མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

བོད་ཀྱི་དུས་བབ།
༢༠༢༦/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༤༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྙིང་ཉེ་བའི་བོད་ཀྱི་དུས་བབ་ཀྱི་ཀློག་པ་པོ་རྣམ་པ། ཐོག་མར་ཁམས་བདེའི་འཚམས་འདྲི་ཞུ། འདས་བའི་ལོ་ངོ་བཅུ་ཙམ་གྱི་རིང་ལ་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་སྤེལ་མེད། འོན་ཀྱང་། དུས་བབ་ཚགས་ཤོག་དང་། དུས་བབ་དྲ་ཚིགས་གཉིས་ཀྱི་གསོན་ཤུགས་སྔར་ལས་རྒྱས་ཏེ་རི་རྒྱལ་ལྷུན་པོ་བཞིན་བརྟན་པོར་གནས་ཡོད་པས། ད་ལོ་བོད་ཀྱི་དུས་བབ་གསར་ཁང་ཚུགས་ནས་ལོ་ངོ་ཧྲིལ་པོ་སུམ་ཅུ་འཁོར་གྱི་ཡོད། སྟེས་དབང་ཞིག་གིས་འདི་ལོའི་ཕྱི་ཟླ ༨ ཚེས ༡ ཉིན་ནས་བཟུང་དུས་བབ་རྩོམ་སྒྲིག་པའི་འགན་འཁྲི་དེ་བདག་གི་ཕྲག་སྟེང་དུ་བབས། རྩོམ་སྒྲིག་པ་ཞིག་ལ་མཚོན་ན། གསར་འགྱུར་རྩོམ་སྒྲིག་གི་ལས་འགན་གྱི་སྟེང་དུ་ལས་འགན་གཞན་ཞིག་ཡོད་པ་ནི་རྩོམ་སྒྲིག་པའི་གཏམ་སྤེལ་རྒྱུ་དེ་རེད། འདི་ནི་ལས་འགན་ཞིག་རེད་ལ། ཐོང་ཐང་ཞིག་ཀྱང་རེད། ངས་ཐོབ་ཐང་འདི་ལེན་ན་འདོད།

ཡང་གཅིག་བཤད་ན། མང་གཙོའི་སྤྱི་ཚོགས་ཁྲོད་ཐོབ་ཐང་དང་འབྲལ་མེད་དུ་གནས་པ་ནི་འགན་འཁྲི་ཡིན་པས། ངས་བཟློག་མེད་ཀྱི་འགན་འཁྲི་འདི་རང་ནུས་ཅི་ལྕོགས་ཀྱིས་དང་དུ་ལེན། སྤྱིར་གཏམ་ལ་བཤད་རེས་དང་ཉན་རེས་ཟེར་བ་ཞིག་ཡོད་ཀྱང་། དེང་གི་དུས་སུ་ཤོད་མཁན་མང་ཡང་ཉན་མཁན་ཉུང་ཉུང་རེད། ཉན་མཁན་ཡོད་ནའང་སོ་སོས་ཉན་ན་འདོད་པའི་གཏམ་ཁོ་ནར་ཉན་མཁན་ཇེ་མང་རེད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། གཏམ་འདི་དང་དེ་བཤད་ན་འགྲིག་གི་མ་རེད་ཅེས་གཏམ་གྱི་སྒོ་མོ་མ་ཕྱེས་གོང་ནས་ཉན་གྱི་མིན་ཟེར་བ་དེ་འདྲ་ཡོང་གི་ཡོད།  

ཉིན་ཤས་གོང་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བལ་ཡུལ་དུ་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་བ་རེད། བོད་ཀྱི་ལོ་རྒྱུས་དང་། བོད་བརྒྱུད་ནང་བསྟན། བོད་ཀྱི་རིག་གཞུང་། ཐ་ན་མཐོ་སྒང་བོད་མིའི་འཚོ་བ་རོལ་སྟངས་སོགས་བརྗོད་གཞི་འདྲ་མིན་ཐོག་ཉམས་ཞིབ་གནང་མཁན་བོད་རིག་པ་བ་བདུན་བརྒྱ་ཙམ་གྱིས་ལོ་ངོ་བཞི་ཙམ་གྱི་རིང་ངང་སྒུག་བྱས་པའི་ཚོགས་ཆེན་འདི་བཀག་སྡོམ་བྱེད་དོན་ནི། ཚོགས་ཆེན་འདིའི་སྟེང་དུ་རྒྱ་ནག་གཞུང་གིས་གོ་འདོད་མེད་པའི་གཏམ་ཞིག་བཤད་མི་ཡོང་ངམ་སྙམ་པའི་དངངས་འཚབ་དང་། ཉན་ན་མི་སྙན་པའི་དྲང་བདེན་གྱི་གཏམ་ཞིག་བཤད་མི་ཡོང་ངམ་སྙམ་པའི་བློ་འཚབ། གཏམ་གྱི་ཟ་ཟུར་ནས་ཕོག་ཐུག་རེ་གཏོང་མི་ཡོང་ངམ་སྙམ་པའི་ཞེད་སྣང་གི་སེམས་ཁ་གཅུན་མ་ཐུབ་པའི་རྐྱེན་གྱིས་རེད་སྙམ། དེས་ན་ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་གཞན་གྱིས་གོ་ན་འདོད་པའི་གཏམ་ཁོ་ན་མིན་པར་གོ་ན་མི་འདོད་པའི་གཏམ་ཡང་བཤད་དགོས།

ད་སྐབས་བོད་ཡིག་དང་བོད་སྐད་ཀྱི་བཀོལ་རྒྱ་ཇེ་ཆུང་དང་བཀོལ་མཁན་ཇེ་ཉུང་ཡིན་པ་དང་།བོད་དང་འབྲེལ་བའི་གཏམ་བཤད་ཀྱི་ཁོར་ཡུག་ཇེ་དོག་རེད། འདི་ལོའི་ཕྱི་ཟླ་༧ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་མགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བཅའ་ཁྲིམས་ཞེས་པའི་ཁྱབ་ཚད་ཀྱི་དབང་དུ་བཏང་ན། ཁྱེད་རང་གནས་དུས་གང་དུ་ཡོད་མེད་ལ་མ་ལྟོས་པར་ཁྱེད་ཀྱི་སྨྲ་ལྕེ་ལ་ཚོད་འཛིན་བྱེད་ཀྱི་ཡིན་ཟེར་བ་དེ་གནད་འགག་ཅིག་རེད་སྙམ།

གུས་པས་བཤད་འདོད་པའི་གཏམ་དེ་མུ་མཐུད་བཤད་ཀྱི་ཡིན། དེ་ཡང་བོད་ཀྱི་དུས་བབ་ཀྱི་ཀློག་པ་པོ་རྣམས་ཀྱི་རྣ་རྩ་རུ་སྐྱེལ་བའི་འབད་པ་བྱེད་ངེས་ཡིན། ཁ་དྲོ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese