མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp


བོད་དང་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ཀྱིས། ཐུན་མོང་ཐོག་༼ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིག་གཞུང་ཉམ་ཉེས་༽ཞེས་པའི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་འདུག  

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ལམ་ཚོགས་པ་གཉིས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དངོས་ཡོད་གནས་སྟངས་བརྗོད་པའི་དབྱིན་ཡིག་དཔེ་དེབ་སྙན་ཐོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིག་གཞུང་ཉམ་ཉེས་(Imposing Modernity with Chinese Characteristics: The fate of Tibetan civilization)ཞེས་པ་ཞིག་གསར་དུ་དབུ་འབྱེད་གནང་སོང་།

ཐོག་མར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་དམིགས་ཡུལ་སོགས་ངོ་སྤྲོད་སྐབས།  ཁོང་ཚོའི་ཚོགས་པས་རྒྱ་གར་ཁྲིམས་གར་ཁྲིམས་རྩོད་པའི་ཚོགས་པ་དང་མཉམ་འབྲེལ་ཐོག རྒྱ་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ཞིབ་འཇུག་བྱས་པ་་བརྒྱུད་སྙན་ཐོ་འདི་བཏོན་པ་དང་།  དེ་ཡང་ཚོགས་པ་གཉིས་ཀྱིས་དུས་ཡུན་མི་ལོ་ ༢ རིང་འབད་བརྩོན་བྱས་ཡོད་པ་དང་། ད་དུང་ཕྱི་དྲིལ་ལས་ཁུངས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་འདུག

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། ཚོགས་པ་འདི་གཉིས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དེབ་འདི་པར་སྐྲུན་ཐུབ་པ་ནི། རླབས་ཆེན་གྲུབ་འབྲས་རླབས་ཤིག་ཡིན་པ་སོགས་དང་འབྲེལ་ནས་དེ་སྔོན་འདི་ལྟ་བུའི་ཚོགས་པ་དག་གིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་རིམ་པར་བཏོན་པའི་ལོ་རྒྱུས་ངོ་སྤྲོད་དང་། གཞན་ཡང་ཁོང་གིས། “ང་ཚོ་བོད་ཕྱི་ལོགས་སུ་ཡོད་པ་རེད། བོད་ནང་ལོགས་སུ་རྒྱ་མིས་བོད་ཀྱི་རིག་གཞུང་ལ་བདག་པོ་ག་ཚོད་བརྒྱབ་ཡོད་མེད་དང་། རྩ་མེད་ག་ཚོད་ཅིག་གཏོང་བཞིན་ཡོད་མེད་དེ།  པཎ་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས་གསལ་པོར་ཤེས་ཀྱི་འདུག  ཕྱི་ལོ་ ༡༩༨༨ ལོར་པཎ་ཆེན་རིན་པོ་ཆེ་མཆོག་གཞིས་རྩེར་བཞུགས་སྐབས། ཁོང་གིས་མཐའ་མའི་སྡོམ་ཚིག་ནང་། རྒྱ་མིས་བོད་འཛུགས་བསྐྲུགས་བྱས་པ་དེ་བོད་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོད།” ཅེས་གསུངས་སོང་།

དེའི་རྗེས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་རྒྱ་གར་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ཊོག་ཊར་ཨ་ནན་ཀུ་མིར་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱབ་སྐྱོར་གཏམ་བཤད་གནང་ཡོད་པ་རེད།

དཔེ་དེབ་དེ་དུམ་མཚམས་གཉིས་སུ་དབྱེ་ཡོད་ཅིང་། དུམ་མཚམས་དང་པོར། རིག་གནས་གསར་བརྗེའི་སྐབས་བྱུང་བའི་བོད་ནང་གི་ཕྱོགས་ཡོངས་ཀྱི་གཏོར་བཤིག་གི་གནས་ཚུལ་དང་། གཉིས་པའི་ནང་། ད་ལྟའི་བོད་ནང་གི་རིག་གཞུང་གཏོར་བཤིག་གི་ཐབས་ལམ་དང་འཆར་གཞི་སོགས་བཀོད་ཡོད་པའི་ནང་། བོད་ཀྱི་འཛུགས་བསྐྲུན་ལས་གཞི་དང་མི་འབོར་གནས་སྤོར། ཤེས་ཡོན་སྲིད་བྱུས། སྐད་ཡིག་དང་རྩོམ་ཡིག ཆོས་དང་རིག་གཞུང་ཉམ་ཆག་བཅས་ཀྱི་སྐོར་རེ་རེ་བཞིན་ཁྱོན་བསྡོམས་ཤོག་གྲངས་ ༣༠༢ སྟེང་བཀོད་ཡོད་པ་རེད། དེབ་འདི་ནི་གོང་གསལ་ཚོགས་པས་རིན་མེད་དུ་འགྲེམས་སྤེལ་བྱེད་བཞིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདི་ནི། ཕྱི་ལོ་ ༡༩༩༦ ལོར་དབུ་བརྙེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོག་བྱེད་མཁན་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

སྐར་མ ༡༠ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

སྐར་མ ༣༡ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese