མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་དབང་ཡོད་ཀྱིས་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཚོར་གཉའ་གནོན་དང་དམ་དྲག་ཆེ་རུ་གཏོང་བཞིན་པ་དང་། ས་འོག་ཡེ་ཤུའི་ཆོས་ཁང་ (Underground Church) གི་གྱོད་དོན་གྱི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཁྱོ་ཤུག་བུ་ཕྲུག་དང་བཅས་ཐའེ་ཝན་དུ་སླེབས་ནས་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་འདུག

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།

ཕྱི་ཟླ་ ༩ ཚེས་ ༥ ཉིན་ཝི་ཞིན་གསར་ཁང་ (Vision Times) གི་གསར་འགོད་པ་ལི་མོ་ཙིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་དུས་རྒྱུན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཚོར་གནོན་ཤུགས་སྤྲོད་བཞིན་ཡོད་པ་ལྟར།  ཉེ་ཆར་རྒྱ་ནག་གཞུང་གིས་པེ་ཅིན་གྱི་ (著名家庭教会) ཁྱིམ་ཚང་ཆོས་ཚོགས་ཏེ་ས་འོག་ཡེ་ཤུའི་ཆོས་ཁང་ (锡安教会) གི་གྱོད་དོན་གྱི་ཁྲིམས་རྩོད་པ་ཝང་ཤ་ཧོང་ (王夏红) ལ་དམ་དྲག་དང་གནོན་ཤུགས་སྤྲད་རྐྱེན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁོ་མོའི་ནང་མི་དང་བཅས་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཝང་ཤ་ཧོང་གིས་གསར་འགོད་པ་རྣམས་ལ། ཁོ་མོ་ད་སྐབས་རྒྱ་ནག་གཞུང་གི་དམ་དྲག་འོག་ཡོད་སྐོར་དང་། མོ་དང་མོའི་ལས་གྲོགས་ཚོས་རང་འགུལ་གྱིས་ཁྲིམས་རྩོད་ལས་ཁུངས་ཀྱི་ལས་དོན་མཚམས་འཇོག་མ་བྱས་ན། གཞུང་གིས་བཙན་དབང་གིས་སྒོ་བརྒྱག་རྒྱུ་ཡིན་ལུགས་ཀྱི་བཙན་བཀའ་བཏང་ཡོད་སྐོར་བཤད་འདུག  ཁོ་མོ་དང་ཁོ་མོའི་ནང་མི་ཐའེ་ཝན་དུ་འབྱོར་སྐབས། རྒྱ་ནག་ཏུ་ཕྱིར་ལོག་རྒྱུ་མིན་པའི་ཐག་གཅོད་བྱས་པས།  ཐའེ་ཝན་གྱི་ཕྱི་མི་གནས་སྤོའི་སྡེ་ཚན་གྱིས་ཀྱང་གནས་སྐབས་རིང་གནམ་ཐང་དུ་སྡོད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག ད་ལྟ་ཁོ་མོས་ཨ་རི་དང་། ཁ་ན་ཌ་གཙོས་པའི་རྒྱལ་ཁབ་ཁག་ནས་སྐྱབས་བཅོལ་གྱི་ཐོབ་ཐང་རེག་པའི་རེ་བ་བྱེད་བཞིན་ཡོད་སྐོར་སོགས་བཤད་འདུག

རྒྱ་གཞུང་གིས་ཁྲིམས་རྩོད་པར་གཉའ་གནོན་བྱས་པ་ནི་རྒྱུན་རིང་གི་ལོ་རྒྱུས་ཤིག་ཡིན་ཞིང་།  ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༤ ཚེས་ ༢༤ ཉིན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཁྲིམས་རྩོད་པ་ཚོའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དཀའ་ངལ་ཆེ་བའི་གནས་སྟངས་ལ་ཕྱིར་དྲན་བྱས་ཏེ། ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་མང་པོའི་ལས་ཀ་ཤོར་བའི་གནས་ཚུལ་བྱུང་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཁྲིམས་རྩོད་པ་འཕེལ་རྒྱས་ཀྱི་ལོ་རྒྱུས་ནང་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཤིང་། ལྷག་པར་རྒྱ་གཞུང་གིས་དབང་ཡོད་འོག་ཕྱི་ལོ་ ༢༠༡༥ ལོའི་ ༧༠༩ ཞེས་པའི་དོན་རྐྱེན་ཁྲོད་དུ་ཁྲིམས་རྩོད་པ་བརྒྱ་ལྷག་ལ་ཁྲིམས་ཐག་བཅད་པ་དང་། བཙོན་འཇུག འབོད་འགུག འདྲི་བརྩད་སོགས་བྱས་ཡོད་པ་མ་ཟད། ཁྲིམས་རྩོད་པའི་ལག་ཁྱེར་ཕྱིར་འཐེན། ལག་ཁྱེར་མེད་པར་བཟོས་པ། ཁྲིམས་རྩོད་པའི་ལས་ཁུངས་ཁག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པ་སོགས་ཀྱིས་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པར་མུ་མཐུད་དུ་གཉའ་གནོན་བྱེད་བཞིན་ཡོད་སྐོར་གསལ་ཡོད།

དེ་བཞིན་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༠ པར་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་ཅིན་མིང་རི་ (金明日) གཙོས་པའི་ས་འོག་ཡེ་ཤུའི་ཆོས་ཁང་གི་ཚོགས་མི་ ༡༨ འཛིན་བཟུང་བྱས་ཡོད། དེ་ནི་རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་ལྷག་གི་རིང་ལ་ཆོས་ཚོགས་ལ་ཐད་ཀར་དམིགས་པའི་གཞི་རྒྱ་ཆེ་ཤོས་ཀྱི་དྲག་སྤྱོད་ཅིག་ཆགས་ཡོད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

༢༠༢༦/༠༨/༣༡
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩
ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

༢༠༢༥/༠༧/༢༣
ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese