མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

                                                 ཉེར་གཉིས།

རྗོ་སུ་ལམ་ང་རང་བསྡོད་ས་ནས་ང་ཚོ་འགྲོ་སའི་མཚོ་འགྲམ་དེར་ཆུ་ཚོད་གཅིག་ཏག་ཏག་གི་རླངས་འཁོར་བཏང་ནས་སོང་ན་སླེབས་ཀྱི་ཡོད། རྒྱལ་ཁབ་དཀྱིལ་དབུས་སུ་འཁེལ་ཡོད། མཚོ་འགྲམ་དེ་ཡི་མིང་དུ་ཕ་མ་ལེམ་མཚོ་འགྲམ་དུ་འབོད་ཀྱི་ཡོད། མཚོ་འགྲམ་མང་ཤོས་ཤིག་ལ། གུར་ཕུབ་ནས་བསྡོད་ཆོག་མིན་ཡོད་ལ། བསྡོད་ཆོག་པའི་དབང་དུ་བཏང་རུང་། དེ་ལ་བསྡོད་རིན་སྤྲོད་དགོས་ཀྱི་ཡོད་པ་རེད། ད་རེབས་ཀྱི་མཚོ་འགྲམ་འདི་ནས་བསྡོད་རིན་མི་དགོས་པ་མ་ཟད། བསྡོད་སའི་འགྲམ་དུ་གཙང་བཟོ་བྱེད་མཁན་གྱི་མི་ཡོད་ལ། མཚོ་འགྲམ་གཞན་དག་ལས་ཀྱང་མི་ཉུང་ན་ཡང་། ཡོང་མཁན་མང་ཤོས་ཤིག་ནི་ན་གཞོན་ཕོ་མོ་དག་རེད།

མཛའ་མོ་དང་ངེད་གཉིས་དེ་རུ་འབྱོར་དུས། སྐར་མ་བཅུའི་སྔོན་དུ་གྲོགས་པོ་བུ་ཆུང་གི་རྒན་མོ་ཤེས་རབ་ལྷ་མོ་དང་མོ་རང་གི་སྲིང་མོ་དང་བུ་མོ་གཉིས། གཞན་པའི་བུད་མེད་ངོ་མི་ཤེས་པའི་བུད་མེད་ཅིག ཚང་མ་འབྱོར་འདུག་ལ། ཤེས་རབ་ལྷ་མོའི་སྲིང་མོ་ཡི་ཁྱོ་ག་ཡིས་གུར་ཕུབ་ཚར་འདུག ཉི་མ་ཡང་ཚ་བོ་རེད། ངས་རང་གི་ཅ་ལག་དག་འཁུར་ནས་ཁོང་ཚོའི་འགྲམ་དུ་བཞག ངའི་མཛའ་མོ་ཡིས་བུ་མོ་ཐར་མ་མཚོ་ལ་བལྟ་དགོས་པ་དང་། མོ་རང་སྤྲུམ་མ་ཡིན་དུས། ཅ་དངོས་ལྕི་མོའི་རིགས་ཡར་འཇོག་མི་ཐུབ་པ་ཡིན། ཅ་ལག་བསྐྱེལ་བར་རོགས་པ་བྱེད་ཆོག་ཟེར་ནས་མ་བཤད་ཀྱང་། ཁོ་རང་གི་འགྲམ་དུ་ང་རང་གིས་གུར་ཕུབ་བཞིན་ཡོད་པ་དང་། གུར་ཕུབ་པ་ལ་རོགས་པ་ཞིག་ཡོད་ན་སྟབས་བདེ་བོ་ཡོད་པ་ཁོ་རང་གིས་ཀྱང་ཤེས་གསལ་ཡིན། རེད་དེ། ང་ལ་རོགས་པོ་དགོས་མིན་གྱི་སྐད་ཆ་ཚིག་གཅིག་དྲིས་མ་སོང་།

ངས་ཅ་ལག་ཡང་བསྐྱེལ་ཚར་སོང་ལ། གུར་ཡང་ཕུབ་ཚར་ཡིན། དེ་དུས་ཁོ་རང་གིས་བུད་མེད་གཞན་དེ་ཡི་གུར་ཕུབ་བཞིན་འདུག ངས་འཁྲིས་ནས་བལྟས་མ་བསྡད་པར་ཐད་ཀར་སོང་ནས་རོགས་བྱས་ནས་ངེད་གཉིས་ཀྱིས་བུད་མེད་དེ་ཡི་གུར་ཕུབ་པ་ཡིན། བུད་མེད་དེ་ནི་བཟའ་ཐོར་ཟིན་པའི་བུ་མོ་གཉིས་ཀྱི་ཨ་མ་རེད་འདུག་ལ། ད་ལྟ་མོ་རང་གི་དགའ་རོགས་སུ་འབོད་པ་ཞིག་ཡོད་ཀྱང་། དེ་ནི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་གུས་བཀུར་ཡོད་མཁན་ཞིག་ཡིན་སྟབས། མོ་རང་གི་མཉམ་དུ་གཟའ་པ་སངས་དང་སྤེན་པ་ལ་ཕྱི་རུ་ཡོང་ཐུབ་མེད་པ་རེད། དེ་ནས་ཤེས་རབ་ལྷ་མོ་ལ་གུར་ཞིག་ཡོད་པ་དེ་ཕུབ་རོགས་དུ་སོང་དུས། ཤེས་རབ་ལྷ་མོའི་གུར་གྱི་ལྕགས་མཐུད་རྒྱགས་ཕྱེད་དེ་ནི་གུར་དེ་ལ་རན་པ་ཞིག་མ་ཡིན་པ་ཤེས་སྟབས། ངས་འདི་ནི་གུར་འདི་ཡིས་མ་རེད་ཅེས་བཤད་པ་ཡིན།

ཏག་ཏག་ངའི་སྐད་ཆ་དེ་ཡིས་ངའི་གྲོགས་པོ་བུ་ཆུང་ལ་གནོད་པ་ཞིག་བྱེད་ཀྱི་ཡོད་པ་གང་ནས་ཤེས། མོ་རང་གིས་རང་ཉིད་ལ་རོགས་རམ་བྱས་ནས་ལྕགས་མཐུད་གུར་ཕུབ་བྱེད་ཅིག་བུ་ཆུང་གིས་སྤྲད་པ་དེར་ཐུགས་རྗེ་ཆེ་མེད་པར། ཁོ་རང་ལ་ཁ་པར་བཏང་ནས་ཚིག་ངན་བཤད་པའི་འགོ་བཙུགས་སོང་། ཁྱེད་རང་གིས་ང་ལ་རྫུན་བཤད་ནས་གང་བྱེད། ཁྱེད་རང་གིས་ལག་པར་རེག་སོང་ཟེར། དེ་འདྲ་ཞིག་མ་རེད། ཁྱེད་རང་གིས་གུར་ཞིག་ཉོས་ཡོད་ས་རེད། ང་ལ་འགོ་བསྐོར་གཏོང་དོན་གང་འདུག་སོགས་སྐད་ཆ་ཆེས་མང་བོ་ཞིག་བཤད་ཀྱི་འདུག

ངའི་སེམས་སུ། མི་འདིའི་རིགས་ལ་རོགས་བྱེད་པ་དེ་ལ་ཡང་བསམ་བློ་བཏང་ནས་རོགས་མ་བྱས་ན། དངོས་ནས་དྲིན་ལན་མེད་པར་བཀའ་ལོག་ཉོ་བ་རང་རེད་འདུག་སྙམ་ཞོར་དུ། མོ་རང་གི་གུར་དེ་ཕྱིར་བསྡུ་བཞིན། བུད་མེད་གཞན་དེ་ཡི་གུར་ནི་མི་བཅུ་ལྷག་གཤོང་བ་ཞིག་ཡིན་དུས། དེ་ཡི་ནང་དུ་མཉམ་དུ་ཉལ་རྒྱུའི་ཐག་བཅད་བྱུང་བ་ལྟར། མོ་རང་གིས་ཉལ་ཆའི་རིགས་ནང་དུ་བཅུགས་སོང་། ང་རང་གིས་དབུགས་གདན་གཉིས་ཀ་རླངས་འཁོར་ནང་ནས་དབུགས་བརྒྱབས་རྗེས་སུ། ཕྱིར་གུར་འགྲམ་དུ་འབྱོར་དུས། ད་ནི་ང་ཚོས་ཁ་ལག་ག་རེ་བཟོས་ན་འགྲིག་གི་འདུག་ཟེར་ནས་ང་ལ་འདྲི་བཞིན་འདུག

སྐབས་དེར་ངས་ག་རེ་བཟོས་ན་འགྲིག་གི་རེད། ད་མགྱོགས་པོ་བཟོས་ན་མ་གཏོགས། འདི་ཁུལ་དུ་གློག་ཡོད་ས་མ་རེད། གློག་མེད་དུས། ང་ཚོས་ས་རུབ་ན་ཟ་མ་བཟོ་བར་དཀའ་ངལ་འཕྲད་ངེས་ཡིན་ཞེས་བཤད་དུས། ཤེས་རབ་ལྷ་མོས་སྲིང་མོ་ཡིས་དེ་རེད། ངས་ཀྱང་ད་ལྟ་རང་དེ་ལྟར་བཤད་པ་ཡིན་ཟེར། ང་ཚོས་སྐད་ཆ་དེ་འདྲ་ཞིག་བཤད་རྗེས་ང་རང་གིས་ཅ་ལག་གཞན་ཞིག་གི་ཆེད་དུ་རླངས་འཁོར་ཡོད་སར་སོང་ནས་ཕྱིར་སླེབས་དུས། ཤེས་རབ་ལྷ་མོའི་སྲིང་མོ་ཡིས། དོ་ནུབ་ང་ཚོས་ཟ་མ་བཟོ་དགོས་ཀྱི་མི་འདུག རྒ་ལས་ཐུ་ཡིས་ཟ་མ་མང་བོ་ཞིག་བཟོས་ཚར་བ་ཉོ་ནས་ཡོང་འདུག་ཟེར།

རྒ་ལས་ཐུ་ནི། གོང་དུ་བཤད་མ་ཐག་པའི་བུ་མོ་གཉིས་ཀྱི་ཨ་མ་དེ་ཡིན། མོ་རང་ནི་དངོས་ནས་རྒྱགས་པ་ཞིག་རེད། ལྷག་དུ་རྐུབ་ཤ་དེ་ནི་ཆེ་བ་ནི། དངོས་ནས་ཡར་འགྲོའི་མར་འགྲོའི་སྐབས་སུ་མི་བལྟ་བསམ་ཡང་། ངའི་མིག་ལས་ངན་འདི་དང་། སེམས་སྡུག་ཆག་དེ་གཉིས་ཀྱིས་མོ་རང་གི་རྗེས་སུ་ཡང་ཡང་ཤོར། མཚོ་མོའི་རླབས་སྒྲ་ནི་ཤག་ཤག་བྱེད་བཞིན་ཡོད་ལ། ཉེ་འགྲམ་དུ་དོར་ཐུང་དང་ནུ་ཁེབ་ལག་འཐིལ་ཙམ་རེ་གྱོན་ནས་ཕར་འགྲོ་ཚུར་འགྲོ་བྱེད་མཁན་གྱི་ན་གཞོན་བུད་མེད་ཀྱང་ཆེས་མི་ཉུང་བ་ཞིག་ང་ཚོའི་གུར་འགྲམ་དུ་གུར་ཕུབ་ནས་བསྡད་ཡོད་པ་མ་ཟད། དེ་དག་གི་ཕྱོགས་སུ་ཡང་མཚམས་རེར་མི་བལྟ་བསམ་ཡང་། སེམས་འདི་དངོས་ནས་རང་དབང་མེད་སོང་བ་ཡིན་ནམ། ཡང་ན། མིག་འདིས་ལོང་སྤྱོད་ཅིག་བྱེད་ཀྱི་ཡོད་མེད་གང་ལྟར། ཉེ་ཁོར་དུ་ཡང་ཡང་མིག་གིས་ཕྱོགས་པ་ཡིན།

མཚོ་མོའི་རླབས་སྒྲ་ནི་ཆེ་ཆེར་འགྲོ་བཞིན་ཡོད་ལ། ཉེ་འགྲམ་སུ་མར་མེ་སྒྲོན་མཁན་གྱི་སྐོར་སྐོར་བྱས་ནས་ཡོད། ང་ཚོས་ཀྱང་མར་མེ་ཁ་ཤས་ཤིག་སྒྲོན་རྗེས་སུ། ཁ་ལག་གི་རྗེས་ཀྱི་ཞོར་ཟས་མངར་མོའི་རིགས་དང་འཚིག་ཇ་། སྤི་རག་འཐུང་མཁན་གཅིག་གཉིས་ཤིག་གིས་སྤི་རག་འཐུང་འགོ་བཙུགས། ང་ཡིས་ཟུར་ཞིག་ནས་ཐ་མག་ཞིག་མེ་ལ་སྒྲོན་ཞོར་དུ། ཟླ་འོད་ཀྱི་འོག་ནས་ང་ཚོས་སྒྲོན་པའི་མེ་སྤུངས་ཆུང་ཆུང་དེ་ཡི་འགྲམ་དུ་ཤེས་རབ་ལྷ་མོའི་སྲིང་མོ་ཡི་ཁྱོ་ག་དང་མཉམ་དུ་ཁ་བརྡ་ལ་ཞུགས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

༢༠༢༦/༠༡/༡༥

མཆན། 1

  1. kawakarpo says:
    ལོ་ 15 སྔོན།

    མུ་མཐུད་ནས་མགྱོགས་པོར་འབྲི་རོགས། རྗེས་མར་འདི་དེབ་ཅིག་ཏུ་དཔར་ཐུབ་ན་བཟང་གི་ཡ། འཕྲོག་ཉོ་བྱེད་ཐག་ཆོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese