མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་གྱེར་འདོན་འགྲན་ཚོགས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་
༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་འོད་དཀར་དྲ་བའི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ། སྐབས་དང་བོའི་༼ བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས ༽ཞེས་པ་ཞིག་ཚོགས་ཡོད་འདུག་ལ། འགྲན་ཚོགས་དེའི་སྟེང་མི་ ༢༢ ཙམ་གྱིས་སྙན་ངག་གྱེར་འདོན་གྱི་ཆ་ཤས་བླངས་ཡོད་འདུག འདུ་འཛོམས་སྟེང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་སློབ་གྲྭ་ཁག་གི་སློབ་སྤྱི། དགའ་འབྲས་བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད། དེ་བཞིན་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་སོགས་ཁྱོན་བོད་མི་ ༣༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

 

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན་ཚོགས་འདུའི་དབུ་འཛུགས་ཐོག་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གསུང་བཤད་གནང་རྒྱུར། ང་ཚོའི་ངོས་ནས་ཐོག་མ་ནས་དམིགས་ཡུལ་ཆེན་པོ་ཞིག་བཟུང་སྟེ། དེ་རིང་གི་ལས་རིམ་འདི་གོ་སྒྲིག་ཞུས་པ་ཡིན་ལ། ལས་རིམ་འདིའི་ཁྲོད་སྙན་ངག་གྱེར་འདོན་འགྲན་ཚོགས་དང་། སྙན་ངག་དང་སྙན་ངག་པར་བྱ་དགའ་འབུལ་རྒྱུ། དེ་བཞིན་སྙན་ངག་རྩོམ་རིག་གི་ཚོགས་ཆེན་སོགས་ལས་རིམ་ཁ་ཤས་ཤིག་བསྡུ་རྒྱུ་བྱས་ཡོད། ད་ཐེངས་བོད་མི་འདུས་སྡོད་ཁག་ ༨ ཙམ་གྱི་ནང་སྔོན་འགྲོའི་འགྲན་བསྡུར་ལས་རིམ་གོ་སྒྲིག་ཞུ་བཞིན་ཡོད་ལ། སྔོན་འགྲོའི་འགྲན་བསྡུར་ནང་བྱ་དགའ་ཐོབ་མཁན་རྣམས་ཐེངས་རྗེས་མའི་དངོས་གཞིའི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད་པ་དང་། མཐའ་མའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ། ཧིན་སྒོར་དྲུག་ཁྲི་ ༦༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ཉིས་ཁྲི ༢༠༠༠༠།  ཨང་གསུམ་པར་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ བཅས་གསོལ་རས་གནང་རྩིས་ཡོད་ཅེས་གསུངས་འདུག  



ཐེངས་འདིའི་མོན་གྷོལ་ས་གནས་ཀྱི་སྙན་ངག་གྱེར་འདོན་འགྲན་བསྡུར་ཁྲོད། ཨང་དང་པོ་ཐོབ་མཁན་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ་ལགས་ཡིན་ཞིང་། ཁོང་ལ་སྐར་གྲངས་བརྒྱ་ཆ་ ༩༨་༡༩ ཙམ་ཐོབ་སྟེ། ཧིན་སྒོར་ ༡༠༠༠ ཙམ་གྱི་བྱ་དགའ་ཐོབ་ཡོད་པ་དང་། ཨང་གཉིས་པ་ཚེ་རིང་སྟོབས་རྒྱལ་ལགས་སུ་སྐར་གྲངས་བརྒྱ་ཆ་  ༩༥་༧༠ ཙམ་ཐོབ་སྟེ། ཧིན་སྒོར་༨༠༠ ། ཨང་གསུམ་པ་འཇིགས་མེད་ལེགས་བཟང་ལགས་སུ་སྐར་གྲངས་བརྒྱ་ཆ་  ༩༥་༤ ཙམ་ཐོབ་སྟེ། ཧིན་སྒོར་ ༦༠༠ ཐོབ་ཡོད། མོན་གྷོ་ས་གནས་ཀྱི་སྙན་ངག་འགྲན་ཚོགས་ཀྱི་བྱ་དགའི་དངུལ་དེ་ལས་འགུལ་གོ་སྒྲིག་པ་བསྟན་འཛིན་ཤེས་རབ་ལགས་ཁོང་སྒེར་ངོས་བཏང་ཡོད་འདུག  

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 13

  1. ཇ་མ་ says:
    ལོ་ 15 སྔོན།

    ངོ་མ་བཤད་ན་ཡག་པོ་རེད། འོན་ཀྱང་རང་གཞུང་ཤེས་རིག་གི་དེ་འདྲ་དྲན་མི་སྲིད་པ་རེད།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་རིག་དུང་པ་ཆེ་བའི་ཨ་ལགས་ཤིང་བཟའ་རིན་པོ་ཆེའི་ཐུགས་འཁུར་འོག་འདི་འདྲའི་འགྲན་ཚོགས་མགོ་འཛུགས་ཐུབ་པ་ཧ་ཀྱང་དགའ་བོ་བྱུང་ཐུགས་རྗེ་ཆེ་ཞུ།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ཐེངས་འདིའི་སྙན་ངག་གྱེར་འདོན་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    བོད་པ་ཚོའི་ཆུང་ཆུང་འདི་སྙིང་རྗེ་འདེ་ཅིག་སྤྲོད་ལ་དང་་་ཟེར་གི་རེད་དེ་སོ་ཡར་རྒྱས་ཀྱི་
    གེག་རེད་མོད་འདི་ཤེས་ཀྱི་མི་འདུག་ག་་་་་་

    Reply
  5. GYAMTSO says:
    ལོ་ 15 སྔོན།

    ལས་དོན་ལམ་ལྷུང་ཡོང་བའི་སྨོན་འདུན་ཞུ། སྔོན་འགྲོའི་སྐབས་ཡིན་ན་འོ་ཞིག་རེད། འགྲོ་སྟངས་ཡིན་ན་དཔྱད་འདེམས་མཁན་རྣམས་མི་སྣ་དྲགས་ཅན་རེ་དགོས་ངེས་རེད། དཔེར་ན་ཆབ་བྲག་ལྷ་མོ་སྐྱབས་ལྟ་བུ་མང་པོ་ཡོད་ན་མིང་དོན་མཚུངས་པའི་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་ཤིག་ཆགས་ཀྱིན་རེད། སྙན་ངག་ཡིག་ཐོག་ཙམ་མ་ཡིན་པར་ངག་ཐོག་ནས་བསྐྱོར་ཐུབ་ན་དགེ་མཚན་ཆེ་ཀི་རེད

    Reply
  6. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    སྒྲ་སྙན་སྨན་རྩིས་སོགས་ལ་མགོ་མ་འཁོར།
    ཞེས་བ་རང་གི་བླ་མས་བསླབ་བྱ་རེད་ཐུགས་ལ་ངེས་ན་ཡག་པོ་མེད་དམ།

    Reply
  7. སྨྱུག་མདའ། says:
    ལོ་ 15 སྔོན།

    སྒྱུ་རྩལ་གདངས་ཉམས་སོཊ་ལ་བྱང་ཆ་དགོས།།
    བརྒྱ་ཆ་སྤྲོད་མཁན་ཚོ་ལ་མ་འཚང་ཚེ།།
    བྱ་དགའ་རགས་པའི་དེ་ལ་ཅི་ལྟར་ཚང་།།
    འདི་ཡི་ཕྱོགས་ལ་ཀུན་གྱིས་གཟབ་པར་གྱེས།།
    ལས་འགུལ་འདི་ལ་ལམ་ལྷོང་ཡོངས་པར་སྨོན།།

    Reply
  8. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    ཕྱི་ཚེས་༠༧ཉིན་སྦེལ་ཀོབ་ཏུ་བྱས་པ་རེད། འོན་ཀྱང་ཚོགས་སྡེ་ཁག་གིས་སྣང་མེད་བཏང་བས་རེད་དམ་ཅི་ཡིན་མི་ཤེས་མོད་དུས་བབ་ཚང་ལ་དེའི་སྐོར་གོ་རྒྱུ་འདྲ་མི་འདུག སྦེལ་ཀོབ་ཏུ་ཚོགས་པའི་གྱེར་འདོན་དེར་བྱ་དགའ་མི་འདུག་ལ། ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་བཞིན་བརྒྱ་ཆའི་སྤྲད་ཕྱོགས་ཤིག་ཀྱང་ར་སྤྲོད་བྱས་མ་སོང་།
    དེས་རྐྱེན་པས་འགྲན་བཞུགས་པ་མང་པོ་ཞིག་འདོད་པ་ཁེངས་མི་འདུག

    Reply
  9. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་ཨང་གཉིས་པ་ཐོབ་མཁན་འཇིགས་མེད་ལེགས་བཟང་།
    http://www.youtube.com/watch?v=UD02AX8pK_0

    Reply
  10. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་ཨང་དང་བོ་ཐོབ་མཁན་རྡོ་རྗེ་རྣམ་རྒྱལ་གྱི་སྙན་ངག་གྱེར་འདོན།
    http://www.youtube.com/watch?v=EZHKjShmKLI

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཟིན་བྲིས་འདིའི་ཐོག་སོང་དང་གནས་ཚུལ་ཅུང་ཞིབ་ཚགས་པོར་འཁོད་འདུག
    https://tibettimes.net/wordpress/blogs.php?id=265&post_id=15641

    རྩོམ་སྒྲིག་པ་ལགས། འགྲོ་སོང་དེ་ང་སྒེར་ངོས་ནས་བཏང་བ་མ་རེད། བྱ་དགའི་དངུལ་དེ་ང་སྒེར་ངོས་ནས་བཏང་བ་རེད། ཁ་སང་སྒྲ་ཆེ་རྐྱེན་ཉིད་ཀྱིས་མ་ཐོས་པ་ཡིན་རྒྱུ་རེད། དགོངས་དག

    པར་དང་གློག་བརྙན་ངོ་དེབ་དང་ཡུ་ཐྲོབ་ནང་སོང་དང་འདུག

    ཁ་སང་དྲ་ཐོག་ནས་ཐད་གཏོང་བྱེད་རྒྱུའི་འཆར་གཞི་ཡོད་མོད། གློག་ཀླད་གཡར་མ་དེས་ལས་ཀ་བྱས་མ་སོང་། དེ་བས་ཀློག་མཁན་དང་གཟིགས་འདོད་མཁན་ཡོངས་ལ་དགོངས་དག་ཞུ་བ་ཡིན།

    Reply
  12. ཚང་སར་ཕྲིན་ལས། says:
    ལོ་ 15 སྔོན།

    རྗེས་སུ་ཡིད་རང་ཡོད། འདི་འདྲ་འདྲ་བའི་ལས་འགུལ་རེ་སྤེལ་ཐོབ་ན་གཞོན་སྐྱེས་ཚོ་བོད་ཡིག་ལ་མོས་པ་དྭངས་སྣང་བྱེད་པར་ཕན་ཐོག་ཡོད་ངེས། མ་ཟད་ལས་དོན་ལམ་ལྷོང་ཡོང་བའི་སྨོན་གྲངས་མེད་འདུན་ཞུ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྩོམ་རིག་གི་ལས་འགུལ་འདིར་ཡི་རང་བསྔགས་བརྗོད་དང་འབྲེལ་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
    བརྒྱ་ཆ་སྤྲོད་སྟངས་སྐོར་ལ་གསལ་བཤད་ཅིག་གནང་ན་མཉམ་ཞུགས་པ་ཚོར་ཕན་ཐོགས། དཔེར་ན་སྙན་ངག་གི་ནང་དོན། སྒྱུ་རྩལ། གྱེར་དབྱངས་ཀྱི་གདངས་དང། ལུས་ཉམས། དེ་འབྲེལ་གྱི་ཆ་རྐྱེན་གཞན་དག་ཚང་དགོས་ཅི་ཡོད་རིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese