མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་གླེན་པའི་ཆོས་དང་རྨོངས་དད་ཆོས་ལུཊ་ཀྱི་རྗེས་སུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དུས་རབས་ཉེར་གཅིག་ནང་ང་ཚོར་ཆོས་ལ་ཐེ་ཚོམ་བྱེད་མཁན་གྱི་ཚན་རིག་པའི་ཡིད་འཕྲོག་པའི་ཆོས་ཤིག་ཡོད་བཞིན་དུ། ང་ཚོ་གླེན་པའི་ཆོས་དང་རྨོངས་དད་ཆོས་ལུགས་ཀྱི་རྗེས་སུ་འགྲོ་བཞིན་འདུག དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་དང་། རང་གིས་རང་ཉིད་བསླུ་བཞིན་ཡོིད་པ་མ་ཟད། བསྟན་པའི་ཞབས་འདྲེན་ཡང་ཆགས་ཀྱི་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་འཆར་ཅན་གྱིས་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། འཛིན་རིམ་བཅུ་བ་ཡན་གྱི་བོད་ཁྱིམ་སློབ་ཕྲུག་གཙོས་པའི་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་བོད་རིགས་ན་གཞོན་སྟོང་ཕྲག་བརྒལ་བར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་༼འཇིག་རྟེན་ལས་འདས་པའི་བསྟོད་པ་༽དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ རྟེན་འབྲེལ་བསྟོད་པ ༽གཉིས་བཀའ་ཁྲིད་གནང་མགོ་བཙུགས་ཡོད་པ་རེད།

སྐབས་དེར་ལས་རིམ་གོ་སྒྲིག་པ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན། འདི་ལོར་ཨ་རི་དང་ཁེ་ན་ཌ། བལ་ཡུལ། འབྲུག ཡུ་རོབ་སོགས་རྒྱལ་ཁབ་ཁག་ ༧ དང་། ལྷག་པར་དུ་རྒྱ་གར་མངའ་སྡེ་ ༢༨ ཀྱི་མཐོ་སློབ་ཁག་ ༧༨ ནས་སློབ་གཉེར་བ་ཁྱོན་ ༣༠༤༨ ཙམ་ཆེད་ཕེབས་གནང་ཡོད། དེ་དག་ཁྲོད་མཐོ་སློབ་ཁག་ནས་སློབ་མ་ ༧༥༠ ཙམ་བཅས་ལོ་སྔོན་མ་དང་བསྡུར་ན་སློབ་ཕྲུག་ ༢༠༠ ཙམ་ཇེ་མང་དུ་ཕྱིན་ཡོད། འདི་ནི་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་དུ་ནང་ཆོས་ངོ་སྤྲོད་གནང་བ་ཐེངས་ ༥ པ་དེ་ཆགས་ཡོད། ཅེས་བརྗོད་བྱུང་།  

ཐོག་མར་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་གསུངས་དོན། རིགས་ལམ་སློབ་དགོས་དོན་ནི་སློབ་སྦྱོང་གང་བྱས་པ་ཤེས་རྟོགས་ཡོང་རྒྱུ་ཙམ་མིན་པར་དཔྱད་པ་གཏོང་སྟངས་ཤིག་བསླབ་ཀྱི་ཡོད། དཔེ་ཆའི་ནང་དོན་ཚན་བསྒྲིགས་ཏེ་རྟགས་གསལ་གཏོང་སྟངས་གསུང་གི་ཡོད་དུས། དེང་དུས་སློབ་ཚན་ནང་ང་ཚོས་དཔེ་ཆའི་དཔྱད་པ་གཏོང་སྟངས་ཀྱི་རིག་ལམ་ཞིག་བསྟན་ཡོད་པ་དེའི་ཐོག་དཔྱད་པ་གཏོང་ཐུབ་ན་ཧ་ཅང་ཕན་ཐོགས་ཡོད། ང་ཚོས་ཚན་རིག་པ་དང་བགྲོ་གླེང་བྱས་ཏེ་མི་ལོ་ ༣༠ ལྷག་ཕྱིན་ཡོད་ལ། གདན་སར་ཚན་རིག་ལ་དོ་སྣང་ཡོད་པའི་གྲྭ་བ་ཚོས་ཀྱང་ཚན་རིག་སློབ་སྦྱོང་བྱས་ཏེ་ལོ་ཤས་ཕྱིན་ཡོད། ཚན་རིག་དགེ་རྒན་ཚོ་ཚུར་ཡོང་སྐབས་བོད་ཀྱི་གྲྭ་བ་ཚོས་ཨང་རྩིས་སོགས་ཤེས་ཀྱི་མེད་ཀྱང་། དོན་དག་འགྲེལ་བཤད་རྒྱག་སྐབས་དེར་ལམ་སང་དཔྱད་པ་བྱས་ཏེ། དྲི་བ་འདོན་པ་དང་འགྲེལ་བཤད་དེར་གོ་རྟོགས་ཟབ་མོ་ཡོང་གི་ཡོད་སྟབས། དགེ་རྒན་ཚོས་བོད་ཀྱི་གྲྭ་བ་ཚོ་གཞན་དང་མི་འདྲ་བ་ཞིག་འདུག་ཟེར་ནས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། སློབ་ཚན་གང་ཞིག་ཡིན་ནའང་སེམས་བྱུང་གི་ཐོག་ངེས་པ་རྙེད་པ་ཞིག་ཡོང་བར་དཔྱད་པ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ་དེང་སང་སེམས་ཀྱི་བདེ་སྡུག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པའི་ཐད་ལ། དུས་རབས་ཉི་ཤུ་པའི་དུས་མཇུག་ནས། མི་ཚོས་སོ་སོའི་ཉམས་མྱོང་ཐོག་ཕྱིའི་དངོས་པོ་ཡར་རྒྱས་ཅི་ཙམ་ཕྱིན་ཡང་། སེམས་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་མེད་པ་ར་འཕྲོད་བྱུང་ཡོད། སེམས་མ་སྐྱིད་པའི་གནས་སྐབས་སུ་རྒྱུ་དངོས་པོའི་འགྲོ་སོང་བཏང་སྟེ་བཟོ་ཐུབ་ཀྱི་མེད་ལ། སྨན་ཀྱི་ལག་རྩལ་མཁས་ཅན་ཞིག་གིས་སྨན་སྤྲད་དེ་སེམས་ཀྱི་དངངས་སྐྲག་དང་ཁེར་རྐྱང་གི་གདུང་ཚོར་མེད་པ་བཟོ་ཐུབ་ཀྱི་མེད། དེ་བཞིན། གློག་ཀླད་དང་འཕྲུལ་ཆས་རིགས་སྔར་ལས་འཁྲུག་ཆ་དོད་པོ་ཡོད་ཀྱང་། རྣམ་རྟོག་གི་ཐོག་ནས་ཡོང་བའི་མིའི་སེམས་ཀྱི་སྡུག་བསྔལ་དེ་སེལ་ཐབས་ཡོད་པ་མ་རེད། དངོས་པོ་ཡར་རྒྱས་ཁོ་ནར་བསམ་བློ་གཏོང་མཁན་གྱི་མི་དེ་ཚོས། བདེ་སྐྱིད་ཟེར་བ་དེ་གཙོ་བོ་དབང་པོ་ལྔའི་ཤེས་པ་ལས་བྱུང་བའི་ཚོར་བ་དེ་དག་ལ་བསམ་བློ་གཏོང་བཞིན་ཡོད། ང་ཚོས་དངོས་པོའི་མཐུན་རྐྱེན་ཆ་ཚང་འཛོམས་ཡོད་མཁན་གྱི་མི་ཚོར་སེམས་སྡུག་བསྔལ་གྱིས་མནར་ཡོད་པ་མང་པོ་མཐོང་ཐུབ་ཀྱི་ཡོད་ལ། དེའི་ཉམས་མྱོང་ཐོག་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུས་སེམས་ལ་ཞི་བདེ་བསླེབ་ཐུབ་ཀྱི་མེད་པ་ཤེས་ཀྱི་འདུག ཅེས་གསུངས་བྱུང་།  

ཡང་ཁོང་གིས་བོད་པ་ཚོས་ཆོས་བྱེད་ཕྱོགས་ཐད་ཀྱི་སྐྱོན་གནས་སྐོར་ལ་གསུངས་དོན། གསང་སྔགས་ཀྱི་རྟོག་པའི་གལ་གནད་རང་བཞིན་སྐོར་ལ། བོད་ཀྱི་བཤད་གྲྭ་ཁག་གིས་ལོ་ངོ་སྟོང་ཕྲག་རིང་བཤད་སྒྲུབ་གཉིས་འཛིན་ཐུབ་ཡོད་པ་ལས། དེ་མིན། བོད་ཀྱི་དགོན་པ་སྟོང་ཕྲག་མང་པོས་ཞབས་རིམ་ཙམ་བསྒྲུབ་རྒྱུ་དང་། ཁྲོམ་གཞུང་དུ་འབག་གྱོན་ཏེ་འཆམ་འཁྲབ་རྒྱུ་དང་གཏོར་མ་ཆེན་པོ་བཟོས་ཏེ་གཡུག་རྒྱུ། དེ་བཞིན་མང་ཚོགས་ཀྱི་མདུན་སར་སྣུམ་ཚ་པོའི་ནང་ཨ་རག་བླུགས་ཏེ་སྒྲ་སྒྲོག་རྒྱུ་མ་གཏོགས། ཏིང་ངེ་འཛིན་དང་བྱང་ཆུབ་སེམས། ལྷ་ཡི་རྣལ་འབྱོར། སྟོང་ཉིད་ལྟ་བ་སོགས་ལ་དོ་སྣང་གང་ཡང་མེད་ལ། ཆོས་སྐྱོང་དང་ཡི་དམ་ཟེར་མཁན་མཆེ་བ་གཙིགས་ཤིང་། ཁྲག་འཐུང་སྡོད་མཁན་དེ་ཚོ་སྒང་ལ་གསོལ་ཏེ་བསྡད་ཡོད་པ་རེད། དུས་རབས་ཉེར་གཅིག་ནང་ང་ཚོར་ཆོས་ལ་ཐེ་ཚོམ་བྱེད་མཁན་གྱི་ཚན་རིག་པའི་ཡིད་འཕྲོག་པའི་ཆོས་ཤིག་ཡོད་བཞིན་དུ། ང་ཚོ་གླེན་པའི་ཆོས་དང་རྨོངས་དད་ཆོས་ལུགས་ཀྱི་རྗེས་སུ་འགྲོ་བཞིན་འདུག དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་དང་། རང་གིས་རང་ཉིད་བསླུ་བཞིན་ཡོིད་པ་མ་ཟད། བསྟན་པའི་ཞབས་འདྲེན་ཡང་ཆགས་ཀྱི་ཡོད། ཆོས་བསྒྲུབ་དང་མ་བསྒྲུབ་སོ་སོས་འདོད་པ་ཡིན་ཡང་། སྔོན་ལ་དད་པ་བྱེད་སའི་ཆོས་དེ་ཅི་འདྲ་ཡིན་མིན་ཐོག་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་རེད། ཅེས་དང་།

༧གོང་ས་མཆོག་གིས་མུ་མཐུད་དོན། ངོས་ནས་ཕྱི་རྒྱལ་དང་རྒྱ་གར་གང་ཡིན་ཡང་། སངས་རྒྱས་ཀྱི་ཆོས་འགྲེལ་བཤད་རྒྱག་རྒྱུ་གཙོ་བོར་འཛིན་རྒྱུ་ལས་དབང་བསྐུར་རྒྱུ་དང་བྱིན་རླབས་ཞུ་རྒྱུ་གཙོ་བོར་བརྩི་ཡི་མེད། དཔེར་ན། དུས་འཁོར་དབང་ཆེན་ཡོད་པ་རེད་ལབ་ན་མི་མང་པོ་ཞིག་ཡོང་གི་རེད། མི་མང་པོ་ཡོང་བའི་སྐབས་དང་བསྟུན་གཙོ་བོ་སྔོན་འགྲོའི་ཆོས་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་གཙོ་བོར་བརྩི་བཞིན་ཡོད། ནང་ཆོས་ངོ་སྤྲོད་ལབ་ན་མི་མང་པོ་ཡོང་གི་མ་རེད། དུས་འཁོར་དབང་ཆེན་འདུག་ལབ་ན་མི་མང་པོ་ཡོང་གི་ཡོད་སྟབས། ངས་སྐབས་དེ་དང་བསྟུན་ནང་ཆོས་འགྲེལ་བཤད་རྒྱག་གི་ཡོད། ཅེས་གསུངས།  

མཐའ་མར་༧གོང་ས་མཆོག་གིས་ཆོས་ཉམས་ལེན་བྱེད་སྟངས་ཐད་ལ། སྤྱིར་ང་ཚོས་ཆོས་བསྒྲུབ་རྒྱུ་ཡིན་ཟེར་སྐབས། སྐྱིད་སྡུག་ཡག་ཙམ་ཡོད་ན་འདི་མཆོད་ཁང་ཡིན་ཟེར་ནས་ཁང་མིག་ཅིག་བཞག་ཡོད་ཅིང་། དེའི་ནང་སྐུ་གསུང་ཐུགས་རྟེན་སོགས་བསྒྲིགས་ཡོད་པ་རེད། དེ་ཚོ་ཡག་པོ་དེ་ཙམ་ཡོད་པ་མ་རེད། ཕྱོགས་གཅིག་ནས་སྐུ་གསུང་ཐུགས་རྟེན་དེ་ཚོར་རིན་གོང་ཆེ་ཆུང་ལ་བལྟས་ཏེ་རྒྱུ་ཅ་ལག་གི་འདུ་ཤེས་བཟུང་བ་དང་། ཕྱོགས་གཞན་ཞིག་ནས། མཆོད་ཁང་ནང་དུ་ཆོས་བསྒྲུབས་པ་དང་མཆོད་ཁང་ཕྱི་ལོགས་སུ་ཐོན་རྗེས། རྒྱག་རེས་རྒྱག་ཐུབ་སར་རྒྱག་རེས་བརྒྱབ། མགོ་སྐོར་གཏོང་ཐུབ་སར་མགོ་སྐོར་བཏང་ན་སྙིང་པོ་ག་རེ་ཡོད་པ་རེད། ཆོས་ཟེར་བ་དེ་མགོ་སྐོར་གཏོང་རྒྱུའི་ཉེན་ཁ་བསླེབ་སྐབས་མགོ་སྐོར་མི་གཏོང་བ་དང་། རྒྱག་རེས་རྒྱག་རྒྱུའི་ཉེན་ཁ་བསླེབ་སྐབས་རྒྱག་རེས་མི་རྒྱག་པ། བསམ་ནག་བྱ་རྒྱའི་གོ་སྐབས་ཡོང་སྐབས་བསམ་ནག་མི་བྱེད་པ་དེ་འདྲ་ཞིག་རེད། དེ་མིན། ཕར་ཕྱོགས་དེར་ཆོས་བྱེད་ཀྱི་ཡོད་ཟེར་ནས་མིག་གཉིས་བཙུམས་ཏེ་སྔག་འདྲ་བགྲངས། འདོན་པ་འདྲ་འདོན་པ་དང་། དངོས་སུ་མི་ཚེ་བསྐྱལ་སྐབས་ཆག་སྡང་གིས་དབང་དུ་སོང་ན། དེ་ཆོས་ཆགས་ཀྱི་ཡོད་པ་མ་རེད། ཅེས་གསུངས་བྱུང་།   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༧སྐྱབས་མགོན་རིན་པོ་ཆེ་དགོངས་པ་མ་ཚོམས། གཏོར་མ་ཆེན་པོ་ཁྱེད་ཀྱིས་གཡུག་གིས་འདུག་ད།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ༸གངས་ཅན་འགྲོ་བའི་མགོན་པོ་ཡིད་བཞིན་ནོར།།
    འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་མཆོག།།
    སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ་སྙིང་གི་ནོར།།
    ཁྱེད་ཀྱི་སྐུ་ཚེ་ཞབས་པད་བརྟན་རོགས་གནང་།།

    མགོན་པོ་ཁྱེད་ཀྱིས་རྒྱ་ནག་གུང་ཁྲན་ལའང།།
    བྱམས་བརྩེ་དགོས་ཞེས་བཀའ་སློབ་ཡང་ཡང་གནང་།།
    ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན།།
    ང་ཡི་བླ་མ་ཁྱེད་ལས་གཞན་ན་གང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese