མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྔ་རྗེས་མི་ ༧ གྱིས་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་
༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ ཙམ་ལ་ཁམས་དཀར་མཛེས་དར་རྒྱས་དགོན་པའི་རང་ལོ་ ༣༧ ཡིན་པའི་གྲྭ་ངག་དབང་བློ་བཟང་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཡིག་ཆ་འགྲེམས་གཏོར་དང་། “༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་སྐད་འབོད་ངོ་རྒོལ་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་དམག་མིས་ཁོང་ལ་གཅར་རྡུང་དྲག་པོ་བཏང་སྟེ་འཛིན་བཟུང་བྱས་འདུག དེའི་རྗེས་མི་གྲངས་ ༦ ཙམ་གྱིས་ཡང་བསྐྱར་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་། དེ་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་འཛིན་བཟུང་བྱས་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པས་ལྷོ་ཕྱོགས་སེ་ར་དགོན་པའི་གྲ་ཡེ་ཤེས་བློ་བཟང་ལགས་སུ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོག་བྱུང་བར།  ཕྱི་ཚེས་ ༡༤ ཉིན་དར་རྒྱས་དགོན་པའི་གྲྭ་ངག་དབང་བློ་བཟང་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ཏེ་རྒྱ་སྒོར་ ༨༠༠ ལྷག་གིས་༸གོང་ས་མཆོག་གི་སྐུ་པར་བླུས་ཏེ་རང་ཤག་ཏུ་སྒྲིག་བཤམས་བྱས་ཡོད་པ་དང་།  ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་དགོན་པ་ཚོགས་འཚོགས་སྐབས་གྲྭ་མང་ལ་སྐུ་འབྱེད་ཕུལ་ཏེ་གསོལ་སྨོན་སྐྱབས་འཇུག་ཞུས་རྗེས།  ཞོགས་པའི་ཆུ་ཚོད་ ༦ ཙམ་ལ་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ཡོད་པ་དང་།   ཆུ་ཚོད་ ༧ སྟེང་དཀར་མཛེས་རྫོང་གི་ཁྲོམ་སྲང་ཏུ་བོད་ལ་དབང་དགོས་པ་དང་།  ༸གོང་ས་མཆོག་ཕྱིར་བོད་དུ་གདན་ཞུ་གནང་དགོས་པའི་སྐོར་གྱི་ཡིག་ཆ་འགྲེམས་གཏོར་བྱས་པར་བརྟེན།  ཉིན་དེར་མཆོད་མཇལ་དུ་སྐྱོད་བཞིན་པའི་མི་ཚོགས་མང་པོ་ཁོང་གི་ཉེ་འཁོར་དུ་འདུ་འཛོམས་བྱུང་ཡོད་པ་དང་།  སྐབས་དེར་ཁོང་གིས་པུས་མོ་གཉིས་ས་ལ་བཙུགས་ཤིང་ལག་གཉིས་ཐལ་མོ་སྦྱར་ཏེ།  “༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་སྐད་འབོད་བྱས་ཡོད་འདུག ཁོང་གིས་ཞི་བའི་ངོ་རྒོལ་གནང་སྟེ་སྐར་མ་ ༦ ཙམ་གྱི་རྗེས་ལ།  རྒྱ་གཞུང་གི་ཉེན་རྟོག་དམག་མི་མང་པོ་བསླེབས་ཏེ་ཁོང་ལ་གཅར་རྡུང་དྲག་པོ་གཏོང་ཞོར་བཙན་འཁྲིད་བྱས་ཡོད་པར་མ་ཟད། དེར་འདུས་ཀྱི་མི་མང་ལའང་སྡིགས་ར་དང་འཇིགས་སྐུལ་བཏང་ཡོད་འདུག  ད་ལྟ་གྲྭ་ངག་དབང་བློ་བཟང་ལགས་ས་གནས་གང་དུ་བཀག་སྐྱིལ་བྱས་ཡོད་མེད་ཀྱི་གནས་སྟངས་སྐོར་ཤེས་རྟོག་ཐུབ་མེད་པ་རེད། 

གྲྭ་ཡེ་ཤེས་བློ་བཟང་ལགས་ཀྱིས་མུ་མཐུད་བརྗོད་པ་ལྟར་ན། ཉིན་དེར་སྔ་རྗེས་སུ་མི་གྲངས་ ༦ ཙམ་གྱིས་དཀར་མཛེས་རྫོང་གི་ཁྲིམ་གཞུང་དུ་ངོ་རྒོལ་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་རྣམ་པའི་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག ད་ལྟའི་ཆར་དཀར་མཛེས་རྫོང་ཐོག་ཉེན་རྟོག་དམག་མིས་བཀག་སྡོམ་ནན་མོ་བྱས་ཏེ།  ལམ་མདོ་ཁག་ཏུ་ལྟ་སྲུང་དམག་མི་འགྲེམས་འཇོག་དང་།  རྫོང་མཁར་དུ་མི་མང་འགྲོ་བསྐྱོད་སྐབས་ཐོབ་ཐང་ལག་ཁྱེར་ཡོད་མེད་དང་གང་དུ་འགྲོ་འདུག་བྱེད་མིན་སྐོར་ལ་འདྲི་རྩད་བྱེད་བཞིན་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 7

  1. བརྩོན་རྒྱམ། says:
    ལོ་ 12 སྔོན།

    དཔའ་རྒོད་ཚོ་ངོ་མ་རིན་ཐང་འདུག་ཁྱེད་ཚོས་བདེན་དོན་ལ་རྒྱ་ཡི་ཆེད་རང་གི་ལུས་སྲང་ཡང་རྒྱ་ནག་དམར་ཕྱོགས་ཚང་ལ་སྤྲད་པ་མ་ཡིན་ནམ་སྤུན་ཟླ་ཚོ་བོད་མིའིབསམ་དོན་འགྲུབ་པར་ཤོགས་བོད་རྒྱལ་ལོ་དཀར་མཛེས་ཀྱི་དཔའ་རྒོད་ཚོ་རྒྱལ་གྱུར་ཅིག

    Reply
  2. ཅང་མེད། says:
    ལོ་ 12 སྔོན།

    ཀྱེ་མ་་་ཡོད་སྐྱོ་བའི་གནས་ཚུལ་དེ་ཚོ་མཐོང་ཚེ་སེམས་འགུལ་ཐེབས་པ་ཞིག
    ཀེ་ཧོ་སད་རན་པའི་བཙན་བཅོལ་བོད་གཞུང་།་་་
    དངོས་གནས་རྒྱས་གཅེས་དཔའ་བོ་ཚོའི་སྙིང་སྟོབས་ལ་གུས་འདུད་ཞུ། ང་ཚོའི་འདོད་པ་ལྟར་དུ་་བོད་རྒྱལ་བར་སྨོན།་་་་བོད་རྒྱལ་ལོ།…………………

    Reply
  3. ཁམས་པའི་བུ། says:
    ལོ་ 12 སྔོན།

    ལ་རྒྱ་ཡི་ཕ་ས་བརྗིད་ཆགས་ཀྱི་དཀར་མཛེས། དཔའ་རྒོད་ཀྱི་ཁྱིམ་གཞི་ཡིད་འོང་གི་དཀར་མཛེས། ང་ཚོའི་ཕ་ས་སྟེ། ལོ་རྒྱུས་ཀྱི་རྡོ་རིང་ཡ་ ང་ཚོས་ནམ་ཡང་བརྗེད་དུ་མེད་
    ད་ཆར་ཞི་བདེ་དབེན་པའི་མི་བཤས་སའི་བཤས་རྭ་ཞིག་ཏུ་གྱུར་འདུག་ འོན་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་ཡིན་པས་གཟི་བརྗིད་སྔ་ལས་ཆེར་ཕྱིན་ཡོད་ལ་ བསམ་ཤེསཅན་རྣམས་ཀྱི་ཡིད་དབང་སྔར་ལྷག་འཕྲོག་ཐུབ་པའི་མཛེས་སྡུག་ཡར་ངོའི་ཟླ་གཞིན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འཕེལ་གཞིན་ཡོད་ ཁྱེད་རྣམས་ནི་མཐའ་འཚམས་སྲུང་བའི་རང་སྲོག་གློད་གཏོང་མཁན་གྱི་མགྲན་ཟླ་མེད་པའི་བོད་དམག་ཁྱུར་གཅིག་ཡིན།།

    Reply
  4. ནགས་མེ། says:
    ལོ་ 12 སྔོན།

    དཀར་མཛེས་དཔའ་བོ་རྣམ་པར་བླ་མེད་ཀྱི་གུས་འདུད་ཡོད། ཐུགས་རྗེ་ཆེ།

    Reply
  5. དབྱར་ཁབ་ཀུན་བཟང། says:
    ལོ་ 12 སྔོན།

    ཧ་ཅང་འཇིགས་སྣང་ཅན་གྱི་བཙན་རྒྱའི་མེ་འདའི་སོ་ཁ་ནས་སྐུུ་སྲོག་འཕང་མེད་དུ་བཏང་བའི་འོས་མགན་དེ་དཀར་མཛེས་ཁུར་དང་ཨ་མདོ་ཕྱོགས་གཉིས་ལ་བབ་པའི་བཟོ་འདྲ་ཆགས་འདུག་་་ངོ་མ་བོད་སྟོད་སྨད་བར་གསུམ་དང་་བཙན་འབྱོར་བ་ཕྱོགས་ཡོང་ནས་མ་དྲིས་བསམ་པ་གཅིག་མཐུན་གྱི་འདི་ལྟ་བུའི་ལས་འགུམ་ཞིག་སྤེལ་ཐུབ་ན་ཅི་མ་རུང་མཉམ་པའི་བློ་ཞིག་དབང་མེད་སྐྱེད་ཀྱི་འདུག

    Reply
  6. འདྲེ་མེ་འབུད། says:
    ལོ་ 12 སྔོན།

    དཀར་མཛེས་པའི་དཔའ་རྒོད་ཚོའི་སྙིང་སྟོབས་རྒྱལ་གྱུར་ཅིག

    Reply
  7. ཤིང་ལོ། says:
    ལོ་ 12 སྔོན།

    ད་ང་ཚོས་གང་བྱེད་དགོས་རྒྱུ་མི་ཤེས་པ་མ་རེད་དམ། བོད་ནང་གི་སྙིང་སྟོབས་ནམ་ཡང་ཞུམ་པ་མི་འདུག་གཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist