མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེར་གསུམ།

མཚན་མོ་ཅུང་འདུག་ཡུན་རིང་དྲགས་པ་འདྲ། མེ་སྤུངས་ཀྱི་མཐའ་ནས་ངས་འཇིག་རྟེན་གཞན་ཞིག་གི་རོལ་མྱོང་བྱས། གང་ལྟར། ཉལ་དུས་སུ་ཟླ་བའི་འོད་ཀྱིས་ས་གཞི་ཡོངས་དཀར་བོར་བཏང་། ཉེ་འགྲམ་གྱི་གུར་ཆུང་རེ་རེ་ཡི་མཐའ་རུ་གཞོན་ནུ་ཕོ་མོ་ཆེས་མི་ཉུང་བ་ཞིག་ད་དུང་སྤི་རག་འཐུང་བ་དང་གླུ་དབྱངས་ལེན་པ་སོགས་བྱེད་ཀྱི་འདུག ཕ་མ་ཆགས་དུས་སུ་སྣང་བ་དེ་དག་རང་བཞིན་གྱིས་མེད་འགྲོ་བ་ཞིག་ཡིན་མིན་མི་ཤེས་ཀྱང་། ང་རང་ནི་ཕ་རྒན་མ་ཆགས་པའི་ཡར་སྔོན་ནས་བཟུང་། ན་གཞོན་གྱི་སྣང་བ་དེ་དག་ཡལ་ནས་ཡུན་རིང་སོང་ཟིན་པ་ཡིན་དུས། གཞོན་ནུ་དེ་དག་གི་གང་བྱེད་ཀྱི་ཡོད་པ་དག་ལ་སེམས་ཤོར་བ་ལས་གཞན་ཞིག་དྲན་དུ་བཅུགས།

མཚན་དཀྱིལ་དུ་ཉེ་འགྲམ་གྱི་གུར་འགྲམ་དག་ནས་སྐད་བརྒྱབས་པར་བསྟེན། མཛའ་མོ་ཡར་བླངས་དེ་ཕྱི་ལ་སོང་ནས་སྐད་འགོ་དམའ་བོ་ཞིག་གནོང་རོགས་ཞེས་འབོད་སྐུལ་བྱས་མིན་ལ་མ་བལྟས་པར། སྔར་བཞིན་སྐད་སྒྲ་དང་རྒྱ་མཚོའི་རླབས་སྒྲ ཡང་ན་ཉལ་ས་མི་བདེ་བའི་དཀའ་ངལ་གང་ཡིན་མི་ཤེས་མོད། བུ་མོ་གཉིད་ལས་སད། དེ་ནས་མོ་རང་གིས་འཁུར་ནས་གུར་འགྲམ་དུ་སྐོར་བ་མང་བོ་བརྒྱབས་མཐར་ངས་ལག་པར་བཞག ངས་ཀྱང་དེ་ལྟར་གུར་འགྲམ་ནས་སྐོར་ཉུལ་བྱས། མཚན་མོ་དེ་ལྟར་བསྐྱལ། གཉིད་སྟབས་བདེ་བོ་ཞིག་གང་ནས་ཁུགས་ཐུབ། མ་ཐུབ་ཀྱང་ཞོགས་པ་སྔ་བོ་ཉེ་འགྲམ་གྱི་རོགས་པ་དག་གིས་སྐད་བརྒྱབས་ནས་གཉིད་ལས་དཀྲོགས།

སྤྲོ་འཆམ་དུ་ཡོང་རོགས་ཤེས་རབ་ལྷ་མོ་དང་མོ་རང་གི་ཨ་ཅེ་དང་ཁྱོ་ག བུད་མེད་གཞན་དེ་བཅས་ཀྱི་འཚིག་ཇ་རེ་འཐུང་བ་མ་ཟད། བྱིས་པ་ཚོར་ཞོགས་ཟས་སྟབས་བདེ་རེ་ཡང་སྤྲད་ཚར་འདུག མཛའ་མོས་ཞོགས་པ་སྔ་བོ་འདི་ལ་གུར་བསྡུ་གསོག་བརྒྱབས་ན་བཟང་རབས་བཤད། དེ་མིན་ཉི་མ་ཚ་རུ་སོང་ན་ཅ་དངོས་དག་བོར་འདྲེན་བྱེད་པར་དཀའ་ངལ་འཕྲད་ངེས་ཡིན་ཟེར་བ་ལྟར། ངས་ཅ་དངོས་དག་བསྡུ་གསོག་བརྒྱབས་ཤིང་། གུར་ཡང་བསྡུས་པ་ཡིན། རླངས་འཁོར་ནང་དུ་ཟ་རྒྱུའི་རིགས་མ་གཏོགས་གཞན་དག་བསྐྱལ།

ང་ཚོས་འདུག་ས་བརྗེ་བོ་བརྒྱབས་པ་དང་། དེ་ནས་ཞོགས་ཟས་བཟོ་བའི་འགོ་བཙུགས། ཞོགས་ཟས་ལ་སྒོ་ང་བརྔོས་མ། སྒོ་ང་བཙོས་མ། སྒོ་ང་དང་ལྡུམ་སྒོང་བསྲེས་མ་བཅས་བཟོས་ཚར་མ་ཐག མཚོ་འགྲམ་ལ་སོང་ནས་ཆུ་རྩེད་ལ་རོལ་བའི་ཤེས་རབ་ལྷ་མོ་དང་མོ་རང་གི་ཨ་ཅེ། བུད་མེད་རྒ་ལུ་ཐུ་བཅས་སླེབས་སོང་བ་མ་ཟད། ཁོང་ཚོས་རེ་རེ་བཞིན་རང་རང་གི་བྱིས་པ་དག་ལ་ཁ་ལག་གང་དགོས་མིན་སྐོར་དྲིས་ནས། རང་རང་གི་ས་ནས་རང་རང་གི་བུ་ཕྲུག་དག་ལ་སྟེར་བར་བྲེལ་བ་ལས། གཞན་དག་ལ་སྒུག་པ་དང་། གཞན་དག་ལ་བསྟུན་ནས་ཁ་ལག་མཉམ་དུ་ཟ་བར་མི་བལྟ། འདི་ནི་བོད་ཀྱི་སྲོལ་ལུགས་ལྟར་ན། ཆེ་ཆུང་ཡོད་ལ། རྒན་གཞོན་ཡོད་པ་དེ་ཡི་ཁྲོད་ནས་འཚར་ལོངས་བྱུང་བའི་ང་ལྟ་བུ་ཞིག་ལ་མཚོན་ན་དངོས་ནས་མི་རན་པའི་བྱེད་སྟངས་ཆེས་མང་ན་ཡང་། ངས་ཁོང་ཚོར་བསྟུན་པ་ལས། ང་ལ་ཐབས་ཤེས་གཞན་གང་ཡོད། ཁོང་ཚོར་མཚོན་ན་དེ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམ་གཤིས་ཤིག་ཡིན། རང་ལས་གཞན་གཅེས་ཀྱི་བསམ་བློའི་ཁྲོད་དུ་ལག་ཆག་པ་དང་། གཞན་ལས་རང་གཅེས་ཀྱི་འཚོ་བའི་ཁྲོད་དུ་བསྡོད་སྐབས། མིག་བཙུམ་དགོས་ས་ཆེས་མི་ཉུང་བ་ཞིག་དང་འཕྲད་ཀྱི་འདུག

དཔེར་ན། བྱིས་པ་དག་ལ་གང་དགོས་མིན་སྐོར་འདྲ་མིན་འདྲི་བ་དང་། བྱིས་པ་དག་གིས་འདི་དགོས། གན་དགོས་སོགས་འདྲ་མིན་གཉིས་ཀ་སྡེར་མའི་ནང་དུ་བླུགས། རྗེས་སུ་གཙང་མ་ཟ་ཐུབ་མཁན་གྱི་བྱིས་པ་གཅིག་ཀྱང་མེད་ལ། དེ་ལ་ཕ་མ་དག་གིས་ཀྱང་ཟ་མ་འཕྲོ་བརླག་དུ་གཏོང་མི་ཉན་པའི་སྐོར་བཤད་མཁན་གཅིག་ཀྱང་མི་འདུག དེ་ནི་བོད་མི་དང་རྒྱལ་ཁབ་འདིའི་བར་གྱི་ཁྱད་པར་ཆེ་ཤོས་ཤིག་ཡིན། ཟ་མ་ལ་རིན་ཐང་ཡོད་པར་བལྟ་བར་སློབ་གསོ་ཞིག་བྱས་ན་འགྲིག་མོད། དེ་ནི་དངོས་ནས་གཏན་ནས་མེད་པ་ནས་ཡོད་ཀྱང་། ཡོད་པ་དེ་ཡིས་འདང་གི་མེད་པ་ནི་མིག་གིས་དངོས་སུ་རིག་རྒྱུ་ཡོད་ཀི

ཞོགས་ཟས་དེ་ཟས་ཚར་རྗེས་སུ། ཁོང་ཚོ་རེ་རེ་བཞིན་ཡར་བླངས་ནས་མཚོ་འགྲམ་དུ་བུད་སོང་། ངེད་ཀྱི་མཛའ་མོ་ཡིས་སྡེར་མ་དང་སྣོད་དག་དཀྲུ་སར་སོང་། ངས་རང་གི་བུ་མོ་ཐར་མ་མཚོ་ལ་བལྟས། སེམས་སུ་རང་གི་མཛའ་མོའི་གྲོད་ཁོག་ཆེན་པོ་དེ་འཁུར་ནས་ཉི་མ་ཚ་བོ་དེ་ཡི་ནང་དུ་སྡེར་མ་དང་སྣོད་རིགས་དཀྲུ་བཞིན་པའི་ངང་ཚུལ་དེ་མཐོང་དུས། ཁོང་ཚོས་འཁྲིས་ཀྱི་མི་གཅིག་གིས་ཡིན་ཡང་སོང་ནས་རོགས་བྱས་ན་སྙམ་ན་ཡང་། ཁོང་ཚོ་ལ་སྣང་བ་གང་ཡང་མེད་པར་རང་རང་གི་གང་འདོད་ལྟར་ཡོད།

མཛའ་མོ་ཚུར་སླེབས་པ་དང་། ང་རང་ཁ་སང་མཚོ་འགྲམ་དུ་འབྱོར་བ་ནས་བཟུང་། མཚོ་ནང་དུ་ཆུ་རྐྱལ་བྱེད་དུ་ཐེངས་གཅིག་ཡང་འགྲོ་མ་ཐུབ་པར་ལུས་པ་ཡིན་དུས། ད་ནི་ང་རང་སོང་ནས་ཆུ་རྐྱལ་ཞིག་བྱོས་ནས་འོང་ཞེས་མཛའ་མོར་བཤད་པ་ཡིན། མོ་རང་གིས་བུ་མོ་ལ་ཕྱེ་མའི་ནང་དུ་རྩེད་རོགས་བྱས་ནས་བསྡད། ང་རང་སོང་ནས་སྐར་མ་བཅུ་གྲངས་ཤིག་མཚོ་ནང་དུ་འཛུལ་ནས་ཆུ་རྐྱལ་ཞིག་བྱས་ནས་ཕྱིར་སླེབས་དུས། ཡོང་རོགས་ཚོས་ཅ་དངོས་དག་བསྡུ་གསོག་རྒྱགས་ཀྱི་འདུག ཁོང་ཚོ་ཕྱིར་རང་རང་གི་ནང་དུ་ལོག་པར་གྲྭ་སྒྲིག་བྱེད་ཀྱིན་པའི་སྒང་རེད། བུ་ཆུང་གི་བཟའ་ཐོར་བུད་མེད་ཤེས་རབ་ལྷ་མོས་རང་གི་ཅ་དངོས་དག་ཉི་མ་ཚ་བོ་དེ་ཡི་ནང་དུ་རླངས་འཁོར་ཡོད་སར་བསྐྱེལ་བཞིན་ཡོད་ལ། ངས་ཕྱི་ལོག་ནས་བལྟ་ཞོར་དུ་མོའི་ཚུགས་ཀ་དེ་མཐོང་ནས་དངོས་ནས་མོ་རང་གིས་རང་གི་དགའ་བོ་ང་རང་གི་གྲོགས་པོ་བུ་ཆུང་དེ་དྲན་བཞིན་ཡོད་ངེས་ཡིན་སྙམ་སོང་།

མོ་རང་གི་ཨ་ཅེ་ཡི་ཁྱོ་ག་ཡིས་རང་གི་ཅ་དངོས་ཕལ་ཆེ་བ་བསྐྱེལ་ཚར་ཡང་། མོ་རང་ལ་རོགས་པ་བྱས་མ་སོང་། ངས་ཐེངས་ཁ་ཤས་ཤིག་ལ་མོ་རང་ལ་རོགས་བྱེད་རྒྱུ་འདྲ་འདུག་གམ་ཞེས་དྲིས་སྟབས། ཆེས་མཐའ་མཇུག་གི་རྒྱབ་ཁུག་དང་ལག་ཁུག་ཆེ་ཆུང་གཉིས་བཅས་མོ་རང་གིས་ང་ལ་རླངས་འཁོར་ཡོད་ས་བར་དུ་བསྐྱེལ་རོགས་དགོས་ཀྱི་འདུག་ཟེར་བ་ལྟར། ངས་མོ་རང་གི་རླངས་འཁོར་འགྲམ་བར་དུ་བསྐྱལ་བ་ཡིན། དེ་དུས་མོ་རང་ཡང་ངས་རྗེས་སུ་རྒྱབ་ཁུག་གཞན་ཞིག་འཁུར་ནས་ཡོང་གི་འདུག བུ་མོ་པདྨ་མཐོང་རྒྱུ་མེད་ཀི ངས་ཁྱེད་རང་གི་བུ་མོ་ཁོང་ཚོའི་མཉམ་དུ་ཡོད་དམ་ཞེས་དྲིས་དུས། མོས་རེད་ཅེས་ལན་བཏབས།

ངས་ཅ་དངོས་དེ་དག་མོ་རང་གི་རླངས་འཁོར་འགྲམ་དུ་བཞག་ནས། བདེ་མོ་བྱོས། རྗེས་སུ་ཐུག་ཡོང་ཞེས་བཤད་དུས། མོ་རང་གིས་རླངས་འཁོར་དུ་བསྡོད་དང་། ངས་ཕར་ཕྱོགས་ཀྱི་ཐག་ཉེ་སར་བསྐྱེལ་ཆོག་ཟེར། ངས་མི་དགོས། ཐུགས་རྗེ་ཆེ། ང་རང་གོམ་པ་བརྒྱབས་ནས་སོང་ན་སྟབས་བདེ་བ་འདུག་ཞེས་མོ་རང་ལ་ལམ་འཇུག་བྱས། ང་རང་ཕྱིར་རང་གི་མཛའ་མོ་དང་བུ་མོ་གཉིས་ཀྱི་སར་སླེབས་པ་དང་། མཛའ་མོ་མོ་རང་ཆུ་རྐྱལ་བྱེད་དུ་འགྲོ་འདོད་ཡོད་ན་སོང་ཞེས་བཤད་པ་ཡིན། མོ་རང་གིས་ང་རང་སོང་ཞེས་བཤད།

གུང་གསེང་ཡིན་སྟབས། མཚོ་འགྲམ་དུ་མི་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བུད་མེད་མཛེས་མ་ཡང་ཆེས་མི་ཉུང་བ་ཞིག་དོར་ཐུང་དང་ནུ་ཁེབ་ཆུང་ཆུང་རེ་གོན་ནས་ཡར་འགྲོ་མར་འགྲོ མིག་མདུན་ནས་བྱེད་ཐེངས་རེར། ངས་མིག་ཤེལ་ནག་པོའི་འོག་ནས་མཚམས་རེར་རང་དབང་མེད་པར་མིག བུད་མེད་དེ་དག་གི་རྐུབ་དང་། ནུ་མ། སྐེད་པ། ལུས་ཀྱི་ཕྲ་སྤོམ་བཅས་ལ་ཤོར་འགྲོ སྐབས་རེར་ངའི་སེམས་སུ། རང་ཉིད་ནི་དུས་རྒྱུན་དུ་མི་རྟག་པའི་སྐོར་ལ་བསམ་བློ་གཏོང་མཁན་ཞིག་ཆགས་ཡོད་དུས། དེ་དག་གི་གཟུགས་རུས་ཀྱི་ཤ་དང་འཔག་པ་གཉིས་ཀ་ཁ་ཕྱེ་ནས་བསམ་བློ་བཏང་། དེ་ཡི་ནང་གི་རུས་པའི་སྐོར་ལ་བསམ་བློ་བཏང་། དེ་ལྟར་མི་སྡུག་པ་བསྒོམ་ནས་འོང་དུས། བལྟས་ཀྱང་། ཡག་སྣང་མེད་པར་གྱུར་བཞིན་འདུག་ལ། མཚམས་རེར་ངེས་འབྱུང་བཅོས་མ་རེ་དང་། སྙིང་རྗེ་ཆུང་ཆུང་རེ་སྐྱེ་བའི་འགོ་ཡང་བཙུགས།

ཉིན་གུང་ཡོལ་ནས་ངས་མཛའ་མོ་ལ་ང་ཚོ་ཕྱིར་ནང་དུ་ཕྱོགས་ན་ཡག་ས་རེད། ནང་དུ་སླེབས་ན་ཁྱེད་རང་གི་ཨ་མ་རྒན་མོ་ཡང་སླེབས་ཡོད་ལ། ངས་ཁ་ལག་ཞིག་བཟོས། གཟུགས་པོ་ཞིག་དཀྲུས། དེ་འདྲ་བྱས་ན་ད་གཟོད་ལུས་སྟེང་གི་ཕྱེ་མ་ཐག་གཙང་མ་ཆགས་ན་ངལ་གསོ་ཞིག་ཆགས་ངེས་རེད་ཅེས་བཤད་དུས། མོས་ཀྱང་ངས་འབོད་སྐུལ་དེར་དང་དུ་བླངས། ངས་ཅ་དངོས་ལྷག་མ་དག་འཁུར་ནས་རླངས་འཁོར་ཡོད་སར་བསྐྱལ།

ཕྱིར་འགྲོ་བའི་ལམ་ཁར་དུ་ངས་རྒྱལ་ཁབ་འདིའི་ཕྱི་མི་ལ་དགའ་བསུ་མི་བྱེད་པའི་སྐོར་དེ་ལ་ངའི་མཛའ་མོ་ལ་བསམ་ཚུལ་གང་ཡོད་དྲིས་དུས། མོས་ཀྱང་དེ་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད་ཟེར།

ངས་དེ་ན་ངའི་གྲོགས་པོ་རྡོར་རྒྱལ་གྱི་གནས་ཚུལ་ལྟ་བུ་ལ་ཁྱེད་རང་གིས་མོས་མཐུན་ཡོད་དམ་ཞེས་དྲིས་དུས། མོ་རང་ཅུང་ཁྲོ་ཞོར་དུ། དེ་ངས་ཁྱེད་རང་ལ་སྔོན་ཆད་ལན་བཏབས་ཟིན་པ་ཡིན། ངས་ག་རེ་བསམ་མིན་ཁྱེད་རང་གིས་ཤེས་གསལ་རེད་ཅེས་བཤད་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist