མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྟའུ་རུ་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp


དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་གྱི་གྲྭ་ཡ་མ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།
ཁ་སང་འཛམ་གླིང་གང་སར་བོད་པ་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་ལྟར། བོད་ནང་གི་ཞོགས་པའི་ཆུ་ཚོད་ ༤ པའི་སྟེང་། ཁམས་རྟའུ་རྫོང་གི་སྐྱ་སེར་གཉིས་ཀྱིས་ལོ་ལྟར་ཡུལ་དེའི་གཞི་བདག་རྨ་ཆེན་སྦོམ་ར་དང་རྣམ་རྒྱལ་མཆོད་རྟེན་གཉིས་ཀྱི་འགྲམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཀྱང་། རྒྱ་གཞུང་གི་དྲག་ཆས་དམག་མི་ ༥༠༠ ལྷག་གིས་ལག་ཏུ་མེ་མདའ་ཁུར་ཏེ་རྨ་ཆེན་སྦོམ་རའི་མཐའ་ཡོངས་སུ་བསྐོར་སྟབས། རི་རྩེར་ཡོད་པའི་བཙུན་དགོན་གཉིས་ཀྱི་བཙུན་མ་ ༣༠༠ ལྷག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་སྟེ་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་ཆོས་དད་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང་། དེར་ཡོད་སེར་སྐྱ་མང་ཚོགས་ཚོས་ཀྱང་གཅིག་མཚུངས་ཀྱིས་ཆུ་ཚོད་ ༥ རིང་སྐད་འབོད་བྱས་ཡོད་འདུག གནས་སྟངས་དེ་དག་ལ་གཞིགས་ཏེ་རྒྱ་ནག་གཞུང་གིས་དེར་ཡོད་མི་མང་ལ་ནམ་རྒྱུན་བསང་གསོལ་བྱེད་སར་གསང་གསོལ་བྱེད་བཅུག་མེད་པར་དམ་དྲག་བྱས་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁམས་རྟའུ་རྫོང་གི་བོད་མི་ཚོས་བོད་གཞིས་བྱེས་གཉིས་སུ་གྱར་བའི་མི་ལོ་ ༥༢ ལྷག་གི་རིང་རྒྱ་ནག་གཞུང་གིས་དམ་དྲག་བྱས་མིན་ལ་མ་ལྟོས་པར་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་པ་དང་། སྔར་ལོ་ཡུལ་དེའི་སྐྱ་སེར་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུའི་ཐོག་འཁྲུངས་སྐར་གྱི་དུས་ཆེན་ཟབ་རྒྱས་ཤིག་གནང་ཡོད་འདུག

 

གསར་འགོད་པ། དོན་གོ

 

མཆན། 4

  1. ཤིང་ལོ། says:
    ལོ་ 12 སྔོན།

    དཔའ་སྙིང་སྟག་གི་འགྲན་ཟླ།།
    ལག་ལེན་དམ་པའི་ཁ་དན།།
    རུ་དམར་འབྲོང་གི་རྒྱུད་པ།།
    ངོམས་སོ་ཆོག་པའི་མི་བུ།།

    Reply
  2. ཚངས་སར་ཕྲིན་ལས། says:
    ལོ་ 12 སྔོན།

    བོད་ནང་གི་རྒྱལ་གཅེས་པ་དེ་ཚོ་དངོས་ནས་སྙིང་སྟོབས་དང་ལྷག་བསམ་ཆེ་ཁི་ཡ། ཁོང་ཚོ་ལ་བར་ཆད་མེད་པའི་སྨོན་ལམ་ཡོད་པ་མ་ཟད་ཡིད་ལ་མནག་པའི་འདོད་དོན་རྣམས་མི་རིང་བ་འགྲུབ་པའི་སྨོན་ལམ་ཡོད།

    Reply
  3. བསྟན་པ། says:
    ལོ་ 12 སྔོན།

    ཁམས་པའི་བུ་རྣམས་ལ་བློ་ཁོག་འདུག་རྡ།

    Reply
  4. བརྩོན་རྒྱམ། says:
    ལོ་ 12 སྔོན།

    བོད་མི་ཚོ་ངོ་མ་རིན་ཐང་མེད་པ་ཞིག་རེད་དཔའ་རྒོད་ཚོ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བྱེད་རྒྱུ་ནི་འུ་ཚོ་ལ་དབང་བའི་ཐོབ་ཐང་ཞིག་རེད་འོན་ཀྱང་རྒྱ་ནག་དམར་གཞུང་གི་ཇི་ལྟར་བཙན་དབང་བྱས་ན་ཡང་ང་ཚོའི་རྩ་བའི་བླ་མའི་སྐུའི་འཁྲུངས་སྐར་བྱེད་ཀྱི་རེད་སྤུན་ཟླ་ཚོ་བློ་མ་ཕམ་ང་ཚོ་ལ་རེ་བ་མེད་པ་མ་རེད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་གང་འདྲ་གནང་ཡོད་པ་མཁྱེན་གསལ་རེད་བདེན་མཐའ་གསལ་ལ་ཡོད་པ་རེད་བཟོད་སྲན་བྱེད་དགོས་ང་ཚོ་ཁྱེད་ཚོའི་རྒྱབ་དུ་ཡོད་སྤུན་ཟླ་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist