མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་དམ་པ་ཁོང་གི་འགྱོད་སེམས་ཆེ་ཤོས་དེ་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བྱུང་པའི་སྐུ་དྲག་ཁྱིམ་རྒྱུད་ཅིག་གི་རྗེས་རབས་པ་དང་། བོད་གསར་རྙིང་གི་སྲིད་གཞུང་ལ་དུས་དང་བསྟུན་པའི་སྤྱི་ཚོགས་ལེགས་བཅོས་གསར་གཏོད་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་ཀྱི་མི་ཚེའི་བརྒྱུད་རིམ་ལས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་ཐེངས་གཅིག་བྱས་པ།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་དགུང་གྲངས་ ༩༢ ལ་སོན་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་CIM སྨན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད། ཚ་རོང་མི་རྒྱུད་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་གཞུང་ཞབས་དང་དམག་དོན་སོགས་ལས་སྣེ་འདྲ་མིན་ཐོག་འགན་ཁུར་པའི་ཁྲོད་བཀའ་བློན་བཞི་ཙམ་བྱུང་པའི་མཐའ་མ་ཚ་རོང་ཟླ་བཟང་དགྲ་འདུལ་ཏེ། བོད་དམག་སྤྱི་ཁྱབ་དམག་དཔོན་ཁོང་གི་སྲས་རྒན་ཤོས་ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་ ༡༩༢༠ ལོར་ལྷ་སར་འཁྲུངས་འདུག

    འདི་གའི་གསར་འགོད་པ་རྡེ་ར་ལྡུན་ས་གནས་སུ་བསྐྱོད་དེ་དམ་པ་ཁོང་གི་སྲས་ཆུང་པ་ཚ་རོང་དཔལ་འབྱོར་ལགས་དང་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། དམ་པ་ཁོང་ཐོག་མར་ལྷ་སའི་སྐྱིད་ར་སློབ་གྲྭར་ཞུགས་ཤིང་། དགུང་ལོ་ ༩ ལ་སོན་སྐབས་ཕ་བློན་སྲས་ཀྱི་ལུགས་སྲོལ་ལྟར་གཞུང་ཞབས་གནས་རིམ་བཞི་པར་མཚན་གནས་དེབ་སྐྱེལ་གནང་པ་དང་། རྗེས་སུ་༧རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ཕྱག་མོ་ལྟར་ཕྱི་ལོ་༡༩༣༤ ནས་༡༩༣༩ བར་རྡོར་གླིང་རྒྱ་གར་དབྱིན་ཇིའི་སློབ་གྲྭར་(St.Joseph) སློབ་གཉེར་གནང་གི་ཕེབས་པ་དེ་བོད་ཕྲུག་ཕྱི་རྒྱལ་ལ་སློབ་གཉེར་དུ་ཕྱིན་པ་ཐེངས་གཉིས་པ་ཆགས་ཡོད་ཅིང་། ༡༩༣༩ ལོར་༧གོང་ས་བཅུ་བཞི་བ་མཆོག་མདོ་སྨད་ནས་ལྷ་སར་ཆིབས་སྒྱུར་གནང་པའི་སྐབས་སུ་ཕྱིར་བོད་དུ་ལོག་སྟེ། དངོས་སུ་གཞུང་ཞབས་ཀྱི་ལས་སྣེར་ཞུགས་ཡུན་རིང་བཀའ་ཤག་ཡིག་བྲིས་དང་།  བཀའ་མགྲོན་མཚན་ཐོག་ར་སྒྲེང་དང་སྟག་བྲག་གི་རྩོད་རྙོག་ཞིབ་བཤེར་གྱི་འགན་འཁུར་ཡོད་འདུག

    ལྷག་པར་དུ་ཕ་ཟླ་བཟང་ལགས་ཀྱི་ཞབས་རྗེས་སུ་འབྲངས་ཏེ་འབྲི་གུང་རླུང་ཤོད་ཕུ་གྲྭ་བཞི་ལས་ཁུངས་སུ་ཞུགས་ནས་བོད་ནང་དེང་རབས་དང་མཐུན་པའི་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་དངུལ་སྲང་གསར་བཟོ་དང་། བོད་ནང་ཡོད་པའི་དབྱིན་ཇིའི་སྐུ་ཚབ་དང་ལྷན་ཏར་འཕྲིན་བོད་དུ་ཐོག་མར་གསར་བསྐྲུན། ལྷ་སའི་སྐྱིད་ཆུ་གཙང་པོའི་སྟེང་ཆུ་ཤུགས་གློག་འདོན་གསར་འཛུགས་ཀྱི་ལས་གཞི་ (Hydro-Electric Power) དང་། རྒྱ་གར་ནས་རླངས་འཁོར་འཕྲུལ་ཆོས་རིགས་ལྷུ་ལག་གཏོར་ནས་འབྲས་ལྗོངས་(Skkim) བརྒྱུད་རྟ་དྲེལ་ལ་བཀལ་ཏེ་ལྷ་སར་དབོར་འདྲེན་གྱིས་བསྐྱར་དུ་ལྷུ་སྒྲིག་བེད་སྤྱོད་བྱེད་མགོ་བཙུགས་པ་དང་། ལྕགས་ཟམ་གསར་རྒྱག(ཁྲི་ཟམ)། དེ་བཞིན་ཁོང་རང་ཉིད་ལ་བརྡ་གཏོང་རླུང་འཕྲིན་དང་རང་ཤག་ཏུ་པར་རྒྱག་ཁང་སོགས་བཙུགས་ཏེ། ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་ནི་བོད་མི་པར་པ་ཐོག་མ་དེ་ཆགས་ཡོད། ད་ལོའི་ལོ་གསར་སྐབས་སུ་འདི་གའི་གསར་འགོད་པ་ཚ་རོང་གི་གསོལ་ཚིགས་ཤིག་ཏུ་བསྐྱོད་སྐབས། དགུང་ལོ་ ༩༢ སོན་པའི་དམ་པ་ཁོང་གིས་ལག་ཏུ་པར་ཆས་རྙིང་པ་ཞིག་བཟུང་སྟེ་པར་རྒྱག་གི་ཡོད་པ་དངོས་སུ་མཐོང་། དེ་ནི་བོད་ཀྱི་པར་པ་རྒན་པ་ཞིག་གི་རང་ཆས་སུ་གྲུབ་པའི་ཁྱད་ཆོས་ཤིག་ངང་ངམ་ཤུགས་ཀྱིས་མངོན་པ་ཞིག་རེད།

    ༡༩༥༠ ལོར་༧གོང་ས་མཆོག་གྲོ་མོར་ཉེན་ཡོལ་དུ་ཕེབས་སྐབས་ཁོང་གི་ཕ་ཚ་རོང་ཟླ་བཟང་དགྲ་འདུལ་དང་ལྷན་དུ་༧གོང་ས་མཆོག་གི་སྐུ་སྲུང་དམག་གི་སྣེ་ཁྲིད་བྱས་ཡོད་ཅིང་། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་ཀྱི་ཐོག་མའི་ཆར་ཚ་རོང་བདུད་འདུལ་རྣམ་རྒྱལ་ལགས་ཀྱིས་གསུང་སྒྱུར་གྱི་ཕྱག་ལས་དང་། དེ་ནས་རྩིས་དཔོན་ཞྭ་སྒབ་པ་དང་མཉམ་དུ་ལྡི་ལི་དོན་གཅོད་གསར་འཛུགས། བྲོས་བྱོལ་དུ་ཡོང་བཞིན་པའི་བོད་མི་གསར་འབྱོར་བ་རྣམས་ལ་འཚོ་བ་དང་འཕྲོད་བསྟེན་རོགས་རམ་ཚོགས་པ་(Central relief committee for Tibet refugee) ལས་ཁུངས་བརྒྱུད་རོགས་འཚོལ་དང་། སྐབས་ཤིག་ནས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཉམ་དུ་དེ་སྔ་སྒང་ཏོག་ཏུ་ཡོད་པའི་གཞུང་གི་གསེར་དངུལ་རྣམས་ཀ་ཏར་དབོར་འདྲེན་ཐོག་སྤུས་ཚོང་བྱེད་རྒྱུ་དང་འཇུག་ཡུལ་དངུལ་ཁང་ཁག་གོ་སྒྲིག་གིས་(Dalai Lama Trust)ཞེས་པའི་ཡིད་ཆེས་ཐེབས་རྩ་བཙུགས་ཏེ་གཞུང་སའི་ཕྱག་དངུལ་ལ་ཁྲལ་ཆག་ཐབས་དང་། ༡༩༦༩ ལོར་རྒྱ་གར་བྷི་ཧར་མངའ་སྡེའི་ནང་བོད་གཞུང་གི་ལྕགས་དོང་བཟོ་གྲྭ་ཐོག་མར་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་འདུག

    དྲུག་ཅུ་རེ་གྲངས་ནང་བོད་གཞུང་ལས་ཁུངས་ཁག་གི་དངུལ་གྱི་འགྲོ་འོང་ཡོངས་རྫོགས་ཁོང་མི་གཅིག་པུའི་ཕྲག་སྟེང་དུ་བབ་ཡོད་སྟབས། ཁོང་གིས་རང་ཉིད་མི་གཅིག་གིས་འགན་འདི་འདྲ་ཞིག་འཁྱོག་དཀའ་བས་ལས་གནས་འཕོ་འགྱུར་གཏོང་པའི་རེ་འདུན་ཞུས་ཀྱང་། བཀའ་ཤག་གིས་ཁས་ལེན་མ་གནང་པར་མུ་མཐུད་ཁོང་གིས་འགན་དེ་འཁུར་དགོས་བྱུང་འདུག་ལ། ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་དོན་རྐྱེན་འོག རྒྱ་གར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྲིད་ཇུས་ལ་འགྱུར་པ་ཐེབས་པ་དང་། ནུབ་བྷན་གྷལ་(West Bengal) ནང་དམར་ཤོག་ཚོགས་པའི་སྟོབས་ཤུགས་རྒྱས་པ་བཅས་ལ་བརྟེན། རྒྱ་གར་ནང་ཁྲོམ་རའི་ཚོང་ལས་ཉམས་ཉེས་སུ་ཕྱིན་སྐབས་བོད་གཞུང་གིས་མ་འཛུགས་སྐྱེད་གཏོང་མ་དངུལ་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་འདུག གནད་དོན་དེའི་ཐད་དམ་པ་ཁོང་གི་སྲས་ཆུང་པ་ཚེ་བརྟན་དཔལ་འབྱོར་ལགས་གྱིས་བརྗོད་རྒྱུར། “སྐབས་དེའི་གྱོང་གུད་ནི་ཕ་དམ་པ་ཁོང་གི་མི་ཚེའི་ནང་གི་འགྱོད་སེམས་སྐྱེ་ཡུལ་ཆེ་ཤོས་དེ་ཆགས་ཡོད་པ་རེད། རྒྱུ་མཚན་ནི་གྱོང་གུད་ཕོག་པའི་དངུལ་དེ་དག་གཞུང་དངུལ་ཡིན་པ་དང་། དུས་རབས་མང་པོར་བོད་གཞུང་ལ་ཚ་རོང་མི་རྒྱུད་ཀྱིས་ཞབས་ཞུ་བསྒྲུབས་མཐར་ངས་འཇོན་མ་སོང་ཞེས་པ་དེ་རེད། དུས་དེ་ནས་ཁོང་ལ་སྙུང་གཞི་ཕོག་པ་རེད།” ཅེས་གསུངས་བྱུང་།

    དམ་པ་དེ་ཉིད་ཀྱིས་རང་གི་ཕ་ཚ་རོང་མདའ་བཟང་དགྲ་འདུལ་གྱི་ལོ་རྒྱུས་དཔེ་དེབ་( In the Service of his Country) ཅིག་དང་། བོད་ཀྱི་དེ་སྔའི་གནས་སྟངས་ཐོག་(What Tibet Was) ཞེས་པའི་དཔེ་དེབ་ཅིག་བཅས་བྲིས་ཡོད་འདུག་ལ། དེབ་ཕྱི་མ་དེ་ནི་དམ་པ་ཁོང་གིས་བོད་དུ་རྒྱ་དམར་མ་བསླེབས་གོང་དང་རྒྱ་དམར་བསླེབས་རྗེས་བཅས་སུ་བོད་ནང་དུ་བརྒྱབ་པའི་པར་རྣམས་ཕྱོགས་བསྒྲིགས་ཐོག པར་གྱི་ལམ་ནས་བོད་ནང་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཚུལ་རྣམས་འཛམ་གླིང་མི་མང་ཚོར་ར་སྤྲོད་བྱ་རྒྱུར་རྩ་ཆེའི་དཔང་རྟགས་ཤིག་ཆགས་ཐུབ་ཡོད།

    ཚ་རོང་བདུད་འདུལ་རྣམ་རྒྱལ་དང་ཁོང་གི་སྐུ་ཟླ་དབྱངས་ཅན་སྒྲོལ་དཀར་ལགས་ལ་ཕྲུ་གུ་ལྔ་ཡོད་པ་རྣམས་ནི་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་དང་། ནོར་འཛིན་ཞྭ་སྒབ་པ། ཚ་རོང་འཇིགས་མེད། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། ཚ་རོང་དཔལ་འབྱོར་བཅས་དང་། ཚ་བོ་ཚ་མོ་བརྒྱད་བཅས་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese