མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུན་ཆད་མེད་པའི་འབོད་སྒྲ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཚེས་མགོ་ནས་བཟུང་ཁམས་དཀར་མཛེས་ས་ཁུལ་གྱི་བོད་རིགས་སེར་སྐྱ་མི་མང་གི་རང་དབང་གི་འབོད་སྒྲ་མཚམས་ཆད་མྱོང་མེད་ལ། ད་ཆར་རྒྱ་གཞུང་གིས་དཀར་མཛེས་དགོན་གྲོང་གཉིས་ནང་དམ་དྲག་ཤུགས་ཆེན་བྱས་ཤིང་། སྲིད་གཞུང་གི་མི་སྣ་དགོན་སྡེ་ཁག་ཏུ་ཡོང་སྟེ་སོ་སོའི་དགོན་པའི་གྲྭ་བ་ཚོར་བདག་པོ་རྒྱག་རྒྱུ་མིན་ན་དགོན་པ་སྒོ་རྒྱག་རྒྱུ་ཡིན། ཞེས་ཉེན་བརྡ་བཏང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་དཀར་མཛེས་ཁང་དམར་དགོན་གྱི་རང་ལོ་ ༢༢ ཡིན་པའི་གྲྭ་རིན་ཆེན་རྒྱ་མཚོ་དང༌། རང་ལོ་ ༢༡ ཡིན་པའི་གྲྭ་བླ་མ་ཚེ་རིང་རྣམ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ པ་ཙམ་ལ་ཉ་རྒྱས་དགོན་གྱི་བཙུན་མ་བློ་བཟང་དབྱངས་མཚོ་དང་བློ་བཟང་མཁའ་འགྲོ། འཕྲིན་ལས་སྒྲོལ་མ་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་ཏེ། རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་བཀྲ་ཤིས་སྒྲོལ་དཀར་དང་བཙུན་མ་ཕུན་ཚོགས་སྒྲོལ་མ་རྣམ་གཉིས་དང༌། དཀར་མཛེས་དགོན་གྱི་གྲྭ་དབང་དབྱངས་བཅས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ་ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་བསླེབས་ཏེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་པའི་བཙུན་མ་བཅུ་གཉིས་ལྷ་མོ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཏེ་ཞི་རྒོལ་བྱས་བར། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་འཛིན་བཟུང་བྱས་ཡོད་འདུག

 

ད་ཆར་དགོན་སྡེ་ཁག་གི་གྲྭ་བཙུན་ཚོ་ཡར་མར་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་པ་མ་ཟད། ཛ་དྲག་ནད་མནར་སོགས་བྱུང་སྟེ་དཀར་མཛེས་རྫོང་ཐོག་ཏུ་འགྲོ་དགོས་བྱུང་སྐབས། ས་གནས་ཞང་སྲིད་གཞུང་གི་ཐོ་འགོད་རྒྱབ་གཉེར་ཡི་གེ་དགོས་པ་མ་ཟད། འགན་ལེན་མི་སྣ་གཅིག་བཅས་མཉམ་འཁྲིད་མེད་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

 

རྒྱ་གཞུང་གི་ཕྱིར་བསྒྲགས་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི། རྒྱལ་ཡོངས་སུ་ཆེས་ཐོག་མར་བཙུགས་པའི་ཆེད་ཁུལ་རིམ་པའི(专区级)མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་པ་དང༌། ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཁུལ་དང་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ལ། མངའ་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ ༡༥༦༠༠༠ ཙམ་ཡོད་པ་དང༌། ༢༠༠༦ ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་སུ་ཁྱོན་སྡོམ་མི་གྲངས་འབུམ་དགུ་ཁྲི་གསུམ་དང་ལྔ་བརྒྱ་ ༩༣༠༥༠༠ ཡོད་པ་དང༌། དེའི་ནང་དུ་བོད་རིགས་འབུམ་བདུན་དང་ཁྲི་གསུམ་སྟོང་གཉིས་ ༧༣༢༠༠༠ ཡོད་པས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བདུན་ཅུ་དོན་བརྒྱད་དང་གྲངས་ཆུང་བདུན་ཟིན་ཡོད། ཁུལ་གཏོགས་རྫོང་ཁག་བཅོ་བརྒྱད་ཡོད་པའི་ནང་གི་མང་ཆེ་བ་ཁམས་པའི་སྡེ་ཡིན་པས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུའང་ཁམས་ཡུལ་དུ་འབོད་བཞིན་ཡོད། ཅེས་བཀོད་འདུག

 

 

 

འབྲེལ་ཡོད་གསར་འགྱུར།

Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྙིང་སྟོབས་བཙན་པོའི་དཔའ་བོས་གད་རྒྱང་གིས་རྒྱུན་མ་ཁྱད་པར་ཉིན་རེ་བཞིན་ཁམས་དཀར་མཛེས་སུ་བོད་མིའི་མངོན་འདོད་སྒྲུབ་བཞིན་ཡོད་པ་འདིའི་རིན་ཐང་གླེང་མི་ཚར་བ་ཞིག་ཡོད་པ་སུ་ཞིག་གིས་མི་ཤེས་བསམ་དེ་བཞིན་དཔའ་རྒོད་ཚོ་ཁྱེད་ཚོའི་མི་རིགས་ཤིག་གཉའ་གནོད་འོག་ཏུ་ཡོད་མཁྱེན་ནས་འདི་འདྲའི་རླབས་ཆེན་གྱི་བྱས་རྗེས་ཞིག་ཡིན་པ་བརྗོད་མ་དགོས་པ་རེད།   འོན་ཀྱང་ཁྱེད་ཀྱི་ཚེ་སྲོག་ནི་ངོ་མ་རིན་ཐང་མེད་པ་ཞིག་ཡིན་དུས་རང་ཉིན་དམར་ཕྱོགས་དྲག་དམག་གི་ལག་ཏུ་མི་ཤོར་བར་ཐབ་ལམ་གང་ཡོད་བྱེད་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese