མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཟུང་ལྷོ་ཕྱོགས་མོན་གྷོ་ཊིའི་ཁྱབ་ཁོངས་གཞུང་འབྲེལ་མིན་པའི་ས་གནས་ཚོགས་པ་ཁག་ཅིག་སྟེ། གངས་ལྗོངས་རང་བདེན་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་། མང་གཙོ་ཚོགས་པ། གཞོན་ནུ་དང་བུད་མེད་སོགས་ཀྱིས་དགོས་འདུན་གཉིས་དང་རེ་སྐུལ་གཅིག་གི་ཐོག་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་ཕྱི་ཚེས་ ༡༡ ཉིན་གྲོང་འཁྱེར་པུ་ན་རུ་བསླེབས་ཡོད་པ་དང་། དེ་གར་རྒྱ་གར་ས་གནས་གནད་ཡོད་མི་སྣ་དང་གདན་ཞུས་ཀྱིས་མཛད་སྒོ་ཚོགས་རྒྱུ་དང་ཟས་བཅད་ངོ་རྒོལ་གནང་རྒྱུ། ལས་འགུལ་བ་དང་ས་གནས་བོད་པ་མཉམ་རུབ་ཐོག་དགོན་པར་མཆོད་འབུལ་གནང་རྒྱུ་སོགས་ཀྱི་ལས་རིམ་བསྒྲིགས་ཡོད་འདུག

ལས་འགུལ་གོ་སྒྲིག་པའི་ངོས་ནས་དབུས་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འབོད་སྐུལ་ཞུས་དོན་ལྟར། སྤྱི་འཐུས་རྒྱུན་ལས་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཆེད་གཏོང་གནང་ཡོད་འདུག ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་གནམ་གྲུ་དུས་ཐོག་བསླེབས་ཡོད་ཀྱང་། ཁོང་གིས་པུ་ནའི་ལས་འགུལ་གོ་སྒྲིག་པ་ལ་ཁ་པར་བཏང་སྟེ་གནམ་གྲུ་དུས་འགྱངས་ཆགས་ཡོད་སྐོར་གསུངས་ཡོད་ཅིང་། ལས་འགུལ་གོ་སྒྲིག་པས་ཕྱི་ཚེས་ ༡༤ ཉིན་གྱི་ཟས་བཅད་ངོ་རྒོལ་སྐབས་རྒྱ་གར་གྱི་སྐུ་མགྲོན་གལ་ཆེན་ཁག་ཅིག་ཡོད་པས་ངེས་པར་ཕེབས་ཐུབ་པ་གནང་རོགས་ཞེས་རེ་སྐུལ་ནན་གྱིས་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག

ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་། སྐབས་དེར་རྒྱ་གར་སྐུ་མགྲོན་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕེབས་པར་དགའ་མོས་ཀྱིས་ཕེབས་བསུ་ཞུས་ཡོད་ཀྱང་། ཀརྨ་ཆོས་འཕེལ་ལགས་ཀྱིས་གཞུང་འབྲེལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གཏམ་བཤད་ཡག་པོ་ཞིག་གནང་ཐུབ་མེད་པ་མ་ཟད། བཟི་གཏམ་དང་སྤྱོད་ཚུལ་ཡང་འདྲ་མིན་ཞིག་བྱུང་ཡོད་སྟབས། ལས་འགུལ་གོ་སྒྲིག་པ་ཚོས་ཨུ་ཚུགས་ཀྱི་ཁོང་ཕྱིར་སྡོད་གནས་སུ་བསྐྱལ་ཡོད་འདུག

འདིའི་སྐོར་ལ་འབྲེལ་ཡོད་ལས་འགུལ་གོ་སྒྲིག་པ་དང་མཉམ་ཞུགས་པ་ཁག་ཅིག་ལ་སྐད་ཆ་དྲིས་པར། ཐེངས་འདིར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ར་བཟི་སྟེ་དོན་དག་འདྲ་མིན་ཞིག་བྱུང་བ་དངོས་ཡོད་གནས་ཚུལ་རེད། ང་ཚོས་རེ་བ་ཆེན་པོ་ཞིག་བརྒྱབ་སྟེ་དབུས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་པ་ཡིན། འོན་ཀྱང་། དབུས་ནས་ཕེབས་པའི་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཀྱི་བྱ་སྤྱོད་དེས་ས་གནས་བོད་མི་དང་ལས་འགུལ་བ་ཡོངས་ལ་བློ་ཕམ་དང་། རྒྱ་གར་མང་ཚོགས་ཀྱི་མདུན་དུ་ཁ་སྐྱེངས་པོ་ཞིག་བྱུང་སོང་།  ཞེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 79

  1. བསྟན་ཆོས་དབྱིངས། says:
    ལོ་ 14 སྔོན།

    རྒན་ལྷ་མོ་ལགས། ཁྱེད་ཀྱིས་མི་ནག་ཚོང་བྱས་པ་དང་ཀརྨ་ཆོས་འཕེལ་ར་བཟི་བ་གཉིས་སུ་ནག་ཉེས་ཆེ་རྒྱུ་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ལགས།
    ཁྱེད་ཀྱིས་ཀརྨ་ཆོས་འཕེལ་ལགས་སུ་བསླབ་བྱ་བརྒྱབས་ཀྱི་ཡོད་ན་རྒྱབ་སྟངས་འདི་འདྲ་རང་ད་ཨེ་ཡིན་ན་་་་ཧཧཧཧཧཧཧ
    ངས་ཁྱེད་ལ་སྔོན་མ་ནས་བསླབ་བྱ་མ་རྒྱབ་ཞེས་བཤད་མྱངས་ཡོད་ད།།།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཅོ་རུ་ལགས།
    གཅིག་ནས་ངས་ཀརྨ་ཆོས་འཕེལ་ལགས་ལ་ཕྱིན་ཆད་ཆང་སྤོང་ཐུབ་ནབཟང་ཞེས་བཤད་པ་ལས་ཅང་བཤད་མེད། འདི་མི་འགྲིག་དོན་ཅི།
    གཉིས་ནས་ཆང་འཐུང་མཁན་མ་ཟད་ར་བཟི་མཁན་ཡང་མང་མོད་ལས་དོན་ཐད་ལ་འཐུས་ཤོར་བྱུང་ན་མི་འོས་ཚུལ་ཞིག་བཤད་ཡོད་དེ་ཡང་མི་འགྲིག་གམ
    གསུམ་ནས་འོག་འདིར་ཆོས་བརྒྱུད་སྤྱི་འཐུས་ཇི་ལྟར་འདེམས་འོས་ཞེས་པ་འདི་རེད། འདི་དེ་སྔ་ནས་བྱུང་དང་འབྱུང་བཞིན་པའི་ཆོས་བརྒྱུད་སྤྱི་འཐུས་འོས་འཕེན་དང་འབྲེལ་བའི་གནད་དོན་ཞིག་རེད། འདིར་ཡང་མི་འགྲིག་ཚུལ་གྱི་གནས་ལུགས་ཅི་ཞིག་བཤད་རྒྱུ་ཡོད།
    དེ་དག་ལ་ལན་མེད་ན་ངས་ཁྱོད་ལ་ཅི་ཡང་བཤད་དགོས་དོན་མེད།

    Reply
  4. ཨ་མའི་བུ། says:
    ལོ་ 14 སྔོན།

    ད་ལྟ་བར་དུ་དྲ་གནས་ཁག་ནང་དུ་ཐུག་པ་ར་བཟི་རྐམ་ཆོས་འཕེལ་སྐོར་ལ་གནམ་ས་འཁོལ་བ་ལྟ་བུའི་བགྲོ་གླེང་ཤུགས་ཆེ་བྱས་ཀྱང་རང་ཉིད་ལ་གནོང་ཡོད་པའི་ར་བཟི་རྐམ་ཆོས་འཕེལ་གྱི་མ་མཐོང་མ་ཐོས་ཁུལ་གྱི་ད་ལྟ་བར་དུ་ལན་འདེབས་ཙམ་ཡང་མ་བྱེད་པའི་རྒྱུ་མཚན་ཅི། ཅོ་རི་ལ་སོགས་པའི་དྲ་གྲོགས་རེ་ཟུང་གི་བདེན་པ་རི་ཙམ་ཕར་གཡུག་ཏེ། ད་དུང་ཡང་མ་བདེན་རྫུན་སྒྲིག་ཁོ་ན་བརྗོད་དོན་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་རེད་མཉམ་མོ།

    Reply
  5. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    གསར་འགྱུར་འདིར་མིག་གཤེར་ཞིག་བྱེད་དུས་ནང་འགལ་དང་བརྒྱུད་རིམ་མི་ལྡན་པ། དོན་དངོས་དང་མི་མཐུན་པའི་འཚོར་སྣང་བྱུང་། མ་གཞི་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་། ཕྱོགས་འཐེན་གྱི་བསམ་བློ་ཁོ་ནས་མི་ལ་གཞི་མེད་སྐྱོན་འཛུགས་དང་ཚིག་མཚོན་གྱི་ཆར་བ་འབེབས་བཞིན་པ་འདི་ནི་རྒྱུན་ལྡན་ཞིག་ཡིན་ཧ་ལས་རྒྱུ་ཅི་ཡང་མེད་དོ།

    ༡། ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་གནམ་གྲུ་དུས་ཐོག་བསླེབས་ཡོད་ཀྱང་། ཁོང་གིས་པུ་ནའི་ལས་འགུལ་གོ་སྒྲིག་པ་ལ་ཁ་པར་བཏང་སྟེ་གནམ་གྲུ་དུས་འགྱངས་ཆགས་ཡོད་སྐོར་གསུངས་ཡོད་ཅིང་།

    ༢། ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག

    ༣། ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ནད་པ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ལོ་མང་རྒྱུས་མངའ་ཡོད་པའི་བཀའ་མོས་གནང་འདུག་པས་དགའ་པོ་བྱུང་། ཁྱེད་ཀྱི་གསུངས་པ་ལྟར་བཟང་ངན་དབྱེ་བ་མ་ཕྱེས་པར་གཞུང་དྲང་ཅན་གྱི་མི་བུ་ཀརྨ་ཆོས་འཕེལ་ལགས་སུ་བཙན་བྱོལ་མི་དམངས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཞུང་དངུལ་ལྐོག་ཟས་བྱས་ནས་ཁང་པ་ཐོག་རྩེག་བརྒྱབས་པས་ཟོལ་འདྲ་བྱས་བསྡད་པ་འདིར་སེམས་སུ་ཐད་ཁག་པོ་འདུག

    གཉིས་ནས་་་་་ལྷ་མོ་སྐྱབས་ལགས། ཁྱེད་དང་མཉམ་དུ་བརྩད་པ་མང་པོ་བརྒྱབས་མྱངས་ཡོད་ཀྱང་སྐད་ཆ་གནད་ལ་ཁེལ་བ་ཞིག་བཤད་པ་མཐོང་མྱངས་མེད། དྲག་ཤོས་ཁྱེད་ཀྱི་ཐུགས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་ལ་འགྱུར་བ་བཏང་འདོད་མེད་པའི་རྩོམ་ཡིག་ཞིག་བཀླགས་སྐབས་སུ་ཁྱེད་ལ་མྱི་དྲི་ཏོག་ཙམ་ཁ་བྱུང་བསམ་པའི་ཚོར་བ་ཞིག་བྱུང་།

    ལྷ་མོ་སྐྱབས་ལགས། ཁྱེད་ལ་ཁག་མེད་ཡ། ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་གྲོས་འཚོགས་ནང་དུ་བཙོན་ཁང་མིག་གིས་མཐོང་མ་མྱངས་བར་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་རྒྱལ་འགྲོ་མཁན་ཚོ་ལ་མཛུག་མོ་བཙུགས་ཡོད། ཕ་ཡུལ་གཅིག་པ་ཡིན་མིན་དང་གྲོགས་པོ་ཡིན་མིན་ལ་མ་བལྟས་པར་ནག་ཉེས་ཁ་ཐུག་གྲོས་འཚོགས་ནང་དུ་བཤད་ནུས་མཁན་ཀརྨ་ཆོས་འཕེལ་མ་གཏོགས་སྤྱི་འཐུས་སུ་འདུག་གམ།

    ཀརྨ་ཆོས་འཕེལ་གྱི་གཏམ་དཔེར།
    ཨ་མ་དང་མནའ་མ་ནོར། ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནོར། ཆབ་སྲིད་བཙོན་པ་དང་སྤྱི་འཐུས་ནོར་སོང་ཞེས་གསུངས་པ་རེད། ཁྱེད་འདྲ་བའི་བོད་སྤྱི་པའི་མིང་ཐོག་ནས་ཕྱི་རྒྱལ་ལ་བསླེབས་མཁན་ཚོ་ལ་ཕོག་སྡུག་སོང་ཡོད་པ་ཤེས་ཤེས་པ་རེད།

    ཁྱེད་ཀྱི་བསམ་པ་་་་་ང་ཅོ་རི་ཀརྨ་ཆོས་འཕེལ་ལགས་ཀྱི་གཉེན་ཉེར་དང་ངོ་ཤེས་འདྲ་གཅིག་མིན་འགྲོ་བསམ་གྱི་ཡོད་ཚོད་རེད། ངས་ཀརྨ་ཆོས་འཕེལ་ལགས་སུ་ངོ་ཐུག་ཙམ་བྱས་མྱངས་མེད། ངའི་གཉེན་ཉེར་མིན་ལ་ངོ་ཤེས་ཀྱང་མིན། མིན་ནའང་ཁོང་གིས་བཤད་པའི་དྲང་བདེན་གྱི་སྐད་ཆ་ལ་དུང་བ་ཆེན་པོ་ཡོད། མ་ཟད་ཁོང་མི་བུ་རྒྱལ་ཞེན་པ་ཞིག་དང་ཤཻས་ཡོན་ཅན། རུས་རྐང་ཅན། ཁ་ཐུག་བཤད་ཕོད་པ། བཤད་པའི་སྐད་ཆ་ལ་དྲང་བདེན་ཡོད་པ་ཞིག་མཐོང་གི་ཡོད།

    གནས་ཚུལ་འདི་དག་གིས་ཁོང་ཡག་པོ་ཞིག་མཐོང་གི་ཡོད། དེ་ཙམ་ལས་འདྲ་བ་དང་འབྲེལ་བ་གང་ཡང་མེད། དེར་ཤེས་པ་བྱོས།
    ངས་ཁྱེད་ལ་དྲི་བ་ཞིག་ཡོད།
    ཁྱེད་རང་སྤྱི་འཐུས་བྱས་མྱངས་པའི་ཉམས་མྱངས་ཆ་ཚང་ཡོད་རེད། སྤྱི་འཐུས་བཞི་ཅུ་ཞེ་གྲངས་ནང་དུ་ཆང་འཐུང་བ་ཀརྨ་ཆོས་འཕེལ་མ་གཏོགས་མི་འདུག་གམ། ཁྱེད་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སྡང་དགོས་དོན་དང་སྒེར་སུ་བཀའ་རྒྱུད་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སུ་སྡང་ཟུག་བྱས་དགོས་དོན་གྱི་རྒྱབ་ལྗོངས་གང་ཡིན་ནམ།།།།

    Reply
  7. གླེན་པ་ལུག says:
    ལོ་ 14 སྔོན།

    སྤྱི་འཐུས་མང་པོ་ཞིག་གཡོ་དང་རྫུ་ལ་གོམས། །སྤྱི་སེམས་མེད་ན་ཡང་ཡོད་མདོག་རྒྱུན་དུ་བྱེད། །སྤྱི་འཐུས་ཐོབ་རྗེས་སུ་དཔའ་སྐད་འདོན་པ་ཡི། །སྤྱི་འཐུས་སྐོར་ཞིག་ནི་ད་ལོར་བྱུང་ཡོད་དོ། །རང་ཕྱོགས་རྒྱལ་སོང་ཞེས་གད་མོ་དགོད་པ་དང་། །ཁྱོད་ཚོ་ཕམ་སོང་ཞེས་གཞན་ལ་འཕྱ་བ་སོགས། །གང་ལྟར་རང་གི་རྐང་པ་གཉིས་སྤྱི་ལ་བརྟེན་ནས་སུ། །རང་དོན་ཁང་པ་ཞིག་རྒྱག་ལ་བརྩོན་གྱི་འདུག ཀརྨ་ཆོས་འཕེལ་གྱི་ཟོག་རྫུ་མི་ཚེའི་ནང་། །སྐབས་རེ་སྐབས་རེ་ལ་མངོན་ཙམ་མངོན་ཙམ་བྱེད། །མི་ཚེའི་གྲོད་ཁོག་དེ་སྤྱི་ལ་བརྟེན་ནས་སུ། །སྤྱི་སེམས་ཆེ་མདོག་གི་དཔའ་སྐད་སྒྲོག་པ་ལ། །བོད་མི་གླེན་པ་ཚོ་ངོ་མཚར་སྐྱེས་ནས་ཡོད། །བྱབ་ཆུང་བོད་ཅེས་པ་ནམ་ཡང་དེ་འདྲ་རེད། །

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཆོས་བརྒྱུད་སྤྱི་འཐུས་ཇི་ལྟར་འདེམས་འོས།

    ཆོས་བརྒྱུད་སྤྱི་འཐུས་འདི་ངོ་མ་ཉོག་གྲ་ཞིག་རེད། ཀརྨ་ཆོས་འཕེལ་ལགས་དོན་ངོ་མ་བཀའ་བརྒྱུད་པ་ཞིག་ཡིན་ནམ་ཡང་ན་དགེ་ལུགས་པ་ཞིག་ཡིན། ཆོལ་ཁ་གཉིས་ཀྱིས་ས་ཁོངས་གཅིག་གི་མི་འཕྲོག་རྩོད་ཀྱི་སྤྱི་འཐུས་དེ་བྱུང་ཚར་བ་རེད། ད་ཡང་ཆོས་བརྒྱུད་གཉིས་ཀྱིས་མི་གཅིག་རྩོད་པའི་གནས་ཚུལ་བྱུང་བ་རེད། འདིའི་གནད་དོན་གྱི་གནད་དོན་དེ་སུས་ཤེས་སམ།
    གལ་ཏེ་མི་སྐྱ་ཞིག་རང་ཉིད་ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་ཚུལ་གསལ་བཤད་མ་བྱས་པར་དེ་ལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཆོས་ཡོད་མིན་མི་ཤེས་ལ། གལ་ཏེ་མི་སྐྱ་དེས་རང་ཉིད་ཆོས་བརྒྱུད་གང་ཞིག་ཡིན་པ་གསལ་བཤད་གནངས་རྗེས་ཆོས་བརྒྱུད་གཞན་ཞིག་གིས་དེ་ལ་འོས་ཤོག་འཕེན་སྟངས་ཤིག་ཡོད་དམ། ཡང་མི་སྐྱ་ཞིག་གིས་ང་ཆོས་བརྒྱུད་རིས་མེད་ཡིན་ལབ་ན་དེ་ལ་འོས་ཤོག་ཇི་ལྟར་འཕེན་འོས། ང་ནི་ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་བྱ་འོས་པར་འདོད་མཁན་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། ད་ལྟའི་གནས་སྟངས་ལ་དེ་ཡོང་དཀའ་བའང་ཤེས་ཡོད། འོན་ཀྱང་འདི་མུར་འཇོག་འོས་པ་ཞིག་ནམ་ཡང་མཐོང་གིན་མེད།
    གལ་ཏེ་ཆོས་བརྒྱུད་སྤྱི་འཐུས་ནང་ལ་མི་སྐྱ་མེད་པ་ཞིག་བཟོས་ན། ཡང་ན་་་གལ་ཏེ་མི་སྐྱ་ཚང་མས་ཆོས་བརྒྱུད་སྤྱི་འཐུས་གདམ་ཆོག་པ་ཞིག་བཟོས་ན།
    ཡང་ན་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཆོས་ལ་ཆོས་བརྒྱུད་གང་དེའི་ཐོས་བསམ་སློབ་གཉེར་ཚད་་ལྡན་ཞིག་དགོས་པ་བཞག་ན།
    ཡིད་བཞིན་ནོར་བུས་འཛམ་གླིང་གི་ཆོས་ལུགས་ཁག་ཚང་མ་འཆམ་མཐུན་མཉམ་འབྲེལ་ཡོང་བར་ཐུགས་བརྩོན་གནང་བཞིན་པའི་སྐབས་སུ་ང་ཚོའི་ཆོས་བརྒྱུད་ནང་ཁུལ་ལ་ཉོག་གྲ་རྒྱུན་མ་ཆད་པར་བསྡད་ན་བོད་མིའི་སེམས་ལ་ཅི་ཞིག་དྲན་གི བློ་ཕམ་དང་སྐྱོ་སྣང་་ངོ་ཚ་་ཅི་རིགས་ཀྱི་ཚོར་བ་ཞིག་འདུག་གམ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བོད་དུས་བབ་འདི་ཡང་མི་ཀློག་པ་དང་། བཀླགས་ན་ཡང་ལན་འདེབས་ཅི་ཡང་མེད་པ་འདིས་གང་མཚོན་ནུས་སམ།

    Reply
  10. རོ་ལངས། says:
    ལོ་ 14 སྔོན།

    ངས་མཆན་ཁ་ཤས་འཕྲོ་བརླགས་བཟོས་སོང་།ཅི་རེད་འདི་ན་བཀའ་བརྒྱུད་པ་དང་ཀརྨ་ཆོས་འཕེལ་ལ་སྐྱོན་མ་བརྗོད་ན་ས་མིག་མེད་པ་རེད་དམ། ཡང་ན་འདི་དེ་དག་ལ་སྐྱོན་རྗོད་བྱེད་མཁན་དག་གི་རྩེ་ར་ཡིན་པས་རེད། དེ་མིན་ན་དཀའ་ལས་བརྒྱབ་པའི་འབྲས་བུ་སྣང་མེད་བྱེད་པ་ག་རེ་ཡིན།

    Reply
  11. རོ་ལངས། says:
    ལོ་ 14 སྔོན།

    འགའ་རེས་སྤྱི་མཐུས་ཀརྨ་ཆོས་འཕེལ་དབུས་གཙང་ཆོལ་ཁས་མི་ཁོང་ནས་ཕུད་པ་མ་ཟད། དགེ་ལུགས་པས་ཀྱང་བདག་པོ་མ་རྒྱབ་པ་རེད་ཟེར། ད་དུང་གཞན་ལ་རིག་པ་འཆོལ་ཚར་འདུག་ཟེར་ནས་ཀླན་ཀ་འཚོལ། ཧ་ཧ་ཧ་ངོ་མ་དགོད་བྲོ་བ་ལ།  ཀརྨ་ཆོས་འཕེལ་དབུས་གཙང་ཆོལ་ཁའི་ཁོང་ནས་ཕུད་ཐབས་རྩ་བ་ནས་མེད་དེ། སུ་ཞིག་གིས་དབུས་གཙང་ཆོལ་ཁའི་མི་མ་ཡིན་པ་བཟོ་ཐུབ། གལ་སྲིད་བཟོས་པའི་དབང་དུ་བཏང་ན་དེས་འགྲོ་བ་མི་ཡི་ཐོབ་ཐང་རྡོག་རུལ་དུ་བཏང་བ་རེད་ལ། དགེ་ལུགས་པས་བདག་པོ་རྒྱག་གི་མེད་ན་སྔོན་འགྲོ་འི་སྐབས་འོས་ཤོག་སྟོང་ཕྲག་མང་པོ་དེ་ཅི་ལ་འཕངས། དེས་ན་ཁོང་དགེ་ལུགས་པས་བདག་པོ་མ་བརྒྱབ་པ་མིན་པར་དགེ་ལུགས་སྤྱི་མཐུས་སུ་མ་ལངས་པ་རེད། དེས་ན་ཨ་མི་བུ་མིན་པར་ར་མའི་བུ་ཡིན་པར་སྣང་ལ། ར་མའི་བུ་ཡང་རག་གིས་བཟི་ཡོད་པར་སྣང་ངོ་། ཨ་ལ་ཐ་མ་འདི་ཀུ་རེ་ཙམ་ཡིན།

    Reply
  12. ལྷག་དཀར་ལས་འགུལ། says:
    ལོ་ 14 སྔོན།

    སྤྱི་པའི་ཆེད་དུ་སྤྱི་འཐུས་ཀྱི་མིང་འོག་དེ་ནས།
    གནམ་གྲུའི་ནང་དུ་གནམ་ནས་འཕུར་བ་དང་ལྷན་དུ།
    ཨ་རག་བསིལ་མའི་མངར་ཁའི་སླུ་བྲིད་ཀྱི་དབང་གིས།
    སྤྱི་དོན་སྦད་དེ་བུར་ནས་བསིལ་མ་དེའི་ཕྱོགས་སུ།
    མི་འགྲོ་རང་འགྲོ་ཐུག་ནས་ཞབས་འདྲེན་དེ་ཞུས་འདུག

    Reply
  13. lobsang says:
    ལོ་ 14 སྔོན།

    སྐུ་ཞབས་ཀརྨ་ཆོས་འཕེལ་ལགས། ད་དྲ་ལམ་དུ་འདི་འདྲའི་སྐད་ཆ་མང་བོ་ཞིག་ལྷགས་ཡོང་གི་འདུག་རང་ཉིད་ལ་བདེན་པ་ཡོད་ན་ང་ལ་བདེན་པ་ཡོད་མདོག་གིས་གཞན་ལ་སྐུལ་སློང་བྱེད་ནས་དགོས་པ་མེད་པར། རང་གིས་ཁ་གྲག་སྟེ་སྔར་འགྱོད་ཕྱིས་སྡོམ་བྱེད་པའི་དུས་ལ་བབ་ཡོད། ཁྱོད་རང་གིས་བསམ་བློ་ཞིབ་ཏུ་ཐོངས་དང། ཁྱོད་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་ཞིག་གི་ཚབ་བྱེད་པའི་འཐུས་མི་ཞིག་ཆགས་ཡོད་སྟབས་བསམ་བློ་ཅི་ཙམ་བཏང་ཡང་ད་ཐེངས་དངོས་གནས་དྲང་གནས་བདེན་པ་བདེན་ཐུབ་ཅིག་བཤད་ནས་དག་འབུད་ཅིག་བྱེད་མ་ཐུབ་ན། ནམ་ཞིག་རང་ཉིད་ཕོངས་རྒྱུ་ཡིན་པ་གཏན་འཁེལ་བ་རེད། དེར་བརྟེན་ད་ལམ་སྐུ་ཉིད་ནས་མ་ལན་མ་འགྱོད་པ་ཞིག་བྱེད་པའི་དུས་ལ་བབ་འདུག

    Reply
  14. Athup says:
    ལོ་ 14 སྔོན།

    རྐ་མ་ཆོས་འཕེལ་རང་ཉིད་ནས་བཟང་སྤྱོད་ཀྱི་དགོངས་ཞུ་མ་ཞུས་ན། དང་པོ། སྤྱི་འཐུས་རྒྱུན་ལས་ནས་དགོངས་བཞེས་ཀྱི་རྒྱུན་ལས་ཀྱི་མིང་གཞུང་ནས་གནས་དབྱུང་གཏོང་དགོས་འདུག། གཉིས་པ་བཀའ་བརྒྱུད་སྤྱི་འཐུས་འོས་འཕེན་པ་རྣམས་ནས་དགོངས་པ་བཞེས་ཏེ་གནས་དབྱུང་གཏོང་དགོས།

    Reply
  15. GYAMTSO says:
    ལོ་ 14 སྔོན།

    ཕྱི་ལོ་་༢༠༡༡ ལོའི་མཆན་མང་ཤོས་བཀའ་ཁྲི་བློ་སེང་གེ་ལགས་སུ་འདགའ་བསུའི་འཚམས་འདྲི་འཕྲིན་བཏང་བ་ཨང་དང་པོ་ཆགས་ཡོད། དེ་ནི་བཟང་ཕྱོགས་ཀྱི་མཆན་བྲིས་པ་རྐྱང་རྐྱང་ཡིན། ཨང་གཉིས་པ་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ར་བཟི་བའི་སྐོར་ལ་མཆན་བྲིས་པ་འདི་རེད། དེ་ནི་རྒྱུ་མཚན་ག་རེ་ཡིན་མིན་མང་ཚོགས་རང་ནས་ཐག་གཅོད་གནང་རོགས། ༡༽ གསང་གྲོལ་ནས།
    སྤྱི་ལོ་ ༢༠དབ༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༧ སྐར་མ་ ༤༥
    ངོ་མ་སྤྱི་བའི་ལས་དོན་ལ་འགན་མ་ཁུར་བ་ཐེངས་གཅིག་མིན། སྔོན་མ་སྤར་སིལ་ནས་འཚོགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལའང་ཆང་གིས་བཟི་སྟེ་བཅར་ཐུབ་མེད། ངོ་ཚ་མེད་པའི་མི་འདི་ད་རུང་གྲོས་ཚོགས་ནང་ན་འདུག་ད་རུང་རྒྱུན་ལས་རེད་འདུག ད་གང་འགྱོགས་རབ་བྱུང་ན་སྤྱི་འཐུས་ནས་རྩ་དགོངས་ཞུ་རོགས་དེ་མིན་ན་རྒྱུན་ལས་ནས་མར་གཡུགས་རོགས།

    ༢༽ loemosilsil ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༠༣
    སྤྱི་འཐུས་འདི་ཚོའི་གྲས་ད་ཐབས་མེད་ཀི།

    ༣༽ རྒྱ་རྙི་ནས་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༠༦
    ད་རེ་སྐུ་ངོ་བློ་སྦྱིན་གྱིས་བཤད་པར་གནས་ལུགས་འདུག མི་རེ་ཟུང་གི་བཤད་སྟང་ལ་བརྟག་ན་གནོང་ཞིག་འདུག དེ་མཐོ་རིམ་དཔོན་རིགས་ལས་མང་ཁྲོད་དུ་མེད་པར་སྨྲ་མཁན་དེ་དག་ལ་གཟབ་དགོས་བར་སྣང་། གང་ཡིན་ཞེས་ན། ཁོ་བ་ཚོས་ག་དུས་ཡིན་ནའང་མཐོ་རིམ་ཞེས་བ་ནི་༧གོང་ས་མཆོག་ལ་གཟས་ཀྱིན་པ་གསལ། དེ་ག་རེ་བསྟན་གྱིན་འདུག་ཞེ་ན། ༧གོང་ས་མཆོག་དང་མི་མང་གི་བར་ལ་བསམ་བཞིན་འགལ་ཟླ་བཟོ་བཞིན་པ་དུས་བབ་ཚང་གི་ཟིན་བྲིས་སུ་ཁོ་ཚོས་ཡང་ཡང་བཀོད་ཡོད། ད་དུང་ཁོས་༧གོང་ས་མཆོག་ལ། སྒོས་སུ་བཙན་བྱོལ་དུ་མང་མོས་བརྩི་བཀུར་མི་བྱེད། ཅིས་པ་ལ་སོགས་པ་བོད་མི་ཕར་ཆེ་བའི་སེམས་སུ་དུག་གི་མཚོན་ཆས་བསྣུན་པ་ལྟ་བའི་ན་ཟུག་བསླངས། འདི་དག་རྒྱ་གུང་བྲན་གྱིས་ཆར་གཞི་ལྡན་པའི་ལས་ཀ་ཞིག་ཡིན་པ་གསལ་བོ་རེད། ཚང་མས་གཟབ་གཟབ་བྱོས། སྤྱི་སྟང་གསར་ལམ་ཁག་དུའང་ཚད་རྒལ་གྱི་རྙོག་བྲ་འདིའི་རིགས་ཚད་བཀག་བྱེད་དགོས་པ་ལས་དེ་མི་བྱེད་པར་བཏོང་རྐྱང་བྱེད་པ་དང་། དེར་དྲང་བདེན་གྱི་རྒལ་ལན་རེ་སྤེལ་ཚེ་དེ་འགོག་རྐྱང་བྱེད་ཀྱིན་པར་བརྟག་ཚེ་དངོས་གནས་མགོ་རྙོག་འགྲོ་བ་ཞིག་རེད། ཚང་མས་འདིར་བསམ་གཞིགས་རེ་གནང་རོགས་ཞུ།

    ༤༽ རིན་ཆེན་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༡༣
    ཀརྨ་མ་ཆོས་འཕེལ་གྱིས་ནོར་འཁྲུལ་རི་འདྲ་བ་ཞིག་བཟོས་ཕྱིར། དབུས་གཙང་ཆོལ་ཁོངས་ནས་མངའ་རིས་སྐྱིད་སྡུག་ཚོགས་པར་མགོ་བཏགས་འདྲ་ཞིག་ཞུས། ཡང་དེ་རུ་རེ་བ་བྲལ་བ་ཏེ་རྟོགས་ཏེ་བཀའ་བརྒྱུད་སྤྱི་འཐུས་ནང་འཛུལ་བ་ཡིན་སྟབས། ཁོ་རང་ཉིད་མ་གཞི་ནས་ངོ་ཚ་དང་མི་གཞི་མེད་པའི་སྤྱི་མིའི་མིང་ཙམ་ཁྱེར་མཁན་ཡིན་པ་ཚང་མར་གསལ་ཡང་། ཁོ་ད་དུང་སྤྱི་འཐུས་གྲོས་ཚོགས་ནས་འཕུད་མ་ཐུབ་པ་ནི་བཀའ་བརྒྱུད་པའི་འོས་འཕེན་པ་རྣམས་ཀྱི་སྐྱོན་ལོས་ཡིན། འོས་འཕེན་མཁན་གྱིས་བརྟག་དཔྱད་སྔོན་དུ་མ་སོང་བའི་སྐྱོན་ཡིན་སྟབས། མ་འོངས་པར་འདི་ལྟ་བུའི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཞབས་འདྲེན་རིགས་ལ་གང་དུ་སོང་ན་དེ་རུ་ལམ་ཡོད་པའི་གནས་སྟངས་འདི་མེད་པ་བྱ་དགོས་ཀྱི་འདུག་གོ། །

    ༥༽ ཡེ་ཤེས་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༡༥
    ཀརྨ་ཆོས་འཕེལ། གྲོས་ཚོགས་ཀྱི་ནང་དུ་ཕར་ཞོགས། གྲོས་ཚོགས་ཀྱི་སྒོ་འགྲམ་དུའང་སླེབས་མ་ཐུབ་པ་ཤིག་བཟོ་དགོས་འདུག འདི་ལ་བཀའ་རྒྱུད་རྣམས་ཀྱིས་ཐུགས་བསམ་ཞིབ་ཏུ་གནང་ན་ཡག་གི་མ་རེད་པས། ད་ཚོད་འཛིན་བྱས་ན་ཡག་པོ་འདུག

    ༦༽ བཅོ་ལྔ་ལྷ་མོ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༢༩
    དུས་ཚོད་གལ་ཆེ་བའི་སྐབས་སུ་ཀརྨ་ཆོས་འཕེལ་གྱིས་འདི་ལྟར་བྱེད་ཀྱིན་འདུག་་་ཁོས་སུ་ལ་ཀྱག་ཀྱག་བྱེད་ཀྱིན་ཡོད་པ་རེད།
    ཡིན་ངེས་རེད།ཆོས་བརྒྱུད་ཆེན་པོ་བཀའ་བརྒྱུད་ཚང་གིས་དབུས་གཙང་གི་གད་སྙིགས་ནང་ནས་བླངས་བ་རེད།ངོ་མ་སྐྱོ་གི་ཡཱ།ངའི་གཞི་ལུས་མི་མང་།ཤ་དང་ཁྲག་གི་འགྲོ་སོང་གཏོང་བཞིན་པའི་ཁྱོད་ཚོ།
    འདི་ན་བོད་མི་རིགས་ཀྱི་བླ་འཚོང་བཞིན་པའི་མཐོ་རིམ་དཔོན་རིགས་རེ་ཟུང་།བཀའ་བརྒྱུད་ཚང་ལ་མི་ཟད་པ་འེ་རེད།ཨ་ཁ་ཁ་ངོ་མ་སེམས་སྐྱོ་གི

    ༧༽ འབྲོང་བུ་སོག་ཚ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༩ སྐར་མ་ ༤༡
    བཀའ་བརྒྱུད་ཚང་ལ་མི་ཟད་པ་མི་ཤས་ཆེ། ཡིན་ནའང་ཁྱེད་རང་ཚོ་སྒེར་གྱི་འཁོན་འཛིན་གྱིས་རྙོག་དྲ་དེ་དག་སྤྱི་པའི་སྟེང་སྤུངས་ཀྱང་དང་། བཀའ་བརྒྱུད་པ་ལ་ཟུར་ཟ་བྱེད་ཀྱང་བྱེད་པ་དེ་འོས་ཤིང་འཚམ་པ་མ་མཐོང་། གཞི་ལུས་རྒྱ་ཆེའི་མི་མང་གིས་གདོང་ལེན་དང་འབད་རྩོལ་ཇི་ཙམ་བྱེད་ཀྱི་ཡོད་པ་ཁྱེད་ཚོ་མི་རེ་ཤས་ནས་བཤད་དགོས་དོན་ཆུང་། འཛམ་གླིང་ནང་ཡོངས་གྲགས་དང་དེ་ཆོས་བརྒྱུད་ཚང་མའི་འགན་མཉམ་འཁུར་གྱི་ཕྱག་ལས་གནང་དང་གནང་བཞིན་པ་རེད་ལ། ཁུར་ཀྱང་ལོས་ཁུར་དགོས་སྤྱི་པའི་བདེ་དོན་ཡིན་པས་སོ། ཁྱེད་ཚོ་མ་འཕྱུགས་དང་། ང་ཚོ་ཆོས་བརྒྱུད་ཚོ་མི་འཕྱུགས།

    ༨༽ གསང་གྲོལ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༩ སྐར་མ་ ༤༢
    འོ་ད་མི་འདི་འདྲ་ཡང་བསྐྱར་སྤྱི་འཐུས་ནང་ལ་སླེབས་ཡོད་པའི་རྙོག་དྲ་ཆེན་པོ་ཞིག་སློང་རྒྱུྰའི་གོ་སྐབས་ལ་སྒུག་བསྡད་ཡོད་པ་རེད། ད་ཐེངས་ར་བཟི་བའི་དོན་འདི་ད་རུང་ཆུང་ཆུང་རེད་བསམ། ཆུ་མ་ཡོང་གོང་ལ་རགས་དང་དགྲ་མ་ཡོང་ལ་དོགས་ཟེར་བ་ལྟར་ད་ཁོ་རང་སྤྱི་འཐུས་ར་བ་ནས་རྒྱང་ཕུད་གཏོང་ན་དགའ་ནི་རེད་ཡ་བཀའ་བརྒྱུད་པ་ཚོ། མ་གཞི་བཀའ་བརྒྱུད་པའི་རྣམ་འབྱོར་བ་ཚོའི་ཆང་རེ་འཐུང་ནས་མགུར་རེ་བཞེངས་སྲོལ་ཡོད་པའི་ཀརྨ་ཆོས་འཕེལ་འདི་རྣམ་འབྱོར་བ་ཞིག་ཡིན་ས་རེད། ཧཧཧ

    ༩༽ འབྲོང་བུ་སོག་ཚ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༩ སྐར་མ་ ༤༧
    བཀའ་བརྒྱུད་པའི་རྣལ་འབྱོར་པས་ཆང་འཐུང་ཡང་སངས་རྒྱས་ཡོད། ཁྱོད་རང་ཆང་རག་མ་འཐུང་ཀྱང་འཁོར་བར་འཁྱམས་ནས་བསྡད་འདུག་ད། ཧ་ཧ།

    ༡༠༽ བསམ་པ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༩ སྐར་མ་ ༥༥
    བཀའ་བརྒྱུད་ཚང་ལ་མི་ཟད་ཐེབས་པ་རེད། ལྟོས་དང་ལྟས་ངན་ཀརྨ་ཆོས་འཕེལ་དབུས་གཙང་གིས་ཕྱིར་ཕུད། དགེ་ལེགས་པས་ཕྱིར་ཕུད། ཁམས་པས་ཕྱིར་ཕུད།མཐའ་མ་འགྲོ་ས་འདུག་ས་མ་བརྙེད་པར། བཀའ་བརྒྱུད་པར་ཞུ་བ་ཐེན་སྐབས། བཀའ་བརྒྱུད་པའི་མི་བསམ་མེད་ཀླད་མེད་ཚོས་བདག་པོ་བརྒྱབ་པ་རེད།

    བཀའ་བརྒྱུད་པ་འདི་ཕུང་པའི་རྒྱུ་མི་དེས་བྱེད་ཀྱི་རེད་ལྟོས་ཨང་།

    ༡༡༽ ལྷ་མོ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༠ སྐར་མ་ ༥༠
    མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་མཛེར་མེད་རྒྱ་རྫོང་ནག་ནས་མེད།
    གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལྟ་བའི་མེ་ལོང་དགོས།

    ༡༢༽ གཙུག་ལག་སློབ་དཔོན་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༠༧
    ལས་བྱེད་པ་ཚོས་ཆང་འཐུང་དགོས་ན། དགོང་དྲོ་ལས་ཀ་ཚར་ནས་འཐུང་དགོས་རེད། བོད་རིགས་ལས་བྱེད་རྗེས་ལུས་པ་ཁྱེད་ཚོའི་དེ་ཡང་མི་ཤེས་ན། བཅའ་ཁྲིམས་ནང་ལ་བཀོད་ནས་ཞོགས། ཧ་ཧ་རྩེད་མོ་ཡིན་གདའ།

    ༡༣༽ འབྲོང་བུ་སོག་ཚ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༠༧
    ང་ཚོ་བོད་མི་ཚང་མའི་སྐྱོན་བརྗོད་བྱེད་དགོས་ན་དོན་གོ་ཆུང་། དེ་ལས་སྤྱི་པའི་ལས་ལ་འཐུས་ཤོར་མེད་པར་གནང་ན་མི་ལེགས་སམ། བཀའ་བརྒྱུད་པ་ཚང་མ་ཀླད་མེད་དང་། ཁྱོད་མི་གཅིག་ཀླད་ཡོད་ཡིན་པ་ངོ་མཚར་ཆེ། ཧ་ཧ།

    ༡༤༽ འབྲོང་བུ་སོག་ཚ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༠༩
    གོང་ས་ལྔ་པ་ཆེན་པོས། བཀའ་བརྒྱུད་རྨུས་ལོང་ཕྱུ་གཅིག་ལ། །པདྨ་དཀར་པོ་ཕུར་རོན་ཙམ། གསུང་འདུག་པས། ཕུག་རོན་དེ་བསམ་པ་ཁྱོད་ཡིན་ཤས་ཆེ། ཧ་ཧ།

    ༡༥༽ འབྲོང་བུ་སོག་ཚ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༡༡
    དགོངས་དག ཕུར་རོན་ཞེས་པ་དེ་ཕུག་རོན་ལ་བསྒྱུར་རོགས་མཛོད།

    ༡༦༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༠༡
    བཀའ་བརྒྱུད་དམུས་ལོང་ཁྱུ་གཅིག་ལ།། པདྨ་དཀར་པོ་ཕུག་རོན་ཙམ།།

    ༡༧༽ རྔ་བ་གཉན་རྒོད་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༠ སྐར་མ་ ༡༨
    ངོ་མ་ཐབས་སྐྱོ་བོ་རེད་སྐད་ཆ་དེ་ཚོ་བདེན་ན་་་་བཀའ་བརྒྱུད་དང་མང་ཁུལ་གྱི་སྐད་ཆ་དེ་འདྲ་མ་རེད་ཁོང་གི་སྔོན་མ་ག་རེས་ཅེས་ཡིན་རྗེས་སུ་སྤྱི་ཚོགས་ཁང་ནས་ག་རེས་ལབ་སོང་་་ད་ལྟ་ཡང་་་་་་་ངོ་མ་ང་ཚོ་མི་འདི་ལྟ་བུ་རེ་མི་མེད་སོང་བ་རེད་དམ་ཡང་ན་གནད་དོན་གཞན་ཞིག་ཡོད་རེད་

    ༡༨༽ རྔ་བ་གཉན་རྒོད་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༠ སྐར་མ་ ༢༠
    སྤྱི་འཐུས་ཚོགས་ཁང་ནས་་་་་ནོར་བཅོས་སུ་

    ༡༩༽ སྐྱུ་རྩི་ནས་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༠ སྐར་མ་ ༢༦
    ར་བཟི་ཞེས་ལབ་ན་འཛམ་གླིང་ཀུན་ཏུ་མི་ངན་དུ་བརྩི་བཞིན་ཡོད། ཀརྨ་ཆོས་འཕེལ་ཀརྨ་རྒྱུད་ཀྱི་སྤྱི་འཐུས་སུ་དམ་འབུལ་ཞུས་ནས་ཟླ་གཅིག་ཙམ་ཡང་མ་སོང་བར་བོད་སྤྱི་བའི་ལས་དོན་སྣང་མེད་དུ་བཏང་ནས་ར་བཟི་སྐྱུ་གོང་ཤོད་བཞིན་པ་ལ་བལྟས་ན་མི་དེ་ལ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཡ་རབས་བཟང་སྤྱོད་མེད་པ་གསལ་པོ་རེད།
    ཞབས་འདྲེན་མ་རབས་ཐ་ཤལ་མི་ངན་ངོ་ཚ་མེད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ས་ཡ་དྲུག་ལ་ངོ་མི་ཚ་ངམ། ཁྱེད་རང་དང་པོར་བཀའ་རྒྱུད་ཀྱི་སྤྱི་འཐུས་སུ་ལངས་སྐབས་ཉུང་མཐར་ཡང་བཀའ་རྒྱུད་ཀྱི་སྤྱི་མི་ཞིག་བྱ་རྒྱུའི་དམ་བཅའ་བཞག་པ་མ་ཡིན་ནམ། ད་བཀའ་རྒྱུད་ལ་ཡང་གདོང་བསྟན་ནུས་པ་འདུག་གམ།

    ༢༠༽ དཔལྡན་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༡ སྐར་མ་ ༢༣
    ཀརྨ་ཆོས་འཕེལ་ར་བཟི་ཞེས་པའི་གསར་འགྱུར་འདི་དངོས་གནས་ཡིན་ན་ཁོས་སྐབས་དེར་སྐད་ཆ་ཅི་ཞིག་བཤད་ཡོད་མེད་ཐད་གསལ་བཤད་བྱས་ན་ཡག་པོ་འདུག་

    ༢༡༽ བརྩོན་རྒྱམ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༡ སྐར་མ་ ༤༢
    གང་ལྟར་བདེན་རྫུན་ཇི་ལྟར་ཡང་ངོ་མ་གནས་ཚུལ་ཐབ་སྐྱོ་བོ་བྱུང་འདུག་མ་ཟད་དེར་ཡོད་བའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ལ་བློ་ཕམ་བྱུང་ཡོད་པ་དངོས་ཡོད་རེད། ང་ཚོའི་སྤྱི་འཐུས་ཟེར་དུས་རིན་ཐང་ཅན་ཞིག་ཏུ་བརྩི་བཞིན་ཡོད་ན་འང་འདི་འདྲ་བྱས་ན་སུ་ཞིག་གི་ཡིད་ཆས་དེ་བདེན་པ་ཡིན་མིན་གསལ་བོ་བཟོ་དགོས་པ་ཞིག་ཡིན་པ་མ་ཟད་གལ་སྲིད་དེ་འདྲ་བདེན་ན་རྗེས་སུ་མི་འདི་འདྲ་ལས་འགུར་ནང་དུ་མཉམ་བཞུགས་བྱས་ན་ཕན་པ་ལས་གནོད་པ་ཡོང་རྒྱུ་ལས་མེད་པས་དེ་ལ་སྤྱི་འཐུས་ཚོས་བསམ་བློ་བཏང་དགོས་པ་ཞིག་མ་ཡིན་ནམ།

    ༢༢༽ གཅན་བཟོད་རྒྱམ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༢ སྐར་མ་ ༡༨
    སྐོ་ངོ་ཀརྨ་ཆོས་འཕེལ་གྱིས་ཡང་བསྐྱར་གནམ་གྲུའི་ནང་གི་ཆང་འཐུང་ནས་ར་བཟི་བ་ཁོང་གི་ནོར་འཁྲུལ་ཆེན་པོ་ཐེངས་གཉིས་པ་དེ་རེད། དེ་ཁོང་གི་ནོར་འཁྲུལ་རེད་ལ། ཁོང་མི་སྒེར་བའི་གཙང་སྤྱོད་འཆལ་བོ་དེ་ཕྱིར་མངོན་པ་ཐེངས་གཉིས་པ་དེ་ཡང་རེད།
    འོན་ཀྱང་སྐབས་འདིར་དྲ་གྲོགས་མང་པོ་ཞིག་གིས་ཆོས་རྒྱུད་ལ་འཇུས་ནས་སྐད་ཆ་བཤད་ཀྱིན་འདུག་དེ་ཡག་པོ་མ་རེད། ཆོས་ལུགས་ཞེན་ཁོག་གི་དུག་ཁ་དེ་རང་གི་བློ་ངོས་ནས་གཙང་འཁྲུ་བྱོས་ན་ལེགས། ཀརྨ་ཆོས་འཕེལ་གྱིས་ཆང་འཐུང་ནས་བཟི་བ་རེད་མ་གཏོགས་བཀའ་རྒྱུད་པས་ཆང་འཐུང་ནས་བཟི་བ་མ་རེད། ཀརྨ་ཆོས་འཕེལ་ཁོང་བཀའ་རྒྱུད་སྤྱི་འཐུང་ཡིན་རུང་ཆང་འཐུང་བ་དེ་མི་སྒེར་གྱི་གནད་དོན་ཞིག་ཡིན་པས་ན། བཀའ་རྒྱུད་ཀྱི་ཆོས་རྒྱུད་སྐད་ཆ་དེ་ཚོ་འདིར་བྱུང་རྒྱལ་དུ་མ་གཡུག་ན་བཟང་གི་སྙམ། འདི་རེ་བ་ཡིན། གཞན་བཀའ་རྒྱུད་ལྐུག་པ་ཡིན་མིན་དང་མི་ཟད་སོང་ཡོད་མེད་སོགས་བཤད་ན། ཀརྨ་མ་ཆོས་འཕེལ་བོར་ཏེ་ཆོས་རྒྱུད་རྩོད་གླེང་གི་འགོ་འཛུགས་ཀི་རེད། དེ་ནས་གསར་གནས་འདིའི་བརྗོད་བྱ་དང་ཡང་རིང་དུ་གྱེས་སོང་བར་སྙམ།

    ༢༣༽ དཔལྡན་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༢ སྐར་མ་ ༥༠
    གཅན་བཟོད་རྒྱམ་ལགས་ཀྱི་གསུང་པ་དེ་རྒྱབ་སྐྱོར་ཡོད་

    ༢༤༽ བཟོད་པ་ལྷ་རྩེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༢ སྐར་མ་ ༥༨
    མཆན་འབྲི་མཁན་ནང་ཆང་རག་མཐུང་མྱོང་མཁན་དང་ར་ཟིར་མྱོང་ཡོད་མཁན་ཏན་ཏན་ཡོད་སྲིད་ཁྱོད་ཚོས་བྱས་ན་དགོངས་དག་ཆང་རག་མཐུང་ནས་ཉིན་གུང་ཚོུད་ ༡༢ ཡོལ་ཙམ་ར་བཟི་སྡོད་ཀྱི་ཡོད་དམ། གསར་འགོད་པས་ཀྱང་ཟབ་ཟབ་གནང་དགོས་སྙམ། གསར་འགོད་པས་གསུང་༼ཕྱི་ཚེས་ ༡༣ གྱི་དགོང་མོ་ཀརྨ་ཆོས་འཕེལ་ལགས་པུ་ནར་འབྱོར་ཐུབ་ཡོད་པ་དང་། འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག་ལ། དགོང་མོ་དེར་མུ་མཐུད་དུ་ཨ་རག་འཐུང་སྟེ་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས་ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོ་རང་སྒེར་ངོས་ནས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་འཁྱར་འཁྱོར་ངང་ལས་འགུལ་སྤེལ་སར་བསླེབས་ཡོད་འདུག༽ དེར་དཔྱད་པ་ཞིག་གནང་དང་། དགོང་མོ་དེར་ཁོང་གི་མཚན་གང་དང་ ཚེས་ ༡༤ ཉིན་རྒྱབ་བར་ཆང་རག་འཐུང་ཟེར་ན་བདེན་ཀྱང་། མཚན་ལ་ཆང་འཐུང་ནས་ཉིན་རྒྱབ་བར་གཉིད་ནས་སྡད་པ་གསལ་པོ་བྲིས་འདུག ད་དུང་ར་མ་དྭངས་པ་ཡོང་སྲིད་དམ། འོན་ངེད་རང་ཆང་རག་འཐུང་མ་མྱོང་ཡང་ཆང་རག་འཐུང་མཁན་དང་ར་བཟི་བ་མང་པོ་མཐོང་བས་དེ་འདྲ་རང་ཨ་ཡིན་སྙམ་པའི་འཚོ་བ་ཞིག་བྱུང་། འོན་ཀྱང་ཀརྨ་ཆོས་འཕེལ་གྱི་ཀུན་སྤྱོད་ནི་བཙན་བྱོལ་བོད་མི་ཚང་མས་ཤེལ་གསལ་ཡིན་ཀྱང་སྤྱི་འཐུས་ལ་སླེབ་པ་ནི་དེ་སྔ་ནས་ཡ་མཚན་སྐྱེས་བྱུང་།

    ༢༥༽ ཕོ་རོག་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༣ སྐར་མ་ ༣༣
    གྲོས་ཚོགས་ནས་ངེས་པར་ཁྲིམས་ཆད་གཏོང་དགོས་་་་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་་་་་མི་དེ་ཚོ་བོད་པའི་ཞབས་འདྲེན་རེད།།།

    ༢༦༽ གཙུག་ལག་སློབ་དཔོན་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༣ སྐར་མ་ ༤༦
    གཅན་གཟོད་རྒྱམ་གྱི་༢༢པ་ལ་རྒྱབ་སྐྱོར་ཡོད། བཀའ་བརྒྱུད་པའི་འོས་ཤོག་སྡུགས་ས་ནོར་ཡང་་་ བཀའ་བརྒྱུད་པས་ཆང་འཐུང་ནས་ར་བཟི་བ་དང་། བཀའ་བརྒྱུད་པས་རང་བཟི་ནས་མི་ཚོགས་ནང་ལ་གཏམ་བཤད་བྱས་པ་མ་རེད། དེ་མིན་ན་སྤྱི་འཐུས་ཀྱང་ར་བཟི་ནས་བོད་སྒྲུབ་བཞིན་པ་ཐལ་བ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱང་ར་བཟི་ནས་གཞིས་བྱེས་བོད་མིའི་ལས་འགུལ་བརྩམས་པར་ཡང་ཐལ་བ་དང་། བོད་མིས་ཀྱང་ར་བཟི་ནས་གཏམ་བཤད་བྱས་པ་ཐལ་ལོ། །བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ར་བཟི་ནས་གཏམ་བཤད་བྱས་པ་ཙམ་གྱིས། བཀའ

    Reply
  16. Athup says:
    ལོ་ 14 སྔོན།

    སྐབས་བཅོ་ལྔ་པའི་བཀའ་བརྒྱུད་སྤྱི་འཐུས་རྐ་མ་ཆོས་འཕེལ་ལགས་རང་གི་བཟང་སྤྱོད་ངང་ནས་དགོངས་པ་ཞུ་ན་ལེགས་པར་མཐོང།

    Reply
  17. བྱེ་རླུང་འཚུབ་མ། says:
    ལོ་ 14 སྔོན།

    ཆོས་རྒྱུད་སྤྱི་འཐུས་སྐྱ་བོ་དེ་ལ་བྱས་རྗེས་མེད་པ་མིན་དེ། ཡིན་ན་ཡང་ལས་དོན་གྱི་ངོ་བོ་གཅིག་གི་སྟེང་ནས་ཞབས་འདྲེན་གཉིས་ཞུས་པ་ཡག་རྟགས་མ་རེད། འདིས་ཅི་ཞིག་མཚོན་ནམ་ཞེས་ན་ལས་ཐོག་ཁོང་གིས་སྤྱི་དོན་སྣང་མེད་བྱེད་པ་མཚོན་ཐུབ། མི་འདིས་རིགས་གྲོས་ཚོགས་ར་བའི་ནང་ནས་སྒོར་ཕུད་ན་མ་དོགས་ད་དུང་དོག་དག་འབྱུང་སྲིད་པ་རེད། བྱས་རྗེས་ཅན་ལ་བྱ་དགའ་དང་ཉེས་པ་ཅན་ལ་ཁྲིམས་ཤིག་ངེས་པར་དུ་དགོས་པ་རེད། དེ་མིན་དགོངས་སེལ་ཞུས་དང་མ་ཞུས་མི་འདུག སྤྱི་འཐུས་ཚང་མར་མཚོན་ན་དམ་འབུལ་གྱི་ཉིན་དེར་དམ་བཅའ་བཞག་ཡོད་རེད་དེ། དམ་བཅའ་དེ་ཚུལ་བཞིན་ལག་ལེན་དུ་འབབ་ཐུབ་མིན་མི་མང་གི་སེམས་ནང་གསལ་བོར་ཡོད།

    Reply
  18. ཨ་ལ་ལ says:
    ལོ་ 14 སྔོན།

    མགོ་ཚོད་ལ་མ་ཚོད་ཀྱི་སྐད་ཆ་མ་མང་། བླ་མ་བཟི་ན་གྲུབ་རྟགས་དང་མཛད་པ། དཔོན་པོ་བཟི་ན་སྤྱོད་པ་ལབ་ན་ག་ནས་འགྲིག ཁོང་ར་བཟི་བ་དེ་བོད་དོན་མ་ཡིན་ནམ། སྔོན་མ་ར་བཟི་དུས་ཀྱང་དེ་བོད་དོན་གལ་ཆེན་ཞིག་ལ་བགྲངས་ནས་རྒྱ་མིས་གནོན་ཤུགས་སྤྲད་ཚུལ་སོགས་ལ་བཟོས་པ་མ་ཡིན་ནམ། ཁོང་མ་གཞི་མི་ཅི་འདྲ་ཞིག་ཡིན་པ་བོད་གཞིས་བྱས་གཉིས་ཀ་གསལ་ཆ་ཡོད་བཞིན་དུ་སླར་ཡང་སྤྱི་འཐུས་ལ་བླུགས་ཏེ་སླེབས་པ་འདི་ལ་རྒྱབ་ལྗོངས་ཡོད་པ་ལོས་ཤེས། ཁོང་གིས་དུས་རྟག་པར་བྱ་བརྒྱ་ཡར་ལ་འགྲོ་དུས་པུ་ཤུད་ཐུར་ལ་འགྲོ་བ་ལ་དམིགས་ཡུལ་ལོས་ཡོད། ཁོས་བོད་གཞུང་ལ་ཕྱིན་ཅི་ལོག་གི་ལས་དོན་ཞིག་མ་བསྒྲུབ་ན་རྒྱ་ནག་གིས་ཆང་རིན་ཇི་ལྟར་སྤྲད། ད་དུང་གངས་ཅན་སྐྱིད་གཤོངས་ན་རྒྱའི་སྐུ་སྐྱེས་སིམ་འཛུལ་གྱི་བླ་དཔོན་རྣམ་གྱིས་ཁོང་རྗེས་སུ་ཇི་ལྟར་འཛིན། ཁོས་བྱས་བྱས་ཚང་མ་ཁོ་ལ་འགྲིག་ཐག་ཆོད་རེད། ང་ཚོ་ལས་སྣང་མ་དག་པས་ཁོང་གི་མཛད་པ་ངོས་མ་ཟིན་པ་རེད།

    Reply
  19. ཧེ་ར་བཀྲ་ཤིས། says:
    ལོ་ 14 སྔོན།

    ངའི་རེ་བ་ལ་སྐུ་ཉིད་ཀྱིས་སྤྱི་འཐུས་ནས་དགོངས་པ་ཞུ་ན་ལེགས་ཚོགས་ཆེ།
    ཁྱེད་རང་རྟག་པར་སྤྱི་བའི་ལས་དོན་སྐབས་བཟི་བསྡད་ན་གཞིས་ལུས་བོད་མི་ཚོས་གོ་ན་ང་ཚོ་བཙན་བྱོལ་བ་ཚང་མའི་ཞབས་འདྲེན་དང་ངོ་ཚ་ཞིག་ཡིན་པས་སྐུ་ཉིད་ལ་ངོ་ཚ་རྒྱུ་མེད་ཀྱང་ང་རང་བཙན་བྱོལ་བ་པ་ཞིག་ཡིན་པའི་ཆ་ནས་ངོ་ཧ་ཅང་ཚ་བཞིན་འདུག་པས་སོ།

    Reply
  20. ཧེ་ར་བཀྲ་ཤིས། says:
    ལོ་ 14 སྔོན།

    སྐུ་ངོ་ཀརྨ་ཆོས་འཕེལ་ཡ་སྐུ་ཉིད་དངོས་མ་ངོ་ཚ་རྒྱུ་མི་འདུག
    སྐུ་ཉིད་རྟག་པར་གནམ་ཐང་དུ་བཟི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མི་རེ་ཟུང་གིས་བཤད་ན་གནམ་གྲུའི་ནང་ན་ཆང་གོང་ཁེ་བོ་ཡིན་པས་རེད་ཅེས་བརྗོད་ཀྱིན་འདུག་པས་དེ་བདེན་ནམ།

    Reply
  21. ལྷག་དཀར་ལས་འགུལ། says:
    ལོ་ 14 སྔོན།

    དུས་ཚོད་མི་འདུག་མ་གཏོགས་ཤོག་ངོས་ཁ་ཤས་ཀྱིས་ཀར་ཆོས་ལ་ལམ་སྟོན་ཞིག་ཞུ་དགོས་མེད་འགྲོ།
    ཨཨཨཨཨ་་་ཁཁཁཁཁཁཁཁཁཁཁཁཀ ་་་་་་་་་་་་་་་་་་་་་་ལྟས་ངན་དེ་ཡིན་ན་་་་་་

    Reply
  22. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་མང་པོ་ཞིག་གིས་ཚོར་ཤུགས་ཀྱི་སྐད་ཆ་མ་གཏོགས་བཤད་ཀྱི་མི་འདུག ཐ་ན་ཅོ་རི་ཟེར་བ་འདིས་ལོ་ཤས་སྔོན་ཀརྨ་ཆོས་འཕེལ་འཇར་མན་གནམ་ཐང་ནས་ར་བཟོ་བ་ཡང་འགེབས་སྲུང་བྱེད་བཞིན་འདུག ཐེངས་འདིར་ཁོ་ར་བཟི་ཡོད་མེད་ཉིན་དེར་ལས་འགུལ་ཁྲོད་ཞུགས་མཁན་མང་པོས་མཐོང་ཡོད་ན་ད་དུང་ཨུ་ཚུགས་རྒྱགས་དགོས་དོན་ཡོད་དམ།
    ད་དུང་དྲ་གྲོགས་འགས་ར་བཟི་བ་འདི་ཁོ་རང་གི་དོན་དག་ཞིག་གམ་རྒྱན་ཞིག་ཏུ་བགྲངས་བཞིན་འདུག་མོད། དྲང་མོར་བཤད་ན་ཀརྨ་ཆོས་འཕེལ་ར་བཟི་སྐབས་དང་གཞུང་དོན་ཕྱོགས་བསྐྱོད་གཉིས་རྟག་པར་གྲ་འགྲིག་སྟངས་འདི་ཡ་མཚན་ཞིག་མ་ཡིན་ནམ། ཉེ་སྔོན་འཇར་མན་གནམ་ཐང་ནས་ར་བཟི་བ་དེའི་ཆང་རིན་ཁྱོད་དང་ང་ལྟ་བུའི་སྤྲོད་བཞིན་པའི་རང་བཙན་ལག་དེབ་ཀྱི་སྒོར་མོ་རེད། རྒྱུ་མཚན་སྐབས་དེར་ཀརྨ་ཆོས་འཕེལ་སྤྱི་འཐུས་ཚོགས་གཙོ་ཡིན་སྟབས་གཞུང་གི་སྒྲིག་གཞིའི་ནང་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཞུང་དོན་ཕྱོགས་བསྐྱོད་སྐབས་མེ་འཁོར་དང་གནམ་གྲུ་1 class
    ནང་འགྲོ་ཆོག་གི་ཡོད་པ་རེད། དེར་བརྟེན་ཆང་དང་ཨ་རགས་རང་གྲུབ་རེད། ད་ཐེངས་ཡང་ཁོ་བྱུང་འཛིན་ལྷག་མ་བླངས་མེད་ནའང་ཆང་འདི་ཕྱེད་ཀ་གཞུང་དངུལ་ནས་ཡིན་པ་ཁ་ཚོན་གཅོད་ཐུབ། ཁྱོད་ཚོར་རྒྱུས་མངའ་མེད་ན་སྤྱི་འཐུས་ཁག་གཞུང་དོན་ལ་ཕྱོགས་བསྐྱོད་བྱེད་སྐབས་ཀྱི་རྩིས་ཁྲ་ཁག་ལ་ཟུར་མིག་ཅིག་ཕོངས་དང་། དེས་ནས་གནད་དོན་འགའ་ལྷང་ལ་འབུད་ངེས། ཡང་ལ་ལས་ཀརྨ་ཆོས་འཕེལ་དབུས་གཙང་ཆོལ་ཁའི་མི་བྱས་རྗེས་ཅན་ཡིན་རབས་བགྲངས་བཞིན་འདུག་མོད། སྐབས་བཅུ་བཞི་བའི་སྐབས་དབུས་གཙང་ཆོལ་ཁས་ཀརྨ་ཆོས་འཕེལ་གྱིས་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་བ་གསལ་བསྒྲགས་བྱས་ཟིན་བཞིན་དུ་བཀའ་རྒྱུད་པས་བསམ་བཞིན་སླར་ཡང་འདིར་དྲུད་ཡོང་བ་རེད། སྤྱིར་བཀའ་རྒྱུད་གྲུབ་མཐའ་འཛིན་པ་ཡོངས་ལ་རྒྱུགས་པ་ལེབས་རྡུང་བྱེད་རྒྱུ་མེད་ཀྱང་བྱེད་སྟངས་འདི་འདྲའི་འོག་ནས་མགོ་བདེ་ལ་ལས་བོད་སྤྱི་བ་ལས་མི་སྒེར་བ་ཞིག་རྩ་ཆེན་པོར་འཛིན་དོན་དང་དེའི་རྒྱབ་ལྗོངས་ཅུང་ཙམ་བསྔོགས་ན་འོས།

    Reply
  23. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    སྤྱི་འཐུས་ཤིག་ར་བཟི་སྟེ་གཞུང་འབྲེལ་ལས་དོན་ལ་གནོད་སྐྱོན་ཐེབས་པ་འདི་ནི། ངེས་པར་དུ་སྤྱི་འཐུས་ཀྱི་ལས་གནས་དང་མཚན་མཐོང་། འགན་ཁུར་བཅས་དང་མི་འཚམ་པ་ཞིག་ཡིན་པས། འཇའ་པན་གྱི་སྲིད་བློན་ལྟར་ལས་གནས་ནས་དགོངས་ཞུ་བྱེད་དགོས་པ་ཞིག་ཏུ་མཐོང་ནའང། སྤྱི་འཐུས་དང་འབྲེལ་བའི་ཁྲིམས་དང་སྒྲིག་གཞི་ཁག་གི་ནང་། སྤྱི་འཐུས་ཚོ་ར་བཟི་མི་ཆོག་པ་ཞིག་གསལ་མེད་ཚོད་ཡིན་པས། ཁྲིམས་ཐོག་ནས་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་གཡུག་ཐབས་མེད། དེས་ན་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་ཡིན་ནའང། ཁོ་ལ་བཟང་སྤྱོད་འདི་ཡོད་མེད་ཆ་མ་འཚལ། དེས་ན་ཁོང་བཀའ་བརྒྱུད་སྤྱི་འཐུས་སུ་འདེམས་མཁན་རྣམས་ཀྱིས་དགོངས་པ་བཞེས་དགོས།

    Reply
  24. ཨ་མའི་བུ། says:
    ལོ་ 14 སྔོན།

    དྲ་གྲོགས་ནད་པ། ཁྱོད་རང་དངོས་གནས་ནད་པ་རང་རེད་འདུག ནད་པ་མིན་ན་སེམས་ཆོལ་ཚར་འདུག ཧ་ཧ་ ཁྱེད་རང་གིས་མཆན་ནང་དུ་༼ད་རེས་བཀའ་ཁྲི་གསར་པས་ཐད་ཀར་བཀའ་བློན་གདམས་ཐོན་ཀྱི་དུས་ཐོག་ལྟར་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ཁོང་ཡང་ནག་པོ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་འདུག༽ར་བཟིའི་དབང་གི་སྤྱི་དོན་འཐུས་ཤོར་བཏང་མཁན་གྱི་རྐམ་ཆོས་འཕེལ་དབུས་གཙང་སྤྱི་འཐུས་མ་རེད། ཁོང་སྐབས་བཅོ་ལྔའི་སྤྱི་འཐུས་སྔོན་འགྲོའི་འོས་བསྡུའི་སྐབས་དབུས་གཙང་ཆོལ་ཁས་མི་ཁོངས་ནས་ཕུད་དེ་དགེ་ལུགས་པས་ཀྱང་བདག་པོ་མ་བརྒྱབ་མཁན་བཀའ་བརྒྱུད་ཆོས་ལུགས་ཀྱི་སྤྱི་འཐུས་རེད ད་དུང་ཁྱོད་ཀྱིས་ཐུག་པ་ར་བཟི་རྐམ་ཆོས་འཕེལ་དབུས་གཙང་ནང་ནས་སློབ་སྦྱོང་རྩེ་ཕུད་རེད་ཟེར་་་་་་་་་་་་་་་་་་་་་་་་་་་་་་་་་་ ཧ་ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  25. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་འདི་འདྲའི་རིགས་ཐོན་དགོས་དོན་ནི་ཕྱིའི་གསར་ལམ་ཁག་ཏུ་ལྟོས་པ་ཡིན་ན་བཟང་སྤྱོད་ཅན་ལ་སྐུལ་འདེད་བྱ་རྒྱུའི་ཆེད་དུ་འདྲ་བོ་མཐོང་གི་ཡོད། དེ་ལྟར་རང་རེའི་གསར་འགོད་པ་ཚོས་ལས་དོན་གྱི་མཇུག་སྐྱེལ་ནས་མི་མང་ལ་གནས་ཚུལ་ཡག་པོ་ཞིག་སྤྲོད་དགོས་པ་གལ་ཆེན་ཡིན་དུས་དོ་བདག་སར་དངོས་སུ་བཅར་ནས་གནས་ཚུལ་ག་རེ་ཡིན་མིན་སྐད་ཆ་འདྲི་རྒྱུ་གལ་ཆེན་རེད།

    མ་གཞི་ནས་དོན་དག་འདིའི་རིགས་བྱུང་སྲིད་པ་རེད། བྱུང་རྗེས་མཚན་གནས་རྗེས་འབྲེལ་གྱིས་དགོངས་སེལ་ཞུ་དགོས་པ་ཡོང་གི་རེད། དེ་འགན་ཁུར་པའི་རྟགས་ཡིན་སྟབས། བཀུར་འོས་སྤྱི་འཐུས་མཆོག་ནས་དགོངས་སེལ་ཞུས་ན་རབ་རེད། ལས་ཀྱི་སྣེ་མོ་བས་སྤྱི་ཚོགས་ལ་ལམ་སྲོལ་ཡག་པོ་བསྐྲུན་གྱི་ཡོད་པ་རེད། འགན་ཁུར་གྱི་ཡོད་པ་རེད།

    དེ་མིན་དྲང་ལྡོག་གཉིས་ཀས་འབྲེལ་མེད་དོན་གཞན་ལུང་པ་གང་བཤད་པས་ཉི་མ་བསྐྱལ་རོགས་མ་གཏོགས་ཅི་གང་ཕན་ནི་མ་རེད།

    Reply
  26. ཁུ་བྱུག་། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་སྙིང་རྗེ་ཁོ་རང་གི་ལས་ག་རེ་བསགསབཞག་ཡོད་པ་ཡིན་ག་དུས་ཡིན་ན་བོད་སྤྱི་བའི་ལས་ཀ་བྱེད་སྐབས་རག་གི་བཟི་འགྲོ་གི་འདུག་དེ་ནི་ཁོ་རང་བོད་སྤྱི་བའི་ཐོག་ལ་སེམས་ཤུགས་མེད་པ་མ་ཟད་བོད་སྤྱི་ལ་གནོད་སེམས་ཤུགས་ཆེ་པོ་བཟུང་ཡོད་པའི་རྟགས་རེད་། དེ་སྔོན་བསྐབསབཅུ་བཞི་་པའི་གྲོས་ཚོགས་ཚོགས་འདུས་བརྒྱད་་པའི་བསྐབས་མདོ་སྟོད་མི་མངས་ཀྱི་མ་འོང་པར་མི་དེ་དང་དེ་བསྐབས་བཅོ་ལྔ་པའི་སྤྱི་ཐུས་ལ་འོས་འཕེན་དགོས་རེད་ད་ཟེར་ནས་ད་ལྟ་ཁོ་རང་ཁོ་རང་ག་རེ་བྱེད་གི་འདུག་གཟིགས་དང་བོད་པ་ཚོ་།

    Reply
  27. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱས་ཡོད་པ་བརྗེད་མཁན་ཡོད་རྒྱུ་མ་རེད། ཡིན་ཡང་ད་ལན་བྱེད་སྟངས་དེའི་རིགས་མ་འགྲིག་པ་ཞིག་ཡིན་པས་རེད། བཟང་བཟང་རེད། ངན་ངན་རེད། བཟང་བྱས་པ་རྒྱུ་མཚན་དུ་བྱས་ནས་ངན་པ་བྱས་ཀྱང་མི་མཐོང་མདོག་མདོག་བྱས་ན་འགྲིག་གི་མ་རེད། བཟང་ལ་གཟེངས་བསྟོད་དང་ངན་ལ་ཉེས་ཆད་གཅོད་པ་བོད་བཙན་པོ་དུས་སྐབས་དར་ཡོང་བའི་ལམ་ལུགས་སྲོལ་ཞིག་རེད། ཁྲིམས་ལུགས་ནང་ལ་ཡང་གཏན་འབེབ་བྱས་ཡོད་པ་ལོ་རྒྱུས་ཁག་ནས་ཤེས་ཐུབ། མདོ་དོན་ང་ལ་མཚོན་ནས་བཤད་ན། ད་ལན་ཁོང་ངའི་པ་ལགས་ཡིན་པའི་དབང་དུ་བཏང་ནའང་ངས་ཁོང་ལ་ཁ་རྡུང་ཡག་ཐག་ཆོད་གཏོང་ས་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་པ་ལགས་ཀྱིས་བཟང་བྱས་པ་རྣམས་ངན་པ་རེད་ཟེར་བ་མ་རེད། ས་མཚམས་འདི་གསལ་པོ་ཤེས་པར་བྱོས་ཤིག

    Reply
  28. ནད་པ says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་གྱིས་ད་བར་དུ་བོད་བསྟན་སྲིད་ཀྱི་ལས་ཀར་གང་ཐུབ་ཀྱིས་ཞབས་འདེགས་ཞུས་ཡོད། ཁོང་གིས་ཨ་རག་མཆོད་པ་དེ་ཁོ་རང་གིས་ལས་ཀ་བྱས་པའི་རང་ཉིད་ཀྱི་དངུལ་བཏོན་ནས་ར་ཏོག་ཙམ་བཟི་བཞིན་ཡོད།

    ཀརྨ་ཆོས་འཕེལ་ནི་དབུས་གཙང་མི་དམངས་ཀྱི་ནང་ནས་ཤེས་ཡོན་དང་། འཇོན་ཐང་། སློབ་སྦྱོང་། ཉམས་མྱོང་། ཆབ་སྲིད་བཅས་ཚད་ལྡན་ཞིག་ཡོད་པའི་མི་སྣ་ཞིག་ཡིན།

    ཁོང་ལྟ་བུའི་ཆབ་སྲིད་ཀྱི་མི་སྣ་ཡག་པོ་ཞིག་ཡར་ཐོན་གྲབས་བྱས་ཚེ་དབུས་གཙང་མི་དམངས་ཀྱིས་རང་ཉིད་རང་གིས་མེད་པ་བཟོ་བཞིན་ཡོད། ད་དུང་དེའི་ཁར་ཕྱོགས་འགལ་ཚོགས་པ་འགས་ནང་དཀྲུགས་ཕྱི་དཀྲུགས་བཟོ་བཞིན་ཡོད།

    ༡ ཀརྨ་ཆོས་འཕེལ་ལ་ནག་ཉེས་ཆེ་བ་ཅང་མེད། ནག་ཉེས་ཐེར་བཏོན་བྱེད་འདོད་ན་བཙན་བྱོལ་འཁྲོད་ཀྱི་མཐོ་རིམ་མི་སྣ་ཚོའི་གནས་བབ་ལ་རྒྱུས་ལོན་བྱོས། ཀརྨ་ཆོས་འཕེལ་གྱིས་ད་བར་སྤྱི་དོན་གྱི་ལས་ཀ་བསྒྲུབས་ཀྱང་ཁོང་ལ་དངུལ་ཁང་ཁག་གི་ནང་དུ་དངུལ་ཕོན་ཆེན་བཅོལ་བའི་དངུལ་འཛིན་བཏོན་རྒྱུ་མེད།

    ༢ ཀརྨ་ཆོས་འཕེལ་ལ་ཁང་པ་སྒེར་བདག་བྱས་པའི་ཁང་བརྩེགས་ཅན་གྱི་ཁང་པ་མེད།

    ༣ ཀརྨ་ཆོས་འཕེལ་ལ་ས་ཆ་མང་པོ་ཉོས་པའི་ས་བདག་ཅན་གྱི་བདག་དབང་གང་ཡང་མེད།
    ༤ ཀརྨ་ཆོས་འཕེལ་ལ་ཟ་ཁང་ཆེན་པོ་དེ་འདྲ་གཉེར་རྒྱུའི་དངུལ་མེད།

    ༥ ཀརྨ་ཆོས་འཕེལ་ལ་མགྲོན་ཁང་ཆེན་པོ་དེ་འདྲ་གཉེར་རྒྱུའི་རྒྱུ་དངོསད་མེད།

    ༦ ཀརྨ་ཆོས་འཕེལ་ནི་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་ལ་མཚམས་མཚམས་ཨ་རག་ལ་དགའ་དྲགས་ནས་ར་བཟིའི་དཀའ་ངལ་ཅུང་ཟད་བྱུང་བཞིན་ཡོད་ཀྱང་ཁོང་ལ་སྡིག་ཉེས་ནམ་མཁར་མི་གཤོང་བ་དེ་འདྲ་མེད།

    ༧ དངུལ་རྩའི་བདག་པོ། འབྱོར་ལྡན་ཅན། ཁྱིམ་བརྒྱུད་ཅན། ཁང་བདག་ཅན། ས་བདག་ཅན། ཚོང་གཉེར་ཅན། མ་རྩ་ཅན་བཅས་ཡིན་པའི་བཙན་བྱོལ་གྱི་མཐོ་རིམ་མི་སྣ་ཅན་ཚོ་དང་མཚུངས་བསྡུར་བྱས་ན་ཀརྨ་ཆོས་འཕེལ་ཟེར་བ་དེ་ཇི་འདྲ་ཡིན་མིན་ཤེས་རྟོགས་ཐུབ་ངེས་རེད།

    ༨ དུས་ཐོག་ལས་འགན་བསྒྲུབས་མ་ཐུབ་པ་དེ་ཡང་ནོར་འཁྲུལ་གྱི་བྱ་བ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་ཀྱང་ནག་ཉེས་ཅན་ཞིག་བཟོ་རྐྱང་བྱས་ཚེ་དེ་ནི་ཡག་པོ་མིན།

    ༩ ད་རེས་བཀའ་ཁྲི་གསར་པས་ཐད་ཀར་བཀའ་བློན་གདམས་ཐོན་ཀྱི་དུས་ཐོག་ལྟར་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་པཁོང་ཡང་ནག་པོ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་འདུག

    Reply
  29. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    མི་ལུས་རིན་ཆེན་རིན་ཐང་ཤེས་འདུག་ན།
    མི་ལུས་ཡིན་ལ་སེམས་པ་ཁྱི་ཡིན་པའི།
    མི་ཡུལ་སླེབས་པའི་བོད་ཀྱི་སྤྱི་མཐུས་རྣམས།
    མི་ཡུལ་གནས་དགོས་བསམ་ན་བསྒྱུར་བཅོས་བྱོས།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese