མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཡུན་ལོ་གཅིག་ཐུང་དྲགས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་ངྷ་ས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་བཅུ་གཅིག་པའི་སློབ་ཐོན་མཛད་སྒོ་ཚོགས་ཏེ། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་མཐར་ཕྱིན་སློབ་མ་ཚོར་ལག་འཁྱེར་དང་རྩེ་ཕུད་སློབ་མ་ཁག་ཅིག་ལ་གཟེངས་རྟགས་ཕུལ་སོང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐོག་མར་༡༩༩༡ལོར་འགོ་བཙུགས་རྗེས་རིམ་བཞིན་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་དང་།ཡང་སྒོས་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་བདེ་སྡུག་སྐོར་གྱི་ལས་འགུལ་དང་།ཆབ་སྲིད་བཙོན་ཟུར་རྣམས་གཅིག་སྒྲིལ་དང་དཀའ་ངལ་ཅན་ཚོར་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་པའི་ཁྲོད།ཚོགས་པས་དོ་གཉེར་གནང་བཞིན་པའི་འཚེམ་ལས་སྦྱོང་བརྡར་ཁང་དང་སློབ་གྲྭ་གཉིས་ཀྱང་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད།འབྲེལ་ཆགས་ཚོར་དམིགས་བསལ་མཐུན་རྐྱེན་སྦྱར་བ་ཞིག་ཡིན་འདུག
དགུ་བཅུ་གསུམ་གྱིས་སློབ་གྲྭ་འདི་ཐོག་མར་༢༠༠༡ལོ་ནས་འགོ་བཙུགས་པ་དང་།སློབ་ཐོན་སྐབས་གསུམ་པའི་བར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་དགུ་བཅུ་གསུམ་གཉིས་མཉམ་འབྲེལ་གྱིས་མཐུན་འགྱུར་བྱས་པ་དང་།སྐབས་བཞི་བ་ནས་བཟུང་མཐུན་རྐྱེན་ཆ་ཚང་དགུ་བཅུ་གསུམ་ཚོགས་པ་རང་གིས་གནང་སྟེ། ཟབ་སྦྱོང་སློབ་གྲྭའི་དུས་ཡུན་ལོ་གཅིག་རིང་སློབ་ཞུགས་པ་ཚོར་སློབ་ཡོན་དང་སྡོད་གནས།སྨན་བཅོས་མཐུན་འགྱུར་བཅས་ཆ་ཚང་བྱས་དང་བྱེད་མུས་ཐོག  ལོ་རེར་ཧིན་སྒོར་༥༠༠ལག་དངུལ་ཞིག་ཀྱང་སྤྲོད་ཀྱི་ཡོད་འདུག
ཟབ་སྦྱོང་འཛིན་གྲྭའི་སློབ་དུས་རེར་སློབ་མ་༢༠རེ་ཡིག་རྒྱུགས་ཀྱི་ལམ་ནས་བསྡུ་བཞིན་པ་དང་།ཐེངས་འདིའི་མཐར་ཕྱིན་སློབ་མ་ཚུད་པའི་ཁྱོད་ད་སྔ་སློབ་མ་གྲངས་༡༤༠སློབ་མཐར་ཕྱིན་ཡོད་ཅིང་།སློབ་ཚན་ནང་བོད་ཡིག་དང་དབྱིན་ཡིགགློག་ཀླད་གསུམ་སློབ་ཁྲིད་བྱེད་ཀྱིན་འདུག་ལ།སྐབས་བཅུ་གཉིས་པའི་སློབ་དུས་གསར་པ་ལོ་འདིའི་ཕྱི་ཟླ་བདུན་པའི་ནང་འགོ་འཛུགས་བྱ་རྒྱུན་ཡིན་འདུག
མཛད་སྒོའི་སྟེང་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་མཐར་ཕྱིན་སློབ་མ་ཚོར་བླངས་དོར་གྱི་གསུང་བཤད་གནང་དོན།ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ལ་ཕྱོགས་ཡོངས་ནས་འགྱུར་པ་ཆེན་པོ་འགྲོ་བཞིན་པའི་སྐབས་ཤིག་ཏུ་འཁེལ་ཡོད་པ་དང་།བོད་ནང་ལ་༢༠༠༨ལོར་ཞི་རྒོལ་ཆེ་མོ་དང་ཉེ་ཆར་ཨ་མདོའི་རྔ་བ་ཁུལ།ད་ལྟའི་དཀར་མཛེས་ཁུལ་གྱི་གནས་བབ་བཅས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དེ་ནི། ཁོང་ཚོས་སྡོད་ས་དང་ཟ་རྒྱུ་རག་གི་མི་འདུག་ཅེས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཞིག་མ་རེད།བོད་མི་ཚོའི་བསམ་བློ་དང་སྨྲ་བརྗོད་རང་དབང་།ཆོས་དད་རང་དབང་བཅས་ལ་རྒྱ་གཞུང་གིས་དམ་དྲག་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་རེད།ཅེས་དང་།
ཁོང་གིས་མུ་མཐུད།ཁྱེད་རྣམ་པ་ཚོ་ཡིན་ན་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་ཤེས་རྟོགས་ཡོད་པ་ཙམ་མ་ཟད།ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་གྱི་མི་སྣ་ཤ་སྟག་ཆགས་ཡོད་དུས།བོད་ཕྱི་ནང་གཉིས་ཀྱི་འབྲེལ་མཐུད་པ་ཞིག་ཆགས་རྒྱུ་དེ་གལ་ཆེན་པོ་རེད།རྣམ་པ་ཚོར་རང་ཉིད་སྒེར་ངོས་ནས་ཀྱང་ཆེ་མཐོང་ཆེན་པོ་ཡོད།ལྷག་པར་དུ་བོད་མིའི་བསྟན་སྲིད་གྱི་དོན་དུ་འབྱུང་འགྱུར་བོད་དེ་བོད་མི་ས་ཡ་དྲུང་གི་ངོ་བོར་བདག་ཐུབ་རྒྱུར། མུ་མཐུད་མི་ཚེས་མཇུག་སྐྱོང་ནུས་པ་ཞིག་ལ་འབད་བརྩོན་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།དེ་བཞིན་ལོ་གཅིག་རིང་ཤེས་ཡོན་སློབ་སྦྱོང་གང་བྱས་པ་དེས་འདོད་བློ་ཁེངས་མ་བསྡད་པར།མུ་མཐུད་ཤེས་ཡོན་དང་ཀུན་སྤྱོད།ལག་ཤེས།སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་ཐད་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དང་།བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྟེང་འགྲེལ་བརྗོད་བྱ་ཐུབ་པ་ཞིག་བྱ་དགོས།ཞེས་གསུངས་སོང་།
དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་མཛད་སྒོའི་མཇུག་སྡོམ་དང་འབྲེལ་ཏེ།དེ་རིང་གི་སློབ་ཐོན་པ་ཚོ་དང་བཙན་བྱོལ་དུ་བསླེབས་པའི་ཆབ་སྲིད་བཙོན་ཟུར་རྣམ་པས་བོད་ནས་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་ནས། བཙན་བྱོལ་གཞུང་དང་༧གོང་ས་མཆོག་གི་ཞབས་རྗེས་སུ་འབྲངས་ཏེ་སྐྱབས་བཅོལ་དུ་ཡོང་པ་རེད།འོན་ཀྱང་ད་སྔ་ཆབ་སྲིད་བཙོན་པའི་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་ཡོང་བསྡད་པ་དངོས་ཡོད་ཡིན་སྟབས།རྗེས་ཕྱོགས་ས་གནས་གང་ཞིག་དང་ལས་སྣེ་ཅི་འདྲ་ཞིག་ཏུ་གནས་ཀྱང་།རང་ཉིད་ཆབ་སྲིད་བཙོན་པ་ཞིག་ཡིན་ བསམ་པའི་ཐོག་ནས།འདྲ་འདྲའི་ནང་ནས་མ་འདྲ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད།ཅེས་བརྗོད་བྱུང་།
གསར་འགོད་པས་ཐེངས་འདིའི་སློབ་ཐོན་ཁྲོད་ཀྱི་རྒྱུགས་འབྲས་ཨང་དང་པོ་དང་བཟང་གསུམ་སློབ་མའི་གཟེངས་བསྟོད་བྱ་དགའ་ཐོབ་མཁན་གྲྭ་དཀོན་མཆོག་དོན་ལྡན་ལགས་ལ་གཟེངས་རྟགས་ཐོབ་པའི་མྱོང་ཚོར་དང་།ལོ་གཅིག་གི་སློབ་དུས་དང་འབྲེལ་དགོངས་ཚུལ་དྲིས་པར་ཁོང་གིས།ང་རང་དེ་ཙམ་ཡག་པོ་ཡོད་བསམ་གྱི་མེད་ལ་རང་ཉིད་ལས་ལེགས་པ་གཞན་མཐོང་བསྡད་ཡོད།རྒྱུགས་འབྲས་གཞིར་བཞག་གིས་ང་ལ་ཨང་དང་པོ་ཐོབ་ཙམ་རེད།འོན་ཀྱང་།གློག་ཀླད་དང་དབྱིན་ཡིག་ཕྱོགས་ནས་ཕན་ཐོགས་ཆེན་པོ་བྱུང་།ཕྱིར་དགོན་པར་སོང་སྟེ་གློད་ཀླད་སློབ་ཁྲིད་ཀྱི་ཞབས་ཞུ་ཞིག་བསྒྲུབ་ཐུབ་ན་བསམ་ཡོད།དུས་ཡུན་གྱི་ཆ་ནས་སློབ་སྦྱོང་ཡག་པོ་བྱེད་མཁན་ཞིག་ཡིན་ཚེ་ལོ་གཅིག་ཐུང་དྲགས་འདུགདབྱིན་ཡིག་ལ་མཚོན་ན་ཡར་རྒྱས་ཤུགས་ཆེ་ཤོས་འགྲོ་བཞིན་པའི་སྐབས་སུ་མཚམས་འཇོག་དགོས་བྱུང་གི་འདུགཆེས་བརྗོད་བྱུང་།   
ཟབ་སྦྱོང་སློབ་གྲྭའི་སློབ་སྤྱི་ལྷ་ཆབ་སྦྱིན་པ་ལགས་ལ་སློབ་སྦྱོང་གི་གྲུབ་འབྲས་དང་དུས་ཡུན་ཚད་བཀག་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས་ལན་འདེབས་གནང་དོན།སློབ་ཞུགས་པའི་ཁྲོད་བོད་དུ་བཙོན་ཁང་ནང་ལོ་མང་བསྡད་མྱོང་མཁན་སོགས། གང་ལྟར་འདིར་སླེབས་རྗེས་ལོ་གང་འཚམ་ཆེན་པོ་དང་སློབ་སྦྱོང་གི་གོ་སྐབས་མ་རག་པ་རྐྱང་ཆགས་ཡོད་པ་རེད།ལོ་གཅིག་གི་དུས་ཡུན་ནང་ཧ་ལས་པ་ཞིག་ཆགས་རྒྱུ་ཁག་པོ་རེད་དེ།སོ་སོས་འབད་བརྩོན་བྱས་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་དྲན་གྱི་ཡོད།སྤྱིར་ང་རང་སྒེར་ངོས་ནས་ལོ་གཅིག་ཐུང་དྲགས་འདུག་བསམ་གྱི་ཡོད།འོན་ཀྱང་།སྐབས་ཤིག་ལོ་གཉིས་དང་གསུམ་གྱི་སློབ་དུས་ཚོད་ལྟ་ཞིག་བྱས་པ་རེད།ཡིན་ན་ཡང་།གཅིག་ནས་སློབ་ཞུགས་པ་ཚོ་ལོ་གང་འཚམ་ཆེན་པོར་སླེབས་ཡོད་པ་སོགས་རྒྱུ་མཚན་མང་པོ་ཞིག་གི་ཐད་ནས་ལོ་གཅིག་བཟོ་དགོས་བྱུང་པ་ཞིག་རེད།ཅེས་བརྗོད་སོང་།
གསར་འགོད་པ།བནྡེ་སྐྱབས།  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    གསར་འགོད་པ་བནྡེ་སྐྱབས་ལགས། ངས་གོ་ཐོས་ལ་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སློབ་ཕྲུག་རེ་ལ་ཟླ་རེར་སྒོར་500སྤྲོད་བཞིན་པ་གོ་ཐོས་བྱུང་ཡང་། དེ་རིང་གསར་འགོད་པས་ལོ་རེར་སྒོར་500སྤྲོད་བཞིན་པའི་གནས་ཚུལ་རྒྱང་སྲིངས་བྱས་འདུག་པས། དོན་དངོས་ཐོག་གསར་འགོད་པའི་ཀླད་གོར་གཅིག་ཆད་པ་རེད་དམ། ངའི་གྲོགས་པོའི་ཀླད་གོར་གཅིག་བསྣན་པ་རེད། གསལ་བཤད་ཅིག་གནང་རོགས།

    Reply
  2. རྡ་སའི་ཉུལ་མ། says:
    ལོ་ 15 སྔོན།

    ཡ་ཡ། དེང་སང་སྤྱི་འཐུས་ཚོགས་གཞོན་ལས་ཚོགས་གཙོ་རྡ་ས་ནས་བརླགས་ཏེ་ཉི་མ་བཞི་ལྔ་ཞིག་ཕྱིན་ཚར་སོང་། སུས་ཁོང་ག་བར་ཡོད་མེད་ཤེས་ན་ལན་སྤྲད་རོགས། ངས་ནི་ལྡི་ལིར་དེ་བར་ངན་ཐབས་ཅི་འདྲ་ཞིག་གནང་བཞིན་ཡོད་ན་བསམ་ནས་སེམས་འཁྲལ་འདུག

    Reply
  3. མི་རབས་གསར་པ་ says:
    ལོ་ 15 སྔོན།

    གངས་རི་དང་འདྲ་བའི་ལྷ་མོ་ནི་གངས་རི་ཀྱི་རྒྱན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese