མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་བ་ ༢༠༠ དགོན་པ་ནས་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་འབྱོར་བ་ལྟར་ན། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རང་ལོ་ ༢༣ ཡིན་པའི་གྲྭ་དགེ་འཕེལ་ལགས་དང་། རི་ཆེན་དང་པོའི་རང་ལོ་ ༣༠ ཡིན་པའི་མི་སྐྱ་ཨ་ཀྱཱ་ཀྱཱ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཟིན་ཡང་། ཁོང་གཉིས་འཛིན་བཟུང་གི་ཟླ་ཚེས་དང་། དེང་སྐབས་གར་ཡོད་གང་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ཨ་ཀྱཱ་ཀྱཱ་ལ་ཉེ་ལམ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་མི་མང་གི་ཡར་ལངས་ཀྱི་སྣེ་འཁྲིད་པའི་དོགས་གཞིའི་འོག་བཟུང་བ་ཞིག་ཡིན་འདུག

རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་གྲྭ་པ་ ༢༠༠ ལྷག་སྔ་ཕྱིར་དགོན་པའི་ནང་ནས་གཏན་ཕུད་བཏང་བའི་གནས་ཚུལ་གསལ་བསྒྲགས་བྱས་ཏེ། དགོན་པའི་ཆོས་ལུགས་དོ་དམ་ཁང་ལ་བཙན་དབང་གིས་ཐེལ་ཙེ་རྒྱག་ཏུ་བཅུགས་ཡོད་ཀྱང་། གྲྭ་མང་གིས་དེ་ལ་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་འདུག ཕྱིར་ཕུད་བཏང་བའི་གྲྭ་པ་རྣམས་ཀྱིས་གྲྭ་ཤག་དགོན་པ་གཞུང་གིས་ཉོ་དགོས་པ་ལས། གཞན་ཚང་མ་རྒྱ་གཞུང་གིས་གཏོར་ཏེ་རྩ་མེད་བཟོ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག གོང་གསལ་དགོན་པའི་ནང་ནས་ཕུད་ཡོད་པའི་ཁོངས་སུ་མགོ་ལོགས་ཕྱོགས་ནས་གྲྭ་པ་ ༢༠ ལྷག་ཡོད་ཅིང་། ཁོང་ཅག་གི་གྲྭ་ཤག་ནང་གི་ཅ་དངོས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། མགོ་ལོག་གཅིག་སྒྲིལ་རྫོང་ཐོག་ལ་འཁྱེར་ཏེ། ས་གནས་དེར་དོ་བདག་སོ་སོ་ལེན་དུ་ཡོང་དགོས་ཚུལ་བརྗོད་པར་གྲྭ་པ་གཅིག་ཀྱང་ལེན་དུ་མ་ཡོང་བར་བརྟེན། གཅིག་སྒྲིལ་རྫོང་ལ་རྩིས་ལེན་དགོས་ཚུལ་བཤད་ཀྱང་གཅིག་སྒྲིལ་རྫོང་གིས་མ་བླངས་པས། མགོ་ལོག་ཁུལ་ལ་ཁྱེར་ནས་རྩིས་ལེན་དགོས་ཚུལ་བཤད་འདུག་མོད། དེ་ནས་ཀྱང་མ་བླངས་སྟབས་ཕྱིར་རྔ་པ་རུ་མི་འཁྱེར་ཐབས་མེད་བྱུང་ཡོད་འདུག  

དེང་སྐབས་དགོན་པའི་ལྕགས་རིའི་ཕྱི་རོལ་ཀྱི་བྱང་ཕྱོགས་སུ་དམག་མི་སྡོད་སའི་གུར་ཆེན་པོ་ ༢ དང་། ཤར་སྒོའི་གཡས་གཡོན་དུ་གུར་ཆེན་པོ་ ༢ ། ནུབ་ཁའི་སྨད་ཕྱོགས་སུ་གུར་ཆེན་པོ་ ༣ ། ནུབ་སྒོའི་གཡས་གཡོན་དུ་གུར་ཆེན་པོ་ ༢ ། གླིང་མདོའི་སྒོ་ཆེན་འགྲམ་དུ་གུར་ཆེན་པོ་ ༤ བཅས་ཕུབ་ནས་རྒྱུན་དུ་དགོན་པའི་ཕྱི་རོལ་ནས་དམག་མིས་སྐོར་ཅིང་། ནང་ལོགས་སུ་ཁང་མིག་ཉེར་ལྔ་ལྷག་ཡོད་པའི་དགོན་པའི་ཚོམ་ཁང་གསར་པའི་ནང་དམག་མི་དང་ཉེན་རྟོག་པ་རྒྱུན་སྡོད། དེ་མིན་གླིང་བར་དུ་ཡོད་པའི་གྲྭ་ཤག་སྟོང་པ་ཡོད་ཚད་ཀྱི་ནང་དུ་དམག་མི་དང་ཉེན་ རྟོག་པ་ལས་བྱེད་པ་རེ་ཟུང་བཅས་རྒྱུན་སྡོད་བྱས་ཡོད་འདུག

རྔ་པའི་དགོན་གྲོང་སྤྱི་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་པར་མུ་མཐུད་དུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་མུ་མཐུད་བཞིན་ཡོད་པ་དང་། གྲྭ་པ་རེ་ལ་ལས་བྱེད་རེ་ལྟ་རྟོག་པར་བཞག་སྟེ་སྲུང་བྱ་དམ་པོ་བྱས་ཡོད་འདུག དགོན་པའི་ནང་གི་ལས་འགུལ་ཡོངས་ཀྱིས་འགན་འཁུར་བ་གཙོ་བོ་རྔ་པ་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཅེན་པོས་ཀྲང་དང་། འགན་འཛིན་གཞོན་པ་ཚེ་པོས་ཀྲང་གཉིས་ཡིན་འདུག

 ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྲྭ་པ་རྣམས་ལ་ཟླ་ཕོག་སྤྲད་ཡོད་འདུག་པར་གྲྭ་པ་རྣམས་ཀྱིས་ཟླ་ཕོག་ལེན་གྱི་མིན་ཚུལ་བཤད་ཀྱང་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་བརྒྱུད་མཐར་མང་ཆེ་བར་ལེན་བཅུག་ཡོད་འདུག་མོད། གྲྭ་པ་སྐོར་ཞིག་གིས་གཏན་ནས་མ་བླངས་པར་ཨུ་ཚུགས་བྱས་པར་བརྟེན། སྒོར་མོ་མི་ལེན་མཁན་གྲྭ་པ་ ༢༠ ལྷག་འཛིན་བཟུང་བྱས་ཡོད་ཀྱང་ཁོང་རྣམ་པའི་མཚན་སོགས་ཤེས་རྟོགས་ཐུབ་མ་སོང་།  

 

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist