མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝ་ཤིན་ཊོན་གྱི་དུས་དབང་།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནམ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོར། ༧གོང་ས་མཆོག་གིས་རྒྱལ་ས་ཝ་ཤིན་ཊོན་དུ་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་ཕྱི་ནང་དད་ལྡན་ཆོས་ཞུ་པ་ཁྲི་ཚོ་མང་པོར། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༡ པ་དེ་སྩོལ་རྒྱུ་ཡིན་པ་དང་། ཉིན་དེར་ཨ་རིར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས། ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༧༦ལ་ཕེབས་པའི་འཁྲུངས་སྐར་གཟབ་རྒྱས་ཤིག་སྲུང་གཙི་བྱ་རྒྱུ་ཡིན་ཞིང་། མཛད་སྒོའི་ལས་རིམ་དེ་ཨ་རིའི་བརྙན་འཕྲིན་ཁང་དང་དྲ་བརྙན་ཁག་ཅིག་ཐོག་མང་ཚོགས་ལ་ཐད་གཏོང་བྱ་འཆར་ཡོད་འདུག  

ཕྱི་ཚེས་༦ ནས་ ༨ཉིན་བར་༧གོང་ས་མཆོག་དབུས་པའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པས་སྔོན་འགྲོའི་ཆོ་ག་དང་རྡུལ་མཚོན་དཀྱིལ་འཁོར་བཞེངས་རྒྱུ་དང་། ཕྱི་ཚེས་ ༩ ནས་ ༡༡བར་༧གོང་ས་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་༼ལག་ལེན་སོ་བདུན་མ༽དང་། སློབ་དཔོན་ཀ་མ་ལ་ཤིའི༼སྒོམ་རིམ་བར་མ་༽གཉིས་བཀའ་ཁྲིད་གནང་རྒྱུ། ཕྱི་ཚེས་༩ ཉིན་གྱི་ཞོགས་པར་མང་ཚོགས་ལ་༼འཛམ་གླིང་ཞི་བདེ༽ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་དང་།  ཕྱི་ཚེས་ ༡༢ཉིན་དགེ་འདུན་པ་ཚོས་དུས་འཁོར་གྱི་གར་འཆམ་ཆོ་ག་གནང་རྒྱུ་དང་།ཕྱི་ཚེས་ ༡༣ ནས་ ༡༥བར་དངོས་གཞིའི་དུས་འཁོར་བཀའ་དབང་བཅས་སྩོལ་རྒྱུ། ཕྱི་ཚེས་ ༡༦ཉིན་མང་ཚོགས་ལ་ཚེ་དབང་གནང་རྗེས་བརྟན་བཞུགས་རྒྱས་པ་ཞིག་འབུལ་འཆར་ཡོད་འདུག
དུས་འཁོར་ཀྱི་བཀའ་དབང་དང་སྟབས་བསྟུན་ཏེ། པི་རིན་སི་ཊོན་དུ་(Princeton)རྟེན་གཞི་བྱས་ཡོད་པའི་རྒྱ་ནག་སློབ་ཕྲུག་ཚོགས་པའི་གདན་ཞུས་ལྟར། ཕྱི་ཚེས་ ༧ ཉིན་༧གོང་ས་མཆོག་༼རྒྱ་ནག་གི་མང་གཙོ་དང་བོད་ཀྱི་མ་འོངས་པ་༽ཞེས་པའི་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་མ་ཟད། སྐབས་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་བཀའ་ཁྲི་སྐུ་ཞབས་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། སྐུ་འབུམ་དགོན་པའི་དགོན་བདག་ཨཱཀྱ་རིན་པོ་ཆེ། དེ་བཞིན། ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པའི་ཚོགས་གཞོན་རྣམས་ཀྱིས་བོད་དོན་ཐོག་གཏམ་བཤད་བཅས་སྤེལ་རྒྱུ་ཡིན་འདུག
ཚོགས་ཆེན་འདི་ནི་བོད་དོན་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་བོད་རྒྱ་མཁས་པའི་བགྲོ་གླེང་ཞིག་ཆགས་རྒྱུ་ཡིན་པ་དང་། ཚོགས་ཆེན་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་བྱ་འཆར་ཡོད་འདུག
གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 5

  1. ཇ་མ་ says:
    ལོ་ 15 སྔོན།

    དུས་དབང་དང་ཚོགས་འདུ་གང་ཡིན་ཡང་༧གོང་ས་མཆོག་གི་སྐུའི་སྲུང་བྱ་གཙུགས་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཡེན་པོ་ཡིན། དཀོན་མཆོག་མཁྱེན་ནོ།།

    Reply
  2. དོན་གྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    གསང་སྔགས་གསང་སྟེ་སྒྲུབ་རྒྱུ་ཡིན་པས་བོད་ཀྱི་དབང་སྐུར་འཕྲིན་སྒྲུབ་སོགས་ནི་གསང་སྔགས་ཁྲོམ་བསྒྲགས་བྱས་པ་སོང་དགོས་པ་ལས་དགག་བྱ་ཆེ།ལྷག་པར་ད་ལྟའི་དུས་སུ་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཆོས་དང་གསང་སྔགས་ལ་ལོག་པར་ལྟ་བའི་གང་ཟག་མང་པོ་དབང་གྲལ་དུ་ཡོད་པས།དབང་སྐུར་ཀྱང་ཉམས་གྲིབ་ཀྱི་དབང་གིས་འབྲས་བུ་གང་ཡང་འབྱིན་ཐུབ་ཀྱི་མ་རེད།འོན་ཀྱང་རྒྱ་ནག་གི་སློབ་ཕྲུག་ཚོར་དམིགས་བསལ་བོད་དོན་སྐོར་གྱི་བཀའ་སློབ་དང་གཏམ་བཤད་དེ་དག་ནི་དོན་མེད་ཞིག་གཏན་ནས་མིན་པས་གཏན་གཏན་ཕན་ཐོག་ཡོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དུས་དབང་དངོས་སུ་བཅར་མ་ཐུབ་ཀྱང་། ཐད་ཀར་རྒྱང་སེང་གི་བརྙན་འཕྲིན་མཇལ་ཐུབ་ན་ཡང་བྱིན་རླབས་མི་འཇུག་པ་མིན་འདུག་སྙམ། དགེའོ། །

    Reply
  4. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    བོད་མིའི་སྒྲིགས་མཛུགས་ཀྱི་བཀའ་ཁྲི་དེ་ནི་བོད་མིའི་སེམས་ནང་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལས་མིང་གི་ནུས་ཤུགས་ཆུང་བ་ཆགས་རེད་། ཕྱག་ལས་ཡང་དེ་བཞིན་གནང་རྒྱུ་ཡིན་ངེས་རེད་། འདི་ནི་རྒྱ་མིས་ཀྱང་བྱས་མེད་ལ་བོད་མི་དམངས་ཀྱིས་ཀྱང་ངོས་ལེན་མེད་མོད་། བཤད་ལ་མཁས་པའི་ཆབ་སྲིད་པ་འགས་འཁོན་ལན་བྱས་པ་ཡིན་པས་། གྱོང་གུད་དག་ནི་བོད་མི་དམངས་ལ་ཕོག་པ་ཡིན་པས་སེམས་ཕམ་ཤིན་ཏུ་ཆེ་།

    Reply
  5. མི་རབས་གསར་པ་ says:
    ལོ་ 15 སྔོན།

    དུས་དབང་དངོས་སུ་འགྲོ་མ་ཐུབ་ཀྱང་སེམས་སྟེང་ནས་རྗེས་སུ་ཡི་རང་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese