མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཟུང་ལྷོ་ཕྱོགས་མོན་གྷོ་ཊིའི་ཁྱབ་ཁོངས་གཞུང་འབྲེལ་མིན་པའི་ས་གནས་ཚོགས་པ་ཁག་ཅིག་སྟེ། གངས་ལྗོངས་རང་བདེན་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་། མང་གཙོ་ཚོགས་པ། གཞོན་ནུ་དང་བུད་མེད་སོགས་ཀྱིས་དགོས་འདུན་གཉིས་དང་རེ་སྐུལ་གཅིག་གི་ཐོག་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་ཕྱི་ཚེས་ ༡༡ ཉིན་གྲོང་འཁྱེར་པུ་ན་རུ་བསླེབས་ཡོད་པ་དང་། དེ་གར་རྒྱ་གར་ས་གནས་གནད་ཡོད་མི་སྣ་དང་གདན་ཞུས་ཀྱིས་མཛད་སྒོ་ཚོགས་རྒྱུ་དང་ཟས་བཅད་ངོ་རྒོལ་གནང་རྒྱུ། ལས་འགུལ་བ་དང་ས་གནས་བོད་པ་མཉམ་རུབ་ཐོག་དགོན་པར་མཆོད་འབུལ་གནང་རྒྱུ་སོགས་ཀྱི་ལས་རིམ་བསྒྲིགས་ཡོད་འདུག

ལས་འགུལ་གོ་སྒྲིག་པའི་ངོས་ནས་དབུས་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འབོད་སྐུལ་ཞུས་དོན་ལྟར། སྤྱི་འཐུས་རྒྱུན་ལས་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཆེད་གཏོང་གནང་ཡོད་འདུག ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་གནམ་གྲུ་དུས་ཐོག་བསླེབས་ཡོད་ཀྱང་། ཁོང་གིས་པུ་ནའི་ལས་འགུལ་གོ་སྒྲིག་པ་ལ་ཁ་པར་བཏང་སྟེ་གནམ་གྲུ་དུས་འགྱངས་ཆགས་ཡོད་སྐོར་གསུངས་ཡོད་ཅིང་། ལས་འགུལ་གོ་སྒྲིག་པས་ཕྱི་ཚེས་ ༡༤ ཉིན་གྱི་ཟས་བཅད་ངོ་རྒོལ་སྐབས་རྒྱ་གར་གྱི་སྐུ་མགྲོན་གལ་ཆེན་ཁག་ཅིག་ཡོད་པས་ངེས་པར་ཕེབས་ཐུབ་པ་གནང་རོགས་ཞེས་རེ་སྐུལ་ནན་གྱིས་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག

ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་། སྐབས་དེར་རྒྱ་གར་སྐུ་མགྲོན་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕེབས་པར་དགའ་མོས་ཀྱིས་ཕེབས་བསུ་ཞུས་ཡོད་ཀྱང་། ཀརྨ་ཆོས་འཕེལ་ལགས་ཀྱིས་གཞུང་འབྲེལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གཏམ་བཤད་ཡག་པོ་ཞིག་གནང་ཐུབ་མེད་པ་མ་ཟད། བཟི་གཏམ་དང་སྤྱོད་ཚུལ་ཡང་འདྲ་མིན་ཞིག་བྱུང་ཡོད་སྟབས། ལས་འགུལ་གོ་སྒྲིག་པ་ཚོས་ཨུ་ཚུགས་ཀྱི་ཁོང་ཕྱིར་སྡོད་གནས་སུ་བསྐྱལ་ཡོད་འདུག

འདིའི་སྐོར་ལ་འབྲེལ་ཡོད་ལས་འགུལ་གོ་སྒྲིག་པ་དང་མཉམ་ཞུགས་པ་ཁག་ཅིག་ལ་སྐད་ཆ་དྲིས་པར། ཐེངས་འདིར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ར་བཟི་སྟེ་དོན་དག་འདྲ་མིན་ཞིག་བྱུང་བ་དངོས་ཡོད་གནས་ཚུལ་རེད། ང་ཚོས་རེ་བ་ཆེན་པོ་ཞིག་བརྒྱབ་སྟེ་དབུས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་པ་ཡིན། འོན་ཀྱང་། དབུས་ནས་ཕེབས་པའི་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཀྱི་བྱ་སྤྱོད་དེས་ས་གནས་བོད་མི་དང་ལས་འགུལ་བ་ཡོངས་ལ་བློ་ཕམ་དང་། རྒྱ་གར་མང་ཚོགས་ཀྱི་མདུན་དུ་ཁ་སྐྱེངས་པོ་ཞིག་བྱུང་སོང་།  ཞེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 79

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ད་གཟིགས་དང་ང་ཚོའི་ཚོགས་གཙོ་ཟུར་པ་སང་གི་རིན་ཐང་ཅན་གྱི་བྱས་རྗེས་གཅིག་རྗེས་གཉིས་མཐུད་བྱས་ནས་ཡོང་གི་འདུག་དེ་འདྲ་ཞིག་ཡིན་པས་དབུ་གཙང་སྤྱི་འཐུས་ནས་ཟེགས་པ་མིན་ནམ།  འོན་ཀྱང་ཟིན་བྲིས་སྤེལ་མཁན་འགའ་ཤས་ཞིག་གིས་ཡོད་ཌོབ་ནང་དུ་ཀརྨ་ཆོས་འཕེལ་ལ་བཀའ་བརྒྱུད་ཞྭ་མོ་གྱོན་ནས་འདྲ་མིན་ཞིག་བཟོ་བཞིན་པ་དེ་ཡང་ཡག་པོ་མི་འདུག་གང་ཡིན་ཞེ་ན་དེ་ཆོས་རྒྱུད་ལ་གནོད་ཀྱི་རེད་དེ་འདྲ་མི་བྱེད་པའི་རེ་བ་བཅས།

    Reply
  2. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    ངོ་མ་བྱ་བཙོག་གི་ཡ་་་་་བོད་པ་འདི་ཚོ་མུན་ནག་དང་ཀླ་གློ་ཨུ་ཚུགས་རྐྱང་ཅན་དག་དག་རེད། རྒྱ་ནག་གི་ག་རེ་བསམ་གི་རེད། སྤྱི་ཚོགས་ཆུང་ཆུང་འདིའི་ནང་ན་ཁྱི་རྐྱང་རྐྱང་གི་གང་འདུག་པ་འདི་ཅི་ཡིན་ནེ་ན། བཤད་མི་ཚར་གི་ང་ངུས་མི་ཚར་གི་་་་་་་་་་

    Reply
  3. ཀརྨ་རྣམ་རྒྱལ། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་སྤྱི་མཐུས་ནས་དགོངས་ཞུ་བྱས་ན་ལེགས། མ་གཞི་ར་མ་བཟི་ན་བོད་གཞུང་གི་སྤྱི་མཐུས་ལ་ཚུད་ཀྱི་མེད་ཚུལ་མི་མང་པོའི་བཤད་ཀྱི་འདུག་བདེན་པ་མིན་ནམ། གནའ་སྔ་མོ་རྒྱལ་ཁབ་ཆུང་ཆུང་གཅིག་ལ་མོ་རྩིས་ནང་ཆར་པ་ཞིག་བབས་རྗེས་ཉིན་བདུན་གི་རིང་ཆར་ཆུ་དེ་འཐུང་ན་སྨྱོ་་འགྲོ་རྒྱུ་ཡིན་པ་གསལ་སྒྲགས་བྱས་ཀྱང་། ཡུལ་དེའི་རྒྱལ་པོ་ལས་ཉིན་བདུན་ལ་འདོང་པའི་ཆུ་ཉར་ཚག་བྱེད་མ་ཐུབ་པ་བརྟེན། རྒྱལ་པོ་མ་གཏོགས་མི་ཚང་མ་མྱོ་བས་རྒྱལ་པོ་ཁོ་རང་ཡང་སྨྱོ་ཆུ་དེ་འཐུང་བའི་ལོ་རྒྱུས་འདྲ་བོ་མིན་ནམ།
    གང་ལྟར་ད་ཕྱིན་སྤྱི་མཐུས་ཡིན་ཚེ་ཆང་རག་འཐུང་མི་མཆོག་པའི་རྩ་ཁྲིམས་ཡོད་པ་གནང་རོགས་ཞུ་རྒྱུ་ཡིན།

    Reply
  4. གངས་དཀར། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་གཟིགས་དང་གོང་གི་རྩོམ་ཡིག་ནང་དུ་ཀརྨ་ཆོས་འཕེལ་ར་བཟི་བའི་ཚེས་གྲངས་དང་།གཏམ་བཤད་བྱས་པའི་དུས་ཚོས་གཉིས་མཐུན་གྱི་མི་འདུག
    ཕྱི་ཚེས་༡༣ཉིན་ར་བཟི་ཡོད་ཀྱང་ཕྱི་ཚེས་༡༤ཉིན་ར་བཟི་ནས་གཏམ་བཤད་སྤེལ་སོང་ཟེར་བ་ནི་འཁྱོག་བཤད་ཙམ་ལས་གཞན་མ་མཐོང་།
    ༼ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ར་བཟི་ཡོད་འདུག ༽ཟེར་བ་བདེན་ཀྱང་།

    ༼ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་། ༽
    ཞེས་པར།དཔྱད་པ་གནང་བ་ཡིན་ན་རྒྱུ་མཚན་ཡང་དག་ཞིག་གཏན་ནས་མི་འདུག
    ཀརྨ་ཆོས་འཕེལ་ལགས་ཕྱི་ཚེས་༡༣ཉིན་ར་བཟི་ཡོད་ཀྱང་ཕྱི་ཚེས་༡༤ཉིན་ར་བཟི་ཡོད་པས་རྒྱུ་མཚན་གང་ཡང་མེད་པ་དང་།རྒྱུ་མཚན་ནི།ཕྱི་ཚེས་༡༤ཉིན་གྱི་ཉིན་གུང་ཙམ་ལ་གཉིད་ལས་དྭངས་མ་ཐག་དུ།༼ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་།༽ ཞེས་པས་བཀའ་མོལ་གནང་དགོས་དོན་གང་ཡིན་ནམ།ངས་བལྟས་པ་ཡིན་ན།ཆེད་དུ་མངགས་ནས་མིང་རྐྱེན་དང་འཁྱོག་བཤད་བཟོ་ཐབས་ཁོ་ན་ཡིན་པ་ཞིག་གསལ་བཏོན་ཐུབ་ཀྱི་འདུག
    ༼ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་།༽ ཞེས་པ་དེའང་རྒྱུ་མཚན་ཞིག་གཏན་གཏན་ཡོད་རེད།གཞུང་འབྲེལ་གྱི་ཐོག་ནས་
    སྤྱི་འཐུས་རྒྱུན་ལས་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཆེད་གཏོང་གནང་བཞག་པ་ཞིག་ཡིན་པ་སོང་ཙམ་ལས་དོན་འགྲུབ་ཀྱང་རུང་མ་འགྲུབ་ཀྱང་རུང་གཏམ་བཤད་བྱ་དགོས་ངེས་ཡིན་པས་སོ།
    ད་དུང་བརྗོད་འདོད་པ་ཞིག་ལ།ཀརྨ་མ་ཆོས་འཕེལ་ཕྱི་ཚེས་༡༣ཉིན་ར་བཟི་ནས་ར་བཟིའི་གཏམ་བཤད་ཕྱི་ཚེས་༡༤ཉིན་སྤེལ་བ་རེད་ཟེར་བ་ནི།གཏམ་རྣ་བར་རུ་འགྲོ་བས་སྐད་ཆ་ཞིག་གཏན་ནས་མ་ཡིན།ལྷག་པར་དུ་ཀརྨ་ཆོས་འཕེལ་གྱིས་མཆོད་ཆང་བཏུང་བར་ཧ་སང་དགོས་དོན་གང་ཡང་ཡོད་མ་རེད།ཁོང་གྲྭ་པ་དང་སྤྲུལ་སྐུ་ཞིག་ནི་མ་ཡིན།མ་ཚད་ཁོང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་གོ་སྒྲིག་འོག་གཏམ་བཤད་བྱས་པ་ཙམ་གྱི་གང་མིན་ཚད་རེད།རྒྱུ་མཚན་ནི།དེ་སྔོན་སྐབས་གཉིས་པའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་དང་།ཡན་ལག་གང་རུང་ནས་གཞུང་འབྲེལ་མ་ཡིན་པས་ཚོགས་སྡེ་གང་རུང་ལ་ཚོགས་ཁང་ལ་སོགས་པའི་རིགས་གཡར་གནང་བ་དང་མཐུན་རྐྱེན་རོགས་རམ་སོགས་གནང་མི་ཆོག་ཞེས་གསར་བསྒྲགས་གནང་ཟིན་པས་སོ།

    Reply
  5. དམར་ཁ་ཚ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པས་དགོངས་ཚུལ་མང་ཤོས་ཤིག་ནི་སེམས་ཚོར་དང་།ལ་རྒྱ་ལས་གྲུབ་པའི་ང་རྒྱལ་གྱི་ངོ་བོར་གྲུབ་འདུག་པས་དྲ་གྲོགས་ཚོར་ཅི་ཁག་་་་ལས་འགུལ་པར་གནས་ཚང་གཡར་སའི་རྒྱ་གར་བླ་མ་དེས་ཀྱང་ང་རང་བོད་ལ་དགའ་བས་ང་ཚོ་ནང་ཚགས་བྱས་ཆོག་གི་རེད།འོན་ཀྱང་ཁྱེད་ཚོ་བོད་ཀྱི་མགོ་ཁྲིད་བྱེད་མཁན་ལ་མི་འདི་ལྟ་བུ་འཁེལ་ན་ཧ་ཅང་སྐྱོ་བོ་རེད།ཁྱེད་ཚོས་གནས་ཚུལ་འདི་དབུས་ལས་ཁུངས་སུ་ཞུ་ཐུབ་ན་ཡག་པོ་ཡོད་རེད།ང་རང་བོད་པའི་མཐོ་རིམ་མི་སྣ་ཁག་དང་འབྲེལ་བ་ཡོད།ངས་ཀྱང་ཞུ་ངེས་ཡིན་ཞེས་བཤད་འདུག་་་
    འབྲོང་བུ་སོག་ཚས་ཀརྨ་ཆོས་འཕེལ་ལ་རྒྱབ་སྐྱོར་ཁོ་ན་བྱེད་པ་ལས་དྲང་གཏམ་མི་འདུག་་་ཁོ་རང་བོད་མི་མང་དང་ཀརྨ་ཆོས་འཕེལ་གཉིས་ལས་ཀརྨ་ཆོས་འཕེལ་རྩ་ཆེར་བརྩི་མཁན་ཞིག་རེད།སྤྱི་ཚོགས་ནང་ལ་མི་འདི་འདྲ་ཡོད་ཆོག་གི་རེད།
    ཅོ་རི་ཉི་མས་རྒྱུན་དུ་རང་བཙན་དང་བོད་མི་རིགས་བཤད་ཀྱིན་ཡོད།མཁས་དབང་བློ་བཟང་སེང་གེ་ལ་ཁ་གཏོང་བཞིན་ཡོད།ད་ཐེངས་དྲང་ཚུགས་སུ་གནས་མི་འདུག་གཱ་་་སྐྱོ་བོ་རེད།སྒེར་གྱི་ཞེན་ཁོག་གི་ཆེད་དུ་བོད་མིའི་མཚན་མཐོང་དང་།གཟི་བརྗིད།ལ་རྒྱ་ཚང་མ་བརྗེད་འགྲོ་བ་ཡོང་སྲིད་པ་རེད།ཅོ་རི་ལ་དྲན་སྐུལ་ཙམ་ཡིན།
    གནས་ཚང་ངམ་མདོ་སྨད་ཚང་གི་ཀླུ་ཁོ་རྒྱུན་དུ་ཁ་ནང་དུ་འཁོར་ཡོད་པ་ཤེས་གསལ་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས། མི་ཡི་ཐ་མ་དགེ་འདུན་ཆོས་འཕེལ་གྱིས། མི་མང་ཚོགས་པའི་དབུས་སུ་དམ་བཅའ་འབུལ། ཞེས་པའི་མཁས་པའི་ངང་ཚུལ་དྲན་གྱུར་ནས།
    མི་འཐུང་མི་འཐུང་ཆང་རག་མི་འཐུང་ཞེས། མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས།
    མི་མང་མདུན་དུ་དམ་བཅའ་འབུལ་ནུས་ན། མིང་དོན་མཚུངས་པའི་སྤྱི་འཐུས་ཡོང་རེ་ཆེ།
    སྐྱོན་དང་ཞན་ཆ་སུ་དང་གང་ལ་ཡོད། ཡོ་བསྲང་བྱ་མིན་མི་ཡི་ཚད་གཞི་ཉིད།
    ཕན་པའི་རེ་སྐུལ་ཞུས་པ་ཅོ་རི་ཡི། ཐུགས་ལ་ཕོག་ཀྱང་བཟོད་གསོལ་ཞུ་ཐབས་མེད།

    Reply
  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཨ་ཁ་ཁ། ད་ལྟ་དྲ་ཐོག་གི་མི་ཁ་ཤས་ཀྱི་སྐུ་ངོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་བ་འདི་དགེ་མཚན་ལྟ་བུར་ངོམ་སོ་བྱེད་ཀྱིན་འདུག
    ང་ལ་སྤྱི་འཐུས་ར་བཟི་ཞིག་མི་དགོས་པའི་རྒྱུ་མཚན།
    ངས་ད་ལྟ་ཁ་གསལ་པོ་བྱས་ནས་བཤད་རྒྱུ་ཞིག་ལ། ངས་བཀའ་བརྒྱུད་པའི་ཆོས་ལུགས་ལ་དམའ་འབེབ་བྱེད་ཀྱིན་མེད་ལ། དེ་བས་སྐུ་ངོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་དམའ་འབེབ་བྱེད་ཀྱིན་མེད། ངས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་དེ་ཁུར་ནས། ངས་རང་ཉིད་སྙུག་འཛིན་པ་དཀྱུས་མ་ཞིག་ཡིན་པའི་འགན་དེ་ཁུར་ནས་བཤད་ཀྱིན་ཡོད། སྤྱི་འཐུས་ར་བཟི་ལ་འོས་འཕེན་མཁན་བཀའ་བརྒྱུད་པའི་གྲྭ་པ་རེད་ཟེར། འོན་ཀྱང་ཁོང་ལ་འོས་ཐོབ་ཚར་བའི་རྗེས་ཁོང་བོད་མི་མང་གི་སྤྱི་འཐུས་ཤིག་ཆགས་ཚར་བ་རེད་མ་གཏོགས་བཀའ་བརྒྱུད་པའི་སྤྱི་འཐུས་ཁོ་ན་མ་རེད། ང་ཡང་བོད་མིའི་སྒྲིག་འཛུགས་ལ་དཔྱ་ཁྲལ་འཇལ་མཁན་གྱི་བོད་མི་ཞིག་ཡིན་པའི་ཆ་ནས་ང་ལ་སྤྱི་འཐུས་འདི་འདྲ་ཞིག་མི་དགོས་ཞེས་ངས་སྐད་གསེང་ཐོན་པོས་བསྒྲགས་པ་ཡིན། ཉེ་ཆར་ངས་བྷེལ་འཇམ་དུ་ཡོད་པའི་ངའི་གྲོགས་པོ་རྩོམ་པ་པོ་ཞིག་ལ་སྤྱི་འཐུས་ཀྱི་འོས་གཞི་གསལ་བསྒྲགས་བྱས་འདུག་པ་དེར་ཁྱེད་ལ་རེ་བ་དང་ཚོར་སྣང་ཅི་བྱུང་ཞེས་སྐད་ཆ་འདྲི་སྐབས། ཁོང་གིས་ལན་དུ་ན་གཞོན་གསར་པ་མང་པོ་ཞིག་སླེབས་འདུག་ནའང་། ད་དུང་སྔོན་ཆད་ཀླད་རྙིང་མཁྲེགས་འཛིན་པ་དེ་ཚོ་ཡང་སླེབས་འདུག་པས། དམིགས་བསལ་རེ་བ་གསར་པ་ཅང་འཛིན་གྱི་མེད་ཟེར། ངེད་གཉིས་སྐད་ཆ་དེ་བཤད་ནས་ཟླ་ཤས་ལས་མ་སོང་གོང་ཁོང་གིས་བཤད་པའི་སྐད་ཆ་དེས་བསྟན་དོན་ལྷང་ལ་བུད་སོང་།

    Reply
  8. འབྲུག་འབུམ། says:
    ལོ་ 14 སྔོན།

    ཚང་མ་ར་བཟི་སོང་ན་ད་གཟོད་ལྟད་མོ་ཡོད་ཀྱི་རེད་། ཧཧཧཧཧཧཧ

    Reply
  9. GYAMTSO says:
    ལོ་ 14 སྔོན།

    དྲ་གྲོགས་རྣམས་ནས་བསམ་ཚུལ་བཏོན་སའི་ཁ་ཕྱོགས་ཀརྨ་པ་ར་བཟི་མ་ཡིན་པར་གཙོ་བོ་བཀའ་རྒྱུད་པ་ལ་རེ་བསྐུལ་ཞུ་ན་ཡག་ས་མིན་འགྲོ། ར་བཟི་འདི་ལེགས་བཅོས་མ་བཏང་ན་མ་འོངས་པར་མུ་མཐུད་དུ་གཉེན་ཁ་བཟོ་སྲིད།

    Reply
  10. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་གྱི་ལོ་རྒྱུས་ནང་དེ་འདྲའི་སྒྲུང་མང་བོ་ཡོད་པ་རེད། ལོ་ཤས་སྔོན་ཡུ་རོབ་གྲོས་ཚོགས་སུ་བསྐྱོད་སྐབས་ཀྱང་དེ་འདྲིའི་རྙོག་དྲར་ཐུག་ནས་ཕྱིར་ལོག་པ་མ་རེད་དམ། དེ་དུས་ཡང་ཞབས་འདྲེན་གནམ་སར་ི་ཤོང་བ་ཞིག་བཞག་པ་རེད།

    Reply
  11. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    དངོས་གནས་མི་འགའ་རེ་སྙིང་རྗེ་བའི་ཡུལ་རེད་གང་ཞེ་ན་རང་ཕྱོགས་ལའང་
    ཤ་ཚ་ཞེན་ཁོག་བྱེད་འདོད་ཀྱང་བྱེད་མི་ཤེས་བ་དཀར་ནག་དང་ཡག་སྩོགས་དབྱེ་མི་ཤེས་བ་སོགས་མདོར་ན་མུན་ནག་སྟུགས་པོའི་ནང་གཟུགས་རེས་གང་ཡང་མ་མཐོང་པར་རྣམ་རྟོག་གིས་རྐྱེན་པའི་ཀུ་ཅོ་སྒྲོགས་པ་དང་གཉིས་སུ་མ་མཆིས་པའི་སྙིང་རྗེ་རེད།ད་དུང་ཁ་ནང་ལ་སྐོར་ནས་སྐྱོན་དེ་ལས་ཆེར་བསགས་མཁན་མང་རབས་དང་ཐ་ན་མཚན་མ་སྨོས་པ་ཙམ་ལས༸གོང་ས་མཆོག་ལ་ཡང་བོད་སྐྱལ་བའི་ནག་ཉེས་སོགས་བགྲེང་མཁན་དེ་སོགས་ཉེན་ཁ་ཅན་མང་པོ་ཕེབས་འདུག་རེད་ངའི་ཧ་གོ་གི་ཡོད་ང་ཚོ་ད་དུང་ནད་སྙིང་གི་དྲ་རྒྱ་དེ་ལས་ཐར་ཡོད་མ་རེད་གང་ལྟར་མང་པོ་བྲིས་ཀྱང་ཕན་གི་མ་རེད་གཙོ་བོ་སྔར་གང་བྱུང་ལ་སྔར་དུས་ཐོག་དུ་སྐྱོན་བརྗོད་དང་དག་སེར་བྱེད་དགོས་རེད།
    ད་ཐེང་འདི་ཧ་ཅང་གནས་ཚུལ་ཉེན་ཅན་དང་དམིགས་དཔེ་ངན་པ་ཡིན་པས་ཁོ་ལ་འོས་འཕེན་མཁན་རྣམས་ནས་འགན་ཁུར་ཏེ་མང་གཙོས་ལམ་སྲོལ་བཞིན་སྔ་འགྱོད་ཕྱི་བསྡོམས་ནན་པོ་བྱེད་བཅུག་དགོས་རེད་དེ་མིན་མུན་ནག་ནང་གི་ཞེན་ཁོག་དང་ཤ་ཚ་དེ་རང་གཞན་གཉིས་སུ་ཕན་ལས་གནོད་ཆེ་བ་ཧ་གོ་ན་བཟང་།དུང་ཆེན་ཁ་ཕར་སྐོར་ནས་འབུད་པ་ལས་ཁ་ཚུར་རང་གི་སྣ་མཆོག་ནང་སྐོར་ན་སྐད་ཚ་དྲག་ནས་ནང་བསམ་བློ་ཡང་དག་ཞིག་འཁོར་བའི་རེ་བ་ཡོད་རེད་འོ།།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་ཞོར་དུ། གནས་ཚང་ཡང་བཟི་འདོད་ཡོད་པ་འདྲ། ང་ཡང་འཐུང་སྙིང་འདོད་བགྱིད། ང་ཚོ་ཚང་མ་མཉམ་དུ་བཟི་ན་་་ཧ་ཧ་ཧྰ།

    Reply
  13. lobsang says:
    ལོ་ 14 སྔོན།

    ཡང་བཙན་བྱོལ་བོདམིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ཞབས་འདྲེན་ཞུས་འདུག་ག ད་ངོ་ན་ངོ་ཚ་ཞེས་པ་དེ་མི་ཤེས་པར་ཁྱི་ལས་སྡུག་ཅིག་ཡིན་ས་རེད། བོད་མི་མང་གི་ཚབ་མཚོན་པའི་འཐུས་མི་ཞིག་ཡིན་པར་མ་ཟད་ད་དུང་བོད་ཀྱི་ཆོས་བརྒྱུད་ཅིག་གི་སྐུ་ཚབ་བྱས་ནས་སྤྱི་འཐུས་ཀྱི་གྲལ་དུ་སླེབས་པ་མ་ཡིན་ནམ། དེས་ན་ད་ཡིན་ན་ཁྲིམས་ཀྱིས་དབང་བསྒྱུར་བྱས་ནས་འཐུས་མིའི་གྲལ་ནས་རྒྱང་ཕུད་མི་ཐུབ་ཏུ་ཆུག་ཀྱང། བཀའ་བརྒྱུད་པ་ཡོངས་ངོ་ཚ་བོ་བཟོས་པ་དེ་བདེན་པའི་ཕྱོགས་སུ་ལངས་ནས་འབོད་སྒྲ་ཞིག་སྒྲོག་དགོས་པའི་དུས་ལ་བབ་པ་མིན་ནམ། རྐུན་རྒྱབ་ཇག་ལངས་མི་བྱེད་པར་རང་བཞིན་གསལ་བོར་བསྟན་པ་ལ་རྒྱབ་ལངས་བྱེད་མཁན་ཡོད་ན་རང་གི་རང་གཤིས་ཀྱང་གསལ་བོར་བསྟན་པ་རེད།

    Reply
  14. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ། ཀརྨ་ཆོས་འཕེལ་ར་བཟི་ནས་བོད་སྐྱེལ་མི་འདུག་པས། དེ་ལྟ་བུའི་ཚིག་ཚོན་འདེབས་དགོས་པ་གང་ཡིན་ན། ཡང་དམིགས་ཡུལ་གཞན་ཞིག་ཡིན་ན་ཅི་ཞུ་དབེན། དེ་ལས་རང་རེའི་བོད་གངས་ཅན་གྱི་ལྗོངས་དེ་སྔར་རང་བཙན་ནས་རང་སྐྱོང་ལྗོངས་དང་། རང་སྐྱོངས་ལྗོངས་ནས་མཐའ་མ་བོད་མིའི་སྒྲིག་འཛུག་གི་ངོ་བོ་རུ་བསྒྱུར་བ་དང་། ད་དུང་ཡང་གང་དུ་བསྒྱུར་ཡོང་མིན་ཆ་མི་འཚལ་བའི་གནས་ཚུལ་ཆེན་པོ་དེ་འདྲ་བ་ཞིག་བཟོས་ཟིན་པར་ངོ་རྒོལ་དང་བསམ་འཆར་རིགས་ཅི་ཡང་མེད་པར། དོན་མེད་ནང་ཁུལ་དཔུང་གདངས་སྒྲིལ་ནས་བསྡད་པ་ཡིན་ན་དགྲ་དགའ་གཉེན་དུག་ཏུ་འགྱུར་རྒྱུ་ལས་ཅི་ཡོད། དགོངས་པ་ཡག་པོ་བཞེས་དགོས་སྔར་བོད་དེ་སྐྱེལ་སྟངས་འདི་ལྟ་བུ་ཞིག་གིས་ངོ་བོའི་ཐོག་ནས་རྒྱ་མིར་སྤྲད་ཡོད་པས་དེ་དོན་ཚང་མའི་ཐུགས་ལ་ཡག་པོ་བཞག་གནང་རོགས།

    Reply
  15. གླེན་པ་ལུག says:
    ལོ་ 14 སྔོན།

    སྟོང་ལོ་གསར་པའི་བགྲང་བྱ་བརྒྱད་པར་བོད་མིའི་ཟུང་ཁྲག་ཡུར་དུ་དྲངས། །
    དེ་ཡིས་བདུད་རྩི་ཆང་ཞིག་བསྙལ་ཏེ་ཡོ་རོབ་གླིང་ནས་ཀརྨ་བཟི། །

    གཉིས་ཐིག་གཅིག་གཅིག་ཡོས་ཀྱི་ལོ་ལ་མདོ་སྨད་རྔ་བར་མི་རོ་བརྩེགས། །
    མདོ་སྟོད་དཀར་མཛེས་དམག་གིས་གཅུན་ཏེ་ཆོས་འཕེལ་ཆང་གིས་ར་རོར་གྱུར། །

    སྤྱི་སེམས་མི་ཁུར་བོད་ཀྱི་མི་དམངས་ལུང་ཁུག་ལ་རྒྱའི་ཆང་གིས་བཟི། །
    སྒེར་འཁོན་སླད་དུ་སྤྱི་འཐུས་བདམས་ན་ལྟད་མོ་ལོ་རྒྱུས་ངོས་འཇོག།

    Reply
  16. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    ཚང་མས་ཡིན་མིན་དང་དྲང་མིན་བཤད་དེ་རང་རང་གི་བརྗོད་པ་ཚད་མར་བཟུང་ནས་འདུག་དགོས་དོན་མེད། ད་དུང་ཅོ་རིས་ཆབ་བྲག་ལ་གཅིག་བྲིས་འདུག་པ་དེ་ཕྱོགས་ཞེན་དང་རྙོག་གླེང་ཙམ་ལས་གང་ཡང་མ་རེད། དེ་ནི་ཤེས་ཡོན་པ་ཞིག་ཟེར་བཞིན་ཡོད་ན་མོ་འོས་ལབ་གླེང་རེད། ཡིན་ཁུལ་ཡིན་ན་དེ་འདྲ་ཞིག་ལས་གང་ཡང་ཡོང་གི་མ་རེད།
    མདོ་དོན་དེ་སྔོན་འཇར་པན་གྱི་དཔལ་འབྱོར་བློན་ཆེན་གྱིས་ཨ་རག་འཐུང་ནས་ཚོགས་བཅར་བྱས་པ་ལ་བརྟེན། ལས་གནས་ནས་གནས་དབྱུངས་བཏང་བ་རེད། དེ་ནང་བཞིན་གནས་དབྱུངས་གཏོང་དགོས་པ་ལས་བསམ་ཤེས་དང་ངོ་སོའི་གང་ཡང་མི་ཕན། འཕྲལ་མར་ཐག་བཅད་ན་ལེགས་པ་ལས་འདི་མུར་བཞག་ན་ངན་པ་ལངས་ཤོར་དུ་འགྲོ་འདུག སྤྱིར་སྐྱོན་ཡོན་མི་དམངས་ལ་ཤེས་རྟོགས་ལྷད་སྤེལ་བ་ཡང་གསར་འགོད་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ།

    Reply
  17. མི་ says:
    ལོ་ 14 སྔོན།

    ཆོས་འཕེལ་པའི་བྱ་སྤྱོད་དང་འདྲ་བ་ཞིག་ལ་་་་་་་་
    ཁ་སངས་ཨ་རིའི་སྤྱི་འཐུས་ཤིག་གིས་རང་ལ་སྐྱེས་དམན་ཡོད་བཞིན་དུ་་དྲ་ལམ་ནས་བུ་མོ་ཞིག་ལ་པར་བསྐུར་དང་ཆགས་གཏམ་བཤད་པས་མི་མང་གིས་སྐྱོན་བརྗོད་མང་པོ་བྱས་བས་དགོངས་པ་ཞུས་འདུག གནས་ཚུལ་འདི་ན་http://www.huffingtonpost.com/2011/06/16/anthony-weiner-press-conference_n_878120.html འདུག

    Reply
  18. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དོན་བཀྲ་ཤིས་ལགས་ཀྱིས་གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་གསལ་བཤད་དེས་དེ་ལས་དོགས་ཆེ་རེ་ཕྱིན་སོང་། གོང་གི་གསར་འགྱུར་ནང་དུ་ཀརྨ་ཆོས་འཕེལ་ར་བཟི་འདུག་ཞེས་བྲིས་པ་དང་། ཁྱེད་ཀྱིས་་་་་་༼ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ བའི་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་མཛད་སྒོ་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སྐྱོད་ཐུབ་མེད་པར། ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ཤིག་ལ་ལས་འགུལ་སྤེལ་སར་འབྱོར་འདུག་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོ་མུ་མཐུད་ཨ་རག་མཆོད་ཡོད་པའི་དོགས་པ་བྱུང་ཡོད།༽ཞེས་གསུངས་དུས་སུ་དོགས་པ་བྱུང་ཡོད་ཞེས་བྲིས་འདུག་པས་་་་ཀརྨ་ཆོས་འཕེལ་ཆང་གིས་བཟི་བ་དངོས་གནས་རེད་དམ། དོགས་པ་རེད།

    འདི་ལ་རང་ཚིག་སྔར་ཕྱི་འགལ་བ་ཟེར་ལེ་མིན་འགྲོ ལས་འགུལ་གོ་སྒྲིག་པ་མང་པོ་ཡོད་པའི་ནས་ཀརྨ་ཆོས་འཕེལ་ཉིན་དགོང་ཆུ་ཚོད་༡༢བར་དུ་གཉིད་ཉལ་བ་རེད་གསུངས་མཁན་དེ་སུ་རེད་དམ། གསལ་བཤད་ཤིག་གནང་རོགས། གོ་སྒྲིག་པ་དེས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སུ་སྐྱོན་བརྗོད་བྱས་པར་ཁོང་རང་ངོ་སྤྲོད་གནང་མ་ནུས་པ་གང་རེད་དམ།

    Reply
  19. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས་སུ་གསལ་བཤད། གསར་འགྱུར་འདི་དྲང་བདེན་ཡིན་མིན་གྱི་དོགས་གནས་གཅིག་ཀྱང་མེད། གོ་སྒྲིག་པས་བརྗོད་པ་ལྟར་ན། ཀརྨ་པ་ཆོས་འཕེལ་གས་ཀྱིས་ཁ་པར་འབྱོར་ཏེ་གནམ་གྲུ་ཕྱིར་འགྱངས་ཆགས་སོང་ཟེར་ཡང་། ལས་འགུལ་གོ་སྒྲིག་པས་དྲ་ཐོག་ནས་ཞིབ་འཇུག་བྱེད་སྐབས་གནམ་གྲུ་ (Kingfisher)ཕྱི་ཚེས་ ༡༢ ཉིན་དུས་ཐོག་ཏུ་པུ་ན་རུ་འབྱོར་ཡོད་འདུག
    ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ བའི་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་མཛད་སྒོ་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སྐྱོད་ཐུབ་མེད་པར། ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ཤིག་ལ་ལས་འགུལ་སྤེལ་སར་འབྱོར་འདུག་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོ་མུ་མཐུད་ཨ་རག་མཆོད་ཡོད་པའི་དོགས་པ་བྱུང་ཡོད།
    སྤྱིར་ལས་འགུལ་གང་ཞིག་ཡིན་རུང་གོ་སྒྲིག་པ་གཅིག་ལས་ཡོད་མི་ཆོག་པའི་ཁྲིམས་སྒྲིག་གང་དུའང་གསལ་ཁ་མེད་པ་ལྟར། ཐེངས་འདིའི་ལས་འགུལ་ལ་ཡང་གོ་སྒྲིག་བྱེད་མཁན་ཚོགས་པ་ལྔ་ཡོད་སྟབས། མ་མཐར་ལས་འགུལ་གོ་སྒྲིག་བྱེད་མཁན་དང་སྤྱི་འཐུས་ཀརྨ་ཆོས་འཕེལ་སྲུང་མཁན་བཅས་མི་གཉིས་ལས་མི་ཉུང་བ་ཞིག་ཡོད་པ་རིག་པས་རྟོགས་ནུས་སོ།།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ལགས། ཀརྨ་ཆོས་འཕེལ་ཁོང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི་ནང་དུ་མ་བསྡད་པ་རེད། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཡིན་ན་ཁྱད་ཆོས་གསུམ་ཁས་ལེན་བྱེད་དགོས་པ་རེད། དེར་མ་ནུས་པ་རེད་འདོད།

    མ་གཏོགས་ཁྱེད་ནང་བཞིན་མི་དམངས་ཀྱིས་རྒྱབ་སྐྱོར་མ་ཐོབ་བ་དེ་འདྲ་མ་རེད། བཀའ་བརྒྱུད་དང་དགེ་ལུགས་གཉིས་ཀྱི་གྲྭ་དམངས་ཀྱིས་རྒྱབ་སྐྱོར་ང་ཡིན་དང་ཁོ་ཡིན་རེད།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པ་བཀྲ་ཤིས་དོན་འགྲུབ་ལགས་སུ་ཆེད་ཞུ། གཅིག་ནས་གསར་འགྱུར་འདི་དྲང་བདེན་ཡིན་མིན་གྱི་དོགས་པ་སྐྱེས་སའི་ས་ཆ་མང་པོ་ཞིག་འདུག
    དཔེར་ན། ༼༼ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག

    ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་། ༽༽ཞེས་བྲིས་འདུག་པས་སྤྱི་ཚེས་༡༣་ཉིན་ཆང་གིས་བཟི་ནས་སྤྱི་ཚེས་༡༤་ཡི་ཉིན་དགུང་ཙམ་མ་གཏོགས་གཉིད་ཉལ་བ་དང་ཉིན་དགུང་གཉིད་སད་དུས་ར་བཟི་དངས་མེད་པར་དེ་འདྲ་ཡོང་སྲིད་ཀྱི་མ་རེད། སྐད་ཆ་འདིའི་ནང་དུ་རྫུན་ཆེན་ཞིག་འདུག་སྙམ།

    ལས་འགུལ་གོ་སྒྲིག་པས་ཀརྨ་ཆོས་འཕེལ་ལགས་སུ་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་གསུངས་ཡོད་པ་རེད་ཟེར་དུས་་་་་་ལས་འགུལ་གོ་སྒྲིག་པ་ཡང་ཉིན་དགུང་བར་དུ་ཀརྨ་ཆོས་འཕེལ་ལགས་ཀྱི་ཉལ་ཁང་ནང་དུ་བཞུགས་ཡོད་པར་བསྟན་གྱི་འདུག་པས་འདིར་རྫུན་ཆེན་གཉིས་པ་རེད་འདུག་སྙམ།

    ལས་འགུལ་གོ་སྒྲིག་པ་སྤྱི་ཚེས་༡༤་ཡི་ཉིན་མོའི་ཉིན་དགུང་ལས་སྤེལ་སའི་ས་ཆ་ལ་ཡོད་དམ། ཀརྨ་ཆོས་འཕེལ་མཉམ་དུ་ཡོད། གལ་སྲིད་ཀརྨ་ཆོས་འཕེལ་མཉམ་དུ་ཡོད་ན་གོ་སྒྲིག་པ་ཁོང་རང་ཡང་རྗེས་ལུས་ཐད་ཡོད་པས་ཁོང་གཉིས་འདྲ་འདྲ་རེད།
    གལ་སྲིད་སྤྱིོ་ཚེས་༡༤་ཡི་ཉིན་དགུང་ཀརྨ་ཆོས་འཕེལ་ཉལ་ཁང་ནང་དུ་ལས་འགུལ་གོ་སྒྲིག་པ་མེད་ན་ར་བཟི་དངས་མེད་པར་ཇི་ལྟར་ཤེས་ཐུབ་བམ། སྐད་ཆ་འདིའི་ནང་དུ་རྫུན་གྱི་འཁོར་ལོ་ཞིག་སྐོར་གྱི་འདུག་སྙམ་མོ།

    རྒྱལ་གཅེས་པ་སྤྱི་འཐུས་ཀརྨ་འཕེལ་ལགས་ཆང་གིས་བཟི་རབས་དང་༢༠༠༨ལོར་ཡུང་རོ་གྲོས་འཚོགས་ནང་དུ་ལས་དོན་བསྒྲུབས་མ་ཐུབ་པའི་གནད་དོན་ལྷག་ཡོད་པར་བཤད་མཁན་ཚོ་བདེན་པ་མ་རེད། ༢༠༠༨་ལོར་ཀརྨ་ཆོས་འཕེལ་ལགས་ཀྱིས་གང་བཤད་བརྙན་དཔར་འདིར་གཟིགས་རོགས་ཞུ།།།།
    http://www.youtube.com/watch?v=cq4eIYbxl0g&feature=fvsr
    མ་ཉེས་ཁ་གཡོག་གིས་ས་རྒྱ་ཆད་ནི་མ་རེད། བཀའ་བརྒྱུད་པ་ལ་མཐོང་ཆུང་བྱེད་པར་བཞག་ན་དགའ་གི་རེད་འདོད། དེང་རབས་སྔོན་མའི་ནང་དུ་དགེ་ཆོས་མཆོག་ཆང་བཟི་ཡིན་རབས་བཤད་ནས་བཙོན་དུ་བཅུག་པ་རེད། དེང་སང་རྒྱལ་གཅེས་པ་ཀརྨ་ཆོས་མཆོག་ཆང་གིས་བཟི་རབས་བཤད་ཀྱི་ཡོད་པའི་གནད་དོན་འདི་འདྲ་ཡག་པོ་མ་རེད།

    རྒྱལ་གཅེར་ཚོ་མིག་ནང་གི་ཚེར་མ་ཆགས་ཡོང་དུས་སུ་རྒྱལ་ཁབ་རྩ་མེད་འགྲོ་བའི་སྔོན་བརྡ་ཡིན་པར་འདྲ།

    Reply
  22. གནས་ཚང་། says:
    ལོ་ 14 སྔོན།

    ཤ་ཆང་རོལ་བ་ཚོགས་ཀྱི་འཁོར་ལོ་ཡིན།
    རིགས་སྨན་བརྟེན་པ་ལུས་ཀྱི་ཕྱག་རྒྱ་ཡིན།
    ཁྱོད་བཟི་ང་བཟིའི་དབྱེ་བ་མི་ཆོད་པས།
    བཟི་གཏམ་སུ་ཡིས་བཤད་པ་ཇི་ལྟར་འབྱེད།

    Reply
  23. གངས་སྨྱུག says:
    ལོ་ 14 སྔོན།

    གྲོགས་པོ་ལགས་ཀྱིས་བྱེད་སྟངས་དེ་སྤྱི་སྒེར་གང་ལ་འབྲེལ་མེད་ཤིག་རེད། ཁྱོད་དང་ང་གཉིས་བར་མ་གཏོགས། ང་གཉིས་ཡང་གཉིས་ཕུང་གིས་ལས་ངན་བྱེད་སྟངས་ཤིག་རེད། དེ་རིང་༡༧།༠༦།༡༡ ༠༣་ ༠༠ རེད།

    Reply
  24. གངས་སྨྱུག says:
    ལོ་ 14 སྔོན།

    ངས་ད་ལྟ་མཆན་ཞིག་བཏད་ཡིན་ཡང་ད་དུང་བཀོད་མི་འདུག དེ་བཀོད་རོགས་གནང་ཞེས་རེ་བསྐུལ་ཞུ་བཞིན་ཡོད།

    Reply
  25. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    དང་པོ་གནས་ཚུལ་འདི་ཐབས་སྐྱོ་བོ་འདྲ་ཞིག་བྱུང་འདུག་སྙམ་སོང་། འོན་ཀྱང་དེ་ནི་གནས་ཚུལ་ཐོས་མ་ཐག་པའི་གློ་བུར་བའི་ཚོར་བ་ཞིག་གི་ངོས་ནས་ཞུ་གི་ཡོད། སྤྱིར་བཏང་བྱས་ན་ཀརྨ་ཆོས་འཕེལ་གྱི་གནས་ཚུལ་དེ་ཚོ་གང་ཡང་མ་རེད། མངོན་པར་གསལ་མ་གསལ་དང་། སྐྱོན་གབ་སྦས་བྱེད་མཁས་མ་མཁས། མགོ་བདེ་རིག་གྲུང་བྱེད་ཐུབ་མ་ཐུབ་ཀྱི་གནད་དོན་ཙམ་རེད། དེ་ལས་གཞན་པའི་བོད་སྤྱི་བའི་དོན་ལ་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་ནི་མགོ་གཞུང་ཞབས་རྒན་གྲས་དག་གི་ནང་ན་ཡང་ཁེངས་ནས་ཡོད། དེ་ཚོར་ཞིབ་འཇུག་རྒྱུས་ལོན་གཏིང་ཟབ་བྱོས་དང་གཞི་ནས་ཁྱོད་ལ་རྙེད་རྒྱུ་ཞིག་ཡོད། ཀརྨ་ཆོས་འཕེལ་གྱིས་ཆང་སྐྱོན་ཁུར་བ་དངོས་ཡོད་རེད། འོན་ཀྱང་ཁོང་ལ་སྐྱོན་རྐྱང་ལས་ཡོན་ཏན་གཅིག་ཀྱང་མེད་པ་རེད་དམ་ལབ་ན་རྩ་བ་ནས་མ་རེད། ཁོང་ཡོན་ཏན་ཆེན་པོ་ཡིན། མ་གཞི་གནས་ཚུལ་མང་པོ་ཤེས་རྒྱུ་མང་སོང་ན་འདི་ལྟ་བུའི་གནས་ཚུལ་ཆུང་ཚགས་རིགས་ལ་རྣ་བ་གཏོད་ན་མི་འདོད་གི དྲྭ་གྲོགས་རྣམས་ཀྱིས་སྐྱོན་གཅིག་པོ་ལ་མི་བསམ་པའི་རེ་བ་ཡོད།

    Reply
  26. lobsang says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས། དམ་བཅའ་ཞིག་གིས་ཡོང་གི་མ་རེད། ངན་ལངས་མ་བཅོས་ལངས་མེད། རྐུན་མའི་ལག་པ་འཛིན་ལངས་མེད། ཞེས་པའི་དཔེ་ལས་མ་འདས་པས་དེ་ལས་སྤྱི་འཐུས་ནང་ནང་གནས་དབྱུངས་གཏོང་དགོས་པ་རེད་སྙམ།

    Reply
  27. lobsang says:
    ལོ་ 14 སྔོན།

    གནད་དོན་འདི་ལ་དབུས་གཙང་དང་བཀའ་བརྒྱུད་མི་མང་གིས་བསམ་བློ་མ་བཏང་ཚེ། འདི་ལ་སྤྱི་འཐུས་སམ་སྤྱི་འཐུས་རྒྱུན་ལས་ནས་འདིའི་ཐོག་ཐག་གཅོད་ནན་པོ་བྱེད་དགོས་སྙམ། གནས་ཚུལ་འདི་དགའ་མི་དགའ་ཐོག་ཞིག་གི་སྐད་ཆ་མ་རེད། འདི་བོད་མི་མང་གིས་ཞབས་འདྲེན་རེད་ཡ། མི་ངན་གར་སོང་ས་ན་གཏམ་ངན་དང་ཝ་མོ་གར་སོང་ས་ན་ཝ་དྲི་ཞེས་པའི་དཔེ་ལས་མ་འདས་པས། འདིའི་ཐོག་ལ་མི་མང་གིས་ཡིག་ངག་གཉིས་ཐོག་ནས་བློ་གཟུར་བོར་གནས་པའི་བསམ་ཚུང་གང་མང་མང་འདོན་གལ་ཆེ།

    Reply
  28. སངྒེ ། says:
    ལོ་ 14 སྔོན།

    འགན་འདི་བཀའ་རྒྱུད་པ་དག་གིས་འཁུར་དགོས་པ་རེད། ཡར་སྐྱེལ་ཐུབ་ན་མར་ཕུད་ཀྱང་ཐུབ་དགོས་པ་རེད། དེ་མ་ཐུབ་ན་མང་གཙོ་མ་རེད་གཏམ་དང་དངུལ་དངོས་ཀྱིས་བསླུས་ཡོད་ངེས་རེད། དེ་མིན་འབྲེལ་བཤད་ཅི་འདྲ་བྱས་ཀྱང་ཡོང་ས་ཡོད་པ་མ་རེད་དོ།།

    Reply
  29. རྟ་བོར་བ། says:
    ལོ་ 14 སྔོན།

    སྤྱི་མཐུས་ཀརྨ་ཆོས་འཕེལ་ལགས།
    ཐེངས་འདིའི་ཁྱོད་ཀྱི་བྱ་སྤྱོད་དེ་སྐྱུག་བྲོ་བ་ཞིག་རེད།
    འདི་ནི་བོད་སྤྱི་བའི་མཚན་ཤུལ་བྱས་པ་རེད།
    ང་རང་ཉིད་བློ་ཕམ་གྱི་གནས་སུ་ཡོད།

    Reply
  30. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁོང་ལ་ཞན་ཆ་དེ་ཡོད་པ་ཤེས་བཞིན་དུ་ད་དུང་ཁོང་ཡར་བཀྱགས་ནས་མགོ་ལ་བཞག་པ་རེད།།
    ཁོང་དབུས་གཙང་སྤྱི་འཐུས་ནང་ལ་ཚུད་དཀའ་བའི་གནས་སྟངས་འོག་ནས་ཡོང་ཁུངས་གཞན་བཙལ་བ་རེད།ཐེངས་འདིར་བཀའ་བརྒྱུད་པ་དང་དགེ་ལུགས་པའི་དགེ་འདུན་པ་རྣམ་པས་འགྲན་བསྡུར་ནས་ཁོང་སྤྱི་འཐུས་སུ་སླེབས་ཐབས་གནང་བ་རེད།
    ད་དུང་ལོ་ལྔ་ལ་བཞུགས་དགོས་པས། བྱུང་ན་ལོ་ལྔའི་རིང་ལ་ཆང་སྤང་རྒྱུ་དང། མ་མཐར་ཡང་གཞུང་དོན་སྒྲུབ་དུས་ཆང་མི་འཐུང་རྒྱུའི་དམ་བཅའ་ཞིག་འཇོག་གལ་ཆེ། དེ་བས་ངས་སེམས་གཏིང་ནས་ཁོང་དང་ཁོང་ལ་འོས་བླུགས་མཁན་ཚོར་རེ་བ་འདི་ཞུ་གིན་ཡོད།

    Reply
  31. མཁར་རྔ་། says:
    ལོ་ 14 སྔོན།

    ཡང་་་་་་ཀརྨ་ཆོས་འཕེལ་ཟེར་བ་དེས་་་་་་་བོད་རིགས་སྤྱི་དང་། ཡང་སྒོས་བཀའ་བརྒྱུད་པའི་བོད་མི་རིགས་་ཀྱི་རྩ་དོན་ལ་ལྷག་བསམ་བཅིང་བའི་འབྲས་བུ་དུས་སུ་སྨིན་མི་འདུག་གམ། འུ་ཚོ་གངས་ཅན་པའི་སྤྱི་དོན་གྲུབ་འབྲས་ལྡན་པ་དང་། ༧གོང་ས་མཆོག་གིས་ཐུགས་རེ་ནང་བཞིན་འགྲུབ་དགོས་པ། གྲོས་ཚོགས་ཀྱི་ལས་དོན་ཕུན་སུམ་ཚོགས་པ་དང་འཐུས་ཚང་ཚད་ལྡན་འབྱུང་དགོས་ན། ཁོ་པ་གྲོས་ཚོགས་རང་གི་སྒྲིགས་དོན་བཞིན་དགོངས་ཞུས་ཀྱི་ལམ་ཁ་ཞིག་བསྟན་ན་མ་གཏོགས་ཐབས་གཞན་གང་ཡང་མེད་པ་རེད། མ་རེད་དམ་དྲྭ་གྲོགས་ཚོ།

    Reply
  32. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ར་བཟི་བའི་གནས་ཚུལ་འདི་ལྟ་བུ་ཡང་དང་བསྐྱར་དུ་བྱུང་བ་རེད། དེ་ཤེས་བཞིན་དུ་འོས་འདེམས་བྱས་པ་ནི་མི་མང་གིས་རང་ཉིད་ཀྱི་མགོ་རུ་རང་གིས་ཆུ་བླུག་པ་རེད། མ་འོངས་པར་འོས་འཕེན་དུས་མི་མང་གིས་འདིའི་རིགས་གཟབ་དགོས་པ་ལས་ད་ནི་འགྱོད་པས་འགྲམ་ཤ་འཐེན་ཡང་དགོས་པ་ལྷག་པ་མེད་སྙམ།

    Reply
  33. ལུང་རྟོགས། says:
    ལོ་ 14 སྔོན།

    ཁ་སང་བོད་ཀྱི་དུས་བབ་ནས་གནས་ཚུལ་འདི་མཐོང་སྐབས། སྐྱོན་བརྗོད་གཅིག་བྱེད་དགོས་བསམ་ནས་ལག་པ་འགུལ་ཚར་བ་ཡིན། འོན་ཀྱང་བསམ་བློ་ཞིག་གཏོང་དུས་ང་ཚོའི་རྩོམ་ཡིག་དང་མཆན་འབྲི་མཁན་ཚོས། བོད་གཞུང་གི་ལས་བྱེད་ཞིག་གིས་ནོར་འཕྲུལ་ཅུང་ཟད་གཅིག་ཤོར་བ་མཐོང་ན་ལམ་སང་ཚང་ཁ་ཤིག་ཤིག་གིས། གནམ་རྡིབ་པ་དང་། ས་རལ་སོང་བ་ལྟར་དུ་ཧང་སང་མདོག་གིས་སྐྱོན་བརྗོད་ཁ་མིན་སྣ་མིན་བྱེད་ཅིང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་ལ་མ་དྲངས་བའི་གཙན་གནོན་དང་གདུག་རྩུབ་ཇི་ལྟར་གཏོང་ཡང་ཡ་མཆུ་ལས་རླངས་པ་འཐུལ་ཕོད་མཁན་ཉུང་ཉུང་ཡིན་པའི་ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་འདི་ཚོའི་བྱེད་བབ་ལ་བསམ་བློ་གཏོང་དུས་དཀར་མ་ཆོས་འཕེལ་ལ་སྐྱོན་བརྗོད་བྱེད་འདོད་ཀྱི་བློ་དེ་རང་འགག་ཏུ་གྱུར་སོང་།

    Reply
  34. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བདེན་པ་ཡིན་ན། མི་མང་ལ་ཡོངས་གྲགས་ཀྱིས་དགོངས་སེལ་ཞུ་དགོས་པར་འདོད། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་རྒྱས་ཀྱི་མཚན་མཐོང་དང་ལས་དོན་ལ་མི་མང་གི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་རྒྱུར་བར་ཆད་བྱེད་ཀྱི་རེད།

    Reply
  35. དམར་ཁ་ཚ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚང་མས་མཆན་བུ་གནང་སྐབས་བསམ་ཞིབ་ཀྱིས་ཐོག་ནས་གནང་རོགས།སྤྱི་འཐུས་རྙིང་པའི་ན་ཚ་དང་།ལས་རིམ་ཡོངས་སུ་རྫོགས་པ་ཞིག་མཇུག་བསྒྲིལ་ཚར་བ་རེད།ད་ནི་སྤྱི་འཐུས་གསར་པ་རེད།
    ང་ཚོ་མི་མང་གིས་ཀྱང་སྤྱི་འཐུས་རྙིང་པ་ཚོ་བཤད་པ་མིན་པར།རྙིང་པའི་ལེའུ་དེ་བཅད་མཚམས་བཞག་ནས་གསར་པ་ཚོས་ག་རེ་བྱེད་ཀྱིན་འདུག་་་་་
    མི་རེ་རེ་ཡི་དངོས་ཡོད་ནག་ཉེས་ཐེར་འདོན་བྱེད་དགོས་པ་རེད།
    དེ་མིན་སྔོན་ཆད་ཀྱི་དེ་བཤད་བསྡད་ནའང་ང་ཚོ་མི་མང་གི་ངོས་ནས་སྤྱི་འཐུས་གསར་པ་ཚོ་ལ་ན་ཚ་རྙིང་པ་ཞིག་ངོ་སྤྲོད་བྱས་པ་དང་འདྲ།
    གྲོགས་པོ་ཚོ།བསམ་ཞིབ་གནང་རོགས།

    Reply
  36. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ངས་ཁོར་རྟག་པར་མི་ངན་ཀརྨ་ཆོས་འཕེལ་ཟེར་འབོད་ཀྱིན་ཡོད། ཁོས་༢༠༠༨ ལོར་འབྲས་སྤུངས་བློ་གླིང་གི་འདུ་ཁང་གསར་བའི་དབུ་འབྱེད་མཛད་སྒོའི་སྐབས་ཀྱང་ཞབས་འདྲེན་ཆེན་པོ་ཞིག་ཞུས་པ་རེད། དུས་བབ་ནས་ད་ཐེངས་རྒྱུ་མ་ཕུ་འདེད་བཏང་སྟེ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོ་པར་ཉེས་པ་གང་ཞིག་འགེལ་མིན་བཅར་འདྲི་གནང་རོགས། དེ་ཚོ་མི་ངན་གཉའ་རེངས་སུ་སོང་བ་ཞིག་ཡིན་པས་དེ་མུར་འཇོག་མི་རུང་།

    Reply
  37. lobsang says:
    ལོ་ 14 སྔོན།

    འདི་ཚོའི་རིགས་དངོས་གནས་དྲང་གནས་ང་ཚོ་བོད་མི་མང་གི་ཞབས་འདྲེན་རེད་ཡ། ད་དུང་བོད་མིང་མང་གི་ཚོགས་གཙོ་ཟུར་བ་དང་བཀའ་བརྒྱུད་སྤྱི་འཐུས་ཡིན་ཟེར་གྱིན་ཡོད་པ་རེད། ངོ་མ་ངོ་ཚ་བྱེད་རེད།

    Reply
  38. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    བླ་མའི་མཛད་པ་ཡིན་སྲིད། སྣང་སྲིད་དབང་དུ་བསྡུས་པའི་གྲུབ་ཆེན་ལ་འགྲན་ཟླ་ག་ལ་ཡོད། gyamtsoལགས་ཀྱིས་གསུངས་པ་བདེན་པ་རེད།

    http://www.youtube.com/watch?v=h5QD53EY9hw

    Reply
  39. དམར་ཁ་ཚ། says:
    ལོ་ 14 སྔོན།

    ང་རང་ནི་རྒྱུན་དུ་ཀརྨ་ཆོས་འཕེལ་དགའ་མཁན་ཞིག་དང་།མི་ལ་ནོར་འཕྲུལ་རེ་ཟུང་ཡོང་རྒྱུར་དེ་ཙམ་གྱིས་ཡ་མཚན་བྱེད་ཀྱིན་མེད།
    ཡིན་ནའང་།ད་ཐེངས་ཀྱི་གནས་ཚུལ་ངོ་མ་རེད།གོམ་བགྲོད་པ་ཚང་མས་ཁོའི་མི་མཐོང་སར་སྡིགས་ར་བསྐུལ་བ་དང་།ཚོགས་གཏམ་བཏང་བ།མཆི་ཞགས་འཕངས་བ་སོགས་བྱས་ཡོད་འདུག
    ད་དུང་གོ་སྒྲིག་པས་སྤྱི་འཐུས་ལྷན་ཁང་ལའང་འཁང་ར་དང་མཉམ་དུ་རྗེས་ཕྱོགས་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
    ད་ཐེངས་གཅིག་པོ་མ་རེད།ལོ་སྔོན་ཞིག་ལའང་ཕྱི་རྒྱལ་གནམ་ཐང་ནས་ལྷག་པ་རེད།འབྲས་སྤུངས་བློ་གསལ་གླིང་གི་མཛད་སྒོའི་ཉིན་ཡང་༸གོང་ས་མཆོག་གི་འཁྲིས་སུ་འཁྱར་འཁྱོར་བྱེད་བཞིན་ཡོད་པ་རེད།སྐབས་དེར་ཧོབ་ལེ་གནམ་ཐང་ནས་བཀག་འགོག་བྱས་པ་རེད།སྟབས་ཡག་ནས་ཨ་རུ་ན་ཅལ་བློན་ཆེན་རྡོ་རྗེ་མཁའ་འགྲོ་སླེབས་ཏེ་ཁོ་གཉིས་ཀྱིས་ལག་འཐམ་རེས་བྱས་པ་སོགས་ཀྱིས་སྒོ་སྲུང་བས་དམིགས་བསལ་བཏང་བ་རེད།
    འདི་ཚང་མ་ཁོའི་སྐྱོན་རེད།ཁོ་ལ་སྐྱོན་ཞིག་ཡོད་པ་ནི་ར་བཟི་བ་དེ་རེད།ཡོན་ཏན་གྱི་ཕྱོགས་ནས་འང་མེད་པ་མ་རེད།མཐོང་ཆོས་སུ་གྲུབ་པའི་སྐྱོན་ཡོན་གཉིས་ཡོད་པ་རེད།ངས་བསམ་ན་ད་ཐེངས་གཅིག་པོར་ཁོ་གུ་ཡངས་ལ་གཏོང་དགོས་པ་རེད།
    རྗེས་ཕྱོགས་ནས་ཕྱི་ལོགས་སུ་འགྲོ་རྒྱུ་མི་འདུག་་་་ནང་ལོགས་ཚོགས་འདུ་རྐྱང་པ་དང་།ཕྱི་མི་ལ་འབྲེལ་ལམ་སོགས་བྱེད་རྒྱུའི་ཁོ་ལ་དམིགས་བསལ་ལས་ཀ་ཞིག་མངགས་དགོས་ཀྱིན་འདུག
    དེ་ལྟར་བྱས་ན་ཁོ་བོས་ཕན་སའང་མང་པོ་ཡོད།

    Reply
  40. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ད་ལྟའི་གསར་འགྱུར་ནང་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་བའི་སྐོར་བྲིས་བཀོད་བྱས་པ་ཙམ་ལས་ར་བཟི་ནས་སྐད་ཆ་གང་བཤད་ཀྱི་གསལ་ཁ་གང་ཡང་མེད་པར་མུ་མཐུད་དྲྭ་གྲོགས་རྣམ་པས་ཀྱང་ཁ་མཚོན་འདེབས་ཀྱང་བྱེད་པ་དེ་གནད་དོན་ག་འདྲ་ཞིག་ལ་བསམ་ནས་བྲིས་པ་ཡིན་གསལ་པོ་བཟོ་དགོས་པ་དང་། མ་ཟད་དྲྭ་གྲོགས་གཞན་ཞིག་གིས་བཀའ་བརྒྱུད་པའི་འོས་འདེམས་དེ་དག་ནོར་འཛོལ་སོང་བའི་ཟུར་ཟ་ཡང་གནང་འདུག་པ་དེ་འགན་ལེན་སུའི་ཁུར་ཐུབ། བཀའ་བརྒྱུད་པའི་སྤྱི་འཐུས་གདམ་སྐབས་བོད་བསྟན་སྲིད་ལ་སྨིན་པ་དང་། དེ་དང་ཞོར་ལ་ཆོས་བརྒྱུད་བྱེ་བྲག་པའི་ལས་འགན་ཡང་འཐེག་ཐུབ་པའི་གང་ཟག་ཞིག་ལ་འོས་ཤོག་འཕེན་ཡོད་པ་ཐེ་ཚོམ་མེད། མི་རེ་ཟུང་དང་ཚོགས་པ་རེ་ཟུང་མི་དགའ་བའི་རྒྱུ་མཚན་དུ་བྱས་ནས་ཐམས་ཅད་བློས་བཏང་དགོས་ན་ཁག་པོ་མི་འགྲོ། དགོངས་པ་ཡག་པོ་བཞེས་ནས་དྲྭ་མཆན་བཀོད་རོགས།

    Reply
  41. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ངའི་ཨ་ཕ་ར་བཟི་བ་ཞིག་ཡིན། ཁོ་བཟི་བའི་སྐབས་སུ་རང་ཉིད་བྱས་ཉེས་གང་ཞིག་བྱས་ཡོད་མེད་མི་ཤེས། ཕྱི་ཉིན་ཉེས་པ་རེ་རང་ཉིད་ཀྱིས་བསགས་ཡོད་ན་རང་ཉིད་མིན་པའི་དག་འབུད་བྱེད་བཞིན་ཡོད། དེ་ནང་བཞིན་ར་བཟི་བ་སུ་ཡིན་རུང་བཟི་བའི་སྐབས་སུ་རང་ཉིད་ཀྱིས་གང་བྱས་མི་ཤེས། བཟི་དྭངས་འགྲོ་བའི་སྐབས་སུ་ཁ་སང་གི་གནས་ཚུལ་བཤད་ཀྱང་མི་ཕན།ཁོས་གསལ་བཤད་སྟབས་བདེ་ཞིག་གིས་གནས་ཚུལ་མཐའ་དག་ཡོངས་སུ་གསལ་བར་བྱེད་པ་ཡིན། ཁོ་དབང་ཐང་ཅན་ཞིག་ཡིན་ན་ཁོའི་ཕྱོགས་འཛིན་མཁན་གྱི་མི་ཇེ་མང་དུ་སང་ནས་མཐར་ཉེས་མིང་ཡོད་ཚད་ཁྱེད་རང་རེད་ཅེས་དྲང་བཤད་བྱེད་མཁན་ཚོར་བཙན་གྱིས་འགེབས་པ་ཡིན། དེ་དུས་སླར་ཡང་སྔར་བཞིན་ཆགས་འགྲོ་གི་རེད་ལ། སྔར་བཞིན་གདོང་པ་ལ་སྤུ་སྐྱེ་ཡོང་གི་རེད།

    Reply
  42. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    གནས་ཚུལ་འདི་དངོས་གནས་ཡིན་ན་ཀརྨ་ཆོས་འཕེལ་ཐབས་རྡུག་རེད། ༢༠༠༨་གི་གནས་དོན་ལ་ལྟོས་ནས་བཀའ་བརྒྱུད་པར་ཁ་རྡུང་གཏོང་འོས་ན་འཕེལ་རྒྱས་སྒྲོལ་མ་མཚོ་མོ་དང་ཟླ་བ་ཚེ་རིང་ནས་མར་བརྩིས་པའི་གནད་ཡོད་མི་སྣ་མང་པོ་བསྐྱར་དུ་གྲོས་ཚོགས་ར་བའི་ནང་མགོ་བོ་འདེགས་ཏེ་ཐོན་ཡོད་པས་དེ་ཚོ་འདེམས་མཁན་ལའང་ཅིའི་ཕྱིར་ཁ་རྡུང་མི་གཏོང་། བསམས་ཚུལ་དང་གནས་ཚུལ་གང་བཤད་ཀྱང་དོན་དང་ལྡན་ཞིང་ཕྱོགས་སུ་མ་ལྷོང་བར་བཤད་ན་འོས་ཤིང་མཚམས

    Reply
  43. རོ་ལངས། says:
    ལོ་ 14 སྔོན།

    བོད་ཡིག་ལས་རང་སྐྱ་ཐུབ་པ་མི་ཤེས་པ་ང་འདྲ་དག་དང་། མི་རིགས་ཆེན་པོ་དང་སྐད་ཡིག་ཆེན་པོའི་དབང་ཞབས་ལ་ཤོར་བའི་གདོང་དམར་བའི་སྐད་ཡིག་ལ་མཚོན་ན་རང་སྐད་ཐོག་གི་བརྒྱུད་ལམ་འདི་དག་ལ་རྟེན་འབྱུང་གི་འབྲེལ་བ་ཞིག་ཡོད། དེའི་ཕྱིར་ངས་རྒྱུན་དུ་མཐོང་ཆེན་བྱེད་ཀྱི་ཡོད། ཡིན་ཡང་རང་ཚུགས་ཐུབ་པ་གལ་ཆེན་པོ་རེད། རྩོམ་སྒྲིག་པའི་གསལ་བཤད་དེ་ནི་དེ་འདྲའི་སྟབས་བདེ་ཞིག་རེད་ཨང་། འོན་ཀྱང་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས།

    Reply
  44. བསོད་ནམས་བཟང་པོ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་དག་དངོས་ཡོད་རེད། རྐང་འཁོར་རྒྱང་སྐྱོད་པ་ཡོངས་ཀྱིས་མཐོང་ཐོས་བྱུང་ཡོད་པ་རེད། དོ་ནུབ་ལས་འགུལ་མཇུག་བསྡོམས་ཀྱི་མཛད་སྒོའི་སྟེང་། ལས་འགུལ་གོ་སྒྲིག་པ་དང་མོན་གྷོ་ས་གནས་གང་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གངས་རི་ལགས་ཀྱིས་ཀྱང་རྒྱ་ཁྱབ་ཏུ་བསྒྲགས་སོང་། ད་དུང་ཁོང་གིས་མ་འོངས་པར་གཞུང་ངོས་ནས་འདི་རིགས་ལ་དོ་སྣང་བྱ་དགོས་པ་དང་། སྐུ་ཚབ་ཚོའི་ངོས་ནས་ཀྱང་ས་གནས་ཁག་ལ་སྣང་ཆུང་ལྟ་བུ་གནང་མི་རུང་བའི་འབོད་སྐུལ་ཡང་གནང་སོང་།

    Reply
  45. སོག་ནག་ཚང་། says:
    ལོ་ 14 སྔོན།

    སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས།
    ནག་ཉེས་ཀྱི་བྱ་སྤྱོད་འགོག་སྲུང་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ནི་རང་ཉིད་ལ་སྟངས་འཛིན་བྱ་རྒྱུ་དེ་རེད། << འདི་ནི་༧གོང་ས་མཆོག་གི་བཀའ་སློབ་ཡིན།>>

    Reply
  46. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    དྲ་གྲོགས་རོ་ལངས་ལགས། གསར་འགྱུར་འདིར་གནད་དོན་གང་ཡང་མེད། འདི་ག་དུས་བབ་ལས་ཁུངས་ལ་ཡིག་ཐོག་གི་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར། དབུས་ནས་ཐད་ཀར་ས་གནས་ལས་འགུལ་གོ་སྒྲིག་པ་དང་ལས་འགུལ་བར་བཀའ་འདྲི་ཞུས་ཏེ་གསལ་ཁ་བྱུང་བ་བཞིན་འདོན་སྤེལ་བྱས་པ་ཡིན།

    Reply
  47. རོ་ལངས། says:
    ལོ་ 14 སྔོན།

    སྤྱིར་བཏང་བྱས་ན་ངས་ཀརྨ་ཆོས་འཕེལ་ལ་ནོར་འཁྲུལ་ཡོད་མ་རེད་ལབ་ཐུབ་ཀྱི་མེད་མོད། དེ་རིང་གི་གསར་འགྱུར་འདི་ལ་གནད་གཅིག་འདུག གཅིག་ནས་གསར་འགོད་པ་སུ་ཡིན་མི་འདུག་ལ། གཉིས་ནས་བཟི་གཏམ་ཅི་ཞིག་བཤད་མིན་ཡང་གསལ་བཤད་བྱས་ནི་འདུག དེའི་ཕྱིར་གསར་ཁང་གི་གནས་ཚུལ་ཡོང་ཁུངས་གསལ་བཤད་དགོས་པ་མ་ཚད་འགན་ཁུར་དགོས་པ་ཡིན། སྤྱིར་ཆུང་ཆུང་ཆེན་པོ་བཟོ་བ་དང་ཆེན་པོ་ཆུང་ཆུང་བཟོ་བ་འདི་འདྲ་དག་ནི་གསར་ཁང་དག་གི་ཐུན་མོངས་ཀྱི་འུར་ལྟངཞིག་དང་། དེས་ཐོག་ད་ཐེངས་མི་སྒེར་གྱི་ཁོག་དུག་ལྷན་དུ་འདྲེས་པ་ཙམ་ལས་ཅི་ཡང་མིན་པར་སེམས་སོ།།

    Reply
  48. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    མི་འདི་ཚོའི་མུ་མཐུད་དུ་བཀྲ་མི་འགྲིགས་པ་རྐྱང་རྐྱང་བྱས་ན་བཤའ་དགོས་རེད།
    ང་ཚོ་ལ་ཐོབ་ཐང་ཆ་ཚང་ཡོད་རེད། ང་ཚོའི་ཡང་ཁ་ནས་སྐྱོན་བརྗོད་པ་ཙམ་མ་ཡིན་པར་ལག་ལེན་ངེས་པར་དུ་བསྟར་དགོས་སོ།

    Reply
  49. བསྟན་འཇམ། says:
    ལོ་ 14 སྔོན།

    རྐམ་ཆོས་འཕེལ་ར་བཟི་བའི་གསར་འགྱུར་དེ་དངོས་ཡོད་གནས་ཚུལ་ཡིན་ན་སྐད་ཆ་ཅི་ཞིག་བཤད་ཡོད་མེད་ཐད་གསལ་འདོན་བྱས་ན་བཟང་སྙམ །

    Reply
  50. GYAMTSO says:
    ལོ་ 14 སྔོན།

    གཉིས་སྟོང་བརྒྱད་ལོ་ཡང་ཁོང་གི་བོད་མི་མང་ལ་ཞབས་འདྲེན་ཆེན་པོ་གཅིག་ཞུས་ཚར་ཡོད་ནའང་བཀའ་རྒྱུད་ཆོས་བརྒྱུད་ནས་ཐུགས་བསམ་ག་རེ་བཞེས་མིན་མི་ཤེས། ཁོ་ལ་ཡང་བསྐྱར་དེ་རིང་གི་གོ་སྐབས་སྤྲད་པ་རེད། དེའི་ལན་པ་བོད་གཞུན་ལ་མེད་བཀའ་རྒྱུད་ལ་ཡོད་པས་བཀའ་རྒྱུད་དབུས་ནས་གསལ་འདེབས་རེ་གནང་ན་ཡག་པོ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese