མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

                                                           ཉེར་དྲུག

གཟའ་འཁོར་སྔོན་མའི་ནང་དུ་ང་རང་ལ་མཛའ་མོའི་ཕ་རྒན་ལ་རས་ལགས་ཀྱིས་ངེད་གཉིས་ཁྱེད་རང་གི་ལས་ཀ་བྱེད་ས་དེ་ནས། ཁྱེད་རང་གི་ལས་ཀ་གྲོལ་ན་ལྷན་དུ་འཛོམས་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་འདོད་འདུག དེ་བྱས་ན་འགྲིག་གི་རེད་དམ་ཟེར་ནས་ང་ལ་དྲིས་པ་དེར། ངས་འགྲིག་དང་འགྲིག ག་དུས་འཛོམས་འདོད་ཡོད་ན་དེ་དུས་འཛོམས་ན་འགྲིག་གི་རེད་ཅེས་ལན་བཏབས་པ་ལྟར། ཁ་སང་ང་རང་ལས་ཀ་གྲོལ་ལ་ཉེ་དུས་སུ་ཁོ་རང་གིས་ཁ་པར་སླེབས་ནས་དེ་རིང་ང་དུས་ལྟར་མ་སླེབས་པ་ཡིན་ན། སང་ཉིན་ཏན་ཏན་འུ་གཉིས་ཐུག་ཆོག་ཟེར་བ་ལྟར། དེ་རིང་ཁོས་ང་རང་གི་ལས་ཀ་བྱེད་ས་ནས་ཆུ་ཚོད་ཕྱེད་ཀ་ལྷག་ལ་སྒུག་པ་རེད།

ལས་ཀ་ཆུ་ཚོད་བཞི་བ་སྟེང་ནས་གྲོལ་དགོས་ཀྱི་ཡོད་ན་ཡང་། སྤྱིན་བདག་གིས་ཧམ་སེམས་ཀྱི་སྔ་གཞུག་དུ་ང་རང་ལ་རང་དབང་ཞིག་མེད་པ་ཡིན་དུས། ངས་ཐབ་ཚང་ནང་ཚང་མ་གཙང་མ་བཟོས་ཚར་དུས་ཆུ་ཚོད་བཞི་དང་ཕྱེད་ཀ་ཡོལ་འདུག ང་རང་གིས་ལས་ཀ་ཚར་བ་དང་ཟ་ཁང་གི་ཐོག་ཁར་ང་ལ་སྒུག་ནས་ཡོད་པའི་རང་གི་མཛའ་མོའི་ཕ་རྒན་ལ་ཐུག་འཕྲད་བྱེད་དུ་སོང་། ཁོ་རང་གིས་ང་མཐོང་བ་དང་དགོད་ཞོར་དུ། ངས་དེ་རིང་ཁྱེད་ལ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ལ་སྒུག་པ་ཡིན། ཁ་སང་འུ་གཉིས་ཐུག་མ་ཐུབ་པ་དེར་གངས་དཀར་ལྷ་མཚོ་ངའི་སྒང་ལ་ཚུགས་པ་ཟ་ཡི་འདུག་ཟེར་ཞོར་དུ་རྐུབ་སྟེགས་སྟེང་གི་རྒྱབ་ཁུག་རྒྱབ་དུ་འཁུར།

ངས་སྐྱོན་ཡོད་ནི་མ་རེད། ངེད་གཉིས་ད་གང་དུ་འགྲོ་ཞེས་བཤད་དུས། ཁོ་རང་གིས་ང་རང་གི་ལས་ཀ་བྱེད་སའི་སྤྱིན་བདག་ནི་ཚོང་འབྲེལ་ཡིན་པའི་ཟ་ཁང་གཞན་དེ་ཡི་ནང་དུ་འགྲོ་ཟེར། ངེད་གཉིས་སྔ་གཞུག་བྱས་ནས་སློབ་གྲྭ་ཆེན་མོའི་ར་སྐོར་ནང་ནས་འགྲོ་བཞིན་ཁ་བརྡ་ལ་ཞུགས། ཁོ་རང་གིས་རང་ཉིད་ཀྱིས་སྔོན་ཆད་འདི་ནས་སློབ་ཁྲིད་བྱེད་མྱོང་ན་ཡང་། ད་ལྟའི་འཆར་གང་ནས་གང་དུ་འགྲོ་དགོས་མིན་གྱི་ལམ་ཁ་ཡག་པོ་ཞིག་མི་ཤེས་ཀི ཁྱེད་རང་སྔོན་དུ་སོང་དང་། ང་སོང་ནས་ཟ་ཁང་དེ་སྐད་ཆ་ཞིག་འདྲི་ཟེར།

ཟ་ཁང་གི་ཞབས་ཞུ་མ་བུད་མེད་དེ་ཡིས་ངེད་གཉིས་མཐོང་བ་དང་། མོ་རང་གིས་ང་རང་ལ་འཚམ་འདྲི་ཞིག་བྱས་རྗེས། མོ་རང་ཕར་ཕྱོགས་སུ་སོང་ནས་རོགས་པ་ཁ་ཤས་དང་མཉམ་དུ་བསྡད་ནས་ཁ་བརྡ་བྱེད་ཀྱིན་བསྡད་སོང་། དེ་དུས་ངའི་ཕ་གཡར་ལ་ངེད་གཉིས་ཀྱིས་ག་རེ་འཐུང་གི་ཡིན། ང་སོང་ནས་བསྔགས་ཆོག་ཞེས་བཤད་དུས། ཁོས་ཅུང་ཙམ་སྒུག་དང་མོ་རང་ཕྱིར་ཡོང་གི་རེད་ཟེར། ངས་ཕལ་ཆེར་ཡོང་གི་མ་རེད། མོ་རང་ནི་ང་ཚོའི་ལས་ཀ་བྱེད་རོགས་གཅིག་ཡིན། ཟ་ཁང་འདི་ནི་ང་རང་གི་ལས་ཀ་བྱེད་སའི་སྤྱིན་བདག་གི་མཉམ་འབྲེལ་ཟ་ཁང་རེད། མོ་རང་གིས་ངེད་གཉིས་འདིར་ངལ་གསོ་བྱེད་དུ་ཡོང་བ་རེད་བསམ་པ་རེད། མོ་རང་གིས་སྔོན་ཆད་ཕར་ཕྱོགས་ངས་ལས་ཀ་བྱེད་ས་དེར་ལས་ཀ་བྱས་པ་རེད། ཕྱིས་སུ་མོ་རང་འདི་ལ་བཏང་འདུག ང་སོང་ནས་སྐད་གཏོང་།

མོ་རང་སླེབས་པ་དང་ཕ་གཡར་ནི་རྩེད་དགོད་ལ་དགའ་བའི་མི་ཞིག་ཡིན། ཁོས་བུད་མེད་དེར་ཀུ་རེ་བྱེད་ཞོར་དུ་ངེད་གཉིས་ལ་འཚིག་ཇ་གཉིས་དང་ཀུ་ཤུའི་མངར་ཟས་དུམ་པུ་གཉིས་བསྔགས། ངས་འཚིག་ཇ་དེ་འཁུར་རོགས་བྱེད་ཆོག ཁྱེད་རང་སོང་ནས་བཞུགས་དང་ཞེས་བཤད་ན་ཡང་། ཁོས་ཀྱང་རང་ཉིད་ནི་སྔོན་ཆད་ཟ་ཁང་གི་ཞབས་ཞུ་བྱེད་མྱོང་བ་དང་། ཞབས་ཞུ་བ་ཆེས་སྐད་གྲགས་ཅན་ཞིག་ཡིན་ཞེས་དགོད་ཀྱིན་དུ། འཚིག་ཇ་གཅིག་ཁོ་རང་གིས་འཁུར། གཞན་དེ་ངས་འཁུར། ངེད་གཉིས་བསིལ་ཞིང་ཁ་ཁུ་སིམ་པའི་ཟ་ཁང་དེ་ནས་ལྷོད་ལྷོད་འདུག

དེ་དུས་ཁོས་རེད། རྡོ་རྗེ། རེད། ད་འུ་གཉིས་འདིར་འདུག ནང་འདྲ་བོ་མ་རེད། ཐར་མ་མཚོ་ལ་བལྟ་མི་དགོས། ཕར་ཕྱོགས་ཚུར་ཕྱོགས་ཀྱི་སྐད་ཆར་སྙམ་འཇོག་མི་དགོས། འུ་གཉིས་གཅིག་བུ་རེད། དེ་ཡིན་དུས། ང་རང་གིས་ཁྱེད་རང་ལ་ཁ་བརྡ་ཞིག་བྱེད་འདོད་པ་དེ་ཡིན། ཁྱེད་རང་གིས་དེབ་དེ་ཡི་སྐོར་གང་འདྲ་འདུག ངས་འདི་ནས་ཁྱེད་རང་གི་དེབ་དེ་དཔར་རོགས་ཐུབ་ཀྱི་ཡོད། དེ་འགྲིག་གི་རེད་དམ་ཟེར།

ངས་ད་ལྟ་ད་དུང་ཤེས་མ་སོང་། གྲོགས་པོ་ཞིག་ལ་ཞུ་དག་གི་ཆེད་དུ་བཏང་ནས་ཟླ་ངོ་དགུ་ལྷག་སོང་འདུག ཉེ་དུས་སུ་ཁོ་རང་གིས་ཚར་གྲབས་ཡོད་ཟེར། ཕྱོགས་གཅིག་ནས་ཁོ་རང་ཡང་ཕ་རྒན་ཞིག་ཡིན་ལ། ལས་ཀ་ཡང་ཡོད། དེ་ཡིན་དུས་ལས་སླ་བོ་མ་རེད། གང་ལྟར། མི་རིང་བར་ཚར་རྒྱུར་རེ་བ་བརྒྱབས་ནས་ཡོད། ངས་བསམ་པ་ལ་རྒྱ་གར་ནས་དཔར་བསྐྲུན་བྱེད་ཐུབ་ན་བསམ་གྱི་ཡོད། འདི་ནས་དཔར་བསྐྲུན་བྱེད་པ་ནི། དངོས་ནས་གོང་ཆེན་པོ་རེད། ཁྱེད་རང་གིས་དེ་འདྲ་བསམ་པ་དེར་དངོས་ནས་དགའ་ནི་ཡིན།

ཁོང་གིས་ངས་སྔོན་ཆད་ང་རང་གི་དེབ་དཔར་བསྐྲུན་བྱས་པ་དེར། མང་བོ་ཞིག་དཔར་དུ་བཏབས་ཡོད་པ་མ་རེད། ང་རང་གི་འགོ་སྔ་ཚང་མ་བྱས་པ་ཡིན། གལ་སྲིད། ཁྱེད་རང་གི་དེབ་དེ་རོགས་པས་ཞུ་དག་ཚར་ནས་འབྱོར་བ་ཡིན་ན། ང་རང་གིས་ལག་བཟོའི་དཔར་བསྐྲུན་དེབ་རྐང་གཅིག་བྱེད་འདོད་ཡོད། དེ་བྱེད་དུ་མ་བཅུགས་ན་ང་ཁོང་ཁྲོ་ཟ་ངེས་ཡིན། ཁྱེད་རང་གིས་ང་ཁོང་ཁྲོ་ཟ་བ་མཐོང་ན་འདོད་དམ་ཟེར་ནས་གདོང་ལ་ཁྲོ་ཉམས་ཤིག་སྟོན་ཁུལ་བྱས། ངས་དེར་ཁས་ལེན་བྱས་པ་ཡིན། དེ་ཡི་འཕྲོར། ཁོང་གིས་ཉེ་དུས་སུ་ལག་ཁྱེར་ལག་ཀླད་ཆུང་ཆུང་ཞིག་ཉོས་ཡོད་ལ། དེ་ནི་དེབ་གཅིག་གི་ཆེ་ཆུང་ལས་མེད་པ་རེད། ཁོ་རང་གིས་ང་རང་དེར་དགའ་བོ་ཡོད་ན། ང་དང་གངས་དཀར་ལྷ་མཚོ་ལ་གཅིག་ཉོས་ཆོག་ཟེར།

དངོས་ནས་བཤད་ན། ཁོ་རང་གིས་ད་ལྟ་ངས་སྤྱོད་བཞིན་པའི་གློག་ཀླད་འདི་ཡང་ཁོ་རང་གིས་ང་ཚོར་སྤྲད་པ་ཡིན། ད་དུང་། བརྙན་འཕྲིན་དཔར་ཆས། སྒྲ་རྡུལ་འཕྲུལ་ཆས། སྒྲ་གསར་བ་ཞིག་བཅས་སྤྲད་ཡོད། དངོས་ནས་ཁོ་རང་གིས་སྤྲད་པ་མང་མེད་ན་ཉུང་མེད། དང་ཐོག་ངེད་གཉིས་ཁྲོམ་དུ་ག་དུས་སོང་ན་ཡང་། ངེད་གཉིས་ལ་འཁོ་ངེས་ཀྱི་ཅ་ལག་ཙག་ཙག་གི་རིགས་མི་ཉུང་བ་ཞིག་ལ་ཁོ་རང་གིས་དངུལ་བཏང་བ་ཡིན། ང་རང་དངོས་ནས་མུ་མཐུད་དུ་ཁོ་རང་གི་ལག་པ་ནས་ཅ་ལག་ལེན་པར་འཚེར་སྣང་འདུག དངོས་ནས་བཤད་ན། ང་རང་ལ་གློག་ཀླད་ཀུ་ཤུ་རྟགས་ཅན་ཆུང་ཆུང་དེ་དགའ་བོ་ཡོད། རང་ཉིད་ཀྱིས་གཅིག་ཉོ་འདོད་ཡོད་ཀྱང་། མཛའ་མོ་དང་མཉམ་དུ་ཁ་རྩོད་རྒྱགས་པར་སུན་སྣང་འདུག དེ་ཡི་སྟབས་ཀྱིས་མ་ཉོས་པར་བཞག་ཡོད།

གང་ལྟར། ངས་ཁོང་ལ་ད་ལྟའི་འཆར་ང་རང་ལ་དངོས་ནས་དགོས་པ་གང་ཡང་མི་འདུག་ཞེས་ལན་བཏབས་པ་ཡིན། དེ་དུས་ཁོ་རང་གིས་ང་ལ་གངས་དཀར་ལྷ་མཚོ་ཁྱེད་གཉིས་མཚམས་མཚམས་སུ་ལས་ཀ་གྲོལ་ནས་བུ་མོ་ཐར་མ་མཚོ་མེ་ཝལ་{མཛའ་མོའི་མ་རྒན་མིང་}གྱི་སར་བཞག་ནས་གློག་བརྙན་རེ་བལྟ་རུ་འདྲ་སོང་། སྐྱིད་སྐྱིད་འདྲ་བཏང་ན་ག་འདྲ་འདུག འགྲོ་བཞིན་ཡོད་དམ། དངོས་ནས་ང་རང་གིས་རང་ཉིད་ཀྱི་འདས་པའི་བྱ་བ་དག་ལ་ཕྱིར་དྲན་ཞིག་བྱོས་དུས། ད་གཟོད་ད་ལྟའི་འཆར་འགྱོད་པ་བྱེད་དགོས་ས་མང་བོ་ཞིག་འདུག

ང་རང་ཡང་ཆུང་དུས་སུ། ཁྱེད་རང་དང་འདྲ་བར་གློག་ཀླད་ལ་དངོས་ནས་དགའ་བོ་ཡོད། དེ་དུས་སུ་གློག་ཀླད་ཀྱི་ལམ་ནས་དྲ་རྒྱ་བེད་སྤྱོད་བཏང་བར་དངོས་ནས་ཧ་ལས་པའི་གོང་ཆེན་པོ་རེད། དུས་ཚོད་གཅིག་ལ་ཨ་སྒོར་བདུན་བརྒྱ་རེད། དེ་ཡང་ལས་སླ་བོ་རེག་གི་མ་རེད། དེ་ཡིན་ཡང་ངས་མེ་ཝལ་ལ་གློག་བརྙན་ལ་བལྟ་རུ་འགྲོ་ཞེས་དུས་ཚོད་བསྒོས་ཡོད་ཀྱང་། མཚམས་རེར་ང་རང་གློག་ཀླད་ལ་འགོ་འཐོམ་ནས་དུས་ཚོད་ལྟར་འགྲོ་ཐུབ་ཀྱི་མེད་ལ། རང་གི་བྱིས་པ་དག་ལ་གཉོར་སྐྱོང་ཡག་པོ་ཞིག་ཀྱང་བྱེད་ཐུབ་ཡོད་པ་མ་རེད། ཕྱིས་སུ་ཤེས་དུས་བྱིས་པ་ཚོ་ནི་དངོས་ནས་ཆེན་པོ་ཆགས་པ་ནི་སྐད་ཅིག་ཡུན་ཙམ་རེད་འདུག ད་ལྟ་དེ་རིང་ཡིན་ན་ཡང་ང་རང་མེ་ཝལ་ལ་བརྩེ་བ་ཡོད་པ་དང་མོ་རང་གི་མཉམ་དུ་དུས་ཚོད་རེ་གཏོང་འདོད་ཀྱང་། ད་ནི་ཁྱེད་ཀྱི་ཤེས་པ་དེ་རེད། དབྱིན་ཇིའི་བཤད་ཚུལ་ཞིག་ལ། ལས་ཀ་གལ་ཆེའམ། ནང་མི་གལ་ཆེ་ཟེར་སྲོལ་ཡོད་པ་གཉིས་ནས། ངས་དེ་དུས་ལས་ཀ་གལ་ཆེ་བར་བཟུང་ནས། མང་ཤོས་རང་ཉིད་ཀྱི་ལས་ཀའི་སྐོར་ལ་བཏང་བ་རེད་ལ། ལས་ཀ་དེ་ཡང་རང་ཉིད་དགའ་སའི་ལས་ཀ་ཞིག་ཡིན་ལ། ལས་ཀའི་དངུལ་སྒོར་མང་ཤོས་ཤིག་ཀྱང་ནང་མིའི་ཆེད་དུ་བཏང་པ་རེད་ཟེར་ན་འགྲིག་གི་ཡོད་པ་རེད།

ངས་དེ་རིང་འདི་ལྟར་བཤད་པ་དེ་ནི་ཁྱེད་རང་ག་རེ་ཡིན་མིན་ཤེས་ཡོད་ངེས་ཡིན། ཁྱེད་རང་ནི་མི་རིག་ཡག་ཞིག་རེད་འདུག ངའི་རེ་བ་ལ་ཁྱེད་རང་གི་སེམས་ལ་གནོད་མེད་པར་ཤོག་ཟེར། ངས་དཔེ་མི་སྲིད། ང་ཚོའི་བོད་པའི་ཁ་རྒྱུན་དུ་མི་རྒན་པའི་ཁ་ལ་ཉོན་ཟེར་སྲོལ་ཡོད། དེ་ཡིན་དུས་རང་ལས་རྒན་པ་སུ་ཞིག་གི་བཤད་པའི་སྐད་ཆ་དེ་དག་གི་ནང་དུ་བདེན་པ་མང་ནི་རེད་ཅེས་བཤད་དུས། ཁོས་རེད་རེད། ཡིན་ཡང་། ཉན་དགོས་ན་ཡང་དང་ལེན་བྱེད་དགོས་མིན་དེ་ནི་རང་གིས་བསམ་བློ་གཏོང་དགོས་པ་ཞིག་རེད་ཟེར།

ངའི་སེམས་སུ་དངོས་ནས་རང་གི་དགའ་ཕྱོགས་ཀྱི་ལས་ཀ་ནི་འདི་མིན་ལ། ད་ལྟའི་འཆར་རང་གི་བྱེད་བཞིན་པའི་ལས་ཀ་འདི་ནི་ནང་མི་བུ་ཕྲུག་གི་ཆེད་དུ་ཡིན་པ་མ་ཟད། རང་ཉིད་གཅིག་བུའི་ཆེད་དུ་མིན། རང་ཉིད་ཀྱི་དགའ་ཕྱོགས་ཀྱང་མ་རེད་སྙམ་ན་ཡང་། ངས་ཁོང་ལ་ང་རང་གིས་ད་ལྟའི་ལས་ཀ་འདི་ནི་ང་རང་ལ་འཚམ་པོ་ཞིག་མིན་ན་ཡང་། ནང་མིའི་ཆེད་དུ་ཟེར་ན་རེད། སྒོར་མོའི་ཆེད་དུ་ཟེར་ན་རེད། རེ་ཞིག་རིང་མི་བྱེད་ཐབས་མེད་རེད། ང་རང་ནི་ཤ་མི་ཟ་བའི་མི་ཞིག་ཡིན་དུས། ཐབ་ཚང་འདིའི་ལས་ཀ་ནི་ང་རང་ལ་དངོས་ནས་འཚམ་པོ་མི་འདུག་པ་ཁྱེད་རང་ཡང་ཤ་མི་ཟ་མཁན་ཞིག་ཡིན་དུས་ཤེས་ངེས་རེད། གང་ལྟར། ཉིད་ནས་བཤད་པའི་སྐད་ཆ་དེ་དག་ངའི་ཡིད་དུ་འཛིན་ངེས་ཡིན།

ངེད་གཉིས་དུས་ཚོད་གཅིག་ཙམ་ལ་ཁ་བརྡ་བྱས་རྗེས་རླངས་འཁོར་འབབ་ཚིགས་སུ་བསྐྱོད་བཞིན་པའི་ལམ་བར་དུ། ངས་ང་རང་ལ་རེ་སྐུལ་ཞིག་བྱེད་རྒྱུ་ཡོད། ཐེངས་རྗེས་མ་དེར། ང་རང་ཁྱེད་རང་གི་ནང་དུ་བལྟ་འདོད་ཅིག་ཡོད་ཀི དེ་འགྲིག་གི་རེད་དམ་ཞེས་དྲིས་དུས། ཁོས་འགྲིག་གི་རེད། ཡིན་ཡང་། ང་རང་གི་ནང་དུ་གློག་ཀླད་ཡག་པོ་ཞིག་ཡོད། དེ་ཁྱེད་རང་གིས་ཐུག་ཆོག་གི་མེད་ཟེར་ནས་ཀུ་རེ་ཞིག་བྱས།

ང་རང་རྒྱལ་ཁབ་འདིར་སླེབས་ནས་ལོ་ངོ་གསུམ་འགྲོ་གྲབས་ཡོད་ལ། ཁོ་རང་གི་ནང་དུ་ཐེངས་གཅིག་ལ་ཡང་སོང་མྱོང་མེད། ང་རང་གི་མཛའ་མོ་ཡང་ལོ་ངོ་དུ་མའི་རིང་དུ་རང་གི་ཕ་རྒན་གྱི་ནང་དུ་སོང་མྱོང་མི་འདུག ཕ་རྒན་ལ་ཐུག་འཕྲད་བྱེད་པ་ནི་ཟླ་རེ་ནང་དུ་ཉུང་མཐར་ཐེངས་གཅིག་ཡིན་ཟེར་ན་འགྲིག་གི་ཡོད་ཀྱང་། ཐུག་ས་ནི་མོ་རང་གི་ཨ་མའི་ནང་། ཡང་ན། ཟ་ཁང་། ཚོང་ཁང་། ཁྲོམ་རྭ། སྐྱེད་ཚལ། ཡུལ་ལྗོངས་སོགས་དེ་དག་གི་གང་རུང་ཞིག་ཡིན། ཁོ་རང་གི་ཕ་རྒན་ནི་རྗོའུ་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་དད་ལྡན་པ་ཞིག་ཡིན། འོན་ཀྱང་། ལྟ་བ་མཁྲེགས་པོ་དེ་ཡི་རིགས་དེ་མིན།

ཕྱིར་ཡོང་བའི་ལམ་ཁར་རང་གི་སེམས་སུ་ནང་དུ་སླེབས་ནས་ཉལ་དུ་མ་སོང་བའི་སྔོན་དེར། ཆུ་ཚོད་གཅིག་གཉིས་ཤིག་ལ། དྲ་རྒྱའི་སྟེང་དུ་བསྡོད་པ་དེ་ནི། རང་ཉིད་བོད་མི་ཞིག་དུ་སྐྱེ་བའི་བོད་ཡིག་ལ་དགའ་བ་དང་བོད་ཀྱི་དྲ་ངོས་དག་ལ་ཉུལ་བར་སྤྲོ་བ་དེ་ཡིན་དུས། དེ་ཡི་དུས་ཚོད་དེ་ནི་ཉིན་བཀང་གི་འཕྲུལ་འཁོར་ལྟ་བུའི་ལས་ཚེགས་དེ་ངལ་གསོ་ཐོབ་ཆེད་ཅིག་ཡིན་ཟེར་ན་འགྲིག་གི་ཡོད་ཀྱང་། ཕ་རྒན་ཞིག་གི་དངོས་ནས་རང་གི་མཛའ་མོའི་གྲོད་ཁོག་ནང་དུ་བུ་ཆུང་ཞིག་ཡོད་པ་དེ་དག་ལ་བསམ་ན། བུ་མོ་ཉལ་རེག་བར་དུ་གློག་ཀླད་སྒོ་མ་ཕྱེ་བར་འབད་བརྩོད་བྱས་པ་ཡིན་ན། དེ་ཡང་མ་འགྲིག་པ་གང་ཡང་མི་འདུག་སྙམ་ན་ཡང་། མཛའ་མོའི་དེབ་འདྲ་ཀློག མཛའ་མོའི་མ་རྒན་གྱིས་དེབ་འདྲ་ཀློག ཚགས་པར་འདྲ་ཀློག ཞོར་དུ་བུ་མོ་བལྟས་དུས་སུ། ང་རང་ཡང་རང་དབང་མེད་པར་གློག་ཀླད་སྟེང་དུ་ཤོར་འགྲོ་བཞིན་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས།
    སེམས་ཀྱི་འཆར་སྒོ་རེ་བྲིས་ན་ཀློག་པར་ཤིན་ཏུ་འདོད།
    ཐུགས་རྗེ་ཆེ་གནང།

    Reply
  2. kawakarpo says:
    ལོ་ 15 སྔོན།

    མཛའ་མོའམ་མནའ་མའི་ཕ་རྒན་གྱི་སྐད་ཆ་དེ་བརྡ་ཞིག་རེད་བསམས། ད་གློག་བརྙན་རེར་ལྟ་གི་སོང་། ང་ལ་ཨ་རིའི་སྐྱེས་དམན་ངོ་ཤེས་ཤིག་ཡོད། མོའི་ཁྱོ་ག་ཉི་མ་གནམ་ལ་དུ་ཤར་ལ་གློག་ཀླད་ནང་འཛུལ་བསྡད་ནས་མོ་ལ་ཡ་ཞེ་དྲགས་མི་བྱེད་པས་བཟའ་འཐོར་བྱས་པ་ཡིན་ཟེར་གི ཁྱེད་གཉིས་ཁ་ཁ་བྱེད་ཀི་རེད་ཟེར་གི་མེད་ཀྱང་བསམ་བློར་གུ་ཡངས་རེ་གཏོང་ཆེད་མོ་ལ་འདོད་པ་ཡོད་ན་གློག་བརྙན་རེར་ལྟ་གི་སོང་། ཕ་རྒན་དེར་མི་ཡག་པོ་ཞིག་གི་བཟོ་ལྟ་ཡོད་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese