མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་བཞི།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཚའོ་ཁྲང་ཆིན། ཕུན་ཚོགས་ཀྱིས་བསྒྱུར།

            ཏག་ཏག་དུས་རབས་གཅིག་གི་དུས་ཡུན་ནང་། འཛམ་གླིང་དཀྱིལ་ཤར་དང་བྱང་ཨ་ཧྥི་རི་ཀ་བཅས་ནས་དམངས་གཙོའི་འགྱུར་ལྡོག་ཤུགས་ཆེན་བྱུང་སྟེ་ད་ལྟའི་གནས་བབ་འདིར་བསླེབས་ཚར་ཡོད་མོད། རྒྱ་དམར་གཞུང་ནི་སྔར་བཞིན་ཆབ་སྲིད་བསྒྱུར་བཅོས་ཐད་སྐྱི་གཉེར་ཙམ་ཡང་འགུལ་གྱིན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་རྣམས་ལ་དམ་དྲག་ཤུགས་ཆེན་གཏོང་བཞིན་ཡོད། འདི་ལྟའི་གནས་སྟངས་འོག དུས་ཡུན་ཐུང་ཐུང་ཞིག་གི་ནང་རྒྱ་ནག་གི་ཆབ་སྲིད་ལ་རྩ་བའི་འགྱུར་བ་འབྱུང་རྒྱུ་དཀའ་ཙམ་ཡོད་ལ། དེར་ཁོར་ཡུག་དང་རྒྱབ་ལྗོངས་གང་ནས་བལྟས་ཀྱང་མཐུན་རྐྱེན་ཡོངས་སུ་འཛོམས་མེད།

དོན་ངོ་མར་རྒྱ་ནག་མི་མང་ནི་ཊོའུ་ནེ་ཤི་ཡའི་(Tunisia)མི་རྣམས་དང་མི་མཚུངས་པ་དང་། དེ་བཞིན་ཨི་ཇིབ་(Egypt) མི་མང་དང་མི་འགྲན་པ། ནང་སྒོས་སུ་ཁྲག་དྲོན་གྱི་འཐབ་རྩོིད་བརྒྱུད་རང་དབང་བརྩོན་ལེན་བྱེད་ཕོད་པའི་ལེ་བྷི་ཡ(Labya)མི་མང་དང་གཏན་ནས་མི་དོ་བ་མ་ཟད། ཡེ་མིན་མི་མང་དང་ཅི་ལེ་མི་མང་སོགས་ལ་རྩད་ནས་མི་དོ་བ་ཡིན་ནམ། དོན་ངོ་མར་རྒྱ་ནག་ནི་ཨེ་ཤི་ཡ་ཤར་མའི་ནད་རོ་དང་། འཛམས་གླིང་རྒྱལ་ཁབ་ཁག་གི་ཆེས་མཐའ་མའི་དམངས་གཙོའི་ལམ་དུ་སྐྱོད་མཁན་རྗེས་ལུས་རྒྱལ་ཁབ་གཅིག་པུ་དེར་འགྱུར་རྒྱུ་ཡིན་ནམ།

མདོར་བསྡུས་ནས་བཤད་ན། རྒྱལ་ནག་ལ་མཁྲེག་འཛིན་གྱི་རྒྱལ་ཞེན་དམིགས་བསལ་བ་ཞིག་ཡོད་ཅིང་། གནས་བབ་དེར་རྒྱུ་རྐྱེན་མི་འདྲ་བ་ཁག་བཞི་སྔར་བཞིན་གནས་ཡོད།  

དང་པོ། གུང་ཁྲན་ཏང་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་དམངས་སེམས་ཉོས་པ།

དྲུག་བཞིའི་དམར་གསོད་ཆེན་མོའི་རྗེས་སུ། སྐབས་དེའི་དབང་འཛིན་གཅིག་ལྕོག་ཏིན་ཞའོ་ཕིན་མའོ་ཡི་དུས་རབས་ལ་ཕྱིར་བསྐྱེད་ཡོངས་སུ་བྱས་མེད་ནའང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་ཁོ་ནས་གུང་ཁྲན་ཏང་གི་དབང་ཆ་ཐག་གཅོད་བྱེད་ཐུབ་པར་ངོས་འཛིན་རྒྱུན་འཛིན་བྱས་ཡོད། ཏིན་ཞོ་ཕིན་རང་ཕྱོགས་ཀྱི་མི་ཚང་མས་དཔལ་འབྱོར་ནི་དབང་ཆ་ཐག་གཅོད་བྱེད་པའི་ཐབས་ཤེས་བླ་མེད་ཅིག་ཏུ་བསམ་ཡོད་སྟབས། མི་མཐུད་དཔལ་འབྱོར་སྒོ་འབྱེད་ལ་ཤུགས་སྣོན་བྱས་ཡོད།  འདི་ལྟའི་བསམ་ཚུལ་གྱི་འོག་ནས་གུང་ཁྲན་ཏང་གིས་དཔལ་འབྱོར་སྒོ་འབྱེད་བྱས་པ་དང་། གུ་ཡང་གི་རྣམ་པ་དང་ལྷོད་ཡང་ཟེར་བའི་བཤད་སྟངས་བེད་སྤྱད་དེ་རྒྱ་ནག་མི་མང་ལ་གཟུགས་མེད་ཀྱི་དཔལ་འབྱོར་སྒུལ་ཤུགས་གཞི་རྒྱ་ཆེ་བ་མཁོ་སྤྲོད་བྱས་ཡོད། དེ་ཡང་རྒྱ་ནག་གི་འདས་པའི་ལོ་རྒྱུས་ནི་དབུལ་ཕོངས་ཡིན་པ་འདིས་ཁོ་ཚོར་མཁོ་སྤྲོད་ཀྱི་གོ་སྐབས་ཡག་པོ་སྤྲད་ཡོད་ལ། མི་ཚང་མས་རྒྱུ་ཐོག་ལ་རྒྱག་རྒྱུར་རྔམ་སེམས་ཆེ་བ་འདིས་ཀྱང་རྒྱ་ནག་ལ་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་ཡོང་བའི་འབྲེལ་བ་གསལ་བོ་བསྟན་ཡོད། དེ་བས་གུང་ཁྲན་ཏང་གིས་གནད་འགག་དེ་དང་དཔལ་འབྱོར་འཕེལ་ཤུགས་ཀྱི་རྒྱབ་ལྗོངས་འདི་ཉིད་བེད་སྤྱད་དེ་མི་མང་གི་ལྷིང་འཇགས་སམ་ངོ་རྒོལ་མི་བྱེད་པའི་གནས་བབ་ཉོ་སྒྲུབ་བྱེད་ཀྱིན་ཡོད།

གཉིས་པ། གུང་ཁྲན་ཏང་གི་ཤུགས་ཆེ་བའི་དྲིལ་བསྒྲོག

འདི་ལ་ཕྱོགས་ངོས་གཉིས་ནས་གླེང་གི་ཡོད། གཅིག་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གུང་ཁྲན་ཏང་གི་རླབས་ཆེ་བའི་བྱས་རྗེས་ཡིན་ཚུལ་དང་། གུང་ཁྲན་ཏང་གིས་རྒྱ་ནག་གི་དབུ་ཁྲིད་བྱས་པ་དོན་སྙིང་ལྡན་ཚུལ། (ཀྲུང་གོ་གུང་ཁྲན་ཏང་གིས་རྒྱ་ནག་གི་ཚབ་མཚོན་བྱེད་ཐུབ་ཟེར་བའི་དོན) དེ་ལས་ཀྱང་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཡིན་ཚུལ་དང་། གཟི་བརྗིད་ཆེ་ཚུལ་སོགས་བརྗོད་དེ་འདས་པའི་མི་ལོ་དྲུག་བཅུའི་རིང་རྒྱ་ནག་མི་མང་རྣམས་ལ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་བརྗོད་བྱེད་ཐབས་བྱས་ཏེ། མི་མང་རྣམས་དམར་པོའི་གཞུང་གི་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་ལག་ལེན་བཅས་དོན་དངོས་དང་མཐུན་པ་ཞིག་ཡིན་ཚུལ་ལ་ཡིད་ཆེས་འཕེར་བར་བྱས་ཡོད། གཉིས་ནི་རྒྱ་ནག་མི་མང་རྣམས་འདས་པའི་གོད་ཆགས་ཀྱི་དབང་གིས་“ཟིང་འཁྲུག་”ལ་ཤིན་ཏུ་འཚེར་སྣང་ཡོད་པའི་ལོ་རྒྱུས་བེད་སྤྱད་དེ། གུང་ཁྲན་ཏང་མེད་ན་གནམ་ས་བདེ་འཇགས་ཡོང་མི་ཐུབ་ཚུལ་ཤུགས་བརྗོད་བྱེད་པ་དང་། གུང་ཁྲན་ཏང་ཁོ་ནའི་ནུས་པ་དང་དབུ་ཁྲིད་ཀྱི་གོ་གནས་ཤུགས་བརྗོད་ཀྱིས། “ཟིང་འཁྲུག་”དང་གོད་ཆག་གི་འཇིགས་སྣང་མི་མང་གི་སེམས་སུ་འཛུལ་ཐབས་བྱས་ཡོད། དེར་བསྟུན་རྒྱ་ནག་མི་མང་རྣམས་ཀྱི་སེམས་ལ་“འགྱུར་ལྡོག་”ཟེར་བ་ནི་འཇིགས་སྣང་ཅན་ཞིག་དང་ཟིང་འཁྲུག་ཟེར་བ་ནི་གོད་ཆག་ཆེན་པོ་ཞིག་ཡིན་པའི་ངེས་ཤེས་སྐྱེས་སུ་བཅུག་པ་ལ་བརྟེན་ཏེ། གུང་ཁྲན་ཏང་གི་འདོད་བློར་བཀོད་འགུག་བྱེད་པར་གོང་རིམ་གྱི་དམ་དྲག་དང་བཙན་གནོན་ཅི་བྱས་ལ་བཟོད་བསྲན་ཐུབ་པའི་སྣང་ཚུལ་ཁྱད་པར་བ་འབྱུང་བར་བྱས་ཡོད་པ་མ་ཟད། རྒྱ་ནག་མི་མང་ཤིན་ཏུ་མང་པོ་ཞིག་གི་སེམས་སུ་གུང་ཁྲན་ཏང་གིས་ལོ་ངོ་དྲུག་བཅུ་ལྷག་གི་རིང་“ཟིང་འཁྲུག་”བཟོས་པ་དང་“གོད་ཆག་”ཅི་ཙམ་བཟོས་པ་གཏིང་བརྗེད་དུ་འགྲོ་རུ་བཅུག་ཡོད།

གསུམ། གུང་ཁྲན་ཏང་གི་དྲག་གནོན་སྲིད་བྱུས།

ཆབ་སྲིད་སྒེར་གཅོད་དབང་འཛིན་པའི་ལག་འོག་ནས་མཆོངས་ཕོད་པའི་མི་སུ་ཡང་དྲག་གནོན་འོག་ཚུད་ཡོད། དེ་ཡང་ཏིན་ཞོ་ཕིན་གྱི་སྐབས་ནས་རང་དབང་བརྩོན་ལེན་བྱེད་མཁན་ཚོར་མིང་ཆས་འདྲ་མིན་གཡོགས་ཏེ་དྲག་གནོན་ཀྱི་མཆེ་བ་ཡོངས་སུ་འབུས་པར་བྱས་ཡོད་པ་བཞིན། ད་ལྟའི་ཧུའུ་ཅིན་ཐའོ་སྐབས་ཀྱི་དུས་རབས་འདིར་བསླེབས་པ་ན་དེ་ལྟའི་མིང་ཆས་འདོགས་ཚུལ་ལ་བྱུང་ཆུབ་ཡོད་པ། དེང་གི་སྐབས་སུ་དམངས་གཙོ་དང་རང་དབང་ལ་ཕྱོགས་མཁན་གྱི་མི་རྣམས་ལ་ནག་ཚོགས་དང་། ཁ་བྲལ་བ། གདོང་བཏུམ་ཆོམ་རྐུན། ཁྲམ་པ། རྒྱ་ནག་མི་མང་ལ་གནོད་འཚེ་གཏོང་མཁན་སོགས་ཀྱི་མིང་ཆལ་བེད་སྤྱད་དེ་མུ་མཐུད་འཇིགས་སྐུལ་དྲག་གནོན་བྱེད་པའི་དུས་སྐབས་སུ་འཕེལ་ཡོད། གནས་སྟངས་འདི་ནི་སྔོན་ལྟར་ཕྱོགས་གཅིག་ནས་དམ་དྲག་བྱེད་ཀྱང་ཕྱོགས་གཅིག་ནས་གུ་ཡང་བྱེད་པ་ལྟ་བུའི་རྣམ་པ་གང་ཡང་མེད་པར་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེར་གཏོང་བཞིན་པ་དེ་ཡིན། སྤྱིར་བྱང་ཨ་ཧྥི་རི་ཀ་དང་འཛམ་གླིང་དཀྱིལ་ཤར་སོགས་སུའང་སྒེར་གཅོད་ལམ་ལུགས་སྤེལ་གྱིན་ཡོད་ས་མང་པོ་ཞིག་ཡོད་ཀྱང་། རྒྱ་དམར་གཞུང་ལྟར་སྒྱུ་རྩལ་བློ་འགུག་གི་དྲག་གནོན་དང་སྟངས་འཛིན་བྱེད་ཐབས་བེད་སྤྱོད་བྱེད་པའི་གོ་རིམ་དུ་འཕེལ་ཡོད་པ་སུ་ཡང་མེད། རྒྱ་དམར་གཞུང་གི་ཆབ་སྲིད་སྒེར་གཅོད་བྱེད་སྟངས་ནི་ཆེས་ཞིབ་ཚགས་ལྡན་པ་དང་། ཆེས་གདུག་རྩུབ་ཆེ་བ། ཆེས་འཇིགས་སུ་རུང་བ་ཞིག་ཡིན།

བཞི། མང་ཚོགས་ཀྱི་དབུ་ཁྲིད་ཡིན་མདོག་སྟོན་མཁན་འགའི་ཤུགས་རྐྱེན།

རྒྱ་ནག་གི་དམངས་གཙོའི་དབུ་ཁྲིད་ཡིན་ཟེར་མཁན་ཁ་ཤས་ཀྱིས། གདུག་རྩུབ་ཆེ་བའི་སྲིད་དབང་ལ་ཁ་གཏད་གཅོག་པར་གུང་ཁྲན་ཏང་ལ་བསམ་ཤེས་བབ་བསྟུན་བྱེད་དགོས་ཚུལ་དང་། ང་ཚོ་དགྲ་བོ་ངོ་མ་མེད་ཚུལ་སོགས་ཞི་བདེ་དང་འཚེ་བ་མེད་པའི་ལམ་དུ་བསྐྱོད་དགོས་ཟེར། སྐད་ཆ་མཐོན་པོ་ཤོད་མཁན་འདི་དག་གི་ངོས་འཛིོན་ཁྲོད་མགོ་འཐོམས་རང་བཞིན་གྱི་བཀག་རྒྱ་ཞིག་ཡོད། ཁོ་ཚོས་གུང་ཁྲན་ཏང་གི་ནོར་འཁྲུལ་ཧ་གོ་བཞིན་དུ་སྐད་ཆ་མཐོན་པོ་འདི་རིགས་ཆེད་དུ་བརྗོད་ཀྱིན་ཡོད་ལ། བསམ་ཤེས་ལྡན་པའི་སྤྱང་ལྟོགས་འཚོལ་བར་ངང་སྒུག་བྱེད་ཀྱིན་ཡོད། འདི་ལྟའི་སྐད་ཆ་མཐོན་པོ་བཤད་པས་རང་ཉིད་ཀྱི་བདེ་འཇགས་སྲུང་ཐུབ་པ་མ་ཟད། (ཐད་ཀར་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་དགོས་ཚུལ་བརྗོད་མི་ཐུབ་པས་ཉེན་ཁ་ཆེར་མེད།) རང་ཉིད་ཀྱི་ཀུན་སྤྱོད་ཀྱང་འཛམ་གླིང་རང་བཞིན་ཅན་དུ་ཕྱོགས་ཏེ། ནོ་བྷེལ་ཞི་བདེ་གཟེངས་རྟགས་སོགས་ཐོབ་པར་འབད་བརྩོན་གནང་གི་ཡོད། འདི་དག་གི་ཤུགས་རྐྱེན་ཀྱིས་རྒྱ་དམར་གཞུང་གི་ཆབ་སྲིད་སྒེར་གཅོད་དབང་འཛིན་པར་ཡིད་ཆེས་དང་བག་ཕེབས། ལྷོད་ཡང་བཅས་ཐོབ་ཀྱིན་ཡོད་པ་ཟད། མི་མང་གི་ངོ་རྒོལ་ལ་འཇིགས་སྣང་ཅི་ཡང་བྱེད་ཀྱིན་མེད་ཅིང་ཆབ་སྲིད་བསྒྱུར་བཅོས་ཀྱི་ཁ་ཕྱོགས་གཏན་འབེབ་ཀྱང་བྱེད་ཐུབ་ཀྱིན་མེད།

འདི་ལྟར་ན་རྒྱ་ནག་ལ་རེ་བ་ཅི་ཡང་མེད་སོང་བ་ཡིན་ནམ་ཟེར་ན། དེ་ལོས་ཡོད། ཐོག་མར་གོང་དུ་བཤད་པའི་རྒྱུ་རྐྱེན་བཞིའི་བསམ་བློའི་འདུ་ཤེས་ཀྱིས་རྒྱ་ནག་མི་མང་རང་དབང་འཐབ་རྩོད་ཀྱི་ལམ་དུ་ཕྱོགས་ཐུབ་མེད་པ་དང་། བསམ་བློ་ནི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ངེས་འཛིན་གསལ་བོ་བྱས་ཏེ། མུ་མཐུད་གཤམ་གསལ་རྒྱུན་ཤེས་ཚན་པ་བཞི་བརྒྱུད་བསྒྲགས་བྱ་དགོས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྤྱིར་འཛམ་གླིང་འདི་འགྱུར་པ་འགྲོ་བཞིན་ཡོད་དུས་གུང་ཁྲན་ཏང་གཅིག་བུ་རྟག་བརྟན་ངང་གནས་མི་ཐུབ་པ་གསལ་བོ་རེད་དཔེར་ན་དམར་ཕྱོགས་གཙོ་འཛིན་མོ་ཙེ་ཏུང་ནས་བཟུང་དམར་ཕྱོགས་བའི་ལག་དམར་ཧུའུ་ཅེན་ཐོ་མི་ཐོག་བཞི་པ་རེད་དེའི་བར་གྱི་རྒྱ་ནག་དམར་ཕྱོགས་ཀྱི་འགྱུར་པ་ལ་གཟིགས་དང་ད་རྒྱ་ནག་རྟག་བརྟན་ངང་གནས་ཐུབ་ས་རེད་དམ།    མ་ཟད་ད་སྐབས་བུན་ཇཱ་པོ་ཟེར་པ་དེས་ཡང་མང་གཙོ་ཟེར་པ་སོགས་ཚིག་འགའ་ཤས་ཞིག་ཁ་ནས་ཤོར་བཞིན་ཡོད་པ་དང་ད་གུང་ཁྲན་ཏང་གི་ནོར་འཁྲུལ་བྱེད་བཞིན་ཡོད་པ་ཧ་གོ་ནས་ད་རྒྱལ་སྤྱིའི་ནང་དུ་འགྲོ་མ་ཐུབ་པ་སོགས་ཆབ་སྲིད་སྒེར་གཅོད་དབང་འཛིན་པའི་ལས་གནས་ལ་འགྱུར་པ་བྱུང་རྒྱུ་ཡིན་པ་དངོས་ཡོད་རེད།  ད་སྐབས་རྒྱ་མའི་མཁས་དབང་དང་རྩོམ་པ་པོ་ཤེས་ལྡན་པ་ཚོས་རྒྱ་ནག་དམར་ཕྱོགས་ཚང་གི་བྱས་ཉས་ཞིག་ཡིན་པ་མཐོང་བཞིན་ཁོང་ཚོས་ཤི་རུ་མི་འཇུག་ཐག་གཅོད་རེད་དེ་འདྲ་ཡིན་དུས་དེ་ལས་སྐྱོབ་ཐབས་བྱེད་ངས་རེད།  

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    ངོ་མ་བཤད་ན། དེང་སང་གི་རྒྱ་ནག་འདི་འཐོར་ཟིན་པའི་ཅང་ཅེཧྲིའི་སྲིད་གཞུང་ལས་ཐབས་སྡུག་པོ་འདུག
    ༡ རྒྱ་ནག་གི་འགོ་ཁྲིད་ཚོའི་ལྐོག་ཟ་རུལ་ཟུངབྱེད་པ་མང་དྲག་པས་མི་མང་གིས་རྒྱ་མིའི་འགོ་ཁྲིད་ཚོ་དགྲ་བཞིན་མཐོང་གི་ཡོད།
    ༢ རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་མི་མང་གི་ཁྲིམས་ཡིན་པ་ལས་འགོ་ཁྲིད་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་འཁུར་རྒྱུ་མེད་པས་གཞུང་དམངས་བར་ལ་འགལ་བ་ཆེན་པོ་ཡོད།
    ༣ རྒྱ་ནག་གིས་རང་ལ་སྟོབས་འབྱོར་ཡོད་བསམ་ནས་ཕྱིའི་རྒྱལ་ཁབ་མང་པོར་གཉོམ་འཛུག་བྱེད་དྲག་པས་རྒྱལ་སྤྱིའི་ཚོགས་ནང་རྒྱ་ནག་དང་ཁ་ཞེ་མཐུན་ས་མེད། རྒྱུ་རྐྱེན་དེ་རིགས་ལས་དེང་སང་རྒྱ་ནག་ལ་ཉེན་ཁ་ཆེན་པོ་འདུག

    Reply
  3. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྒྱ་ནག་མི་ཤེས་པའི་བོད་པ་རྣམས་ལ་ཕུལ།

    བོད་པ་རྣམས་དང་། སྒོས་སུ་བཙན་བྱོལ་གྱི་བོད་པ་ཕལ་མོ་ཆེས་བསམ་བློ་འདི་འདྲ་ཞིག་གཏོང་གིན་ཡོད།
    རྒྱ་ནག་ནི་འཛམ་གླིང་གི་ཆེས་རྒྱུ་མཚན་མེད་པའི་རྒྱལ་ཁབ་དང་དང་གནས་ལུགས་མེད་པའི་སྤྱི་ཚོགས། དངོས་ཡོད་ལ་མི་འཚམས་པ། སྐྱག་རྫུན་ཁོ་ནས་དུས་འདའ་བར་གྱེད་ཀྱིན་པ། ཁྲིམས་མེད་ལུགས་མེད་ཅིག་ཡིན་པ་མ་ཟད་། དེང་སྐབས་ཀྱི་རྒྱ་ནག་སྤྱི་ཚོགས་ཀྱང་དྲག་པོ་དང་བཙན་དབང་ཁོ་ནས་ཆབ་སྲིད་སྲིས་བྱུས་ལག་བསྟར་བྱེད་ཀྱིན་པ། རྒྱ་ནག་ནི་མགྱོགས་པོར་ཁ་འཐོར་ཏུ་འགྲོ་ཆོག་ཆོག་ཡིན་པ་ལྟ་བུའི་ལྟ་ཚུལ་ཤུགས་ཆེ།

    དེ་ལའང་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་མིན་མོད། རྒྱ་ནག་གི་སྤྱི་ཚོགས་དངོས་ཡོད་དཔང་ལ་བཞག་སྟེ་བལྟས་པ་ཡིན་ན། རྒྱ་ནག་གི་མི་རིགས་དུང་ཕྱུར་བཅུ་གསུམ་ལྷག་རྫུན་རྐུབ་རྫུན་སྐྱེལ་ཁོ་ན་དང་། བཙན་དབང་དྲག་ཤུགས་ཁོ་ནས་དབང་འོག་ཏུ་འདུ་དགོས་ཟེར་བ་ནི་ཅུང་དངོས་ཡོད་ཀྱི་གནས་ལུགས་དང་མི་མཚམས་པ་ཞིག་ཡིན་པར་སྙམ་ལ། དེ་ལས་དུས་རབས་འདིར་ཐོན་པའི་སྤྱི་ཚོགས་ཤིག་དེ་བཞིན་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པའི་ཐོག་དབང་ཤུགས་ཀྱིས་བེད་སྤྱོད་བྱ་རྒྱུ་ནི་ཕྱོགས་གང་ནས་བལྟས་ཀྱང་ལན་པོ་གང་ཡང་མེད། དེ་ནི་གཙོ་བོ་ད་ལྟའི་རྒྱ་ནག་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིང་མང་གི་གོ་རྟོགས་དངོས་ལ་ཆ་བཞག་ནས་གླེང་གི་ཡོད།

    འུ་ཚོས་ནམ་རྒྱུན་གུང་ཁྲན་ཏང་ལ་སྐྱོན་བརྗོད་བྱེད་སྟངས་ཀྱི་མཐོང་ཚུལ་ལས་ལྡོག་སྟེ་བསམ་ཚུལ་རེ་གླེང་ན། གུང་ཁྲན་ཏང་གིས་སྒེར་སྤྱོད་དང་དམ་དྲག་ཅི་བྱས་ལམ་དུ་འགྲོ་དགོས་པ་དང་། གུང་ཁྲན་ཏང་གིས་བསམ་ཕྱོགས་ཅི་སྤེལ་ལེགས་འགྲུབ་བྱུང་དགོས་པའི་རྒྱུ་རྐྱེན་དག་ནི་རྒྱ་ནག་མི་མང་དང་། མི་མང་དེ་དག་གི་བསམ་བློའི་འགྱུར་བ། ནང་སྒོས་སུ་་རྒྱ་ནག་་མི་མང་གི་རིག་གནས་འདུ་ཤེས་དང་། འཚོ་བའི་དགོས་མཁོ་བཅས་ལ་རག་ལས་ཡོད་པ་གསལ་བོ་ཧ་གོ་དགོས་སྙམ།

    དེ་མིན་ཚོགས་པ་དང་ཏང་ཁག་སུ་ཞིག་སྤྱི་ཚོགས་ཀྱི་དབུ་ཁྲིད་ཀྱི་སྣེ་རུ་ལངས་ཐུབ་ཡོད་པ་ལ་རྒྱུ་རྐྱེན་དང་གནས་ལུགས་གསལ་བོ་རེ་ཅི་བས་ཡོད་ཅིང་། དམངས་གཙོའི་སྲིང་གཞུང་དང་དབང་འཛིན་སྒེར་སྤྱོད་པ་སུ་ཡིན་ཡང་སྤྱི་ཚོགས་ཀྱི་རྨང་གཞིའམ། སྤྱི་ཚོགས་ཀྱི་དགོས་མཁོའི་རྒྱབ་ལྗོངས་ཤིག་ནི་ངེས་པར་དགོས། དེ་ནི་སྤྱི་ཚོགས་དཔྱད་བརྗོད་པ་རྣམས་ཀྱིས་སྲིད་གཞུང་དང་མང་ཚོགས་གཉིས་ནི་རྒྱ་མཚོ་དང་རྒྱ་མཚོའི་ངོས་ཀྱི་གྲུ་ལྟ་བུའི་འབྲེལ་བ་ཡོད་ཅིང་། རྒྱ་མཚོ་ཇི་ལྟར་འཕྱོམ་པ་དང་གྲུ་ཡང་དེ་ལྟར་གཡོ་དགོས་པའི་གནས་ལུགས་གསལ་བོ་བསྟན་པ་ལྟར་ཡིན།

    བསམ་ཞིབ་གསལ་བོ་བྱས་པ་ཡིན་ན་། མིག་སྔའི་རྒྱ་ནག་གི་གནས་བབ་ལས་གནས་ལུགས་འདི་འདྲ་ཞིག་མཐོང་ཡོང་སྟེ། དང་པོ། རྒྱ་ནག་མི་རིགས་ནི་རྒྱལ་ཞེན་གྱི་འདུ་ཤེས་ཤིན་ཏུ་ཟབ་འི་མི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་ཁྲོད་རྒྱལ་ཞེན་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་མི་མང་དང་སྒོས་སུ་རྒྱ་ནག་གཅིག་གྱུར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པའི་ལོ་རྒྱུས་ཀྱི་བག་ཆགས་ད་དུང་ཡང་ཉམས་པ་མེད་པར་གནས་ཡོད་པ།

    གཉིས་ནི། རྒྱ་ནག་གི་མི་རིགས་རང་གཤིས་ཀྱི་ངོས་ནས་དང་། རིག་གནས་སྣང་ཚུལ། དེ་བཞིན་རིན་ཐང་ལྟ་ཚུལ་སོགས་ཀྱི་ངོས་གང་ནས་བལྟས་ཀྱང་། དམངས་གཙོའི་ལམ་ལུགས། དམངས་གཙོའི་འགྲོ་སྟངས་དང་ཧེ་བག་ཅུང་ཆེན་པོ་ཤོར་ཚར་བའི་མི་རིགས་ཤིག་ཡིན་པ་མ་ཟད། ཚོགས་པ་དང་ཚན་ཆུང་སོགས་འདུ་འཛོམས་ཆུང་ངུའི་རིགས་སོགས་སུའང་འགོ་བ་དང་དཔོན་པོ་བཅས་བསྐོས་ཏེ་འགོ་བ་གཅིག་དང་ཚོགས་པ་གཅིག ཏང་ཁག་གཅིག་གི་དབུ་ཁྲིད་བྱེད་པར་གོམས་སྲོལ་གཏིང་འདྲིས་སུ་གྱུར་བས་དམངས་གཙོ་གཅིག་སྡུད་ཀྱི་འདུ་ཤེས་ཟབ་པ།

    གསུམ་ནི། རྒྱ་ནག་པ་རྣམས་གོང་མའི་རྒྱལ་རྒྱུད་རིམ་བྱུང་མང་པོ་བརྒྱུད་རིག་གནས་དང་ལོ་རྒྱུས། དེ་བཞིན་སྒྱུ་རྩལ་བཅས་ཕུན་སུམ་ཚོགས་པ་དང་། ས་ཁོངས་རྒྱ་ཆེ་བ། མི་རིགས་སྣ་མང་ཅན་ཡིན་པ། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་ཚུལ། འཛམ་གླིང་ལོ་་རྒྱུས་ཁྲོད་རྒྱ་ནག་པ་རྣམས་ཀྱི་བློ་གྲོས་དང་རྣམ་དཔྱོད་ལ་འགྲན་སློང་མི་ཐུབ་པ་ལྟ་བུའི་ང་རྒྱལ་དང་སྤོབས་པའི་བག་ཆགས་གཏིང་ཟབ་ཡོད་པ་བཅས་ལ་བརྟེན། རྒྱ་ནག་གི་གནས་བབ་མགྱོགས་མྱུར་ངང་འགྱུར་བ་འགྲོ་མི་ཐུབ་པར་གནས་ཡོད།

    དེར་བརྟེན་རྒྱ་ནག་གཞུང་འགྱུར་བ་མི་འགྲོ་བའི་རྒྱུ་རྐྱེན་རྒྱ་དམར་གུང་ཁྲན་གཅིག་པུས་དབང་སྤྱོད་ཁོ་ནས་བཟུང་ཡོད་པ་ཞིག་དང་། རྒྱ་དམར་གུང་ཁྲན་གྱི་སྒེར་གཅོད་ཁོ་ནས་མི་མང་གི་སེམས་རྩ་བཀག་ཡོད་པའི་ལྟ་ཚུལ་རྣམས་བརྒྱ་ཆའི་བརྒྱས་འགྲིག་རྟགས་རྒྱག་ཐུབ་པ་ཞིག་མིན།

    འདི་ལྟར་བཤད་ན་མི་མང་པོ་ཞིག་གིས་ཁོ་བོས་རྒྱ་ནག་ཕྱོགས་ནས་སྐད་ཆ་བཤད་ཀྱིན་འདུག་ཟེར་ངེས་ལ། རྒྱ་ནག་ཕྱོགས་ནས་ལངས་བཞིན་འདུག་ཀྱང་ཟེར་ངེས་ཡིན། ངས་ཀྱང་རྒྱ་ནག་དམར་པོ་ཕམ་པར་རྒྱོབས། རྒྱ་ནག་གུང་ཁྲན་ཁ་འཐོར་དུ་འགྲོ་བར་ཤོིག རྒྱ་དམར་གཞུང་མགྱོགས་པོ་མགོ་རྟིང་སློག་ངེས་པ་སོགས་ཁ་གཡང་ལྟ་བུའི་དཔྱད་གཏམ་དང་། འུ་ཚོའི་རྣ་ལ་སྙན་པའི་གསར་འགྱུར་དག་མུ་འགོད་གང་མང་བྱེད་པ་ལ་ལས་ཚགས་ཅི་ཡང་མེད་མོད། འདི་ལྟར་བོད་པ་རྣམས་རྒྱ་ནག་གི་སྤྱི་ཚོགས་དངོས་ལ་ཟབ་ཞུགས་བྱེད་མ་ཐུབ་པར། རྩོམ་པ་པོ་དང་གསར་འགོད་པ་རེ་གཉིས་ཀྱི་ཁ་གཡང་འོག་ཤོར་ཉེན་ཆེ་དྲགས་ན། ནམ་ཞིག་དངོས་ཡོད་སྤྱི་ཚོགས་ཀྱིས་ཁ་གྲག་ཡོང་བ་ཡིན་ན། སྐབས་དེར་བོད་པ་རྣམས་གཞི་ནས་རྒྱ་ནག་སྤྱི་ཚོགས་ལ་རྒྱུས་མ་ལོན་པའི་ནག་ཉེས་དང་ནོང་འགྱོད་ཆེན་པོ་ཞིག་ཏུ་ལྷུང་ཉེན་ལ་ཡིད་མ་བདེ་བར་འདི་ལྟར་བརྗོད་པ་ཙམ་ཡིན།

    Reply
  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    ལོང་བྱུང་ཚེ་འདི་འདྲའི་རིགས་མང་ཙམ་བསྒྱུར་གནང་ཡོང་བར་ཞུ།

    Reply
  5. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    ༡༽ གུང་ཁྲན་ཏང་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་དམངས་སེམས་ཉོ་ཐུབ་མེད་པ་ནི། བོད་དང་སོག་པོ་སོགས་ཀྱིས་མཚོན་པའི་གྲངས་ཉུང་ཁག་གི་མི་འདོད་པའི་རྣམ་འགྱུར་ལ་ཅིག་ལྟོས་དང་གསལ་ཡོང་ངེས་སོ།།
    ༢༽ གུང་ཁྲན་ཏང་གི་ཤུགས་ཆེ་བའི་དྲིལ་བསྒྲགས་ཤུགས་ཆེན་ཡིན་རུང་། རྫུན་པའི་རྣམ་འགྱུར་ནི། ཡུན་རིང་དུ་གནས་ས་མེད་པ་ནི། ལོ་རྒྱུས་དང་བདེན་པས་ར་འཕྲོད་ཀི་ཡོད་པ་འདིའོ།།
    ༣༽ གུང་ཁྲན་ཏང་གི་དྲག་གནོན་སྲིད་བྱུས་ཀྱིས་གནས་སྐབས་རང་སྲུང་ཐུབ་རུང་། དེ་ནི། འདྲ་མཉམ་ཞིག་དང་ཞི་འཇམ་མིན་པས་ན། ཡུན་རིང་དུ་དེའི་སྲིད་བྱུས་མི་བརྟན་པ་ནི། དེང་སང་གི་དཀྱིལ་ཤར་གླིང་གི་གསར་བརྗེ་རིམ་པ་འདིས་བདེན་དཔུང་ཐུབ་ཀི་རེད་དོ།།
    ༤༽ མང་ཚོགས་ཀྱི་དབུ་ཁྲིད་ཡིན་མདོག་སྟོན་མཁན་འགའི་ཤུགས་རྐྱེན་གྱིས་སྐབས་འཕྲལ་ཙམ་ལ། དབུ་ཁྲིད་ཀྱི་རྣམ་པ་ཐོན་རུང་། ཁོང་ཚོའི་མ་རུང་ཁོག་བཅུགས་ཀྱིས་སྒེར་གཅོད་སྒེར་འཛིན་གྱི་གཏིང་ནག་གི་སྲིད་བྱུས་འདི། དེང་སང་མི་དམངས་སྤྱི་ཡོངས་ཀྱི་ཤེས་རྟོགས་རྙེད་བཞིན་པའོ།།

    Reply
  6. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    གལ་སྲིད། དམར་ཕྱོགས་ཚོགས་པ་རྩ་གཏོར་གཏོང་དགོས་ན། ཕྱོགས་རིས་པའི་གཞུང་ལུགས་མེ་བསྲེག་གཏོང་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་རྩ་མེད་གཏོང་དགོས་ན། ཁ་དོན་མི་མཚུངས་པའི་ལག་ལེན་དེ་རྒོལ་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པའི་སྒྲོམ་གཞི་གཏོར་དགོས་ན། མ་རྩ་ཆེ་བའི་དཔལ་འབྱོར་གྱི་མ་རྐང་གཏོར་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་མེད་པར་གཏོང་དགོས་ན། རྐུབ་སྟེགས་བརྟན་པའི་དཔོན་ངན་རྣམས་རྫོགས་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་ཤུལ་མེད་དུ་གཏོང་དགོས་ན། ནང་ཁུལ་གྱི་འགལ་ཟླ་ཆེ་རུ་གཏོང་དགོས།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་ཐུབ་པའི་རྒྱུ་རྐྱེན་བཞི་ནི།
    དང་པོ། གུང་ཁྲན་ཏང་གི་དཔལ་འབྱོར་འཕེལ་རྒྱས་ལྐོག་ཟ་རུལ་སུངས་འདིས་དམངས་སེམས་ཉོ་མི་ཐུབ།
    གཉིས་པ། གུང་ཁྲན་ཏང་གི་ཤུགས་ཆེ་བའི་དྲིལ་བསྒྲོག་རང་གིས་རང་བཀྱག་སྐྱག་པས་རྐུབ་བཀྱག་པ་འདིས། ནམ་ཞིག་རང་གིས་ཚིག་ལ་རང་དང་རང་མིས་ཞེ་ལོག་པར་འགྱུར་ངེས།
    གསུམ་པ། གུང་ཁྲན་ཏང་གི་དྲག་གནོན་སྲིད་བྱུས་ཕྱིའི་མཐའ་མཚམས་སྲུང་སྐྱོབ་ལས་ལྷག་པའི་རང་མིར་དུག་རྩུབ་ཀྱི་འགྲོ་འགྲོན་བཏང་ཆེས་དྲགས་ནས། རྒྱ་རིགས་དང་བོད་རིགས་ཤེས་ཡོན་དང་ཕྱི་མིར་ངོ་ཚ་ནས་རང་ཤི་རྒྱབ་རྒྱབ་ཆོག་ཆོག་ལ་བསྡད་པའི་དུས་ཚོད་ཅིག་ཤར་རན་ཡོད།
    བཞི། མང་ཚོགས་དང་དམར་པོའི་དབུ་ཁྲིད་ཡིན་མདོག་སྟོན་མཁན་འགའི་ནོར་འཁྲུལ་ཆེ་མགོ་ལས་རྨ་ཆེ་བའི་ཤུགས་རྐྱེན་གྱིས། རྒྱ་ནག་གི་རྩ་ཁྲིམས་ཞིག་རལ་དུ་འགྲོ་བར་ཐེ་ཚོམས་མེད། ནག་ཕྱོགས་ཕམ། དཀར་ཕྱོགས་རྒྱལ། དྲང་བདེན་རྒྱལ་ལོ། དགེའོ། དགེའོ། དགེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese