག་རྒྱབ་སྟེ་བྲིས་ཡོད། དེ་ནི་རྒྱ་ནག་གི་བོད་མིའི་སྒྲིག་འཛུགས་༼ ངོ་ལོག་རུ་ཚོགས་ཤིག ༽་ཕྱི་ལོག་ཏུ་གྱར་ཚུད་ནས་ལོས་འབྲི། གང་ཡིན་ཞེ་ན་༼ བོད་གཞུང ༽ཞེས་པ་ཞིག་འབྲི་དགོས་ཚེ། སྐབས་དེའི་མི་ལ་དེང་སང་ལྟ་བུའི་མགོ་བསྐོར་གཏོང་མི་ཐུབ་ལ། བཙན་གནོན་ཀྱང་བྱེད་མི་ཐུབ། ཁོང་ཚོ་རྣམས་དེ་ལྟར་རྒྱ་ནག་གི་བོད་མི་ངོ་མར་གྱུར་ནས་འགྲོ་བཞིན་པའི་སྐབས་སུ།

            རྒྱ་ནག་གི་བོད་མི་ཚོའི་མཁས་མཛངས་ནི་རྒྱ་མི་ལས་ལྡབ་འགྱུར་གྱིས་རྣོ་བས། ཡང་ཁོང་ཚོ་དག་གིས་འདི་ལྟར་སྨྲ་སྟེ། ” ༼ ངོ་ལོག་ལོ་རྒྱུས ༽་སུ་བཀོད་པའི་བོད་རིགས་རུ་ཚོགས་དེ་ནི་སྒྲིག་འཛུགས་ཆུང་ཆུང་ཞིག་མིན་པར། དེ་ནི་གཞུང་ཞིག་རེད་ལ། གཞུང་དེའི་མིང་ལ༼ བོད་གཞུང་༽་ཟེར་གྱི་འདུག ཕྱི་གླིང་པའི་དཔེ་མཛོད་དག་ཏུ་འདིའི་རིགས་ཀྱི་ལོ་རྒྱུས་མང་ཙམ་མཐོང་གི་འདུག ང་ཚོས་ལོ་རྒྱུས་འདིར་ངེས་པར་དུ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ “ཅེས་བརྗོད་སྐབས།

            རྒྱ་ནག་གི་བོད་མི་ཞིག་ཨ་མ་རི་ཁར་སློབ་སྦྱོང་དུ་ཕྱིན་ནས་སླེབས་པ་དེས། ད་ཐེངས་ཀྱི་ཚོགས་འདུ་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཏུ་གཟིགས། དེས་མ་ཚད་བཙན་བྱོལ་བོད་གཞུང་ཅི་ལྟར་རྒྱ་ནག་གི་བོད་མིའི་སྒྲིག་འཛུགས་སུ་གྱུར་ཚུལ་གཟིགས་ནས། ཁོང་གིས་རྒྱ་ནག་གི་བོད་མི་ཁ་ཤས་དང་མཉམ་ཏུ། ” སྐབས་དེར་གྲོས་ཚོགས་སྐབས་བཅུ་བཞི་པ་རེད། ཁོང་ཚོས་ཚོགས་ཆེན་སྐབས་ཀྱི་མི་མང་གི་མངོན་འདོད་དང་། སྟོན་པ་ཆེན་པོ་༧རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་བའི་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་༽གསུངས་བ་དེ་ལའང་ལྟོས་མེད་ཀྱིས། ༼ བོད་མིའི་སྒྲིག་འཛུགས་༽སུ་འགྱུར་བ་བཏང་འདུག སྐབས་དེ་ནས་བོད་མི་མི་ཉུང་བ་ཞིག་གི་སེམས་ཤུགས་ཆགས། ལས་དོན་གྲ་མ་འགྲིག་པས་ང་ཚོ་དེ་རིང་གི་ཀྲུང་གོ་བ་ཡིན་ཤག་གི་བོད་རིགས་སུ་གྱུར་བ་རེད་ཅེས” བརྗོད།
            ཁོང་ཚོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཟེར་བ་དེ་གཅིག་པུ་མ་གཏོགས་སྐབས་དེའི་གནས་ཚུལ་གང་དག་ནས་འགྱུར་རིམ་ལ་ཞིབ་འཇུག་བྱེད་ས་མ་རྙེད་པར་ལུས། དོན་དངོས་ཤེས་འདོད་ཀྱི་འདུན་པ་འཕྱུར་བཞིན་སྡོད་བཞིན་པ་རེད།

            ཡིན་ནའང་། སྟབས་ཡག་པོ་ཞིག་ལ་རྒྱ་གར་ནེ་རུ་གཙུག་ལག་སློབ་གཉེར་ཁང་དང་རྒྱ་ནག་ལྷ་སའི་སློབ་གྲྭ་ཆེན་མོ་གཉིས་ཀྱིས་སློབ་ཕྲུག་བརྗེ་རེས་བྱེད་སྐབས། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དུ་ལྷ་སའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གཉིས་ཀྱིས་བཙུན་པ་ཟམ་གདོང་ཟེར་བའི་བོད་ཀྱི་བླ་མ་ཞིག་གི་ལོ་རྒྱུས་མཐོང་། ད་དུང་ཁོང་ཉིད་༼ བོད་གཞུང་༽ གི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བསྡད་ཚུལ་ཀྱང་མཐོང་ཁར། ༼ བོད་གཞུང༽་དང་༼ བོད་མིའི་སྒྲིག་འཛུགས༽་བར་གྱི་ཐ་སྙད་དང་ནང་དོན་བར་གྱི་འབྲེལ་བ་གསལ་བཤད་ཞུས་ནས་ཨུ་ཚུགས་དང་སྤོབས་པ་ཉམས་བསྟན་བྱས་ཞིག་ཀྱང་མཇལ་འདུག

            རྒྱ་གར་གཞུང་གི་གསང་བའི་ཡིག་རིགས་དེ་དག་གི་བརྗོད་བྱ་སྒྲུང་གཏམ་བཞིན་ཆགས་ནས་ག་ལེར་ཕྱིན་ཐོན་པས། རྒྱ་ནག་གི་བོད་མི་དེ་ཚོས་རྒྱ་གར་གྱིས་སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཉར་ཚགས་བྱས་སྟངས་ལ་ཧ་ལས་ཧོན་འཐོར། རང་དབང་མེད་པར་༼ བོད་གཞུང་༽ཞེས་པའི་འཚོལ་བྱ་ཞིག་ཡོད་པར་འདུན་པ་འགོག་མེད་དུ་སྐྱེས། ཁོ་ཚོས་རིམ་བཞིན་ཡིག་རྙིང་དེ་དག་སྔོགས་སྐབས་བོད་གཞུང་གི་གཞུང་ཞབས་ཞིག་གིས་སྐབས་དེར་རྩོམ་ཡིག་ཅིག་བྲིས་པ་ལག་སོན་བྱུང་། ཁོང་གི་རྩོམ་ཡིག་དེར ” ་མིང་བསྒྱུར་དེ་མི་མང་དང་༧གོང་ས་མཆོག་གཉིས་ཀའི་དགོངས་བཞེས་ལ་མ་བསྟུན་པར་ཟམ་གདོང་བླ་མའི་མཁྲེགས་ཤུགས་ཀྱིས་ཁྱེར་མིན་དོགས་པ་བྱུང་ཚུལ་” བྲིས་འདུག་པ་མཐོང་བ་དང་། ད་དུང་གཞུང་ཞབས་རྩོམ་པ་པོ་དེ་མཐའ་མར་གནས་དབྱུང་བཏང་ཚུལ་གྱི་ཟུར་མཆན་དེའང་མཐོང་། རིམ་བཞིན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་བཙུན་པ་ཟམ་གདོང་གི་མཛུབ་མོ་གར་བསྟན་ལ་འཆོང་རྐྱང་ཡིན་པའི་གནས་ཚུལ་རྣམས་ཞིབ་ཏུ་ཤེས།

            ཁོང་ཚོས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཟེར་བ་དེའི་མཐའ་མའི་སྙན་ཞུའི་ནང་ལས་ཐམ་དང་རྒྱལ་རྟགས། བོད་གཞུང་གི་མིང་ཚབ་སོགས་གང་འདོགས་བཀའ་འདྲི་ཞུས་པ་འཁོད་མེད་ཀྱང་། སྐབས་དེར་༧ཏཱ་ལའི་བླ་མས་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས༽གསུངས་འདུག་པ་མཇལ་རྗེས། ཚོགས་འདུ་གྲུབ་མཚམས་ཡང་བསྐྱར་མིང་ཅི་འདོགས་ཀྱི་སྙན་ཞུ་ཕུལ་བའི་གཤམ་འོག་གི་དགོས་དམིགས་མ་ཤེས་པར་ཧད་ནས་ལུས་ཤིང་། ཁོང་ཚོས་དེ་མ་ཐག་དོགས་སློང་བྱས་པ་ནི་བཙུན་པ་ཟམ་གདོང་གི་སྔ་མོ་ནས་ཟིན་བྲིས་བཏབ་བཞག་པའི་༼ བདེན་པ་ཉིད་རྒྱལ་གྱུར་ཅིག་༽་ཅེས་པའང་རང་འཇགས་དང་། ༼ བོད་མིའི་སྒྲིག་འཛུགས་ཀྱང་༽བཙུན་པ་ཟམ་གདོང་གི་ཡིག་ཆ་ཁག་དང་གཅིག་མཚུངས་ཆགས་ཡོད་སྟབས། ཁོང་ཚོས་དོན་དམ་༧ཏཱ་ལའི་བླ་མ་དང་བཙུན་པ་ཟམ་གདོང་གཉིས་ཀྱི་འགོ་ཁྲིད་མཐོ་ཤོས་སུ་ཡིན་མིན་ལ་དོགས་པ་སྐྱེས། ད་དུང་ཁག་ཅིག་གིས་༧ཏཱ་ལའི་བླ་མ་གཞན་གྱི་ཨུ་ཚུགས་ལ་སུན་སྣང་སྐྱེས་ནས་བཙུན་པ་ཟམ་གདོང་གི་འདོད་པ་ལྟར་བཞག་པ་ཨེ་ཡིན་ཞེས་ཀྱང་བཀའ་མོལ་གནང་།

            མཐར་ཁོང་ཚོས་ཀྱང་ཁོ་བོ་ཅག་ཀྲུང་གོ་བ་རྣལ་མ་ཞིག་ཡིན་ས་མི་འགྲོ་བ་ཤེས་ཤིང་། རིགས་རུས་ཀྱི་ཁུངས་ལུང་ཡོད་པ་ཞིག་ཡིན་པའི་ཐེ་ཚོམ་གྱིས་ཕ་མེས་ཡང་མེས་འཚོལ་རྒྱུའི་ཞེ་བློ་གཏིང་ནས་འཁྲུངས་བར་གྱུར།

 

༢༠༡༡། ༦། ༢། ཉིན།

འབྲེལ་ཡོད་གསར་འགྱུར།

Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

སྐར་མ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦
CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

༢༠༢༥/༠༨/༡༥
Mobile App

ཞི་ཅིན་ཕིན་གྱི་པེ་ཏེ་ཧིའི་དུས་སྐབས།

༢༠༢༥/༠༨/༡༥
Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

༢༠༢༥/༠༨/༡༤

མཆན། 21

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བོད་དང་ནང་ཆོས་གཉིས་སོ་སོར་འགྲོ་རྒྱུར་ད་དུང་དུས་ཚོད་ངེས་ཅན་རེད། དེ་བདེན་པ་རེད། ཡིན་ནའང་། ཆོས་ཀྱི་སྒྲིག་འཛུགས་ཀྱི་སྔར་སྲོལ་རིམ་བཞིན་ཉམས་ལབ་ན་འདྲ། ཡར་རྒྱས་འགྲོ་ལབ་ན་འདྲ། གང་ལྟར་རབ་བྱུང་གི་སྡེ་ཉུང་དུ་མ་གཏོགས་མང་དུ་འགྲོ་རེ་མེད་པ་གསལ་བོ་རེད། དེས་བསྟན་པ་འཛིན་སྟངས་ཀྱི་ལམ་སྲོལ་འགྱུར་བཞིན་པའང་གསལ་བཤད་བྱེད་ཀྱི་ཡོད་པ་རེད། དེ་དག་དངོས་ཡོད་གནས་ཚུལ་དང་རྒྱབ་ལྗོངས་རེད།

    ངས་ག་རེ་ལབ་ཀྱི་ཡོད་པ་རེད་དམ་ཟེར་ན། ༧རྒྱལ་བ་ཐམས་ཅད་མཁྱེན་པ་འདིའི་སྐུ་དུས་སུ་མ་གཏོགས། ང་ཚོའི་བོད་གངས་ལྗོངས་སུ་སྐྱ་སེར་རིས་མེད་ཀྱིས་ནང་དོན་རིག་གནས་སློབ་སྦྱོང་བྱེད་པའི་ཤིང་རྟའི་སྲོལ་ཕྱེས་ཐུབ་མེད་པ་གསལ་བོ་རེད། ཡིན་ནའང་ཁོང་གི་སྐུ་དུས་འདིར་ད་དུང་སྤྱི་ཡོངས་ནས་རིག་གནས་དེར་སྦྱངས་ཚད་ཀྱི་བརྒྱ་ཆ་དམའ་མོ་རེད། བརྒྱ་ཆ་ངེས་ཅན་དུ་མ་སླེབས་པའི་སྐབས་འདིར། ༧གོང་ས་མཆོག་དང་བོད་མི་མང་གི་འབྲེལ་བར་ད་ཐེངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ལོ་རྒྱུས་ལ་འགན་ཁུར་ཐུབ་པའི་གདེང་ཚོད་བྱེད་ཐུབ་ཀི་ཡོད་པ་མ་རེད། དེས་རྐྱེན་ཁོང་གི་དགོངས་གཞི་དང་ལྷག་ཏུ་འགན་ཁུར་ཆེན་པོ་གསུམ་གྱི་ཤེད་ཤུགས་ཁྱབ་བརྡལ་སོང་ན་སྙམ་པའི་འཛམ་གླིང་དང་ཡང་སྒོས་བོད་སྤྱི་ཚོགས་ཀྱི་མ་འོངས་པར་ལོ་རྒྱུས་ལྡན་པའི་༧རྒྱལ་བ་རིན་པོ་ཆེ་ཞེས་གྲགས་པ་དང་ཁ་ཐག་རིང་དུ་འགྲོ་རྒྱུ་ནི་ངའི་རྨོངས་འཆར་ཡིན་ལ་དངོས་ཡོད་གནས་ཚུལ་ཡང་རེད།

    དེའི་ཕྱིར་སྡོམ་རྒྱབ་ནས་ཞུས་ན། ༧རྒྱལ་བ་རིན་པོ་ཆེས་རིང་ནས་ཡིད་ལ་བརྣག་ཅིང་གསུངས་པའི་༼ མི་སྡེའི་སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་གི་ཆེད་དུ་ངོས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་ཀྱི་མེད། བོད་གནས་པས་འཛམ་གླིང་ལ་སྨན་དུ་འགྲོ་བ་ཞིག་བྱུང་ན་བསམ་ནས་ངོས་ལྷག་བསམ་ཁུར་ཁྱེར་གྱི་ཡོད་༽ཅེས་པའི་དགོངས་གཞི་འདི་ཏག་ཏག་ཅིག་འགྲུབ་ཀི་ཡོད་མེད་ང་ལ་དོགས་པ་ཧ་ཅང་ཆེན་པོ་ཡིན། དེས་ན་རྒྱ་ནག་ལབ་ན་འདྲ། ཆབ་སྲིད་ལབ་ན་འདྲ། གང་ལྟར་དེང་སང་གསུངས་བཞིན་པ་ལྟར། ཐ་སྙད་ཙམ་ལ་མགོ་འཁོར་ནས་ང་ཚོས་ནོར་བུ་བརླག་པ་ཡིན་ན་མི་རབས་རྗེས་མར་འགན་ཁུར་ཅི་ལྟར་བྱེད་ཀྱི་ཡོད་དམ་བསམ་བསམ་ཞིག ཡར་ལངས་ན་མར་བསྡད་ན་སེམས་ལ་འཁོར་སྡོད་ཀྱི་འདུག

    Reply
  2. གངས་ཆབ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་ངན་ཁག་ཚང་མ་བཀའ་སྤྱི་གཉིས་ཀྱི་མགོ་ཐོག་ཏུ་གཡོག་མ་གནང་རོགས།དེང་གི་མཁས་དབང་ཟམ་གདོང་རིན་པོ་ཆེའི་བོད་སྤྱི་པའི་རྩ་དོན་ཆེད་དུ་ཕྱག་ལས་གནང་བཞག་པ་དེ་ལས་ལྷག་ཅིག་དེ་སྔོན་གྱི་བཀའ་ཁྲི་དང་བཀའ་བློན་སུ་གང་གི་གནང་མྱོངས་མེད་པ་དེ་ནི་ཀུན་གྱིས་ཤེས་གསལ་རེད།ལྷག་དོན་དུ་༸གོང་ས་མཆོག་གི་ཐུགས་འདུན་བཞིན་རིན་པོ་ཆེའི་ལས་དོན་སྒྲུབ་བཞག་པ་ཞིག་ལས།གཞན་ཚད་ལས་འདས་པའི་ལས་དོན་ཞིག་གཏན་ནས་བྱ་མྱོངས་མེད་པ་དེ་ཡང་ཤེས་པར་བྱ་དགོས།ད་དུང་ཞུ་འདོད་པ་ཞིག་ལ།རྒྱ་སྤྱི་དང་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ངོས་ལེན་བྱ་མྱོངས་མེད་པའི་བཙན་བྱོལ་བོད་གཞུང་དེ།༸གོང་ས་མཆོག་དང་བཀའ་སྤྱི་གཉིས་ཀྱྱིས་ལྷག་བསམ་ཟོལ་མེད་ཐོག་ནས།བོད་མི་རིགས་ཀྱི་ཕུགས་འདུན་དང་ཁེ་ཕན་ཁོ་ནར་དམིགས་ནས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས།མ་འོངས་ཕུགས་རྒྱང་རིང་པོར་ཞིག་གནས་ཐུབ་པའི་ཆེད་དུ་རྒྱལ་སྤྱི་དང་གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པ་ཞིག་དང་ལུགས་མཐུན་གྱི་སྒོ་ནས་བཙན་བྱོལ་མིའི་སྒྲིག་འཛུགས་སུ་བསྒྱུར་བ་དེ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅིག་ཡིན་ན།ད་འོ་ན།རྒྱ་སྤྱི་དང་གནས་ཡུལ་རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་ངོས་ལེན་མེད་པའི་བཙན་བྱོལ་བོད་གཞུང་ཞེས་པ་དེའི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཕྱིར་བསྡུ་གནང་སོང་བ་ཡིན་ན།ཉིན་མོ་དེ་ནས་བཟུང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཁ་འཐོར་དགུ་འཐོར་དུ་གྱུར་ནས་རྩ་དོན་བསྒྲུབ་བྱེད་ལ་འགོག་རྐྱེན་ཞིག་འབྱུང་སོང་བ་ཡིན་ན།དེའང་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་སུ་བགྲང་འོས་པ་ཞིག་མ་ཡིན་ན་ཅི་ཡིན།

    Reply
  3. བདེན་རྒྱལ། says:
    ལོ་ 14 སྔོན།

    ད་མང་པོ་མ་ཤོད། བོད་རྒྱལ་ཁབ་ཟེར་བའི་མིང་དེ་ཚར་བ་རེད། ཟམ་གདོང་བླ་མ་བཀའ་ཤག་ནང་དུ་སླེབས་པའི་ལོ་གསར་ཚེས་གཅིག་ཉིན་མོ་བཀའ་ཤག་གི་ཡང་ཐོག་ལ་བོད་གཞུང་གི་རྒྱལ་དར་ཞིག་དང་རྒྱ་གར་གཞུང་གི་རྒྱ་དར་ཞིག་གཉིས་ཡོད་པའི་ནང་ནས་བོད་ཀྱི་རྒྱ་དར་དེའི་སྒང་ལ་ཐོག་ཞིག་རྒྱབ་ནས་རྒྱ་དར་དེ་ས་ལ་རིལ་བ་རེད། དེ་ཡག་པོ་རེད་དམ་སྡུག་པོ་རེད། ད་ཁྱོད་ཁ་དང་ངས་སྣ་ལབ་ན་ཕན་ཐོག་མེད་པ་རེད། བོད་མི་རྣམས་ལ་བསོད་ནམ་མེད་ན་བྱ་ཐབས་བྲལ།།

    Reply
  4. འཇམ་མགོན། says:
    ལོ་ 14 སྔོན།

    ད་ལྟ་ང་ཚོས་ནག་འདེད་བྱེད་དམ་དཀར་འདེད་བྱེད། ནག་འདེད་བྱས་ན་བཙན་བྱོལ་བ་ཚང་མ་ནག་ཉེས་ཅན་རྐྱང་རྐྱང་ཡིན་པ་བརྗེད་དུ་འཇུག་མི་རུང་།

    Reply
  5. ཨ་མའི་བུ། says:
    ལོ་ 14 སྔོན།

    དངོས་གནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག རྗེས་སུ་ཡིད་རང་ཡོད། ད་ཡིན་ན་ང་ཧ་ལས་ཧང་སངས་སོང་། རྒྱུ་མཚན་ཅི་ཕྱིར། ད་ལྟ་བར་དུ་གཞིས་ལུས་བོད་རིགས་སྤུན་ཟླས་རྩ་ཆེའི་རང་སྲོག་ཡན་ཀློད་བཏང་ཏེ་ཐོབ་རྒྱུ་བོད་མིའི་སྒྲིག་འཛུགས་དེ་ལས་མེད་པ་འདྲ་ འཕངས་ང་ལ་རྒྱལ་གཅེས་གཞིས་ལུས་བོད་མི་རྣམས་ཀྱི་སྲོག་ཏེ་ཕངས་བ་ལ། ད་གཞིས་ལུས་སྤུན་ཟླས་རང་སྲོག་བོད་མིའི་སྒྲིག་འཛུགས་དེའི་ཆེད་དུ་མ་གཏོང་རོགས། སྤྱང་གྲུང་དང་ལྡན་པའི་ང་ཚོ་བཙན་འབྱོལ་བ་ཚོས་སྔོན་མ་ནས་ཐོབ་རྒྱུ་བོད་མིའི་སྒྲིག་འཛུགས་དེ་ལས་མེད་པ་ཤེས་ཀྱི་ཡོད།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གངས་པྲུག་ཚོ་ལགས། ང་ཚོས་འདི་ལྟར་མང་པོ་བཤད་ནས་ཅི་བྱ་སྙམ་ཞིང་། ད་ནངས་ཡང་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བར་བཀྲ་ཤིས་ཟེར་བས་༼སུ་ཞིག་གིས་ཡུལ་གྱར་བ་བསྐྱེད་བཞིན་ཡོད་༽་ཅེས་པའི་དཔྱད་ཐུང་ཞེས་འདུག་པ་དེར་གཟིགས་དང་། ཡང་ཁ་རྡུང་ག་ཚོད་བཏང་འདུག། བཀྲ་ཤིས་ཟེར་བ་རྟུག་རེ་ཁ་ནས་ཤོར་དགོས་རྒྱུ་འདི་ཡང་སྙིང་བོད་མི་ཞིག་ཡིན་ནམ། བོད་མི་ཞིག་ཡིན་ན་བོད་གངས་ཅན་པར་དེང་སང་ངོམ་དུ་ཡོད་པའི་རིག་གཞུང་གང་ཡོད་པ་མི་ཤེས་པ་ཅི་རེད། ང་ཚོས་དེང་སང་ཚན་རིག་སྲོལ་གཏོད་པའི་ཕ་ས་ཆེན་མོ་ནུབ་ཕྱོགས་མགོ་སེར་ཡུལ་དུའངས་མགོ་བཀྱག་བཀྱག་བྱས་ནས་འགྲོ་རྒྱུ་ཡོད་པ་དེར་གཙིགས་མཐོང་མེད་པ་གང་རེད། བཀྲ་ཤིས་ཟེར་བ་འདིར་རང་ཉིད་བོད་རིགས་ཡིན་པ་དང་བོད་ཀྱི་མེས་པོ་གོང་མར་ཤ་ཞེན་མེད་པར་རང་གི་མེས་པོ་རྣམས་ལྐུགས་པ་དང་བརྗེ་ལུས་སོགས་ཡིན་པ་དང་། རྒྱ་ཡི་མེས་པོ་རྣམས་མཁས་པ་དང་ཡར་ཐོན་སོགས་ཡག་ཡག་ཀུན་ཡིན་པར་སྨྱོ་སྒྲོག་བྱེད་བཞིན་འདུག །ཁོས་ད་དུང་ཀྲུང་གོ་ལགས་ང་ཡི་མེས་རྒྱལ། ང་ཁྱེད་ལ་དགའ། གུང་ཁྲན་ཏང། ང་ཁྱེད་ལ་དགའ། ང་ཁྱེད་ལ་དུངས། ཞེས་སོགས་ཕོ་འཆལ་ཞིག་གིས་མོ་འཁྱམས་ཞིག་ལ་ལབ་བརྡོལ་སྨྲ་བ་ལྟར་ལབ་འདུག །

    Reply
  7. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རྔ་བ་ཚེ་སྐྱིད་ཅེས་པ་དང་འདི་རྣམས་ཀྱིས་གང་ཟེར་བཞིན་ཡོད་དམ། བཙན་བྱོལ་བོད་གཞུང་ནས་མིང་སྒྱུར་བྱས་པ་དེ་ཆེ་ས་ནས་ཆུང་སར་བསྐྱལ་བ་དང་ཡངས་ས་ནས་དོག་སར་བསྐྱལ་བ་སོགས་ག་ལ་ཡིན། དེ་ལས་ལྡོག་སྟེ་རྒྱ་ཆུང་ས་ནས་ཆེ་སར་བསམ་པ་དང་། ཐུང་ས་ལས་རིང་སར་གཟིགས་པ་དང་། སླ་ས་ལས་བརྟན་སར་གཟིགས་པ་དང་། རྒྱ་གཞུང་ལ་འཐབ་རྩོད་བྱས་པའི་ཐབས་འཕྲུལ་གཏིང་ཡངས་ས་ནས་ཟབ་སར་ཕྱིན་པ་ཡིན་པས་བཙན་བྱོལ་སྒྲིག་འཛུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུའོ། མ་འོངས་པར་སྔར་ཡོད་ཙམ་ལ་ཆགས་ཞེན་མ་བྱས་པར་དུས་བབས་ཀྱི་འགྱུར་བ་གཏོང་དགོས་རྣམས་དུས་ཐོག་ཏུ་འགྱུར་བ་གཏོང་བར་རེ་བསྐུལ་དང་རྒྱབ་སྐྱོར་ཞུའོ། །མདོར་ན་ང་ཚོའི་འཐབ་རྩོད་གྲྭ་སྒྲིག་སྡུག་ས་ནས་བྱས་ཏེ་མི་རབས་ནས་མི་རབས་བར་གནས་དགོས་ཀྱང་བཙན་བྱོལ་བོད་མིའི་གོང་བུའི་ནུས་པ་གནས་དགོས་པ་སྲོག་རྩ་ཡིན་པ་ཤེས་པར་གྱིས་ཤིག། མིང་ལ་འདྲེ་གཞུང་ཞེས་བཏགས་དགོས་བྱུང་ཡང་གཙོ་བོ་གོང་བུའི་ནུས་པ་ཉམས་སུ་མ་འཇུག །གངས་རིའི་བུ་ཕྲུག་ཚོ། སེམས་ཤུགས་ཤིག ནང་ཁུལ་དུ་ཁ་དམག་མ་རྒྱག་ཅིག རྩོམ་ཡིག་གི་མདུང་ཁ་རྒྱ་གཞུང་དང་རྒྱ་ཡི་རྒྱུག་ཁྱི་མི་ངན་རེ་ཟུང་ཡོད་པ་རྣམས་ལ་གཏོད་ཅིག།

    Reply
  8. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོའི་བསམ་ཚུལ་དེ་གནད་ལ་སོང་པའི་བཤད་ཚུལ་ཞིག་རེད་བསམ་། ང་ཚོའི་འཐབ་རྩོད་འདི་དེ་ལྟར་མི་གྱུར་བའི་ངེས་པ་མེད་། མ་གཞི་བསམ་ཚུལ་ག་འདྲ་ཡིན་རུང་ཕྱི་ལ་སྟོན་ཐུབ་པ་དེ་ཡག་པོ་རེད་། མི་མང་པོས་མཐོང་ན་ཕན་ལས་གནོད་མེད་། དུས་དང་མཐུན་པའིབསམ་ཚུལ་གང་ཡིན་པ་དག་བསམ་ཚུལ་འདྲ་མིན་ནང་ནས་གདམས་དགོས་པ་དང་། བསམ་ཚུལ་འདྲ་མིན་བཤད་ས་ཡོད་པའི་སྤྱི་ཚོགས་ཞིག་ངེས་པར་དགོས་། མི་ག་གེ་མོ་སུའི་ལྟ་ཚུལ་ཡིན་རུང་། དེ་ལ་བཟང་ངན་ཆ་དུ་མ་ཡོད་པ་བཞིན་། ང་ཚོ་ལ་དེའི་ཐད་ལྟ་ཚུལ་གང་ཡོད་པ་རྣམས་བཤད་ས་ཡོད་དགོས་། སྲིད་གཞུང་གི་ལོངས་ཕྱོགས་ལས་གཞན་བཤད་ས་མེད་ན་རྒྱ་ནག་དམར་པོ་དང་ཨ་ན་མ་ན་གཅིག་རེད་། མདོར་ན་བསམ་ཚུལ་བཤད་པ་དེ་ཁ་བཙུམ་ནས་བསྡད་པ་ལས་ཁེ་བཟང་ཆེ་བ་རེད་།
    དུས་བབ་ཀྱི་དྲྭ་རྒྱ་འདི་ང་ལ་མཚོན་ན་བཙན་བྱོལ་བའི་དྲྭ་རྒྱའི་ནང་ནས་ཕན་ཆེ་ཤོས་ཞིག་ཡིན་། ང་རང་གི་བསམ་ཚུལ་དྲ་རྒྱ་འདི་བརྒྱུད་ནས་ཕྱི་ལ་སྟོན་ས་བྱུང་། གཞན་གྱི་བསམ་ཚུལ་མང་པོ་ཞིག་དྲྭ་རྒྱ་འདིའི་ནང་ནས་མཐོང་གི་འདུག་། ངའི་ངོས་ནས་དྲ་རྒྱ་འདིའི་རང་དབང་དག་སྔར་ཡོད་པ་བཞིན་ཡུན་རིང་གནས་ན་སྙམ་པའི་རེ་བ་ཆེན་པོ་ཡོད་།

    Reply
  9. བསེ་རུ། says:
    ལོ་ 14 སྔོན།

    བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་སུ་མི་བསྒྱུར་བྱེད་དགོས་བྱུང་བ་ཡིན་ནའང་། བོད་གཞིས་བྱེས་གཉིས་ཀྱི་བདེ་དོན་བསྒྲུབ་རྒྱུར་འགྱུར་བ་གང་ཡང་མེད་པས། སེམས་པ་རྣལ་དུ་ཕབ་སྟེ། སྐད་ཆ་བསམ་ནས་ཤོད། །རྩམ་པ་བལྡད་ནས་མིད། །ཅེས་པའི་གཏམ་དཔེ་འདི་ཐུགས་ལ་ཆོངས། །

    Reply
  10. འཇམ་དབྱངས། says:
    ལོ་ 14 སྔོན།

    ༄༅། །སྤྱིར་བཏང་གློ་བུར་བསམ་ན། གློ་བུར་ན་ཐོས་ན་བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་སུ་བཅོས་པར་སེམས་པ་སྐྱོ་ངེས། ཡིན་ན་ཡང་གལ་ཏེ་༧གོང་ས་མཆོག་གི་སྐུ་རིང་ལ་ང་ཚོ་བོད་ལ་ལོག་མ་ཐུབ་ན། མ་འོངས་པར་རྒྱ་ནག་གིས་དཔལ་འབྱོར་དང་དམག་ཤུགས་ལ་བརྟེན་ནས་རྒྱ་གར་ལ་གནོན་ཤུགས་སྤྲད་ན་སོགས་ཕྱོགས་མང་པོ་ཞིག་ནས་བསམ་གཞིགས་བྱས་ཚེ། ཕྱི་ཡུལ་དུ་གྱར་བའི་བོད་མིའི་གནས་སྟངས་སྲུང་སྐྱོབ་བྱེད་རྒྱུར་ཧ་ཅང་འཚམ་པར་སྣང་། གང་ལྟར་ད་ནི་ཅི་ཞིག་ཡིན་ཀྱང་ལོ་རྒྱུས་སུ་གྱུར་ཟིན་པས། རང་གི་སྒྲིག་འཛུགས་དང་འགོ་ཁྲིད་ལ་དམད་དེ་སྡོད་པ་ལས། ཚང་མ་མཉམ་རུབ་ཀྱིས་བོད་མིའི་ལས་དབང་ལ་འགན་ལེན་བྱས་ན་མི་ལེགས་སམ།

    Reply
  11. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    སྨྱུག་མིང་བེད་སྤྱད་པར་སྐྱོན་ཆེར་མེད་ཀྱང་དུས་བབ་ཚང་ལ་མི་དེའི་ངོ་སྤྲོད་ལོ་རྒྱུས་གསལ་པོ་ཡོད་པའི་རེ་བ་ཆེ། འགན་མི་འཁྱེར་བའི་ཐོག་སྨྱུག་མིང་འོག་ནས་སྤྱི་ཚོགས་ཟང་ཟིང་བཟོ་བའི་རྕོམ་མྱོག་རྒྱ་ལ་མང་ནས་མང་དུ་སོང་ཚེ་རྩོམ་འབྲི་བ་པོ་ཁྲིམས་ལ་གཏུགས་དགོས་པ་ཡང་ཤར་སྲིད་པས་དེ་དུས་དུས་བབ་ཚང་ནས་མི་དེ་འདི་ཡིན་ཞེས་མཛུབ་མོ་འཛུགས་རྒྱུ་ཡོད་པ་ཤིག་དགོས། དེ་མིན་རྕོམ་ཉོག་གང་བྱུང་དུ་དྲྭ་རྒྱར་བཀོད་ན་དུས་བབ་ལ་ཡང་འགན་འཁྲི་ཡོད་པ་ཞིག་རེད།

    Reply
  12. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཆེན་པོ་ཆུང་ངུར་བསྒྱུར་རྒྱུ་སླ་མོ་ཡིན་རུང་། ཆེན་པོ་ཆེན་མོར་བསྒྱུར་རྒྱུ་དཀའ་མོ་རེད་མོད། འོན་ཏང་། ལོ་རྒྱུས་ཀྱི་རྒྱབ་རྟེན། བདེན་པའི་སྟོབས་ཤུགས། འགན་ལེན་གྱི་ཁ་ཕྱོགས། འཐབ་རྩོད་ཀྱི་རིམ་པ། མ་འོངས་པའི་མདུན་ལྗོངས་སོགས་གང་ལ་གཞིགས་ཀྱང་བསམས་རུང་། ཡོད་པ་སྐྱེད་སྲིང་དང་གཞི་རྒྱ་ཆེ་རུ་བསྐྱེད་དགོས་པའི་འགན་བབ་ནི། བཙན་བྱོལ་བའི་དམིགས་ཡུལ་གཙོ་བོ་ཞིག་དང་ལག་ལེན་ངོ་ཞིག་ཏུ་འཁུམས་མོད། དེང་སང་ལྟ་བུའི་འགན་ལེན་བྱེད་སྟངས་ནི། སྤྱིར་བཏང་ཕུགས་བསམ་ཞིག་གི་ཆེད་དུ་ཡིན་རུང་། ང་ཚོའི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་པ། འཐབ་ཕྱོགས་དང་འགན་ལེན་བྱེད་སྟངས་དེ་གུ་དོག་དང་མི་གསལ་བ་ཞིག་ཏུ་བསྒྱུར་འདུག

    Reply
  13. གནས་ཚང་། says:
    ལོ་ 14 སྔོན།

    མ་འོངས་སྔོན་དཔག་གི་སྒྲུང་ཞིག་བྲིས་འདུག རྒྱ་ནག་གི་སྲིད་དོན་ཤེས་མཁན་ཞིག་ཡིན་པ་གསལ་བོ་རེད་ལ། ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་། མུ་མཐུད་དུ་སྒྲུང་འདི་རྨང་གཞིར་བཟུང་ནས་སྒྲུང་རིང་ཞིག་འབྲི་རོགས།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ང་ཚོས་གཞུང་ཞེས་པའི་མིང་འདིར་ཨུ་ཚུགས་རྒྱག་ནས་ཉིན་གཅིག་རྒྱ་གར་གཞུང་གིས་གངས་ཅན་སྐྱད་ཤོང་གི་བཀའ་ཤག་གི་ཚོགས་འདུ་དང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་མི་ཆོག་པའི་བཀའ་གཏོང་ན་འགན་དེ་འདྲེ་མགོ་རྡོ་ཞེས་པ་ཁྱོད་ཀྱིས་འཁྱོག་གམ།

    Reply
  15. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    བོད་གཞུང་ཞེས་པའི་མིང་སྒྱུར་བྱས་པས་ལོ་རྒྱས་ཀྱི་ནག་ཐིག་ཏུ་འགྱུར་ག་ལ་དགོས། གཙོ་བོ་ང་ཚོའི་སྒྲིག་འཛུགས་ནི་ང་དགུ་གོང་གི་བོད་གཞུང་དེའི་རྒྱུན་ཡིན་པ་རྩོད་མེད་དེ་རྒྱུན་བཅངས་བྱས་ན་འགྲིགས་བསྡད་ཡོད། རང་དབང་བསྐྱར་གསོ་བྱ་རྒྱའི་གཞི་རྟེན་ས་སྦར་མོ་གང་མེད་ས་ཞིག་ནས་མི་རབས་རྗེས་མ་ཚོས་ཞིབ་འཇུག་མཐིལ་ཕྱིན་པར་མ་བྱས་པར་རང་གི་མེས་པོ་རྣམས་ལ་སྐྱོན་བརྗོད་བྱ་མི་སྲིད། དེ་བས་དུས་བབས་ལ་ལྟ་མ་ཤེས་པར་རང་གི་མི་རིགས་རིག་གནས་དང་བཅས་པ་བརླག་ཏུ་འཇུག་ན་དེའི་སྡིག་ཉེས་སུ་ཞིག་གིས་ཁུར་ནུས། དོན་གྱི་རྡོག་པོ་འགག་དོ་ས་ནི་ང་ཚོ་བོད་འདི་ལ་རང་དབང་ཆེ་ཙམ་ཞིག་མྱུར་དུ་འཐོབ་དགོས་པ་འདི་ཡིན། ད་རྩོམ་པ་པོ་རྣམས་ཀྱིས་རང་གི་མི་རིགས་ལ་ཞེན་ཡོད་ན་ནང་ཁུལ་ལ་བློ་མིག་གུ་དོག་གིས་སྐྱོན་བརྗོད་སྤེལ་རེས་བྱས་པ་ལས་རྒྱ་གཞུང་ནས་ཉིན་ཤས་སྔོན་བོད་ལྗོངས་དྲ་བ་ཞེས་པར་༼ཡང་སྙིང་སུ་ཞིག་གིས་བོད་ཀྱི་ཚབ་བྱེད་ཐུབ་བམ་༽ཞེས་་པའི་དཔྱད་རྩོམ་དང་ཡང་༼བོད་ཀྱི་ཁོར་ཡུག་གཏོར་བརླག་སྨྲ་བ་༽ཞེས་པའི་དཔྱད་གཉིས་བྲིས་པ་དེར་ལན་ཚ་ཐག་ཆོད་ཅིག་རྒྱག་དཱ། །

    Reply
  16. ཤེས་རབ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་གསལ་བཤད་ལ་གཟིགས་པར་འཚལ། http://tibet.net/tb/2011/06/02/བཀའ་ཁྲི་མཆོག་གིས་བཅའ་ཁ/

    Reply
  17. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲ་གྲོགས་འདྲེ་མགོ་རྡོ་ལ་ཕུལ།
    ཉེ་རིང་བར་གསུམ་གཅིག་ཏུ་ལྟ་བའི་མིག
    གཏམ་དང་སྙན་གྲགས་དགྲ་རུ་ལྟ་བའི་མིག
    ནོར་དང་འབྱོར་བ་མི་མཁོ་ལྟ་བའི་མིག
    མིག་གསུམ་མངའ་བའི་སྐྱེ་མཆོག་གང་ཉིད་མཆོད།
    ཅེས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིརླབས་ཆེན་གྱི་མཛད་རྗེས་དག་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གུས་ཕྱག་སྔོན་དུ་བཏང་ནས།འདྲེ་མགོ་རྡོའི་མིག་ལ་མི་མཛེས་པའི་བདེན་གཏམ་ཁོ་ན་སྨྲ་ལ་འདི་ན་བྲེལ།མིང་སྒྱུར་བྱས་པ་དེ་བཀའ་སྤྱིའི་ནག་ཉེས་གཏན་ནས་མིན་པ་མ་ཟད་བཀའ་སྤྱིའི་གཟི་རྗེས་རེད་ཅེས་བརྗོད་ཆོག།རྒྱལ་བའི་བཀའ་བཞིན་སྒྲུབ་པའི་བྱས་རྗེས་རེད་ཅེས་བརྗོད་ཆོག།
    རིན་ཐང་བྲལ་བའི་རྒྱལ་ཡོང་ཚོགས་ཆེའི་ཐོག་རང་གི་མི་རིགས་ལ་ཤ་ཞེན་
    དང་ལྷག་བསམ་ཡོད་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་དམན་པ་དང་འགན་ཁུར་གྱི་
    ཉམས་མྱོང་མེད་པ་ཕུགས་རྒྱང་ལྟ་བའི་མིག་ཆུང་དྲག་བའི་བཀའ་ཟུར་དང་སྤྱི་ཟུར་མཁས་དབང་དང་ཆབ་སྲིད་པའི་གྲས་སུ་མི་མང་པོ་ཞིག་གིས་ཨུ་ཚུགས་
    མཐའ་རྐྱེལ་གྱིས་བཙན་བྱོལ་བོད་གཞུང་གི་མཚན་རང་སོར་བཞག་ཡོད་པ་མ་ཟད་བྱས་རྗེས་ཡིན་ཁུལ་གྱི་གསར་འགོད་པ་དག་ལ་སྤོབས་པ་ངང་ནས་
    གསལ་བཤད་བྱས་ཡོད།
    ད་དུང་དེ་དག་གི་རྗེས་འབྲང་པ་འདྲེ་མགོ་རྡོ་ཁྱོད་ལྟ་བུའི་མི་སྣ་གང་མང་ཞིག་གིས་ཟམ་གདོང་བླ་མ་གཙོ་པའི་ཟིན་བྲིས་ཚོགས་ཆུང་གིས་རྒྱལ་བའི་བཀའ་དགོངས་བཞིན་མིང་སྒྱུར་བྱས་པ་ལ་དོན་མེད་ཁང་ར་དང་ཞྭ་མོ་གསར་པ་ཞིག་གཡོག་ཐབས་བྱས་ཡོད།
    བྱས་ལས་དེ་དག་ལ་བརྟེན་ནས་རྒྱལ་བའི་བཀའ་དགོངས་དཀྲུགས་བའི་ཉེན་ཁ་ཆེནཔོ་འདུག་གཟབ་གཟབ་བྱེད་ན་ཡག་པོ་འདུག་
    རྗེས་སུ་དེའི་རིགས་མི་ཡོང་བར་ངེས་པར་དུ་བསམ་གཞིགས་བྱ་དགོས་འདུག
    ཟམ་གདོང་བླ་མས་གང་གནང་༸་གོང་ས་མཆོག་གི་བཀའ་དགོངས་དང་མི་
    འགལ་བ་དང་དགོན་པོ་གང་ཉིད་ཀྱི་དགོངས་པ་ཆ་ཚང་རྟོགས་ཐུབ་པའི་ནུས་ལྡན་གྱི་དམ་པ་ཞིག་ཡིན་པ་ནི་ཚོགས་མི་རྣམས་ཀྱིས་འཇམ་ཁ་ཞུ་སྐབས་ཀྱི་༸་གོང་ས་མཆོག་གི་་བཀའ་སློབ་ལས་ཡིད་ཆེས་དང་ངེས་རྙེད་ཡོང་བའི་རེ་བ་ཆེ།འདྲེ་མགོ་རྡོ་ཁྱོད་རིག་ཚོར་མེད་པ་དང་ཤེས་པ་རང་བཞིན་དུ་མི་གནས་པའི་མི་ཞིག་མ་ཡིན་པའི་རེ་བ་ཡོད། མིང་སྒྱུར་བྱས་དགོས་པའི་རྒྱུ་མཚན་རྣམས་ངེས་པར་དུ་ཤེས་དགོས་པ་ནི་
    གལ་ཆེ་ལགས་ན་བཤད་པར་བྱ།
    རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་རྒྱལ་སྤྱིའི་ལངས་ཕྱོགས་་དང་ངོ་བོ་མཚོན་དགོས་པ་དང་དེ་བཞིན་རྒྱལ་ཁབ་དེའི་རྩ་ཁྲིམས་དེས་རྒྱལ་ཁབ་དེའི་ངོ་བོ་དང་ལངས་ཕྱོགས་མཚོན་
    དགོས།ཚོགས་པ་ཆུང་ཆུང་ཞིག་ཡིན་ཡང་ཚོགས་པ་དེའི་བཅའ་ཁྲིམས་ལ་བལྟས་དུས་ཚོགས་པ་དེའི་ལངས་ཕྱོགས་དང་ངོ་བོ་རྟོགས་ཐུབ་པ་ཞིག་དགོས།ཁྲིམས་ལུགས་ཀྱི་དགོས་པ་དང་དམིགས་ཡུལ་ཡང་དེ་རེད།་དེ་ལས་གཞན་གང་ཡང་ཡོད་མི་སྲིད།
    རྒྱལ་ཁབ་དེའི་རྩ་ཁྲིམས་ནང་འཁོད་ཚར་བ་ཞིག་ཚེ་དེ་ལས་ཡོལ་དགོས་བསམ་ན་
    ཡང་ཁྲིམས་ལུགས་ཐོག་ཡོལ་ས་གཏན་ནས་མེད།རྩ་ཁྲིམས་ནང་མི་གསལ་བའི་ཐོག་རྒྱལ་ཁབ་གཅིག་དང་གཞུང་གཅིག་གི་ལས་ཀ་བྱས་ན་ཁྲིམས་ལུགས་ཐོག་ནས་རྙོག་གྲ་བཤད་ས་མེད། ཁྲིམས་ནང་འཁོད་ཟིན་པའི་དོན་གནད་གཅིག་ལས་བྱུང་བའི་དཀའ་རྙོག་ཞིག་ཡིན་ན་ཁྲིམས་ལུགས་ཐོག་ནས་བསེལ་དགོས་པ་ལས་གཞན་འགྲོ་ས་མེད།
    ཁྱོད་ཀྱི་བསམ་ཚུལ་དང་ཁྱོད་ཀྱིས་ལྟ་སྟངས་ལ་གཞིགས་ན་༸་གོང་ས་མཆོག་ལ་་ཡང་ཉེས་འཛུགས་བྱསཁུལ་བྱས་འདུག་མོད་འོན་ཀྱང་ངས་བལྟས་དུས་རང་མཚང་འབའ་ཞིག་བསྟན་པ་ལས་ཡོན་ཏན་གྱི

    Reply
  18. ཚེ་རིང། says:
    ལོ་ 14 སྔོན།

    ལོ་རྒྱུས་ལ་དཀྱོག་བཤད་བྱས་པ་ཡིས་༧གོང་ས་མཆོག་ལ་བསྟོད་པར་མི་འགྱུར། ཁོང་གིས་བོད་གཞུང་གིས་མིང་བསྒྱུར་པ་དེ་མ་འགྲིག་པ་མཐོང་ཡོད་ཚོད་རེད་ལ། བོད་མི་ཡོངས་དེར་བློ་མ་བདེ་བ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་འདི་ལྟར་དཀྱོག་བཤད་བྱས་ན་སུ་ལ་ཕན་གྱི་རེད། བསམ་ཚུལ་དེའི་འགྲོས་ལ་བལྟས་ན་ཟམ་གདོང་བླ་མར་སྐྱོན་བརྗོད་བྱེད་འདོད་ལས། བོད་གཞུང་གི་མིང་བསྒྱུར་པ་དེར་དངོས་ནས་ཚོར་སྣང་ཡོད་མེད་ཀྱང་ཐེ་ཚོམས་རེད་འདུག

    ༧གོང་ས་མཆོག་གིས་བོད་གཞུང་མང་ཚོགས་བཅར་བ་ཚང་མར་བོད་གཞུང་གི་མིང་བསྒྱུར་དགོས་པ་ནན་གྱིས་གསུངས་ཡོད་ལ། འདི་ན་མ་འོངས་པའི་བོད་པར་དམིགས་པ་ཞིག་ཡིན་པ་བཤད་མ་དགོས། གྲོས་ཚོགས་ནང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་གཏན་འབེབས་བྱས་པ་དང་། དེའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསལ་བཤད་ཐེངས་མང་གནང་ཡོད། འགྲིག་མེད་ན་བཀའ་སྤྱི་གཉིས་ཀྱི་སྐྱོན་དང་། འགྲིག་ཡོད་ན་༧གོང་ས་མཆོག་གི་མཛད་འཕྲིན་ཡིན་པ་རྐྱང་རྐྱང་བཤད་ན། ལོ་རྒྱུས་བཤད་སྟངས་ཤིག་མ་རེད། དེ་མིན་༧གོང་ས་མཆོག་ལས་བཀའ་དྲིན་ཆེན་པོ་ཞིག་བོད་པར་སུ་གང་མེད་པ་ཡོངས་གྲགས་རེད།

    Reply
  19. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྒྲུང་འདི་འདྲ་བྲིས་ན་སེམས་པ་སྐྱོ་བ་ལ། རྟེན་འབྲེལ་ངན་པ་ལ།

    Reply
  20. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    ད་ཁྱོད་རང་གི་སྣང་ངོ་ལ་ཤ་ཚའི་གཏམ་ཞིག་དུ་རློམ་ཡང་གོ་རྒྱུ་དང་དགོས་བ་ཕན་ཐོགས་གང་ཡང་མེད་པས་ངལ་བ་རང་རྟེན་འདུག་ལོ།
    དུས་རབས་ཉེར་གཅིག་པའི་ཤེས་ལྡན་འདི་དག་རྒྱུ་མཚན་དང་རིག་བ་གཙུགས་ཏུ་འཛིན་མཁན་ཤ་རྟག་ཡིན་པས་རྒྱུ་མཚན་མ་ཤེས་ན་༸མཁས་དབང་ཟམ་གདོངས་རིན་པོ་ཆེས་ཉེ་ཆར་གནང་པའི་བཀའ་སློབ་ལ་ཉན་ན་ལེགས།
    དེའང་ཁོང་གིས་གསུངས་དོན་མིང་བསྒྱུར་འདི་ལ་རྒྱ་གར་ནག་གིས་གནོད་ཤུགས་ཐེབ་པའི་དོགས་ཡོད་ཚོ་ཕེབས་ན་ཞལ་འཛོམས་ནས་གསལ་བཤད་ཞུ་གི་ཡིན་ཞེས་གསུངས་འདུག་པས་རང་ཡང་ཕེབས་ན་སྙམ།
    དེ་ལྟར་མི་འདོད་ན་༼བླུན་པོ་ཁ་བཙུམ་ན་བསྟན་པ་ལ་ཕན་ནོ༽

    Reply
  21. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    གསལ་བཤད།
    འདས་པའི་ལོ་ཤས་གོང་ནས་བདག་གིས་འདྲེ་མགོ་རྡོ་ཞེས་པའི་སྨྱུག་མིང་འདིའི་འོག་ནས་《དུས་འགྱུར་》སོགས་སུ་”བླ་རྒན་ལ་དཔྱད་པ་”ཟེར་བ་ལྟ་བུའི་རྩོམ་ཡིག་གང་མང་ཞིག་བརྒྱུད་ལམ་ཁག་ལ་བཀོད་མྱོང་ནའང་། དེང་སང་ཁ་བརྡ་དྲ་དེབ་ངོས་སུ་ འདྲེ་མགོ་རྡོ་མིང་ཅན་ཞིག་གིས་མཆན་སྤེལ་བཞིན་པ་དང་། དེ་རིང་གི་རྩོམ་འདིའི་རྩོམ་བདག་འདྲེ་མགོ་རྡོ་ཞེས་པ་ནི་ཁོ་བོ་མིན་པར་གསལ་བཤད་བྱས་པ་ཡིན།

    ལྷག་པར་ད་ནས་བཟུང་སྨྱུག་མིང་འདི་བདག་གིས་བེད་སྤྱོད་བྱ་རྒྱུ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese