སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།
༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་དང་གསུང་འཕྲིན་ཁ་གསལ་དང་། གྲོས་ཚོགས་ཀྱིས་བགྲོ་གླེང་སྦྱང་བཤད། མི་མང་གི་ཚོགས་ཆེན་དང་བཅས་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་ཟབ་ཅིང་རྒྱས་པ། ཕྱི་གསལ་ནང་གསལ། དོ་ཁུར་གཟབ་ནན་གྱི་བརྒྱུད་རིམ་ཆ་ཚང་ཞིག་ཡོད་བཞིན་དུའང་གློ་བུར་བའི་འགྱུར་བ་དང་མ་བརྟགས་པའི་བསྒྱུར་བཅོས་སོགས་སུ་སྨྲ་བའི་ཐག་ཉེ་རིང་ཀུན་ནས་ཧ་གོ་ལ་མ་གོ་བའི་ཚུལ་དུ་ཚོར་སྣང་གི་དཔྱད་བརྗོད་སྤེལ་ཁུལ་བྱེད་པ་འདི་རིགས་ཀྱིས་མ་མཐར་ཡང་བདེན་པ་འདི་བཅུ་ཡིད་ལ་ངེས་པར་གྱིས།
གཅིག དེ་སྔ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་གཏམ་བཤད་དང་ཡིག་ཆ་མང་པོའི་ནང་ལ་བསླེབས་ཟིན་ཞིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ངོས་ནས་དེ་ཉིད་བཅའ་ཁྲིམས་སུ་གཏན་ལ་འབེབས་པའི་རྒྱབ་གཉེར་ཞུས་པ་བདེན།
གཉིས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག‘བཙན་བྱོལ་བོད་གཞུང‘ཟེར་བའི་མཚན་བྱང་རང་འཇགས་འཇོག་རྒྱུར་མང་མོས་བྱུང་བ་བདེན། ༸
གསུམ། གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་བསམ་འཆར་སྙན་ཞུ་ཕུལ་མ་ཐག་ཚོགས་ཞུགས་པ་ཡོངས་ལ་སྤྱིར་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་དང་བྱེ་བྲག་ཏུ་བོད་གཞུང་ཟེར་བར་ཡར་མིང་སྒྱུར་གནང་གལ་ཆེ་ཚུལ་སྐོར་ལ་བཀའ་སློབ་ཞིབ་པར་ཕེབས་པའང་བདེན།
བཞི། སྐབས་དེར༸གོང་ས་མཆོག་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་སྒྱུར་ན་ཅི་འདྲ་འདུག་ཅེས་དགོངས་ཚུལ་གསུངས་པའང་བདེན།
ལྔ། ཕྱི་ཉིན་གྲོས་ཚོགས་ལ་བསྩལ་པའི་བཀའ་ལན་ནང་བཙན་བྱོལ་སྒྲིག་འཛུགས་ཞེས་བཀོད་འདུག་པ་དང། ཚོགས་གཙོ་མཆོག་གིས་ཁ་སང་གསུངས་པ་དང་དེ་རིང་གི་དེ་མི་འདྲ་བས་ཞལ་པར་ཐོག་ནས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལ་དོགས་སློང་གི་དྲི་བ་ཞིག་གནངས་རྗེས་སླར་ཡང་བོད་མིའི་སྒྲིག་འཛུགས་སུ་སྒྱུར་དགོས་བཀའ་ལན་བསྩལ་པའང་བདེན།
དྲུག ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་ནང་ཚོགས་གཙོས་གནང་སྟངས་དེ་མི་འོས་ཚུལ་གསུངས་པ་དང། ཡང་མཐར་ཚོགས་གཙོས་ཡར་བཀའ་འདྲི་ཞུས་པ་དེས་མཚན་བྱང་ཇེ་ལེགས་ལ་སོང་ཚུལ་དང་། ཚོགས་གཙོར་སྐྱོན་བརྗོད་ཀྱི་སྐད་ཆ་དེ་དག་ཕྱིར་འཐེན་བྱས་པར་མ་ཟད་དགོངས་དག་ཀྱང་ཞུས་པ་བདེན།
བདུན། གྲོས་ཚོགས་ནང་བདག་གིས། ༸གོང་ས་མཆོག་གིས་ཞལ་ནས་གསུངས་པ་དང་བཀའ་ལན་ཕེབས་པ་གཉིས་ལ་བསམས་ཏེ། གངས་ལྗོངས་བོད་མིའི་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་མིང་ཆ་ཚང་དང་། དེ་བསྡུས་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་༸འོས་ཚུལ་བཤད་ཀྱང་རྒྱབ་རྩ་བྲལ་མཐར་བོད་མིའི་སྒྲིག་འཛུགས་ཞེས་པར་སྤྱི་མོས་གཏན་ལ་ཕབ་པའང་བདེན།
བརྒྱད། གངས་ལྗོངས་ཞེས་པ་བོད་ཡུལ་དང་། བོད་མི་ཞེས་པས་བོད་ཀྱི་ཡུལ་མི་ཚང་མར་གོ་བས། འདི་གཉིས་གང་གི་ཐོག་ནས་མིང་བཏགས་ཀྱང་དོན་ལ་ཁྱད་པར་ཆེན་པོ་ཞིག་མེད་ལ། སྒྲིག་འཛུགས་ཤིག་ཡིན་ན་གཞུང་ཞིག་མ་ཡིན་པ་ཡིན་མི་དགོས་ལ། ཡང་གཞུང་ཞེས་པ་དེར་ངེས་པར་རྒྱལ་ཁབ་ཀྱི་མཚོན་དོན་ཡོད་པའང་མིན་པ་བཅས་ཀྱང་བདེན།
དགུ། མཐར་མཚན་བྱང་དང་བཅས་པའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞིར་འགྱུར་བ་བཏང་བ་འདི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ལ་གྲོས་ཚོགས་ཀྱིས་བསམ་ཤེས་དང་ངོས་འཛིན་ཐུབ་པའི་ཐག་གཅོད་ཅིག་ཆགས་པའང་བདེན།
བཅུ། མདོར་ན། དམངས་གཙོའི་ཀ་ཆེན་གསུམ་པོ་སྔར་ལྟར་གནས་ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་དང་ཡང་བྲལ་མེད་པར་དེ་སྔའི་བོད་གཞུང་གི་ངོ་བོ་མ་བརླགས་པའི་ཐོག་སྲ་བརྟན་ཡུན་གནས་ཐུབ་པར་གདེང་ཚོད་ལྡན་པར་གྱུར་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གངས་ལྗོངས་བོད་མིའི་རང་དབང་དམངས་གཙོའི་སྒྲིག་འཛུགས་མཚན་དོན་མཚུངས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་ཡོད་པའང་བདེན་ནོ།།
སླར་སྨྲས་པ།
ཡར་ལ་ཞུས་པ་བཙན་བྱོལ་བོད་གཞུང་དང་། མར་ལ་གནངས་པ་བོད་མིའི་སྒྲིག་འཛུགས་ཡིན། གངས་ལྗོངས་གོ་དོན་བོད་མིས་མ་རྟོགས་མིན། གང་གི་གསུང་ལ་མངོན་པར་བཀུར་བ་སྟེ། ལེགས་ཉེས་འབྲས་བུ་དུས་ཀྱིས་སྟོན་པར་འགྱུར།
ཁྲིམས་བཟོ་ལྷན་ཚོགས་སྔར་བཞིན་བརྗིད། འཛིན་སྐྱོང་བཀའ་ཤག་སྔར་ལས་མཐོ། ཁྲིམས་ཞིབ་ཁང་ནི་བླ་མེད་གྱུར། ཡིད་བཞིན་ནོར་བུའི་གཟིགས་སྐྱོང་བཅས། དོན་ལྔ་སྣོད་དྲུག་ཚང་བཞིན་དུ། ནང་ཁོག་སྟོངས་པར་སྨྲ་བ་མཚང་།
དོན་རྒྱུས་མངའ་མེད་པའི་འཆར་སྣང་དག ཤ་ཚ་བའི་སྙིང་གཏམ་ཡིན་ན་ཡང་། ནང་མཐུན་སྒྲིལ་གཏོར་བའི་རྒྱུར་གྱུར་ན། ཕྱི་དགྲ་ལས་ཐུ་བའི་གནོད་པ་སྟེ། གཏམ་གཟབ་པར་གྱིས་དང་སྤུན་ཟླ་ཚོ།།
གལ་སྲིད་ནོར་འཁྲུལ་ཞིག་བྱུང་ཡོད་ན། ནོར་འཁྲུལ་བཟོ་མཁན་ང་ཚོ་རེད། ༸གོང་ས་མཆོག་མ་རེད། དེ་ཇི་ལྟར་ཞེ་ན། ང་ཚོས་ཁོང་གི་དགོངས་གཞི་དང་མ་འོངས་པའི་འགྱུར་བ་མ་མཁྱེན་པས། ང་ཚོ་ཁོང་གི་ལམ་སྟོན་ལྟར་འགྲོ་ཐུབ་ཀྱི་མེད་པའི་ཁར། ད་དུང་ང་ཚོས་ནོར་འཁྲུལ་མང་པོ་བཟོ་བཞིན་ཡོད། དཔེར་ན། རང་དབང་དང་དམངས་གཙོ་ཡིན་ཟེར་ནས་ཁོང་གི་ཞལ་ལ་མི་ཉན་པར་རང་འདོད་སྣ་ཚོགས་ཀྱིས་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ནུས་པ་གཅིག་ཏུ་སྤུང་ཐུབ་ཀྱི་མེད་པ་འདི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། ནོར་འཁྲུལ་འདིའི་རྐྱེན་གྱིས་ཁོང་གིས་སྲིད་འགན་རྩིས་སྤྲོད་གནང་མ་རན་གོང་ལ་གནང་བ་རེད། འདི་ཁོང་ནོར་བ་མ་རེད། ང་ཚོ་ནོར་བ་རེད། ང་ཚོ་ནོར་བའི་རྐྱེན་གྱིས་ཁོང་གིས་འདི་འདྲ་ཞིག་གནང་དགོས་བྱུང་བ་རེད།
གཞན་ཡང། ཆོལ་གསུམ་གཅིག་བསྒྲིལ་གྱི་རང་སྲིད་རང་སྐྱོང་བྱུང་ན་རྒྱ་ནག་དམར་པོའི་ལམ་ལུགས་ཀྱི་འོག་ཏུ་བསྡད་དགོས་ཀྱང་འདོད་པ་ཡོད། ཅེས་༸གོང་ས་མཆོག་གིས་ན་ནིང་ཞིག་ལ་གསུངས་ཡོད་བསམ་སོང། གསལ་པོ་མི་དྲན། དེ་ལྟར་་ན། བོད་རང་དབང་གལ་ཆེ་བ་ལས་དམངས་གཙོ་གལ་མི་ཆེ་བ་གསལ་པོར་བསྟན་པ་མ་རེད་དམ། ངས་དེ་འགྲིག་གི་རེད་འདོད། དམངས་གཙོ་ནི་ཆབ་སྲིད་སྐྱོང་ལུགས་ཤིག་རེད་མ་གཏོགས། རྩ་དོན་མ་རེད། དཔེར་ན་རྒྱ་ནག་གིས་ད་ཆ་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་དར་སྤེལ་གཏོང་རྒྱུ་གཙོ་བོར་འཛིན་གྱི་ཡོད་པ་ལས། དམངས་གཙོ་དར་སྤེལ་གཏོང་རྒྱུ་གཙོ་བོར་འཛིན་གྱི་མེད་པ་དང་འདྲ་བོ་རེད། དམངས་གཙོའི་ལམ་དུ་ག་ལེ་ག་ལེར་འགྲོ་གི་ཡོད་པ་འདི་ལ་གནས་ལུགས་མེད་པ་མིན།
བགྲོ་གླེང་བ་རྣམ་པ་གཉིས་ལ་ཞུ་རྒྱུར།
ཡིད་བཞིན་ནོར་བུས་ཁོང་གི་གནང་སྟངས་འདི་བོད་ཀྱི་འཕྲལ་ཕུགས་གཉིས་ལ་ཕན་པར་དགོངས་པ་ཞིག་རེད། གལ་ཏེ་ཐུགས་ཕན་མི་སོས་པ་ཞིག་ཡིན་ན་ཡང་ནོར་འཁྲུལ་འདི་ཁོང་ཉིད་ཀྱིས་གཙོས་བཙན་བྱོལ་བོད་གཞུང་དམངས་ཚང་མར་འགན་ཡོད་པ་ཞིག་ཆགས་ཚར་བ་རེད།
ད་ཡིད་བཞིན་ནོར་བུ་ཚང་ལ་གསོལ་བ་བཏབ་ནས་ཕྱིར་ཕེབས་སྟངས་ཤིག་ཆགས་མེད། དེ་ལས་མང་མོས་ཐག་གཅོད་ཀྱི་འོས་འཕེན་ཞིག་གནང་ན་དེ་ལ་རེ་བ་ཡོད་སྲིད།
བོད་མི་ཚོས་ཏཱ་ལའི་བླ་མ་འཕགས་པའི་སྤྲུལ་བར་ངོས་འཛིན་ཚུལ་འདི་ངས་བལྟས་ན་མི་རིགས་གཞན་ལས་གཏིང་ཟབ་པའི་ངོ་ཤེས་སྟངས་ཤིག་རེད་འདོད། མི་རིགས་གཞན་གྱིས་ཏཱ་ལའི་བླ་མ་ནི་མི་རླབས་ཆེན་ཞིག་ཡིན་པ་ཙམ་ལས་གཏིང་ཟབ་ས་ནས་ངོ་མི་ཤེས།
བོད་ཀྱི་དགོན་སྡེ་ཁག་ན་ད་དུང་ཡང་དགེ་འདུན་པ་མི་ཉུང་བ་བཞུགས་ཤིང་ནང་ཆོས་ལ་ཆེད་སྦྱོང་གནང་གིན་ཡོད། མི་རབས་གསར་བར་ཡང་ནང་ཆོས་ཀྱི་གོ་རྟོགས་སྤེལ་བའི་ལས་གཞི་རྒྱ་ཇེ་ཆེར་གཏོང་གིན་ཡོད། བོད་ཀྱི་མི་སྐྱའི་ནང་ལ་མི་རབས་སྔོན་མ་དག་ལས་ལྷག་པའི་ནང་ཆོས་ལ་དོ་སྣང་དང་བསམ་སྤྱོད་ལ་ཡར་འདེགས་ཀྱི་རེ་བ་དེ་མི་རིགས་གཞན་ལས་ལྷག་པ་ཡོད།
མ་གཞི་ནས་ནང་ཆོས་ཀྱི་ཚད་མཐོ་སའི་ཉམས་ལེན་དེ་དག་སྤྱི་ཚོགས་ཁྲོད་ལ་ལག་བསྟར་ཡོང་རྒྱུ་ཧ་ཅང་ཁག ཕྱི་གླིང་བའི་ནང་ན་ཡང་ཨ་གསར་ཅན་མང་བ་ལས་ད་དུང་བོད་ཀྱི་བླ་མ་དག་གི་ཉེ་བའི་ཐུགས་སྲས་རིགས་ཧ་ཅང་ཉུང། ངའི་བསམ་ཚུལ་ལ་སྐྱ་སར་འབབ་པའི་ཚད་གཞི་མཐོ་བ་འདི་ཕྱོགས་གཅིག་ནས་བསྟན་པའི་ཉམས་སྟངས་ཤིག་དང་ཡང་ཕྱོགས་གཅིག་ནས་སྤྱི་ཚོགས་ནང་ལ་ཆོས་འཇིག་རྟེན་ཟུང་འབྲེལ་གྱི་ཀུན་སྤྱོད་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུར་ཕན་ནུས་ཡོད་པ་ཞིག་མཐོང་གིན་ཡོད། རྒྱུ་མཚན་འདིས་ཀྱང་ངས་བོད་ཀྱི་སྤྱི་ཚོགས་ལ་མི་རིགས་གཞན་ལས་ལྷག་པའི་དགེ་མཚན་ཆེ་བར་མཐོང།
༼ གང་དྲན་དྲན་གྱི་བསམ་ཚུལ་འདི་རིགས་ཚད་ཐུབ་རིགས་པའི་དཔྱད་གཞིར་མི་འགྲོ་ཡང་ཁྱེད་ཀྱི་གཏིང་ཟབ་པའི་བགྲོ་གླེང་ལ་བརྩི་འཇོག་བྱས་པ་ཡིན། ༽ རྒན་ལགས་ཀྱི་བཀའ་མོལ་འདི་རྩ་ཆེན་ཞིག་རེད། གང་དྲན་དྲན་གྱི་འདི་ལྟར་དོན་དག་བཞེངས་ཀྱི་ཡོད་པ་ང་ཚོས་ཤེས་སོང་བས་བརྩི་བཀུར་ཡོད་མོད། དུས་བབ་ཀྱི་སྡིངས་ཆ་འདི་སྤྱི་ཚོགས་ཀྱི་ཁ་མིག་འགྲིམས་ཀྱི་ཡོད་ཙང་། སྤྱི་ཚོགས་ནང་འཇོག་བཞིན་པའི་ཞབས་རྗེས་འདྲ་བོ་རང་བཞིན་གྱིས་ཡིན་པ་སོང་ཙང་། རྒན་ལགས་ནས་གང་དྲན་དྲན་ཡིན་ཞེས་གང་འཚམས་ཤིག་ནས་གསུངས་ས་འགྲོ་ཡི་ཡོད་མེད་མི་ཤེས། ཨ་ལ་རྩེད་མོ་ཡིན་ལགས།
རྒན་ལགས་ཞོགས་པ་བདེ་ལེགས།
༡ ༽ ཆོས་ཕྱོགས་ཀྱི་དམིགས་དོན་ཉག་ཅག་གཙོ་བོ་མ་ཡིན་པའི་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནི་ཤའི་མིག་ལ་སྣང་བའི་བདེན་གྲུབ་ཡིན་ཙང་། སྐུ་ཕྲེང་ཕྱི་མ་དག་ནས་དེ་ལ་འགྱུར་གཞི་ཡོད་པའང་བདེན་པ་ཚད་གྲུབ་ཡིན། དེས་དོན་ཚན་དང་པོ་འདིར་གོ་བ་ལེན་ཕྱོགས་ལ་ཅུང་ཁྱད་པར་འདུག
༢ ༽ སྐབས་འདིའི་ཁོང་གི་དགོངས་གཞི་ནི་ནང་དོན་རིག་གནས་ཀྱི་མ་གདན་བྱས་པའི་བྱམས་བརྩེ་དང་སྙིང་རྗེ། སྤྱང་གྲུང་བཅས་ཀྱི་ཉམས་ལེན་བབ་བསྟུན་འཚོ་བའི་ཁྲོད་ལག་ལེན་བསྐྱལ་ཐུབ་པ་དེ་ལ་ཟེར་ཞིང་། དེ་ཉིད་ནང་དོན་རིག་གནས་ཀྱི་རྟེན་འབྲེལ་སྟོང་བ་དང་བྱང་སེམས་ཉམས་ལེན་གཉིས་ཀའི་ཐ་སྙད་ཚུད་ཆད་ཀྱི་བརྡ་སྤྲོད་བྱེད་ཐབས་ལ་སྔར་མེད་གོ་བདེ་ཉ་ཉོག་འདོམས་བདེར་བཏང་བ་དང་དེའི་ཐད་འཆད་ཁྲིད་དམ་བསམ་ཚུལ་བརྗེ་རེས་བྱས་པ་རྣམས། རང་རེའི་སྐད་ཡིག་ལས་ཕྱིའི་སྐད་ཡིག་ཏུ་དར་ཁྱབ་ཆེ་ཁར། ཕྱི་མིས་དང་དོད་དང་སྦྱངས་འདོད་གཉིས་ཀ་ལོ་རྒྱུས་དང་དངོས་ཡོད་གང་གི་ཆ་ནས་བོད་མི་ཚོས་འགྲན་རྒྱུར་དོགས་པ་ཡིན།
༣ ༽ ལོ་རྒྱུས་ཀྱི་འཐུས་ཚབ་མེད་ས་དང་། ལོ་རྒྱུས་ཀྱི་ལྗིད་གནོན་མེད་ས་ནས་༧གོང་ས་མཆོག་གི་སྐུ་ཡོན་གཅིག་པུར་འདི་ལྟའི་བརྩི་བཀུར་དང་ཡིད་ཆེས་བྱེད་པའི་བོད་མི་ཚོར་བློ་མིག་རྒྱས་མེད་པ་གསལ་བོ་ཡིན། བོད་མི་མང་ཆེ་བས་༧གོང་ས་མཆོག་ངོ་ཤེས་རྒྱུར་འབད་བརྩོན་བྱས་མྱོང་མེད། འདི་བཞིན་མི་རིགས་ཤིག་གི་ཤེས་རིག་འཕེལ་རྒྱས་ཁྲོད་བྱུང་མ་མྱོང་བའི་གནས་ཚུལ་ཅང་མིན།
༤༽ སྙོམས་སྒྲིག་བྱེད་ཐུབ་ཡོད་ན། མ་འོངས་པར་པཎ་ཆེན་ངོ་མ་བེད་སྤྱོད་ཀྱིས་༧སྟོན་པ་ཆེན་པོ་བཅོ་ལྔ་པ་ངོས་འཛིན་གནང་ན་སྐབས་དེར་བོད་ཕྱི་ནང་གཉིས་ག་འདྲར་འགྱུར་མིན་ལ་སྐྲག་པ་མིན་ན། མ་མཐར་༧སྟོན་པ་ཆེན་པོ་དབང་ཆ་སྒེར་གཅོད་པ་མིན་ཞིང་མང་གཙོའི་སྨན་ལྗོངས་ཡིན་པ་གསལ་བཏོན་བྱེད་ཕྱིར་ཁོང་གི་མཁས་མཛངས་དང་། ལོ་རྒྱུས། ཡིད་ལ་བརྣག་པའི་ཕུགས་བསམ་བཅས་ལ་འགན་ཁུར་པའི་ཐོག་མང་གཙོའི་སྤྱི་སྲོལ་ལ་མི་གནོད་པ། བོད་རང་ལ་འཚམས་ཤིང་ཕུགས་སུ་དགེ་བའི་ལམ་ལུགས་ཐུན་མོང་མ་ཡིན་པ་ཞིག་གསལ་འདོན་བྱེད་མ་ཐུབ་པ་དེ་སྙོམས་སྒྲིག་མ་བྱས་པ་རང་མིན་ན་ཅི་ཞིག་ཡིན་ནམ།
སྤྱི་འཐུས་རྣམ་པ་གཙོས་མི་མང་པོས་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་ཆེད་ཟེར་བ་འདྲ་བོ། གཞན་རྒྱ་ནག་ལ་ལན་ཐེབས་ཡོད་ཟེར་བ་འདྲ་བོ་གསུངས་ཀྱིན་མི་འདུག་གམ། ང་ཡིན་ན། བཀའ་མོལ་འདི་འདྲ་བཤད་རྒྱུར་ངོ་ཚ་ཐག་ཆོད་རེད།
༸གོང་ས་མཆོག་གིས་མ་མཁྱེན་པ་དང་ནོར་འཁྲུལ་བཟོས་པ་རེད་ལབ་ཀྱི་མེད། དེ་ཁྱེད་ཀྱིས་གསན་ཕྱོགས་ནོར་སོང། ངས་ཟེར་ན། ཁོང་གིས་སྲིད་དབང་རྩིས་སྤྲོད་གནང་བ་འདིས་ང་ཚོའི་དམངས་གཙོ་ལ་ཕན་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་ང་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ཟེར་གྱི་ཡོད། དཀའ་ངལ་དེ་དག་བཀའ་བློན་ཁྲི་པས་གྲོས་ཚོགས་ནང་གསུངས་པ་དེ་རེད། ལྷག་པར་དུ་རྒྱ་ནག་དང་བཀའ་མོལ་གྱིས་བོད་རང་དབང་མྱུར་དུ་འཐོབ་རྒྱུ་ལ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད། དེའི་རྐྱེན་གྱིས་དམིགས་བསལ་སྐུ་ཚབ་སོགས་ལ་ཁོང་གི་མཚན་གནས་གཡར་དགོས་པ་འདི་བྱུང་བ་རེད། ངའི་བསམ་ཚུལ་ལ། ད་ལྟའི་ཆར་བོད་རང་དབང་མྱུར་དུ་འཐོབ་པར་བྱེད་རྒྱུ་དང་དམངས་གཙོ་ཚད་ལྡན་དུ་འགྱུར་རྒྱུ་གཉིས་ལས་སྔ་མ་འདི་གལ་ཆེ་བར་འདོད། འདི་ང་ཚོའི་བསྒྲུབ་བྱ་གཙོ་བོ་དང་རྩ་དོན་རེད། དེ་ལ་༸གོང་ས་མཆོག་གི་དབུ་ཁྲིད་ཡོད་མེད་གཉིས་ལས་ཡོད་པ་ནུས་པ་ཆེ་བས་ངས་ཁོང་གིས་སྲིད་འགན་བཞེས་དགོས་ཟེར་དོན་དེ་ཡིན། འོན་ཀྱང་ད་འདི་ཡོང་ཐབས་ཡོད་པ་མ་རེད། གལ་སྲིད་ཡོང་ཐབས་ཡོད་ན་ང་ད་དུང་གསོལ་བ་ཕུར་ཚུགས་སུ་འདེབས་མཁན་གྲས་ཡིན།
འོ་ན་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་ཆབ་སྲིད་ཀྱི་འགན་དབང་བཞེས་གནང་ན་དམངས་གཙོ་མེད་ཀྱང་འཐུས་པ་ཡིན་ནམ།
ཁྱོད་ཀྱིས་ཟེར་བ་ལྟར་ན་༸ཐམས་ཅད་མཁྱེན་པས་ད་ཅི་ཡང་མ་མཁྱེན་པ་འདྲ་བོ་ཆགས་པ་མ་རེད་དམ། གལ་ཏེ་འདི་ལྟར་བོད་ཀྱི་རྩ་དོན་ཐད་ལ་བླང་དོར་ལེགས་ཉེས་འབྱེད་མི་ཐུབ་པ་ཞིག་ཡིན་ན་མུ་མཐུད་དེ་དབུ་འཛིན་བྱས་ན་ཡང་ཕན་ནམ།
ཁྱོད་ཅག་གིས་ཕྱོགས་གཅིག་ནས་ཡིད་བཞིན་ནོར་བུའི་དབུ་ཁྲིད་དེ་མེད་ཐབས་མེད་པ་འདྲ་བོ་ཞིག་བཤད་ཡང་ཕྱོགས་གཅིག་ནས་ཁོང་གིས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་སོང་བ་འདྲ་བོ་བཤད་པ་འདི་ངས་ནི་བརྟག་དཀའ་འོ།
ཐབས་མཁས་ཐུགས་རྗེའི་མཛད་ཆེན་ཡང། ཕྱིན་ཅི་ལོག་ཏུ་མཐོང་ཚུལ་འདི།
རང་གི་རྣམ་དཔྱོད་ཕྲ་བས་སམ། ཆེད་དུ་ཀླན་ཀ་འཚོལ་བ་གང།
ལྷ་མོ་སྐྱབས་ལགས། ངས་དེ་བོད་དོན་ཐག་གཅོད་ཀྱི་མྱུར་ཚད་ལ་གནོད་ཟེར་དོན་ནི། བོད་དོན་ཐག་གཅོད་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་པའི་འོག་ནས། རྒྱ་ནག་དང་ཐད་ཀར་བཀའ་མོལ་གནང་རྒྱུ་དེ་ཡིན་ལ། དེ་ལ་ནི་ཡིད་བཞིན་ནོར་བུས་ཐུགས་འགན་བཞེས་ན་མ་གཏོགས་གཞན་སུས་ཀྱང་ནུས་པ་མི་ཐོན། རྒྱ་ནག་གིས་ཀྱང་ཡིད་བཞིན་ནོར་བུ་མ་གཏོགས་གཞན་ལ་ཁ་ཡ་མི་བྱེད། དེར་བརྟེན། ཁོང་གིས་ཐུགས་འགན་མ་བཞེས་ཚེ། བོད་དོན་ཐག་གཅོད་འདི་རང་བཞིན་གྱིས་མི་རབས་རྗེས་མའི་ལག་ཏུ་ལྷུང་ངེས་ཡིན། གཞིས་ལུས་མི་མང་གིས་ཀྱང་ཁོང་ལ་རེ་བ་བརྒྱབས་ནས་བསྡད་ཡོད་པས། ཁོང་གིས་དབུ་མ་ཁྲིད་ཚེ། མི་མང་གི་འགུལ་སྐྱོད་ཀྱང་མཚམས་ཆད་ཉེན་ཡོད། དམིགས་བསལ་སྐུ་ཚབ་སོགས་ལ་ཁོང་གི་མཚན་གནས་གཡར་བ་ཙམ་གྱིས་མི་ཕན་སྙམ། ཁྱེད་ཀྱིས་མང་གཙོ་ལ་ཕན་པས་འགྲིག་ཟེར་ནའང། མང་གཙོ་འདི་སྐབས་རེར་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན། མཐའ་གཅིག་ཏུ་བཟང་བའི་ངེས་པ་མེད།
སྲིད་ཁྲི་ལས་བཤོལ་བ་ནི་སྲིད་ཁྲི་ལས་བབས་པ་སྟེ། སྲིད་འགན་མ་བཞེས་པའི་དོན་རེད། དེ་དེ་ག་རང་རེད་ཨང། དེ་ལ་ཁྱེད་ཀྱིས་དོགས་འདྲི་བྱེད་དོན་གང་ཡིན་ངས་ཤེས་མ་སོང།
ཀིརྟི་སྐྱབས་ལགས་བགྲོ་གླེང་ལ་ཕེབས་པར་དགའ་བསུ་ཞུ།
དམངས་གཙོའི་མྱུར་ཚད་ལ་ཕན་ན་བོད་དོན་ཐག་གཅོད་ལ་ཡང་ཕན། འཕྲལ་ཕུགས་གཉི་གར་ཕན། ཁྱོད་ཀྱིས་སྲིད་ཁྲི་ལས་བཤོལ་བ་ཟེར་བར་བལྟས་ན་ཕལ་ཆེར་ཐུགས་འགན་མ་བཞེས་པ་རེད་མདོག་མདོག་མ་རེད་དམ། རྒྱུ་མཚན་ཅི།
༡༽སྔ་མོའི་སྲོལ་ལུགས་མང་ཆེ་བ་རང་བཞིན་གྱིས་འགྱུར་འགྲོ་བ་རེད་དེ་ལ་བཅོས་ཐབས་དཀའ། ངས་ཤེས་ཚོད་ལ་སྤྲུལ་སྐུ་ཆེན་པོ་ཚང་མ་ལ་སྐུ་ན་ཕྲ་དུས་ནས་ཆོས་ཀྱི་སློབ་སྦྱོང་དམིགས་བསལ་གྱིས་སྤྲོད་པ་ལས་ཏཱ་ལའི་བླ་མའི་ཡང་སྲིད་རིམ་བྱོན་སུ་ལ་ཡང་སྐུ་ན་ཕྲ་དུས་ནས་ཆབ་སྲིད་རིག་པ་སོགས་སློབ་ཁྲིད་གནང་ཚུལ་ཡོད་པ་མ་གོ མ་གཞི་ནས་སྐྱེས་ཆེན་དམ་པ་ཟེར་བ་ཚང་མ་ཆུང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས་གཅིག་པའི་ཆ་ནས་ཡོང་ཐུབ་རྒྱུ་ཞིག་ཡིན་རྒྱུ་མ་རེད་འདོད།
ཏཱ་ལའི་བླ་མ་ནི་ནམ་ཡང་ཏཱ་ལའི་བླ་མ་ཡིན་པས་སྐུ་ཕྲེང་རིམ་འབྱོན་ལ་ཡང་སྔར་རྒྱུན་ལྟར་ཆེ་མཐོང་བཀུར་བཟོ་དང་ཆོས་ཀྱི་སློབ་སྦྱོང་གང་ལེགས་གང་འཛོམས་གནང་རྒྱུར་ཐེ་ཚོམ་མི་དགོས། གཅིག་བྱས་ན་དུས་རབས་ཉེར་གཅིག་པ་ཡིན་པས་ཁོང་གི་དགོངས་དོན་ལྟར་སྐུ་ཕྲེང་བཅོ་ལྔ་བར་ཚན་རིག་སོགས་སློབ་ཚན་གཞན་ཡང་གོ་སྒྲིག་གནང་རྒྱུ་རེད།
༢༽ བོད་ཀྱི་སྤྱི་ཚོགས་འདི་ནང་པའི་ཁོར་ཡུག་ཆེ་ཤོས་དེ་ཡིན་པས་ཡིད་བཞིན་ནོར་བུའི་དགོངས་པ་བརྟན་གནས་ཐུབ་རྒྱུར་ཁོར་ཡུག་གཞན་དག་ལས་མཐུན་རྐྱེན་བཟང།
༣༽ ཐུགས་སྲས་དག་གིས་ཁོང་གི་ཐུགས་འདུན་རྒྱུན་འཛིན་གནང་ཐུབ་ན་དེས་འཐུས། ཁོང་གི་ལོ་རྒྱུས་ཀྱི་ཚབ་བྱེད་མི་དགོས་ལ་བྱེད་ཀྱང་མི་ཐུབ།
༤༽ དོགས་གཞི་དེ་འབྱུང་འགྱུར་གྱི་བོད་མིའི་མངོན་འདོད་ལ་རག་ལས་ཡོད། གལ་ཏེ་མ་འོངས་པར་ཆོས་ལུགས་པའི་དབུ་ཁྲིད་ཅིག་མི་འདོད་ཚེ་ད་ལྟ་ང་ཚོས་བཅའ་ཁྲིམས་སུ་ལམ་ལུགས་དེ་བཟོས་ཀྱང་དེ་དུས་ཕྱིར་བསྡུ་བྱ་རྒྱུ་རེད།
༥༽ ད་ལྟ་བཅའ་ཁྲིམས་ནང་ལ་དོན་ཚན་དང་པོ་ཞིག་བཅུག་པ་དེ་སྙོམ་སྒྲིག་བྱས་པའི་ཁུལ་རེད། དེ་ལས་ལྷག་ཅིག་ཡོང་ཐབས་མེད་པ་རེད། རྒྱུ་མཚན་ཡིད་བཞིན་ནོར་བུས་སྲིད་འགན་བཞེས་རྒྱུ་མིན་པ་ཐུགས་ཐག་བཅད་པ་དང་དེ་ལ་ཨུ་ཚུགས་འགྲོ་ས་མེད་ལ་བྱེད་ཀྱང་མི་ཤེས་པ་ཞིག་ཆགས་པ་རེད། དམངས་གཙོ་ཡིན་པས་དམངས་མངོན་འདོད་བསྟན་ཆོག་ན་ཡང་དམངས་གཙོ་ཡིན་པས་རང་ཉིད་ཀྱིས་གནང་མིན་ལ་ཡང་རང་དབང་ཡོད་པ་རེད།
ཁྱེད་རང་གིས་ཟེར་ན་ག་འདྲ་ཞིག་བྱུང་ན་སྙོམ་སྒྲིག་ཡག་ཤོས་ཡིན་པ་དང་དེ་ལྟར་བྱེད་ཐུབ་པའི་ཐབས་ཚུལ་ཅི་ཡོད། ཚར་བ་ནི་ཚར་བ་ཡིན་ཡང་ཕྱིར་བཅོས་ཐབས་འདྲ་ཡོད་ན་ང་ཚོས་བགྲོ་གླེང་བྱས་ན་ཕན་ཐོགས་ཡོད།
མཐར་ཞུ་འདོད་པ་ཞིག་ལ་སྟོན་པ་ཉིད་ཀྱིས་རང་གི་བསྟན་པའི་དར་རྒུད་ལུང་བསྟན་ཡོད་ལ་སྙིགས་མའི་དུས་འདི་ཇེ་སྙིགས་སུ་འགྲོ་རྒྱུ་ཞིག་ཡིན་པའི་རྟགས་མཚན་ཡང་མང་པོ་ཐོན་གྱིན་ཡོད། དེ་བས་མི་སྐྱའི་སྤྱི་ཚོགས་འདིའི་ནང་ལ་ནང་དོན་རིག་པའི་སྙིང་བཅུད་ཅིག་བསྲེ་ཐུབ་ན་འགྲོ་བ་མིའི་རིགས་ཀྱི་འཕྲལ་ཕུགས་ལ་དགེ་མཚན་ཆེ་བས་ཡིད་བཞིན་ནོར་བུ་ཚང་གིས་ཀྱང་མཛད་འཕྲིན་གཙོ་བོ་འདིའི་ཕྱོགས་ལ་གནང་བཞིན་པ་རེད། དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་འདི་འཛམ་གླིང་གང་ས་ནས་ཐོན་རྒྱུ་ཡོད་པ་ཞིག་བྱུང་ན་དེས་མིའི་རིགས་ཡོངས་ལ་ཕན་ཐོགས་ཆེ་བས་བོད་མི་ཉུང་ཤས་འདི་ཡང་ཞོར་དུ་བདེ་བ་དེ་རིགས་ཐོབ་འགྲོ་གི་རེད་སྙམ།
གང་དྲན་དྲན་གྱི་བསམ་ཚུལ་འདི་རིགས་་ཚད་ཐུབ་རིགས་པའི་དཔྱད་གཞིར་མི་འགྲོ་ཡང་ཁྱེད་ཀྱི་གཏིང་ཟབ་པའི་བགྲོ་གླེང་ལ་བརྩི་འཇོག་བྱས་པ་ཡིན།
ཆབ་བྲག་དང་ཁུག་རྟའི་བགྲོ་གླེང་འདི་ལ་མཉམ་ཞུགས་བྱེད་འདོད་བྱུང། ངའི་གོ་ཚུལ་ལྟར་བྱས་ན། ༸གོང་ས་མཆོག་སྲིད་ཁྲི་ལས་བཤོལ་བ་འདི་ཁུག་རྟས་འགྲིག་མེད་ཚུལ་དང་ཆབ་བྲག་གིས་འགྲིག་ཡོད་ཚུལ་གསུང་གི་ཡོད་པ་འདྲ། དེ་ལྟར་ན། ངའི་བསམ་ཚུལ་ནི། འགྲིག་སའང་ཡོད་ལ་མི་འགྲིག་སའང་ཡོད། བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཕྱོགས་ནས་འགྲིག་ཀྱང། བོད་མིའི་རང་དབང་རྩོད་ལེན་གྱི་ཕྱོགས་ནས་འགྲིག་མེད། དེ་ནི། སྔ་མའི་མྱུར་ཚད་ལ་ཕན་ཡོད་ཅིང། ཕྱི་མའི་མྱུར་ཚད་ལ་གནོད་ཡོད་པས་ཡིན།
༡ ༽ ༧སྟོན་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་༧ཏཱ་ལའི་བླ་མ་ཡིན་པས་སྐུ་ན་རྒྱས་སྟངས་དང་། གསན་བསམ་སློབ་གཉེར་གནང་ཕྱོགས། མཛད་འཕྲིན་སྐྱོང་སྟངས་སོགས་ནི་ཆོས་ཀྱི་དབུ་ཁྲིད་ཞིག་གི་དམིགས་དོན་ཁོ་ནའི་སྟེང་འཚར་ལོངས་བྱུང་བ་མིན་ཙང་། བླ་བྲང་རྐྱང་བ་གཉེར་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལ་འདི་ལྟའི་སྐུ་ཚེ་འཚར་ལོངས་ཀྱི་བརྒྱུད་རིམ་དང་ལམ་ལུགས་ཡོང་སྟངས་མེད། དེ་ཅི་ལྟར་མེད་ཅེས་ན། འགན་འཁྲིའི་བབ་ཐད་ནས་ཡོང་ཤེས་མེད་པ་གསལ་བོ་ཡིན། ཞོར་འཕྲོས་ཤིག་ལ་༧སྟོན་པ་མཆོག་གི་འཚར་ལོངས་ལ་ལམ་ལུགས་ཡོད་པའི་ངོ་བོ་བསྒྱུར་མཁན་བོད་ཀྱི་སྔ་མོའི་སྐྱ་སེར་དྲག་གྲས་དེ་འདྲ་ཕྱིས་སུ་ཡོང་མདོག་ཁ་བོ་མིན་པས་ཀྱང་། དམངས་ཀྱི་འདུན་པར་བབ་བསྟུན་གྱི་སྐྱེས་ཆེན་ཞིག་ཡོང་རྒྱུར་ཆ་རྐྱེན་མང་པོ་ཚང་དགོས་པ་རེད།
༢ ༽ བོད་པའི་སྤྱི་ཚོགས་ནང་ཁོང་གི་དགོངས་གཞི་ཕྲ་ཚུགས་མེད་ན་ཕྱི་ཕྱོགས་སུ་ཅི་ལྟར་རྒྱས་ཀྱང་དེས་བོད་ལ་ཕན་ཐོག་དེ་ཙམ་མེད། དཔེར་ན། དགོངས་གཞི་བརྡ་སྤྲོད་པའི་བརྒྱུད་ལམ་ནས་བཟུང་ཕྱིའི་སྐད་ཡིག་སྟེང་འཕོས་ཚར་བ་མ་ཟད། དུས་ཚོད་ངེས་ཅན་ནས་དེ་དག་ཤེས་རིག་གི་ངོ་བོར་འཕོས་འགྲོ་བ་རེད།
༣ ༽ ཁོང་གི་ཐུགས་སྲས་ཀྱིས་ཁོང་གི་ཁྱད་ཡོན་བསྣམས་ཆོག་པའི་དབང་དུ་བཏང་ཡང་། ཁོང་གི་ལོ་རྒྱུས་ཀྱི་ཐུགས་སྲས་བྱེད་མི་ཐུབ། ནང་དོན་རིག་པ་དང་སེམས་ཁམས་རིག་པ་ཟུང་འབྲེལ་གྱི་མཁས་པ་ཐུགས་སྲས་མིན་པའི་སྡེ་ནས་ཀྱང་བྱོན་མདོག་ཁ་བོ་རེད་ལ། ལྷག་ཏུ་ཕྱི་མིའི་སྡེ་ནས་བྱོན་མདོག་ཁ་བོ་རེད། དེས་བོད་ལ་ཕན་ནམ། མ་གཞི་ནས་སྐབས་དེར་བོད་དང་ནང་དོན་རིག་གནས་གཉིས་ཀྱི་འབྲེལ་བ་ག་འདྲ་ཞིག་ཡིན་མིན་ཐེ་ཚོམ་རེད།
༤༽ སྐུ་ཕྲེང་ཕྱི་མ་ཕེབས་དགོས་པ་བོད་མི་མང་གི་མངོན་འདོད་ལས་ཤེས་ཀྱང་། ཆོས་སྲིད་ཟུང་འབྲེལ་གྱི་གཞུང་གི་དབུ་ཁྲིད་མིན་པའི་སྐུ་ཕྲེང་ཕྱི་མ་རྣམས། ཆོས་ཀྱི་བླ་ཆེན་ཞིག་གི་སྟེང་ཕྱིན་པ་ཡིན་ན། སྔར་ལམ་ལྟར་གྱི་ནུས་ཤུགས་ཐོན་ཐུབ་མིན་ང་ལ་དོགས་པ་ཡིན།
༥ ༽ ཁྲིམས་མིས་བཟོས་པས་འགྱུར་བ་འགྲོ་ཆོག་པ་མངོན་སུམ་མིག་ལ་ཚད་གྲུབ་རང་རེད། ཡིན་ནའང་བོད་མིའི་མངོན་འདོད་ཤུགས་ཆེར་ཡོད་དུས་འདིར། རྒན་ལགས་ཐེ་བས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་༧རྒྱལ་བའི་དགོངས་པ་དང་དམངས་ཀྱི་མངོན་འདོད་གཉིས་སྙོམས་སྒྲིག་ཏག་ཏག་ཅིག་མ་ཐུབ་པ་ནི་གསལ་བོ་མིན་ནམ།
གཅིག་ནས། ཡིད་བཞིན་ནོར་བུ་ཚང་ལ་བོད་མི་བརྒྱ་ཆ་དགུ་བཅུ་ཡན་གྱི་དད་མོས་གུས་བཀུར་དང་འབྲེལ་ཁོང་གི་ལམ་སྟོན་ལ་བརྩི་འཇོག་གནང་མཁན་ཞིག་ཡིན་པ་མཐོང་གིན་ཡོད།
གཉིས་ནས་ཆོས་ལུགས་ཁག་གཞན་དག་གི་སྐྱེས་ཆེན་རིགས་དང་ཚན་རིག་མཁས་ཆེན་གང་མང་གིས་ཡིད་བཞིན་ནོར་བུ་ཚང་གི་དགོངས་དོན་དང་མཛད་འཕྲིན་ལ་ཡི་རང་དང་གོང་བཀུར་གནང་བཞིན་པ་འདི་ད་དུང་རྒྱ་ཆེ་རུ་འགྲོ་ངེས།
གསུམ་ནས་ཡིད་བཞིན་ནོར་བུས་ཁོང་གི་ཐུགས་འདུན་རྒྱུན་སྐྱོང་གི་ཐུགས་སྲས་རེ་འགའ་ཡང་གསོ་སྐྱོང་གནང་གིན་ཡོད།
བཞི་ནས་ཁོང་གི་མཛད་འཕྲོ་སྐྱོང་ཕྱིར་སྐུ་ཕྲེང་མུ་མཐུད་ཕེབས་འདུན་ཡོད་པབཅས་སོ།
བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དེ་སྐུ་ཕྲེང་རྗེས་མར་ལ་འབུལ་མི་ཆོག་པའི་ངེས་པ་མེད། དེ་ནི་དེ་དུས་ཀྱི་གནས་བབ་ཀྱིས་ཐག་གཅོད་རྒྱུ་ཞིག་རེད། གལ་ཏེ་ང་ཚོས་སྐུ་ཕྲེང་རིམ་བྱོན་ཚང་མར་སྐུ་དབང་དེ་ཡོད་པར་གཏན་འབེབས་གནང་ཡང་རྗེས་སུ་དེ་ཕྱིར་བསྡུའི་གནས་བབ་ཀྱང་མི་འབྱུང་བའི་ངེས་པ་ཅི་ལ་ཡོད།
དེ་བས་ཁྲིམས་ནི་མིས་བཟོ་གིན་ཡོད་པས། དེ་ནི་རྦད་དེ་འགྱུར་བ་མེད་པའི་གནས་སྟངས་ཤིག་ཆགས་མེད། གལ་ཏེ་འབྱུང་འགྱུར་བོད་མིའི་མངོན་འདོད་ཡོད་ན་དམངས་གཙོའི་འོས་འདེམས་ཐོག་ནས་ཡོང་ས་ཡོད་ལ་ཡོང་སྟངས་ཀྱང་ཡག་ཤོས་ཡིན་སྙམ་མོ།
༧གོང་ས་མཆོག་གི་རིག་པའི་གཞུང་ལུགས་མུ་མཐུད་གནས་རྒྱུའི་གནས་བབ་ག་འདྲ་ཞིག་མཐོང་གི་ཡོད་དམ། ཁོང་གི་རིག་པའི་གཞུང་ལུགས་རང་རེའི་སྤྱི་ཚོགས་ཁྲོད་རྩ་བ་ཚུགས་རྒྱུར་ད་དུང་དུས་ཚོད་ངེས་ཅན་དགོས་ཀྱི་ཡོད། བསྒྱུར་བཅོས་བྱས་པའི་ནང་གི་བཅའ་ཁྲིམས་དོན་ཚན་དང་པོ་ལྟ་བུར་མཚོན། སྐུ་ཕྲེང་བཅུ་བཞི་པར་འདི་རྩ་ནས་དགོས་དོན་མེད། སྐུ་ཕྲེང་ཕྱི་མ་རྣམས་ཀྱིས་ཀྱང་ཁོང་གི་རིག་པའི་གཞུང་ལུགས་ཀྱི་རྒྱུན་སྐྱོང་ཐུབ་མིན་ནས་ཕྱག་ལས་གནང་སྟངས་ཀྱི་སོ་མཚམས་ཤིག་༧གོང་ས་མཆོག་རང་ངོས་ནས་བཞག་ཡོད་པ་དང་། དཀའ་བའི་དུས་ལ་ངལ་བ་སེལ་རྒྱུའི་ཆ་རྐྱེན་འདི་སྐུ་ཕྲེང་ཕྱི་མ་དག་གམ་ཁོང་གི་རིག་པའི་གཞུང་ལུགས་ཀྱི་རྩ་བ་མ་ཚུགས་པར་བསྐྲུན་ཐུབ་པ་ཡིན་ན། བོད་གནས་པ་དེའང་གྲངས་ཀ་ཞིག་གི་ངོ་བོ་ཁོ་ནར་མི་འགྲོ་ཐག་བཅད་མི་ཆོག་པ་ཅི་ཞིག་ཡོད་དམ། འོ་ན་བསྒྱུར་བཅོས་འདིས་དེ་ལ་འགན་ཁུར་གནང་འདུག་གམ་མི་འདུག ངས་ལྟོས་ན་མི་འདུག དེ་ནི་སྲིད་ཁྲི་ཙམ་མིན། གོ་བ་ལེན་ཕྱོགས་ཀྱི་གནད་འགག་ཀྱང་འདི་ན་ཡོད་པར་མཐོང་
རེད། ཡིད་བཞིན་ནོར་བུའི་རིགས་པའི་གཞུང་ལུགས་དེ་གནས་དགོས་ངེས་ཡིན། ཁོང་གི་རིགས་པའི་གཞུང་ལུགས་འདི་རྒྱལ་སྤྱིའི་ནང་ལའང་ཁྱབ་བརྡལ་ཡུན་གནས་ཡོང་གི་རེད་སྙམ།
འདི་ནི་ཁོང་མུ་མཐུད་བོད་ཀྱི་སྲིད་ཁྲིར་བཞུགས་དགོས་པ་ལ་རག་ལས་མེད་པར་གཙོ་བོ་ང་ཚོའི་ཤེས་ཡོན་པ་ཚོས་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་དང། བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་མུ་མཐུད་སྲ་བརྟན་རྒྱུན་འཁྱོངས་ཀྱིས་བོད་མིའི་སྒྲིག་འཛུགས་འདི་ཁོང་གི་ཐུགས་རེ་ལྟར་གྱི་ལས་དོན་བྱེད་ཐུབ་མཁན་ཞིག་ལ་སྒྱུར་ཐབས་བརྩོན་དགོས། ངས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་བྱུས་འགངས་ནུས་ཅན་དེ་དབུ་མའི་ལམ་རང་ཡིན་པར་ཡིད་ཆེས་གཙང་མ་ཡོད། སྲིད་བྱུས་འདིར་མུ་མཐུད་ཤུགས་སྣོན་རྒྱུག་ཐུབ་མིན་ནི་བོད་མི་དམངས་ཀྱི་ཆབ་སྲིད་དང་སློབ་གསོའི་གོ་རྟོགས་ཀྱི་ཚད་གཞི་ལ་རག་ལས་ཡོད། དེ་བས་ང་རང་ཉིད་ལ་མཚོན་ན་ད་དུང་ཡང་འདིའི་ཐད་ལ་འབད་བརྩོན་བྱེད་ངེས་ཡིན།
ཆབ་སྲིད་ཀྱི་ཚོར་ཤུགས་དེ་ཙམ་མ་སྤྱད་ནས་ད་ཐེངས་ཀྱི་བསྒྱུར་བཅོས་འདི་གླེང་བ་ཡིན་ན། རྒན་ལགས་ཀྱི་གོང་དུ་གསུངས་པ་དེ་རྣམས་ངས་ག་དུས་ཡིན་ནའང་། ཁ་གཏིང་གཉིས་ལས་ཁ་རུ་ཚོར་གྱིན་འདུག་པས། ཀུན་པོའི་མིག་ལ་མངོན་སུམ་དུ་གྱུར་ཟིན་པ་ཞིག་ལ་ངས་རྡོ་ལེབ་ཕར་རྫོགས་ཚུར་རྫོགས་བྱེད་འདོད་མ་བྱུང་། གཙོ་བོ་༧གོང་ས་མཆོག་གི་རིག་པའི་གཞུང་ལུགས་གནས་དགོས་མིན་དང་། ཅི་ཙམ་བར་གནས་ཐུབ་མིན། ད་ཐེངས་ཀྱི་བསྒྱུར་བཅོས་འདིས་དེར་རྐྱེན་ཅི་ཞིག་བྱས་ཡོད་མེད་སོགས་ནི་ལོ་རྒྱུས་ཁྲོད་ཀྱི་ཐེ་ཚོམ་རང་ཡིན་པས། ངས་དེ་ལྟར་ཁ་ནས་ཤོར་གྱིན་འདུག
ཡིད་བཞིན་ནོར་སླར་ཡང་སྲིད་ཁྲིར་བཞུགས་དཀའ་ཡང་ཐབས་ལམ་གཅིག་རང་ཡོད་པ་ནི་མི་མང་གི་མང་མོས་འོས་ཤོག་འཕེན་རྒྱུ་དེ་རེད། གལ་ཏེ་འབྱུང་འགྱུར་ཡང་དེ་བཞིན་ཕེབས་སའི་ལམ་ག་ཡོད་ཡོད་པ་རེད། དེ་བཅའ་ཁྲིམས་ནང་དུ་བཟོ་མི་འོས། གལ་ཏེ་བཟོ་དགོས་ན་བོད་མི་མང་གི་མང་མོས་རྒྱབ་སྐྱོར་དགོས། དེ་མིན་དམངས་གཙོའི་ལམ་སྲོལ་དང་མི་མཐུན། དེ་དང་མ་མཐུན་ན་ཁོང་གི་དགོངས་གཞི་དང་ཡང་འགལ་ཡོད།
ད་བར་དུ་རྒྱ་ནག་གི་ཁག་དཀྲི་བྱེད་ས་གཙོ་བོ་དེ་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཟེར་བ་དེ་རེད། དེ་ཡང་ཁོང་ཉིད་མུ་མཐུད་སྲིད་ཁྲིར་བཞུགས་ཡོད་པས་རེད།
ངའི་བསམ་ཚུལ་ནི་ཏཱ་ལའི་བླ་མ་ནི་ནམ་ཡང་ཏཱ་ལའི་བླ་མ་རང་ལས་གཞན་དུ་མི་འགྱུར། དེ་བས་ཁོང་ལ་ཁྲིམས་ཐོག་གི་སྐུ་དབང་ཞིག་ཡོད་མེད་ཀྱིས་ཁོང་གི་མཛད་འཕྲིན་ལ་ཁྱད་པར་ཆེན་པོ་མི་འགྲོ། ད་ལྟའི་བོད་རྒྱའི་གཙོས་རྒྱལ་སྤྱིའི་གནས་བབ་ལ་བལྟས་ན་ཁོང་གི་གནང་སྟངས་འདི་ནི་ཆེས་འཚམ་ཞིང་ཡང་དག་པ་ཞིག་ཆགས་ཡོད། ཡིད་བཞིན་ནོར་བུ་འདི་ལས་ལྷག་པའི་རྒྱལ་སྤྱིའི་མི་སྣ་རླབས་ཆེན་དུ་འཕགས་ས་ཡོད་མེད་ཇི་ལྟར་ཡང་མུ་མཐུད་ནས་མཛད་འཕྲིན་རྒྱས་རྒྱུ་ཡོད་ངེས་པས་དེ་ནི་འཛམ་གླིང་མི་དམངས་ཀྱི་བསོད་ནམས་རེད། ཡིད་བཞིན་ནོར་བ་ཚང་བོད་དང་བོད་མི་རིགས་ཀྱི་མཚོན་རྟགས་དང་མགོན་སྐྱབས་ཡིན་པས་ཁོང་དང་ལྷན་དུ་བོད་དོན་ཟེར་བ་དེ་ནམ་ཡང་ལུས་དང་གྲིབ་མ་ནང་བཞིན་ཆགས་ཡོད། དེ་བས་ང་ལ་མཚོན་ན་སེམས་བདེ།
བསམ་ཚུལ་ནི་བསམ་ཚུལ་རེད། དངོས་དོན་ལག་ལེན་གྱིས་ར་སྤྲོད་རྒྱུ་ཞིག་རེད། གང་ལྟར་དོན་ཆེན་འདི་འདྲ་བསམ་གཞིགས་གླེང་སློང་གནང་བར་ཧ་ཅང་དགའ་བོ་བྱུང།
དེ་དེ་བཞིན་དུ་བསམ་ཚུལ་འགའ་ཞུས་ན།
གཅིག བསྒྱུར་བཅོས་འདི་བློ་ཡིད་ལས་འདས་པ་ཞིག་ཡིན་པ་བདེན་པ་རེད། འོན་ཀྱང་༧ཏཱ་ལའི་བླ་མ་ཟེར་བའི་གང་ཟག་གཅིག་ལ་བརྟེན་སྟངས་ཐད་བྱུང་རབས་དང་དངོས་ཡོད་གནས་ཚུལ་གཉིས་ཀས་རིགས་གཉིས་སུ་བཀར་ཡོད། དེ་ནི་གཞི་རིམ་མང་ཚོགས་དང་ལས་ཀྱི་སྣེ་མོ་བ་གཉིས་སུ་དབྱེ་ན་འགྲིག་ལ། དེ་གཉིས་བསྒྱུར་བཅོས་འདིར་བསམ་ཡུལ་ལས་འདས་སྟངས་ལ་ཁྱད་པར་ཆེན་པོ་ཡོད། བྱུང་རབས་ནང་བོད་ཀྱི་ཆེན་པོ་དག་གིས་སོ་སོའི་ཁེ་ཕན་ལ་ཐུག་ན་༧གོང་ས་མཆོག་ལའང་ཅི་མི་སྙམ་པའི་བསམ་སྤྱོད་བསྟེན་གྱི་ཡོད། ༧གོང་ས་སྐུ་ཕྲེང་༡༠། ༡༡། ༡༢། སོགས་ཀྱིས་མཚོན་ཐུབ།
ད་ལྟའི་གནས་སྟངས་ཐད་ནས་ཞུས་ན། བསྒྱུར་བཅོས་འདི་མིང་ཙམ་མ་གཏོགས་དོན་དངོས་ནང་དོན་འགྲོ་ལུགས་ཚང་མ་བཅའ་ཁྲིམས་ནས་གསུངས་པ་ལྟར་༧གོང་ས་མཆོག་གིས་ཐད་ཀར་གནང་གི་མེད། གཤམ་འོག་གི་འཆར་འབུལ་ལ་རྩ་འཛིན་ཤུགས་ཆེན་བྱས་ནས་ཡོང་བ་རེད། དེས་ཕྱིར་མཐའ་མའི་འགན་འཁྲི་ཁུར་མཁན་གྱི་ཆ་ནས་མ་གཏོགས། ལས་ཀྱི་སྣེ་བོ་མ་དག་ལ་སྦྱོང་བརྡར་དུ་མི་འགྲོ་ལ་བསམ་ཡུལ་ལས་འདས་མི་སྲིད་པ་རེད།
བསམ་ཡུལ་ལས་འདས་ས་གཅིག་ཡོད་པ་ནི་བོད་གཞི་རིམ་མི་མིང་ཡིན། ལྷག་ཏུ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན།
གཉིས། བོད་སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་མི་ཆགས་རྒྱུར་བོད་མི་རང་ལ་རག་ལས་པ་བདེན་དུ་ཆུགས་ཀྱང་། འདི་ནས་མར་རྩིས་ན་བོད་མི་ཚོར་༧ཏཱ་ལའི་བླ་མ་ལྟ་བུའི་ལོ་རྒྱུས་ཅན་གྱི་མི་སྣ་ཞིག་བཟོ་རྒྱུའི་ངང་རྒྱུད་མེད་པ་གསལ་བོ་རེད། གནས་སྟངས་འདི་མུར་ལྷགས་ན་རླབས་ཆེན་མཁས་མཛངས་ཁོང་ལྟ་བུ་ཞིག་སྐྱེས་རྒྱུ་ཐེ་ཚོམ་རེད། མདོ་དོན་བོད་མིའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་བྱིན་རླབས་དེ་སྤྱན་རས་གཟིགས་དབང་དང་བོད་མི་མང་གི་རྡོ་རྗེ་དམ་ཚིག་ལྟར་གནས་རྒྱུར་ང་ཚོས་ཐབས་བྱུས་ཡག་པོ་རྙེད་མེད་པར་འདོད། དེ་ནི་སྤྱན་རས་གཟིགས་རང་ཉིད་ཁོ་ན་ལ་རག་ལས་པར་མི་འདོད། གཙོ་ཆེར་ནང་དོན་རིག་གནས་ཀྱི་མ་གདན་མཐུག་པོ་འདིང་དགོས་ལ། འདས་མ་ད་གསུམ་ལ་མི་རིགས་དེའི་སྲོག་སྙིང་ཡིན་པའི་ཤེས་རིག་ཅིག་གིས་མི་རིགས་དེའི་སེམས་ཁམས་ཀྱི་རྒྱུན་སྐྱོང་དགོས། འདི་ནས་ལྟོས་ཚེ། སྤྱན་རས་གཟིགས་དང་ཤེས་རིག་འདི་དག་ལ་འབྲེལ་བ་དམ་ཟབ་ཡོད།
གསུམ། ༧གོང་ས་མཆོག་རྒྱལ་སྤྱིའི་མི་སྣ་རླབས་ཆེན་དུ་འདི་ལས་ལྷགས་ཤིག་ཆགས་རྒྱུ་མེད་ལ། རྒྱ་ནག་ལ་འདི་ལས་ལྷག་གི་གནོན་ཤུགས་སྤྲོད་རྒྱུའི་སྤོབས་པ་ཡོད་པར་མཐོང་གིན་འདུག རྒྱ་ནག་གི་ཆེས་མི་འདོད་པ་ནི་༧ཏཱ་ལའི་བླ་མས་མུ་མཐུད་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་དེ་ཡིན་ལ། བླ་མ་ཡིན་ལ་དཔོན་པོ་ཡིན་པའི་གནས་སྟངས་འདིར་འགྱུར་བ་ཐེབས་པ་ཡིན་ན། ད་དུང་ལོ་ངོ་བརྒྱ་ཕྲག་མང་པོར་༧གོང་ས་མཆོག་དཔོན་པོ་ཡིན་པའི་གཞུང་དེར་ཡིད་ཆེས་ཡོད་པ་ནང་བཞིན་ཅིག་མི་སུས་དབུ་ཁྲིད་པའི་བོད་གཞུང་ལ་བོད་མི་མང་གིས་ཡིད་ཆེས་བྱེད་མི་ཐུབ་པ་གསལ་བོ་རེད། གང་ལྟར་བྱུང་ན་མ་བྱུང་ན་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་༧གོང་ས་མཆོག་སྐུ་ཕྲེང་ག་ཚོད་ཕེབས་དགོས་ཀྱང་། དེ་དག་ལ་ཆོས་སྲིད་གཉིས་ཀའི་ཐུགས་འགན་ཡོད་པའི་ལམ་ཁ་ཞིག་བསྐྲུན་ཐུབ་ན། དད་པའི་ཀློང་ནས་ཆབ་སྲིད་ཀྱི་འཕྲིན་ལས་མི་བརླག་པའི་རེ་བ་ཞིག་ཡོད་ངེས་ལ། ཤ་རུས་བོད་པ་ཙམ་གྱི་མི་རིགས་ཤིག་གི་ངོ་བོར་མི་འཕེལ་བའི་གདེང་ཚོད་འདུག་ཁར། རྒྱ་གར་གྱི་གཟི་མདངས་ལྟར་དུས་ཚོད་ཀྱིས་མི་རིགས་ཤིག་ཉམས་མི་ཐུབ་པ་ལ་འགྱུར་བའང་འགྲོ་ཆོག་ཆོག་ཅིག་ཏུ་ཆགས་པར་མི་སེམས།
བསམ་ཚུལ་བརྗེ་རེས་འདིར་དགའ་བསུ་དང་འབྲེལ་སླར་ཡང་ཚིག་གསུམ་ཞུ་རྒྱུར།
གཅིག སྒྱུར་བཅོས་འདི་རྒྱ་གཞུང་གི་བསམ་ཡུལ་ལས་འདས་པ་ཞིག་ཡིན། འདིས་བོད་མི་རིགས་ཀྱིས་ཏཱ་ལའི་བླ་མ་ཞེས་པའི་གང་ཟག་གཅིག་ལ་རེ་བཅོལ་མི་དགོས་པར་མི་རིགས་རང་བདག་གི་རང་མགོ་ཐོན་པའི་དངོས་སྦྱོང་སྤྲད་པ་ཡིན། དེ་བས་ཐབས་ཚུལ་འདིས་རྒྱ་གཞུང་གི་རེ་ངན་དེ་དག་སྟོང་ཟད་དུ་གཏོང་བར་ཕན་ནུས་ཆེ་སྙམ།
གཉིས། བོད་ཀྱི་སྤྱི་ཚོགས་འདི་ཕན་མེད་ལྷག་མ་ལྟ་བུ་ཞིག་ཆགས་མིན་དེ་ཡང་གཙོ་བོ་མི་རིགས་རང་ཉིད་ལ་རག་ལས་པ་ལས་ཡིད་བཞིན་ནོར་བུ་སྲིད་ཁྲིར་བཞུགས་དགོས་མིན་ལ་ཐུག་མེད་སྙམ།
གསུམ། རྒྱ་ནག་གཞུང་གི་ཆེས་མི་འདོད་པ་དང་ཞེད་ས་དེ་༸གོང་ས་མཆོག་བཙན་བྱོལ་བོད་གཞུང་གི་སྲིད་ཁྲིར་བཞུགས་པ་ཙམ་མིན་པར་ཁོང་ཉིད་རྒྱལ་སྤྱིའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་པ་འདི་ཡིན། དེ་བས་ཁོང་གི་མཛད་འཕྲིན་ཅི་ཙམ་གྱིས་རྒྱས་ན་དེ་ཙམ་གྱིས་བོད་དོན་ལ་སྨན་དུ་འགྱུར།
གལ་ཏེ་དེ་འདྲ་ཞིག་ཏུ་འགྱུར་དཀའ་ན་ཡང་སྒྱུར་ཐུབ་ཐབས་ལ་བརྩོན་རྒྱུ་ནི་སྐབས་སུ་བབ་པའི་ང་ཚོའི་འོས་འགན་རང་ཡིན་པར་འདོད།
༧རྒྱལ་བ་རིན་པོ་ཆེ་སྲིད་ཁྲི་ལས་དགོངས་པ་ཞུས་ན་འཛམ་གླིང་ནང་མཛད་འཕྲིན་གཞན་གྱི་ཐད་གེགས་རྐྱེན་མི་ཡོང་ལ་སྔར་ལས་ཆེ་རུ་འགྲོ་ངེས་ཞེས་པ་འདི་ཉེ་ཆར་ནས་བྱུང་ནས་སྐད་ཆ་ཞིག་རེད། སྐད་ཆ་འདི་བདེན་པ་ཡིན་མིན་ང་ཚོས་གཞི་ནས་ལྟ་རྒྱུ་རེད། ཡིན་ནའང་། སྲིད་ཕྱོགས་ཀྱི་ཐུགས་འགན་མ་བཞེས་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཛད་འཕྲིན་ལ་གནོད་ཤུགས་སྤྲོད་རྒྱུ་ཉུང་དུ་འགྲོ་ངེས་རེད་ཟེར་བ་དག་ནི་དངོས་གནས་ཞུས་ན་རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ཅུང་མ་ཤེས་པས་ཡིན་པ་གསལ་བོ་རེད། རྒྱ་ནག་གཞུང་ལ་༧ཏཱ་ལའི་བླ་མ་ཟེར་བའི་ལོ་རྒྱུས་དང་ཤུགས་རྐྱེན་ཞེ་དྲག་ཡོད་པའི་གང་ཟག་འདི་དང་མིང་འདིར་ཅི་ལྟར་རྫོགས་ཚིག་བཀོད་སོང་ན་ཕན་གྱི་ཡོད་ལ། ཁོང་ཚོའི་འདོད་བློ་ནི་ནམ་ཞིག་༧ཏཱ་ལའི་བླ་མ་ཟེར་བའང་འཇིག་ངེས་པ་བོད་མིའི་སྤྱ་ཚོགས་ནང་བཀྲམས་རྒྱུ་དེ་ཡིན་ལ། སྐད་ཆ་འདི་ཙམ་གྱིས་བོད་མིའི་བག་ཆགས་ལ་ཚད་ལས་བརྒལ་བའི་དྲི་བ་སྣ་ཚོགས་འདོན་གྱི་ཡོད་པས། ད་ཐེངས་བཅའ་ཁྲིམས་བསྐྱར་བཅོས་སྐད་ཆ་འདིའི་མཐུན་འགྱུར་དུ་སོང་ཡོད་པས་མ་ཟད། བོད་རིགས་སུ་གཏོགས་པ་རེ་ཤོས་ཀྱིས་ཀྱང་དེ་ལྟའི་འདོད་ཚུལ་བཏོན་པ་ལ་བརྟེན་ནས་འབྱུང་འགྱུར་༧ཏཱ་ལའི་བླ་མ་མཆོག་བོད་པའི་སྐྱབས་མགོན་དུ་བཞུགས་རྒྱུར་ཚོད་དཔག་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད།
ངས་མཆན་གོང་མའི་ནང་༧གོང་ས་མཆོག་གི་གསུངས་དུམ་དེ་དྲངས་དགོས་དོན་ཀྱང་། ང་ཚོའི་སྤྱི་ཚོགས་འདི་ཁོང་གི་དགོངས་གཞི་ཡོད་ལ་ལྟ་གྲུབ་ཡོད་པ་ཞིག་གི་སྟེང་ནས་གནས་ཐུབ་མིན་གྱིས། འབྱུང་འགྱུར་སྐྱབས་མགོན་ཡིན་མིན་ཀྱང་གསལ་བཤད་ཐུབ་ལ། སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་གི་གནས་བབ་སྟེང་ཕྱིན་པ་ཡིན་ན་ཉིན་མ་དེ་ནས་ཡོངས་སུ་ཕམ་སོང་བ་རེད་ལགས།
དེས་ན་སྐད་ཆ་སྙན་མོས་བསྟོད་རྒྱུ་དང་ར་སེམས་རང་ལ་དག་རྒྱུ་ནི་གྲ་སྒྲིག་སྡུག་ས་ནས་བྱེད་སྟངས་ཤིག་མིན་པ་གསལ་བོ་རེད།
ཏཱ་ལའི་བླ་མ་ནི་ནམ་ཡང་ཏཱ་ལའི་བླ་མ་ཉིད་ཡིན་པས་སྲིད་ཁྲིར་མ་བཞུགས་ཀྱང་བོད་མིའི་བསམ་བློའི་གཙོ་འཛིན་ཡིན་ལ་ལྷག་པར་འདི་ཕྱིའི་སྐྱབས་མགོན་ཉིད་ཡིན་པས། ད་ལྟའི་ཁོང་གི་སྐུ་དབང་གི་འགྱུར་བ་འདིས་ཁོང་གི་མཛ་འཕྲིན་སྔར་ལྷག་རྒྱས་པར་མཐུན་རྐྱེན་བསྐྲུན་ཡོད། ཁོང་གིས་ད་བར་དུ་གནངས་དང་གནང་བཞིན་པ་མཐའ་དག་བསྟན་དང་འགྲོ་བའི་འཕྲལ་ཕུགས་གཉིས་དགེའི་གསོས་སུ་སྨིན་བཞིན་པ་འདིས་ད་དུང་ཡང་ང་ཚོ་ཡིད་ཆེས་དང་རེ་བའི་ངང་ཁོང་གི་ལམ་སྟོན་བཞིན་ཤར་སྐྱོད་གནང་ཐུབ་པ་རང་གིས་འགྲིག་ཡོད། བོད་ཤ་ཡོངས་རྫོགས་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་རྒྱུ་ནི་ཁོང་གི་འཛམ་གླིང་ཞི་བདེའི་ཐབས་བྱུས་ཀྱི་གཞི་རྩ་ཡིན། དེ་ལ་བོད་ཙམ་མིན་པར་རྒྱལ་སྤྱིས་འགན་ཁུར་དང་རྒྱབ་སྐྱོར་སྔར་ལྷག་གིས་གལ་ཆེ། དེ་བས་ཁོང་འདི་ལྟར་བོད་ཀྱི་གཙོ་འཛིན་ཞིག་ནས་འཛམ་གླིང་གི་བླ་མ་ཞིག་ཏུ་སྙེག་རྒྱུ་ནི་ཐབས་མཁས་ཐུགས་རྗེའི་རྣམ་ཐར་ཞིག་ཏུ་ངོས་འཛིན་གྱིན་ཡོད། བསྟན་པའི་འཕེལ་འགྲིབ་ཀྱང་ཁོང་དང་ཁོང་འདྲའི་སྐྱེས་ཆེན་དམ་པ་དག་ལ་འགན་ནུས་ཆེ་སྙམ།
རིག་པ་འདོན་ས་ནོར་འདུག ཡང་བསྐྱར་བསྐུར་ཡོད།
བོད་དང་ནང་ཆོས་གཉིས་སོ་སོར་འགྲོ་རྒྱུར་ད་དུང་དུས་ཚོད་ངེས་ཅན་རེད། དེ་བདེན་པ་རེད། ཡིན་ནའང་། ཆོས་ཀྱི་སྒྲིག་འཛུགས་ཀྱི་སྔར་སྲོལ་རིམ་བཞིན་ཉམས་ལབ་ན་འདྲ། ཡར་རྒྱས་འགྲོ་ལབ་ན་འདྲ། གང་ལྟར་རབ་བྱུང་གི་སྡེ་ཉུང་དུ་མ་གཏོགས་མང་དུ་འགྲོ་རེ་མེད་པ་གསལ་བོ་རེད། དེས་བསྟན་པ་འཛིན་སྟངས་ཀྱི་ལམ་སྲོལ་འགྱུར་བཞིན་པའང་གསལ་བཤད་བྱེད་ཀྱི་ཡོད་པ་རེད། དེ་དག་དངོས་ཡོད་གནས་ཚུལ་དང་རྒྱབ་ལྗོངས་རེད།
ངས་ག་རེ་ལབ་ཀྱི་ཡོད་པ་རེད་དམ་ཟེར་ན། ༧རྒྱལ་བ་ཐམས་ཅད་མཁྱེན་པ་འདིའི་སྐུ་དུས་སུ་མ་གཏོགས། ང་ཚོའི་བོད་གངས་ལྗོངས་སུ་སྐྱ་སེར་རིས་མེད་ཀྱིས་ནང་དོན་རིག་གནས་སློབ་སྦྱོང་བྱེད་པའི་ཤིང་རྟའི་སྲོལ་ཕྱེས་ཐུབ་མེད་པ་གསལ་བོ་རེད། ཡིན་ནའང་ཁོང་གི་སྐུ་དུས་འདིར་ད་དུང་སྤྱི་ཡོངས་ནས་རིག་གནས་དེར་སྦྱངས་ཚད་ཀྱི་བརྒྱ་ཆ་དམའ་མོ་རེད། བརྒྱ་ཆ་ངེས་ཅན་དུ་མ་སླེབས་པའི་སྐབས་འདིར། ༧གོང་ས་མཆོག་དང་བོད་མི་མང་གི་འབྲེལ་བར་ད་ཐེངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ལོ་རྒྱུས་ལ་འགན་ཁུར་ཐུབ་པའི་གདེང་ཚོད་བྱེད་ཐུབ་ཀི་ཡོད་པ་མ་རེད། དེས་རྐྱེན་ཁོང་གི་དགོངས་གཞི་དང་ལྷག་ཏུ་འགན་ཁུར་ཆེན་པོ་གསུམ་གྱི་ཤེད་ཤུགས་ཁྱབ་བརྡལ་སོང་ན་སྙམ་པའི་འཛམ་གླིང་དང་ཡང་སྒོས་བོད་སྤྱི་ཚོགས་ཀྱི་མ་འོངས་པར་ལོ་རྒྱུས་ལྡན་པའི་༧རྒྱལ་བ་རིན་པོ་ཆེ་ཞེས་གྲགས་པ་དང་ཁ་ཐག་རིང་དུ་འགྲོ་རྒྱུ་ནི་ངའི་རྨོངས་འཆར་ཡིན་ལ་དངོས་ཡོད་གནས་ཚུལ་ཡང་རེད།
དེའི་ཕྱིར་སྡོམ་རྒྱབ་ནས་ཞུས་ན། ༧རྒྱལ་བ་རིན་པོ་ཆེས་རིང་ནས་ཡིད་ལ་བརྣག་ཅིང་གསུངས་པའི་༼ མི་སྡེའི་སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་གི་ཆེད་དུ་ངོས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་ཀྱི་མེད། བོད་གནས་པས་འཛམ་གླིང་ལ་སྨན་དུ་འགྲོ་བ་ཞིག་བྱུང་ན་བསམ་ནས་ངོས་ལྷག་བསམ་ཁུར་ཁྱེར་གྱི་ཡོད་༽ཅེས་པའི་དགོངས་གཞི་འདི་ཏག་ཏག་ཅིག་འགྲུབ་ཀི་ཡོད་མེད་ང་ལ་དོགས་པ་ཧ་ཅང་ཆེན་པོ་ཡིན། དེས་ན་རྒྱ་ནག་ལབ་ན་འདྲ། ཆབ་སྲིད་ལབ་ན་འདྲ། གང་ལྟར་དེང་སང་གསུངས་བཞིན་པ་ལྟར། ཐ་སྙད་ཙམ་ལ་མགོ་འཁོར་ནས་ང་ཚོས་ནོར་བུ་བརླག་པ་ཡིན་ན་མི་རབས་རྗེས་མར་འགན་ཁུར་ཅི་ལྟར་བྱེད་ཀྱི་ཡོད་དམ་བསམ་བསམ་ཞིག ཡར་ལངས་ན་མར་བསྡད་ན་སེམས་ལ་འཁོར་སྡོད་ཀྱི་འདུག
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྐབས་དོན་གྱི་གནད་དོན་ངོས་འཛིན་གྱིས་གླེང་བ་བཟང། ངའི་ཚོད་དཔག་ལྟར་ན་གཞུང་ལ་དཔྱ་དངུལ་མི་འབུལ་མཁན་ཉུང་ངུ་ཞིག་ལས་ཡོང་མི་སྲིད།
བཅའ་ཁྲིམས་བསྐྱར་བཅོས་འདིས་བོད་དང་ནང་ཆོས་གཉིས་སོ་སོར་འགྱུར་བའི་རྐྱེན་བྱེད་རྒྱུ་རེད་ཟེར་རམ། ངས་བལྟས་ན་བོད་དང་ནང་ཆོས་གཉིས་སུས་ཀྱང་སོ་སོར་གཏོང་མི་ཐུབ། བཅའ་ཁྲིམས་ལ་འགྱུར་བ་ཇི་འདྲ་སོང་ཡང་ཆོས་སྲིད་གཉིས་ལྡན་གྱི་སྤྱི་ཚོགས་ལ་འགྱུར་བ་འགྲོ་དཀའ། རིམ་པས་བསམ་ཚུལ་བརྗེ་རེས་བྱེད་ཆོག
གཟི་མིག་གསུམ་པ་ལགས།
རྒྱ་དམར་གཞུང་ལའང་དེ་འདྲའི་འོས་འཕེན་སྲོལ་ཞིག་ཡོད་དམ་ཅི།
རྒྱ་ནག་གཞུང་གི་དཔོན་རིགས་དེ་དག་གོང་ནས་མར་ལ་མིང་འདོན་གྱིས་དེ་དག་ལ་འོས་འཕེན་དགོས་པ་ཞིག་དང་ང་ཚོའི་འོས་འཕེན་ནི་མི་མང་རང་གིས་སྔོན་འགྲོ་དང་དངོས་གཞི་ལས་འདེམས་ཀྱིན་ཡོད་པ་འདི་གཉིས་ལ་གནམ་སའི་ཁྱད་པར་ཡོད།
འོན་ཀྱང་ང་ཚོའི་ཐོབ་ཐང་གཅིག་དང་གཉིས་ཅན་ཟེར་བ་འདི་དམངས་གཙོའི་ལམ་ལུགས་ལས་འགལ་བ་ཞིག་ཡིན་མིན་བཤད་དཀའ་ཡང་འོས་འཚམས་ཤིག་མིན་ཚུལ་དམངས་ཁྲོད་ལ་གླེང་སློང་ཡོང་བཞིན་པས་ངེས་པར་ལེགས་བཅོས་ཤིག་བྱེད་རན་ཡོད། སྤྱིར་ང་རང་གི་བསམ་ཚུལ་ལྟར་ན་ཆོས་བརྒྱུད་སྤྱི་འཐུས་མི་མཁོ་བར་འདོད། གལ་ཏེ་ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་བྱས་ན་གནད་དོན་དེ་རང་བཞིན་གྱིས་ཡལ་སོང་བ་རེད། འོན་ཀྱང་ངས་གནད་དོན་འདི་ཉིད་ཀྱིས་ཆོས་བརྒྱུད་སྤྱི་འཐུས་མི་མཁོ་བར་བརྗོད་ཀྱིན་མེད། འདིའི་སྐོར་དེ་སྔ་མང་པོ་བྲིོད་པས་ད་ལྟ་ཞིབ་གླེང་མི་བྱེད།
རྒན་ལགས་ཁྱེད་ཀྱིས་ང་ལ་ལན་སྣང་བ་ཐུགས་རྗེ་ཆེ་ངས་གོང་དུ་བརྗོད་པའི་ཡ་ཅན་དང་ཆ་ཅན་ནི་དངོས་ནས་ཞུས་ན་འདི་ལྟར་ཡིན་ང་ཚོ་བཙན་བྱོལ་གཞུང་གི་་དམངས་ཚོའི་ལེགས་སྦྱང་ལེན་ཡུལ་གཙོ་གཉིས་ནི་ཨ་རི་དང་རྒྱ་གར་གཉིས་རེད་ཡུལ་འདི་གཉིས་ལ་མི་གཅིག་ལ་འོས་ཕེན་པའི་ཐོབ་ཐང་གཅིག་ལས་གཉིས་རྩ་བ་རང་ནས་མེད་ང་ཚོ་བཙན་བྱོལ་ལ་མི་ཁག་གཅིག་ལ་འོས་ཕེན་པའི་ཐོབ་ཐང་གཉིས་དང་ཁག་གཅིག་ལ་འོས་ཕེན་པའི་ཐོབ་ཐང་གཅིག་ལས་མེད་དེ་ནི་དམངས་གཙོ་ཚད་ལྡན་གྱི་ལྟ་སྒྲུབ་དང་ཡོངས་སུ་མི་འགལ་ལམ་འདི་ལྟ་བུ་ལ་དམངས་གཙོ་ཚད་ལྡན་ཟེར་ན་རྒྱ་གཞུང་ལ་ཡང་ཐ་སྙད་དེ་བེད་སྦྱད་་མི་རུང་བ་རྩ་བ་ནས་མེད་་ང་ད་དུང་ཡང་གཉིད་ལས་མ་བསད་པ་ཡིན་ནམ་གང་ལྟར་ཡང་་ངས་བཙན་བྱོལ་ནི་དམངས་གཙོ་ཚད་ལྡན་ལ་ད་ལྟ་ནམ་ཡང་ངོས་འཛིན་བྱ་ཐུབ་ས་མེད་
ད་བར་གྱི་བཙན་བྱོལ་གཞུང་འདི་དོན་ངོ་མའི་ཆ་ནས་མང་གཙོ་ཡིན་པ་ཙམ་དུ་མ་ཟད། ཚད་ལྡན་ཀྱང་ཡིན་པར་ངོས་འཛིན་མཁན་ཡོད་པ་རེད། དེ་བདེན་པ་རེད། ༧གོང་ས་མཆོག་གི་སྐུ་དབང་བཅའ་ཁྲིམས་ལས་བསྒྱུར་བཅོས་བཏང་བ་དེ་རིགས་མིང་ཙམ་མ་གཏོགས་གཞུང་གི་སྣེ་མོ་བས་ཆ་ཤས་ཤུགས་ཆེན་པོ་ལེན་གྱི་ཡོད་པ་རེད། དེ་ལམ་སྲོལ་ལྟ་བུ་ཆགས་ཚར་བ་རེད།
ཡིན་ནའང་། ད་ལྟ། སྐུ་མདུན་གྱི་མཚན་གནས་རྗེས་འབྲེལ་འདི་བེད་སྤྱོད་རྩ་ནས་མ་བྱས་ན་ཁེ་ཕན་ག་རེ་ཡོད་པ་རེད་དམ། འདིས་རྒྱ་ནག་ལ་ལན་ཞིག་ཐེབས་ཡོད་པ་རེད་ཟེར་བ་དེ་གཡོ་སྒྱུའི་ལྕགས་ཀྱུར་བསམ་བཞིན་འཆོང་བ་མ་རེད་དམ། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་ཁ་སང་ནས་༧གོང་ས་མཆོག་གི་འཚེ་མེད་ཞི་བ་དོན་དམ་དང་ཀུན་རྫོབ་གཉིས་ཕྱེས་འདུག སྔ་མོར་རྣམ་པ་འགྱུར་བ་དང་ཕྱེད་རང་བཙན་སོགས་ཀྱིས་ཉི་མ་བསྐྱལ་བ་རེད། ད་ནི་༧གོང་ས་མཆོག་གིས་སྐུ་མནའ་ཆེན་པོ་ཞིག་བསྐྱལ་བའི་དུས་སུ་སླེབས་འདུག གལ་སྲིད་༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་སྐུ་མནའ་ཆེན་པོ་ཞིག་བསྐྱལ་ཀྱང་རྒྱ་ནག་གིས་དེའི་འཕྲོར་ག་རེ་གནང་གི་རེད་དམ།
དོན་དངོས་བདེན་པ་བཅུ་ལས་དྲངས་སྟེ། ང་ཚོས་བྱེད་དགོས་པ་ཞིག་ནི། གཙོ་བོ་༧གོང་ས་མཆོག་གི་ལོ་རྒྱུས་ལ་འགྱུར་བ་བཏང་བ་དང་། དེ་ནས་བོད་གཞུང་གི་མིང་སྡུད་གསོག་རྒྱབ་པ་གཉིས་དུས་ཚོད་ལ་ཏག་ཏག་ཁེལ་ཡོད་མེད་ལ་དཔྱད་ཞིབ་བྱེད་དགོས་ཀྱི་རེད་འདོད་ཀི དེ་ལྟར་ཕར་ཚུར་མཐོང་བ་བྱས་ན། བདེན་པ་བཅུ་འདི་ལས་རིམ་ཞིག་གི་བྱུང་རིམ་བདེན་པར་སྨྲས་པ་ཙམ་ལས། རྟག་བརྟན་གྱི་བདེན་པ་མིན་པ་གསལ་བོར་མཁྱེན་ངེས་རེད། དེས་ན་ང་ཚོ་དགོས་རྒྱུ་དེ་སང་ཉིན་གྱི་འགྱུར་བ་རིམ་པར་གདོང་ལེན་བྱེད་ཕྱོགས་ཀྱི་བདེན་པའི་ཐབས་ཇུས་དེ་རེད།
དཔེར་ན། མིང་བསྒྱུར་འདི་ལས་དྲངས་པའི་གཟབ་གཟབ་བྱེད་ས་རྒྱ་གར་ནག་གཉིས་ཀྱི་གནོན་ཤུགས་དེ་འདྲ་མ་སླེབས་པ་ཡིན་ན། ད་དུང་རྒྱ་གར་གྱི་གཞུང་སྒེར་མི་སྣ་མང་པོས་ཤེས་ལ་མ་ཤེས་ཁུལ་དང་། ཡིན་ལ་མིན་ཁུལ་གྱིས་བཙན་བྱོལ་བོད་གཞུང་འདི་བེད་སྤྱོད་གནང་སྟངས་གོང་དུ་ཕྱིན་པ་ཡིན་ན། ང་ཚོའི་ད་ལྟའི་གནང་སྟངས་འདི་གང་གི་གྲས་སུ་བརྩི་དགོས་ཀྱི་རེད་དམ།
གལ་སྲིད། དཔྱ་དངུལ་མི་སྤྲོད་མཁན་ལ་སོགས་པའི་མི་འབོར་གོང་དུ་ཕྱིན་ཏེ་བོད་ཕྱི་ནང་གཉིས་ནས་དམངས་ཀྱི་སེམས་ཤུགས་ཆག་གཞིའི་གནས་བབ་བྱུང་། དེར་རྒྱ་ནག་གཞུང་གིས་སྨྱན་སྦྱོར་བྱས་པ་ཡིན་ན་ང་ཚོས་ག་རེ་བྱེད་དགོས་ཀྱི་རེད་དམ།
གཉིས་པ་དེ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་པ་དེ་དུས་ཚོད་ཏག་ཏག་སླེབས་པར་བརྩིས་ནའང་འདྲ། ང་ཚོས་བྱེད་མི་ཐུབ་སར་ཁོང་གིས་རོགས་རམ་བྱས་ནའང་འདྲ། ༧གོང་ས་བཅོ་ལྔ་པ་ནས་ལོ་རྒྱུས་ལ་འགྱུར་བ་ཤུགས་ཆེན་པོ་ཐེབས་པ་སོང་ཙང་། ༧གོང་ས་མཆོག་རང་གིས་བསྣམས་པའི་འགན་ཁུར་ཆེན་པོ་གསུམ་གྱི་ཤེད་ཤུགས་འབྱུང་འགྱུར་བོད་སྤྱི་ཚོགས་སུ་ག་ཚོད་ཅིག་ཐེབས་ཀྱི་ཡོད་དམ། འདི་ནི་ཁོང་གི་དགོངས་གཞི་དང་རིག་གནས་ཀྱི་ངོས་ནས་བསམ་ཞིབ་བྱེད་སྐབས་མི་རྣམས་ཀྱིས་༧གོང་ས་མཆོག་རང་གིས་རང་གི་ལྟ་གྲུབ་སྙིང་བོ་རྒྱུན་སྐྱོང་བའི་ལམ་ལས་ཕམ་སོང་བར་ངོས་འཛིན་བྱས་ན། གལ་སྲིད་ཕམ་སོང་ནས་ང་ཚོའི་སྤྱི་ཚོགས་དེ་གྲངས་ཀ་ལྷག་མ་ཁོ་ན་ཞིག་ཆགས་སོང་ན། ང་ཚོས་ཅི་ལྟར་ལན་འདེབས་བྱེད་ཀྱི་རེད་དམ།
བོད་ཀྱི་རྩ་དོན་སངས་རྒྱས་བསྟན་དོན་དང་འབྲེལ་གསུངས་བ་འདི་༧གོང་ས་མཆོག་གི་གསུང་རེད། བོད་དང་སངས་རྒྱས་བསྟན་པའི་དར་རྒུད་གཉིས་ཁ་ཁར་ཕྱིན་པའི་ཉི་མ་ཞིག་ལ་༧གོང་ས་མཆོག་མེད་ཀྱང་ཆོག་གི་རེད་ལ། ཡོད་ཀྱང་ཕན་ཐོག་གི་མ་རེད། འོ་ན་ང་ཚོས་ད་ལྟའི་ལམ་ཁ་འདི་ལྟར་དེ་གཉིས་ཁ་ཁར་མ་ཕྱིན་པ་ཞིག་དང་མི་འགྲོ་བ་ཞིག་ལ་བསམ་བློ་གཏོང་དགོས་ན། བཅའ་ཁྲིམས་བསྐྱར་བཅོས་འདི་ཏག་ཏག་བསྡད་ཡོད་མེད་བཤད་དཀའ་ཚོད་དུ་མི་འདུག་གམ། གནད་དོན་འདི་དག་ལ་ང་ཚོས་ཅི་ལྟར་ལན་འདེབས་དགོས་སམ།
གཟི་མིག་གསུམ་པ་ལགས།
ད་བར་གྱི་བཙན་བྱོལ་བོད་གཞུང་འདི་ལག་ལེན་ངོ་མའི་ཆ་ནས་དམངས་གཙོ་ཡིན་པར་ངོས་འཛིན་གྱིན་ཡོད། མིན་པའི་གནས་ལུགས་ཅི་ཡོད།
་་་་་དེ་ལྟར་ངོས་འཛིན་བྱས་ན་མི་རེ་ཟུང་ལ་ཐོབ་ཐང་རྐྱང་པ་དང་མི་རེ་ཟུང་ལ་་ཐོབ་ཐང་ཆ་ཅན་འདི་ཅི་ཞིག་ལ་ངོས་འཛིན་དགོས་་་་ཟེར་བའི་དོན་ངས་མི་གོ་གི
གཟི་མིག་གསུམ་པ་ལགས།
ད་བར་གྱི་བཙན་བྱོལ་བོད་གཞུང་འདི་ལག་ལེན་ངོ་མའི་ཆ་ནས་དམངས་གཙོ་ཡིན་པར་ངོས་འཛིན་གྱིན་ཡོད། མིན་པའི་གནས་ལུགས་ཅི་ཡོད།
དམ་དེ་ལྟར་ངོས་འཛིན་བྱས་ན་མི་རེ་ཟུང་ལ་ཐོབ་ཐང་རྐྱང་པ་དང་མི་རེ་ཟུང་ལ་་ཐོབ་ཐང་ཆ་ཅན་འདི་ཅི་ཞིག་ལ་ངོས་འཛིན་དགོས་
རྒན་ལྷ་མོ་སྐྱབས་ལགས་ཁྱེད་ཀྱིས་ཤཱ་རིའི་བུ་ལ་ལན་སྐྱོན་པའི་ནང་ལ་༼ལྷག་པར་ད་ནས་བཟུང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ངོས་ནས་ཀྱང་དམངས་གཙོ་མིན་པའི་སྐྱོན་ཅི་ཡང་འཛིན་ས་མེད། ༽ཞེས་པ་འདི་འོ་ན་ཁྱེད་ཀྱི་བཙན་བྱོལ་བསྒྲིགས་བཙུགསའདི་ནི་དམངས་གཙོ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་དམ་དེ་ལྟར་ངོས་འཛིན་བྱས་ན་མི་རེ་ཟུང་ལ་ཐོབ་ཐང་རྐྱང་པ་དང་མི་རེ་ཟུང་ལ་་ཐོབ་ཐང་ཆ་ཅན་འདི་ཅི་ཞིག་ལ་ངོས་འཛིན་དགོས་སམ་་་་་་་་
བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བོད་གཞུང་གི་མཚན་བྱང་ཡང་བརྗེ་སྒྱུར་དགོས་ཚུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ས་ནས་གསུངས་་ཡོད་ལ། ལྷག་པར་ཚོགས་བཅར་བ་ཚང་མ་ལ་དེའི་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང་ཡོད། དེ་བས་ངས་གྲོས་ཚོགས་ཀྱིས་བསམ་ཤེས་དང་གོང་བཀུར་གྱིས་དེ་བཞིན་གཏན་འཁེལ་གནང་བ་རེད་ཅེས་བཤད་ཀྱིན་ཡོད།
གལ་ཏར་ང་གཞོན་ནུ་ཚོགས་པ་ཡིན་་ན་མ་འོངས་བོད་དེ་ཡུལ་མིའི་རྒྱལ་ཁབ་ཅིག་བྱ་རྒྱུ་ཟེར་བ་ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཞེས་སྒྱུར་བར་སེམས་ཁྲལ་དང་ངོ་རྒaོལ་བྱེད་པ་ལས་ད་ླཏའི་བོད་གཞུང་གི་མིང་བསྒྱུར་བ་ཙམ་ལ་སེམས་ཁྲལ་དང་དགག་བྱ་ཆེན་པོ་བྱེད་ས་མ་རེད། རྒྱུ་མཚན་ནི། གཞོན་ནུ་ཚོགས་པས་བོད་རང་བཙན་རྩོད་ཀྱིན་ཡོད་པས་མ་འོངས་པའི་དམིགས་ཡུལ་ཡང་རང་བཙན་རང་ཡིན་དགོས་པ་རེད། གལ་ཏེ་མ་འོངས་པར་རང་བཙན་ཁོ་ན་དགོས་པར་ཨུ་ཚུགས་རྒྱག་འདོད་མེད་ན་མིང་ད་ལྟའི་ཡུལ་དུས་གནས་བབ་དང་བསྟུན་པའི་མིང་བསྒྱུར་འདི་ཙམ་ལ་སྐད་རྒྱག་དགོས་དོན་མི་འདུག
ཤཱ་རིའི་བུ་ལགས། ཁྱོད་ཀྱི་དོགས་འདྲི་ཙམ་ཡིན་ན་ང་སེམས་བདེ། དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི། དམངས་ཀྱི་གཙོ་འཛིན་དམངས་ཀྱིས་འདེམས་པའི་དབང་ཚད་དང། རང་དབང་གི་གསར་ཤོག་གིས་མཚོན་པའི་སྨྲ་བརྗོད་རང་དབང་ཡོད་པ། རྒྱལ་སྤྱིའི་མིའི་རིགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་འདི་འདྲ་ཞིག་ལ་ངོས་ལེན་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་ལ་དེ་མེད་པ་དང་ང་ཚོར་དེ་ཡོད་པ་རང་ཉིད་སྤྱི་ཚོགས་འདིར་ཡོད་པ་ཚོས་ཧ་གོ་དོན་གསལ་ཡིན། ལྷག་པར་ད་ནས་བཟུང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ངོས་ནས་ཀྱང་དམངས་གཙོ་མིན་པའི་སྐྱོན་ཅི་ཡང་འཛིན་ས་མེད།
ད་དུང་དོགས་པ་དང་བསམ་ཚུལ་ཅི་ཡོད་ཚང་མས་བཤད་རོགས། ང་དངོས་སུ་སྤུན་ཟླ་ཚོའི་ནང་ལ་མཉམ་ཞུགས་ཀྱིས་དོན་གནད་འདི་རིགས་གསལ་བོ་གཙང་མ་ཞིག་བཟོ་འདོད་ཡོད།
རྒན་ལགས་གསུང་པ་དེ་བདེན་ཡ། རང་ཉིད་ལ་མཚོན་ན་དམིགས་ཡུལ་དང་ཀུན་སློང་གང་ཡང་མེད་ཐོག་དོགས་དྲི་གིས་ཚུལ་དུ་ཡིན། ཡིན་ན་ཡང་རང་རེ་སྤྱི་ཚོགས་ནི་གོམ་བཤེས་ངན་པའི་དབང་གི་ཡིན་འདུག་པའི་གཞུང་གིས་མི་སྣ་ཞིག་ལས་གཞན་ཞིག་གིས་གང་བཤད་དེ་ནི་གནད་དོན་གཞན་ཞིག་ལ་གོ་བ་ནི་དེང་དུས་དང་མི་མཐུན་ལ་རྗེས་ལུས་གིས་རྣམ་པ་ཁོ་ན་ཡིན། རྒན་ལགས་དུས་ཁོམ་བྱུང་ཚེ་རང་རེ་གཞུང་དེ་དམངས་ཚོགས་དང་མང་གཙོ་གང་ཡིན་གི་ལྗགས་ལན་ཞིག་གནང་རོགས། ཁྱེད་སྐུ་ཚེ་རིང་།
སྤུན་ཟླ་རྣམ་པ། ད་བར་གྱི་ང་ཚོའི་དམངས་གཙོ་འདི་ཐུན་མོང་མ་ཡིན་པའི་དམངས་གཙོའི་ལམ་ལུགས་ཤིག་ཡིན། མང་ཚོགས་ཀྱི་བསམ་ཚུལ་གལ་ཆེ་བ་གང་ཞིག་ལ་བོད་ཀྱི་རྩ་དོན་ཐད་ལ༸གོང་ས༸སྐྱབས་མགོན་ཆེན་པོར་དམིགས་བསལ་གྱི་སྐུ་དབང་ཕུལ་ཡོད། དེ་བས་མང་ཚོགས་ཀྱི་མང་མོས་ཐག་གཅོད་ཀྱི་འོས་འཕེན་མ་ཡིན་པའི་ཚོགས་ཆེན་གང་ཞིག་ཡིན་ཡང་དེའི་ནང་གི་གནད་དོན་ལ་ལའི་ཐད་ལ་༸གོང་ས་མཆོག་གིས་ལེགས་ཉེས་དབྱེ་འབྱེད་ཀྱིས་ལམ་སྟོན་དང་ཐག་གཅོད་གནང་འཐུས་པ་རེད།
འོན་ཀྱང་ད་ནས་བཟུང་༸གོང་ས་མཆོག་ལ་སྔར་བཞིན་གྱི་སྐུ་དབང་དེ་རིགས་བཅའ་ཁྲིམས་ལས་ཕྱིར་བསྡུ་གནང་བར་བརྟེན། སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམ་པས་སླར་ཡང་བཅའ་ཁྲིམས་དེ་བསྐྱར་བཅོས་ག་འདྲ་གནང་ཡང་ཆོག་ལ། ཆབ་སྲིད་ཀྱི་སྲིད་ཇུས་དེ་ཡང་རང་བཙན་གཙང་མར་བསྒྱུར་ཆོག ཐ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ཡང་ཕྱིར་འཐེན་བྱེད་ཆོག
ད་ལྟ་ང་ཚོའི་མིང་བསྒྱུར་དོན་བསྒྱུར་གང་ཞིག་བྱས་རུང་འདས་པའི་ལོ་རྒྱུས་ནི་འདས་དོན་རང་ལ་གནས་ངེས་པས་སེམས་ཁྲལ་བྱ་དགོས་མེད། མ་འོངས་པར་བོད་འདི་ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ནི་ད་ལྟའི་བཅའ་ཁྲིམས་ཀྱི་དམིགས་ཡུལ་ཡིན་ལ། ཆབ་སྲིད་སྲིད་ཇུས་ཀྱང་བོད་ཆོལ་གསུམ་གཅིག་གྱུར་གྱི་རང་སྐྱོང་དེ་ཡིན་པས་ན། བོད་གཞུང་གི་མིང་མ་བསྒྱུར་ཡང་དོན་འགྱུར་ཚར་བ་དེ་ཚང་མས་ངོས་ཟིན་ཡོད་དམ།
དེ་བས་ངས་བལྟས་ན་གཞོན་ནུ་ཚོགས་པའི་ཀུན་སློང་དང་སྙིང་སྟོབས་རླབས་ཆེ་ཡང་གཞོན་པའི་ཤེད་ཤུགས་ཀྱི་སྣང་བ་མཐོ་དྲགས་ནས་ལོ་རྒྱུས་གསར་བའི་འཁོར་ཕྱོགས་དང་བསྟུན་མི་ཤེས་ལ་རླབས་ཆེན་གྱི་གཙོ་འཛིན་གང་གི་དགོངས་དོན་ཡང་མི་རྟོགས་པའི་གཅེས་ཕྲུག་རང་ཤེད་ཚ་བོ་ཅན་ཞིག་ཏུ་མཐོང་གི་འདུག
ངས་རྟག་པར་བློ་འཚབ་སྐྱེ་ས་ནི་ད་ལྟའི་བོད་ཀྱི་ལས་སྐལ་འདི་ཡང་མཐར་༸གོང་ས་བཅུ་གསུམ་པ་ཆེན་པོའི་ཞལ་ཆེམས་ལྟ་བུ་ཞིག་ཏུ་འགྱུར་མི་ཡོང་ངམ་སྙམ་པ་འདི་ཡིན་པས་ཚང་མས་བསམ་ཤེས་དང་གཟབ་གཟབ་གནང་རྒྱུ་གནང་རོགས་གནང།
ཉི་ཟླ་སྐར་གསུམ་ལགས།
ད་རེས་ཀྱི་འདིས་མི་མང་གི་བསམ་ཚུལ་ལོས་མཚོན། ལྷག་པར་བཙན་བྱོལ་བོད་མིའི་བསམ་ཚུལ་མཚོན་ཐུབ། འོན་ཀྱང་དེ་སྔ་བསྡུས་པའི་དམིགས་བསལ་ཚོགས་ཅེན་སྟེ། མང་མོས་ཐག་གཅོད་ཀྱི་མང་ཚོགས་ཚོགས་ཆེན་མིན་པས། མི་མང་གི་ཐུན་མོང་བསམ་ཚུལ་དེ་༸གོང་ས༸༸སྐྱབས་མགོན་ཆེན་པོར་སྙན་ཞུ་འབུལ་རྒྱུ་ཙམ་ལས་ཐག་གཅོད་ཀྱི་དབང་ཚད་ཅན་མིན་པ་ཤེས་དགོས།
གལ་ཏེ་བཅའ་ཁྲིམས་ནང་གི་མང་མོས་ཐག་གཅོད་ཀྱི་ཚོགས་ཆེན་ཡིན་ན་ཚོགས་ཆེན་རང་ཐོག་གི་གྲོས་ཆོད་རྩ་འཛིན་གནང་དགོས།
ཐེངས་འདིར་བསམ་ཚུལ་ཕུལ་བ་ལས་གྲོས་ཆོད་ཀྱང་བཞག་ཡོད་མ་རེད།
གྲོས་ཚོགས་ཀྱི་༸གོང་ས་མཆོག་ལ་སྐུ་དབང་མི་འབུལ་རྒྱུར་གསོལ་བ་བཏབ་ཀྱང་ཕན་ནུས་མ་ཐོན་པས་སླར་ཡང་དོན་ཚན་དང་པོ་དེ་ཞལ་བཞེས་གནང་སླད་གཞུང་མང་གཉིས་ཀྱི་ངོས་ནས་རྣམ་འགྱུར་ནན་པོ་ཞིག་བསྟན་པ་རེད། དོན་ཚན་དང་པོ་དེ་ཡང་ཐོག་མའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་དེ་ལས་ཚད་གཞི་དམའ་རུ་ལྷུང་ཡོད།
ཤཱ་རིའི་བུ་ལགས།
བཙན་བྱོལ་གཞུང་འདི་་རྒྱ་ནག་གཞུང་དང་འདྲ་བར་བརྗོད་ན་ང་ཁྱོད་ཀྱི་ཀུན་སློང་དང་དམིགས་ཡུལ་ལ་དོགས་པ་མི་ཟ་ཐབས་མེད་རེད། དེ་བས་ངས་ཁྱོད་ལ་གསལ་བཤད་བྱ་དགོས་དོན་ཡང་མི་འདུག གལ་ཏེ་ཤ་ཚའི་གཏམ་རྩུབ་ཐལ་བ་ཡིན་ན་ངོས་ལེན་བྱས་ན་བཟང།
( སྔོན་མ་དེ་ལ་ཡི་གེ་གཅིག་ནོར་འདུག་། ནོར་བཅོས་བྱས་ནས་། འདི་ཡིན་།)
ཆབ་བྲག་ལྷ་མོ་སྐྱབས་ལགས་། ལན་གནང་བ་ལ་དགའ་གསུ་ཡོད་། ཡིན་ན་ཡང་དོགས་པ་ད་དུང་སེལ་མ་སོང་། གཅིག་བྱེད་ན་ང་ལ་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ཤེས་ཚད་སྐྱོ་དྲག་པ་འདྲ་། གང་ལྟར་ད་དུང་བཀའ་འདྲི་ཞུ་རྒྱུ་ཡིན་།
ཚོགས་ཆེན་འདིའི་ཐོག་ནས་བྱུང་བའི་མང་མོས་འདིས་། མི་དམངས་ཀྱི་བསམ་ཚུལ་མཚོངས་ཐུབ་ཀྱི་མེད་པ་སྐུ་ཉིད་ཀྱི་ལན་གྱི་དོན་ཡིན་ན་། ཚོགས་ཆེན་འདི་ལ་ བཅའ་ཁྲིམས་དོན་ཚན་དང་པོ་དེ་གཏན་འབེབས་ཐུབ་པའི་དབང་ཚད་ཡོད་དོན་ག་རེ་ཡིན་ན།
ཆབ་བྲག་ལྷ་མོ་སྐྱབས་ལགས་། ལན་གནང་བ་ལ་དགའ་གསུ་ཡོད་། ཡིན་ན་ཡང་དོགས་པ་ད་དུང་སེལ་མ་སོང་། གཅིག་བྱེད་ན་ང་ལ་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ཤེས་ཚད་སྐྱོ་དྲག་པ་འདྲ་། གང་ལྟར་ད་དུང་བཀའ་འདྲི་ཞུ་རྒྱུ་ཡིན་།
ཚོགས་ཆེན་འདིའི་ཐོག་ནས་བྱུང་བའི་མང་མོས་འདིས་། མི་དམངས་ཀྱི་བསམ་ཚུལ་མཚོངས་མི་ཐུབ་ཀྱི་མེད་པ་སྐུ་ཉིད་ཀྱི་ལན་གྱི་དོན་ཡིན་ན་། ཚོགས་ཆེན་འདི་ལ་ བཅའ་ཁྲིམས་དོན་ཚན་དང་པོ་དེ་གཏན་འབེབས་ཐུབ་པའི་དབང་ཚད་ཡོད་དོན་ག་རེ་ཡིན་ན།
ཡ་རྒན་ལྷ་མོ་ལགས་དེས་ན་ཚོགས་ཆེན་ཚོགས་དགོས་པའི་དམིགས་ཡུལ་དེ་མི་དམངས་གིས་བསམ་ཚུལ་བསྡུ་ལེན་ཙམ་ལས་མིན་ན་རྒྱ་གུང་ཕྲན་དང་གཅིག་མཚུངས་རེད་འདུག་ག དེ་ནི་ཚོགས་ཆེན་ཚོགས་མཁན་མ་ཡིན་བཀའ་ལན་ཞུ་མཁན་ཡིན་དགོས། གལ་སྲིད་མི་དམངས་གིས་དམིགས་འདུན་དེ་སྒྲུབ་དགོས་ན་མི་དམངས་གིས་བསམ་ཚུལ་ལེན་དགོས་ཀྱང་དེ་བཞིན་མི་འདོད་བཞིན་དུ་ཡིན་དགོས་གསུང་ན་ཨེ་འགྲིག་སྙམ། ད་ལྟོས་དང་ཁ་སང་གཞོན་ལྷན་གིས་གང་གསུང་འདུག་གཟིགས་སོང་ངམ། དེ་ནི་བོད་གཞུང་གིས་མཐོ་རིམ་མི་སྣ་འགའ་ཤས་གི་དམངས་གཙོ་ཞལ་ལ་སྦྱར་ནས་བཀའ་བཀོད་རྒྱུད་འཛིན་ཁོག་ལ་ཡོད་པའི་རྟགས་མཚན་གསལ་པོ་ཡིན།
དེས་ན།
ལོ་ངོ་དུ་མའི་སྔོན་ནས་དམངས་གཙོ་ཡིན་གསུང་ངར་ངར་དབྱར་རྔ་གསུང་།
ཟླ་བ་དུ་མའི་སྔོན་ནས་མི་དམངས་ཚོགས་ཆེན་ཡིན་ཟེར་མི་འབོར་སྡུད།
ཞགས་པོ་བཅུ་གྲངས་གོང་ནས་མི་དམངས་སྒུག་ཡོད་ཟེར་ནས་ཉི་དྲོས་བྱེད།
ད་ནང་སང་ཉིན་རང་གཞུང་རང་སྒོ་བརྒྱབ་པ་བྱས་རྗེས་ངོ་མཚར་ཆེ།།
བདག་གིས་འདིར་བདེན་པ་བཅུ་བགྲངས་པ་འདི་བོད་གཞུང་གི་མཚན་བྱང་དེ་བོད་མིའི་སྒྲིག་འཛུགས་ལ་ཇི་ལྟར་བསྒྱུར་བའི་གོ་རིམ་དེ་གསལ་བཤད་ཙམ་བྱས་པའི་བདེན་པ་ཡིན་ན། ཡོད་ཚད་ཡང་དག་ཡིན་པའི་བདེན་པར་གོ་མི་དགོས།
ཁ་བརྡ་དྲ་ངོས་སུ་ཡང་བདེན་པ་བཅུ་གཉིས་ཞེས་པ་དང་འབྲེལ་བའི་མཆན་བུ་དེ་ཚོར་ཚིག་གཅིག་ཞུ་འདོད་པ་ནི། ༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་དགོས་པའི་དུས་ལ་བབས་ཚུལ་གསུངས་ནས་མཐར་བོད་མིའི་སྒྲིག་འཛུགས་ཞེས་བཀའ་ལན་འབྱོར་བ་དེ་བཀའ་ཕབ་པ་རང་མིན། ཡིན་ཡང་གྲོས་ཚོགས་ཀྱིས་དགག་བྱ་ཤུགས་ཆེན་མ་བྱས་པར་སྤྱི་མོས་གཏན་འབེབས་བྱུང་བ་རེད། དེ་འགྲིགས་མེད་ན་བཀའ་སྤྱི་གཉིས་དང་༸གོང་ས་མཆོག་བཅས་གསུམ་པོས་འགན་མཉམ་འཁུར་བྱ་དགོས་པ་ལས་ཁག་དཀྲི་ས་མེད།
མ་གཞི་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོ་དང་མགྲིན་ཚབ་པ་ཡིན་པར་ཁས་ལེན་ན་ཁོང་གིས་ཇི་ལྟར་ཐུགས་ཐག་བཅད་ཀྱང་འགྲིགས་པ་ཡིན། ཁྲིམས་ཐོག་ནས་བལྟས་ན་ཡང་དེ་སྔ་མི་མང་མོས་ཐག་གཅོད་ཀྱི་འོས་བསྡུ་བྱས་སྐབས་མང་ཚོགས་ཀྱི་མང་མོས་ཐོག་ལ་གྲོས་ཚོགས་ནང་སྤྱི་མོས་ཀྱིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལམ་སྟོན་གནང་རྒྱུའི་སྐུ་དབང་ཕུལ་ཡོད་པས། ༸གོང་ས་མཆོག་མི་གཅིག་ཅེས་ཕར་བཞག་ནས་མང་ཚོགས་ཚུར་བཞག་ནས་སྐད་ཆ་བཤད་ས་ཞིག་མེད་པས། རྣམ་པ་ཚོས་སྐད་ཆ་ཐལ་ཆ་ཆེ་བའི་རིགས་བསམ་བཞིན་ཡིན་ན་མ་གཏོགས་མ་སྨྲས་ན་བཟང་ངོ།
ཉི་ཟླ་སྐར་གསུམ་ལགས།
༡༽ཚོགས་ཆེན་འདི་མང་མོས་ཐག་གཅོད་ཀྱི་མང་ཚོགས་ཆེན་མ་རེད། བཅའ་ཁྲིམས་བསྐྱར་བཅོས་ཐད་ལ་གཞི་རྩའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང། ལྷག་པར་དུའང་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དེ་གཏན་འབེབས་ཐུབ་ཆེད་རེད།
༢༽ཚོགས་ཆེན་རྗེས་སུ་༸གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བཙན་བྱོལ་བོད་གཞུང་གི་མིང་ཡང་གསར་བརྗེ་དགོས་པའི་རྒྱུ་མཚན་གསལ་བཤད་གནངས་ཡོད། སྐབས་དེར་ཚོགས་མི་སུས་ཀྱང་མི་འདོད་པའི་དྲི་བ་ཙམ་ཡང་དྲིས་མེད།
༣༽བྱམས་པ་རྒྱལ་མཚན་གྱིས་བཤད་པ་བདེན།
ཁྲི་སྲོང་བཙན་ལགས།
ཁྱེད་ཀྱི་བདེན་པ་གསུམ་པ་དེ་མི་བདེན། བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད། མིང་བརྗེས་པ་བདེན།
སྤུན་ཟླ་ཚེ་རིང་ལགས། ངའི་བདེན་པ་གསུམ་ནས། གཉིས་པ་ནི་ཚོད་དཔག་ཡིན་པ་ལས། བདེན་པ་གཙང་མ་རེད་མི་འདུག་ཟེར། འོ་ན་ཚོད་དཔགས་ཡིན་པའི་ཁོངས་བསྐྱེལ་ཞིག་དང་། བདེན་པ་མིན་པའི་ར་སྤྲོད་གསལ་པོ་ཞིག་གནང་ན་དགའ་བསུ་ཡོད། ཁྱེད་ཀྱིས་བདེན་པ་གཙང་མ་རེད་མི་འདུག་གསུངས་པ་དེར། ངས་བདེན་པ་མིན་པར་གོ་བ་ལེན་པ་ཡིན།
བྱམས་པ་རྒྱལ་མཚན་ལགས་ནས་གསུངས་པ་དེ་དོན་ལ་གནས། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་། ཟེར་བ་ལྟར་སོ་སོའི་བསམ་ཚུལ་འདོན་དབང་ཡོད་ངེས་ཀྱང་། མང་མོས་ཐག་ཆོད་བྱུང་བའི་ཐོག་ཤར་སྐྱོད་བྱ་རྒྱུ་དེ་མང་གཙོའི་འགྲོ་ལུགས་རེད། དེ་མིན་མང་མོས་ཐག་ཆོད་ལའང་ཁག་འདོགས་སྣ་ཚོགས་ཀྱིས་ཀ་རེ་ཀོ་རེ་བྱེད་པ་ནི་དོན་དུ་མང་གཙོའི་ལམ་དུ་མི་སྐྱོད་པར་དེར་འགོག་རྐྱེན་བྱེད་པས་ཕྱི་དགྲ་ནང་དགྲ་གང་རུང་ལས་མ་འདས་སོ།།
དགེ་ཆབ་བྲག་གི་བདེན་པ་བཅུ་དེ་ཡག་པོ་འདུག འོག་ཏུ་གྲོགས་པོ་ཞིག་གིས་མཆན་འགོད་སྐབས་བདེན་པ་གསུམ་བསྣན་འདུག་མོད། དེའི་གཉིས་པ་ནི་ཚོད་དཔག་ཡིན་པ་ལས། བདེན་པ་གཙང་མ་རེད་མི་འདུག་པས། བདེན་པའི་གྲངས་ཀ་མང་དུ་གཏོང་རྒྱུ་གལ་ཆེ་ཡང། དེའི་མཇུག་དུ་བདེན་པ་མིན་མ་འབྲི་རྒྱུ་མང་དྲག་ན་ཆབ་བྲག་གི་བདེན་པ་བཅུ་ཡང་ནུས་མེད་ཆགས་ཉེན་འདུག
ད་དུང་ཁ་སྣོན་ཞིག་བྱས་ན། ༡ བོད་གཞུང་གི་མཚན་བྱང་བརྗེ་པོ་རྒྱག་མི་ཉན་པ་ཚོགས་ཆེན་ཐོག་མང་མོས་བྱུང་ཡང་། ༧གོང་ས་མཆོག་གིས་ངེས་པར་དུ་བརྗེ་པོ་རྒྱག་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།
༢ སྐྱེ་བོ་རེ་ཟུང་གིས་དེ་ལ་མོས་མཐུན་མ་ཐུབ་ཀྱང་། ༧གོང་ས་མཆོག་ལ་ཁ་གཏོང་མ་ནུས་པར་ཁོང་གི་དགོངས་གཞི་མིན་སྐོར་དང་། དེ་མིན་གྱི་བཛད་གཙོ་ཚོས་མ་འགྲིག་སྐོར་བརྗོད་ཀྱི་ཡོད་པ་རེད།
༣ གནས་ཚུལ་ཡག་པོ་ཞིག་བྱུང་ན་༧གོང་ས་མཆོག་གི་མཛད་འཕྲིན་རེད་ཅེས་དང་། ཡག་པོ་མ་བྱུང་ན་༧གོང་ས་མཆོག་ལ་འབྲེལ་བ་མེད་པར། བོད་གཞུང་གི་མཛད་གཙོ་གཞན་པ་ཞིག་གིས་མ་འགྲིག་སྐོར་བཤད་རྒྱུར་བོད་མི་ཚོ་ཧ་ཅང་དགའ། དེ་དབུ་ཁྲིད་ལ་གུས་བཀུར་བཀའ་དྲིན་ལ་བསམ་ཤེས་ཡིན་ངེས་ཀྱང་། དྲང་བདེན་གྱི་ལོ་རྒྱུས་འབྲི་སྟངས་དང་འགལ་བ་མ་ཟད། རྩོམ་པ་པོ་སྤྱི་ཚོགས་ནང་དུ་དགོས་པ་དང་ཡང་འགལ་ཡོད།
ཐུགས་དཀྱུས་ཡང་ཞིང་སྐུ་ཡོན་ཆེ་བའི་བུ།
ལྷག་བསམ་དཀར་ཤིང་གཅིག་སྒྲིལ་རེ་བའི་བུ།
མདོར་ན་ཤེས་བྱའི་གནས་ལུགས་མཁྱེན་པས་ན།
སྤྱི་ཚོགས་འདི་ལ་ཁྱེད་འདྲ་ཉུང་བའི་སྐྱོ།།
ཆབ་བྲག་ཕོ་ཉའི་བདེན་པ་བཅུ་ཡི་ཐོག།
བདག་གིས་གསུམ་སྣོན་བདེན་པ་བཅུ་གསུམ་ཡིན།།
ད་དུང་བདེན་པ་སུ་ལ་ཡོད་ནའང་།།
བཅུ་ཚན་བརྒྱ་ཚན་ག་ཚོད་བྲིས་ན་འགྲིགས།།
བཅུ་གཅིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཏགས་དགོས་པའི་རྒྱུ་མཚན་དངོས་དང་རྒྱབ་ལྗོངས་དངོས་བོད་མི་དམངས་ལ་གསལ་ཆ་མེད་པ་བདེན།།
བཅུ་གཉིས། སྐུ་ཚབ་ཐེངས་དགུ་པས་རྒྱ་གཞུང་ལ་སྤྲོད་པའི་ཡིག་ཆ་དང་རྒྱ་གཞུང་ནས་བཏོན་པའི་ཆ་རྐྱེན་འོག་བཙན་བྱོལ་བོད་གཞུང་ནས་ཚོགས་པའི་སྒྲིག་འཛུགས་ཤིག་ཏུ་འཕོ་བ་བདེན།།
བཅུ་གསུམ། དགའ་ལྡན་པོ་བྲང་ཕྱོགས་ལས་རྣམ་རྒྱལ་ཕྱིར་བསྡུ་གནང་བ་དང་ཆབས་ཅིག བཙན་བྱོལ་བོད་གཞུང་ཡང་ཕྱིར་བསྡུ་གནང་བ་ཡང་བདེན་ནོ།།
ཉི་ཟླ་སྐར་གསུམ་ལགས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཙན་བྱོལ་བོད་གཞུང་རང་འཇགས་འཇོག་རྒྱུ་བྱས་པ་དེས་མི་མང་གི་བསམ་ཚུལ་མཚོན་ལོས་ཐུབ། ཡིན་ན་ཡང་། ཚོགས་ཆེན་སྟེང་གི་བསམ་ཚུལ་དེ་ཡང་ཡར་༸གོང་ས་མཆོག་ལ་སྙན་ཞུ་བྱ་རྒྱུ་ལས་མཐའ་གཅིག་ཏུ་གཏན་འབེབས་བྱས་མི་འདུག ༸གོང་ས་མཆོག་གིས་ཚོགས་བཅར་ཚང་མ་ལ་བཀའ་སློབ་གནང་བའི་དགོས་པ་རྒྱུ་མཚན་མང་པོ་ཞིག་ངེས་པ་རྙེད་འདུག་པ་མ་ཟད། ཚོགས་བཅར་བ་ཚང་མས་༸གོང་ས་མཆོག་གི་གསུངས་དེ་ལ་མངོན་པར་བསྟོད་ཅེས་ནོངས་འགྱོད་དང་བློ་ཕམ་མེད་པར་ངོས་ལེན་བྱེད་ཀྱིན་འདུག ༸བོད་མི་མང་ཆེ་བས་༸གོང་ས་མཆོག་གིས་མི་ལོ་མང་པོའི་ཉམས་མྱོང་རིམ་གསོགས་ཀྱིས་མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་རིམ་གོམ་པ་སྤོས་པ་ལ་འདི་ལས་ལྷག་ཅིག་མི་འདུག་པར་དགོངས་ནས་གསལ་ཞིང་རྒྱས་པའི་བཀའ་སློབ་རབ་དང་རིམ་པ་ཕེབས་པར་ངོས་འཛིན་བྱས་འདུག
བཀུར་འོས་སྤྱི་ཟུར་ལགས་ཀྱིས་བདེན་པ་བཅུ་ངོ་སྤྲོད་བྱས་པ་ལས་ཁོ་བོ་ལ་ལུང་སྐྱེད་གང་འཚམས་ཤིག་རག་སོང་བས་དགའ་ཡོད།
གང་ལྟར་ལྟས་གི་ལྟས་ན་ས་ངེ་སེང་ངེ་ཞིག་རེད། འགོ་ངོ་མ་ཚོས་གི་མི་འདུག བདེན་རྒྱུ་ལྷ་སྐྱབས་ཁྱེད་བདེན་རྒྱུ་རེད།
གྲངས་འདྲེན་གྱི་བདེན་པ་ལས། ལག་ལེན་གྱི་བདེན་པ་རྒྱལ་གྱུར་ཅིག ཁ་བཤད་ཀྱི་བདེན་དོན་ལས། དོན་དངོས་ཀྱི་བདེན་པར་རྒྱལ་ཁ་ཐོབ་པར་ཤོག
བོད་ཡིག་ཤེས་མིན་ཇི་ལྟར་ཡང་བོད་སྐད་ཚང་མས་ཤེས་ཙང་རྒན་ལགས་ཀྱི་འགྲེལ་བཤད་སྙན་མོ་ལ་ཡིད་རངས་བསྐྱེད་མི་ཐུབ། བོད་མིའི་སྒྲིག་འཛུགས་དང་གངས་ལྗོངས་སྒྲིག་འཛུགས་གཉིས་འདྲ་བའི་ཅུང་ཙམ་སྣང་ཡང་། རང་དབང་མང་གཙོ་ཞེས་པ་གནད་ཀྱི་དོན་པོའམ་བླ་སྲོག་ཞིག་རེད་འདུག
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག’བཙན་བྱོལ་བོད་གཞུང’ཟེར་བའི་མཚན་བྱང་རང་འཇགས་འཇོག་རྒྱུར་མང་མོས་བྱུང་བ་དེས་དམངས་ཀྱི་བསམ་ཚུལ་མཚོན་མི་ཐུབ་དུས་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་མཚོགས་དགོས་པའི་དམིགས་ཡུལ་ག་རེ་ཡིན་ནམ་།། གང་ཞིག་ལ་མང་མོས་བྱུང་རུང་མ་བྱུང་རུང་ཁྱད་པར་གཏན་ནས་མེད་རེད་། འདིའི་ཐད་གསལ་བཤད་ཞིག་གནང་རོགས་ཞུ་།།
རྩོམ་ཡིག་འདི་ལྟར་སྤེལ་ནས་གངས་རི་བུ་ཕྲུག་ཚོ་ལག་གདང་གཅིག་ཏུ་སྦྲེལ་ཞིག །ཆབ་བྲག་ལྷ་མོ་ཁྱེད་ལ་ཆོལ་གསུལ་གོང་བུ་གཅིག་གྱུར་དགོས་པའི་གཟིགས་ཚུལ་དེ་བླ་ན་མེད་པའི་ང་ཚོའི་བོད་ཀྱི་གཟི་བརྗིད་ཡིན་པས་ཐུགས་རྗེ་ཆེ་ཞུའོ། །ལག་གདང་སྦྲེལ་རྒྱ་ནག་པོ་ལ་སེམས་ནག་བྱེད་རྒྱུའི་གྲ་སྒྲིག་ག་ལ་ཡིན་ཏེ། དེ་ནི་བོད་རྒྱ་གཉིས་ནམ་ཡང་མཛའ་མཐུན་ཁྱིམ་ཚང་གཅིག་དང་ཕུན་ཚན་དགྲ་རུ་གྱུར་མི་དགོས་པར་མཛའ་བརྩེ་ལག་པ་གཏོང་བ་ཞིག་ཏུ་རྩིས་ཆོག །