མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་སྐྱོབས། དབུལ་སྐྱོངས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་དགུང་དྲོ་དབུས་གཞོན་ནུའི་རྒྱུན་ལས་ཟུར་པ་ལྷག་པ་ཚེ་རིང་ལགས་ཀྱི་གཙོ་འགན་འོག བོད་གཞུང་ཟློས་གར་ཚོགས་ཁང་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ། བོད་ཀྱི་གཏམ་བརྗོད་ཚན་པ་ཞིག་གསར་དུ་དབུ་འབྱེད་དང་མི་མང་ལ་ཐེངས་དང་པོའི་གཏམ་བརྗོད་གཟིགས་འབུལ་ཞུས་སོང་།

སྒྱུ་རྩལ་གཏམ་བརྗོད་ནི་མིའི་རིགས་ཀྱི་དངོས་ཡོད་འཚོ་བའི་འགྲོས་དང་བསྟུན་ནས་མི་རྣམས་ལ་དགེ་འདོན་སྐྱོན་སེལ་དང་། སྤྱི་ཚོགས་བཅོས་སྒྱུར་སོགས་ཀྱི་ཐད་ནུས་པ་བླ་ལྷག་འདོན་པ་དང་། ལྷག་པར་དུ་རྒྱལ་ཁབ་དང་མི་རིགས་རིང་ལུགས་ཀྱི་འཐབ་རྩོད་ཁྲོད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ལྷག་པའི་སྟོང་ཆ་འདི་ཁ་སྐོང་བྱ་ཕྱིར་༼ བདེན་སྐྱོབས་དབུལ་སྐྱོངས༽ ཀྱི་འབོད་སྒྲ་དང་རྩ་འཛིན་འོག ༧གོང་ས་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་དུས་ཆེན་གྱི་ཉིན་མོ་སྲུང་བརྩི་དང་སྦྲགས། བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་གསར་འཛུགས་གནང་བའི་གཏམ་བརྗོད་ཚན་པ་ཞིག་གིས་ཐེངས་དང་པོར་མི་མང་ལ་འཁྲབ་སྟོན་གནང་ཡོད།

ལྷག་པ་ཚེ་རིང་ལགས་ཀྱིས་གཏམ་བརྗོད་ཚན་པ་འདིའི་དམིགས་ཡུལ་སྐོར་བརྗོད་པ་ལྟར་ན། དང་པོ། དེང་དུས་ཀྱི་གཏམ་བརྗོད་འཁྲབ་སྟོན་བརྒྱུད་རྩ་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཐོར་འདེགས་སླད། སྤྱི་ཚོགས་ཀྱི་ཞན་ཆ་གསལ་འདོན་དང་ལེགས་ཆའི་ཁ་ཕྱོགས་སྟོན་ཐབས་དང་། གཉིས་པ། གཞོན་སྐྱེས་ནང་ཁུལ་གཏམ་བརྗོད་དང་གླེང་མོལ་བརྒྱུད་གསར་གཏོད་དང་ལེགས་བཅོས་ལ་སྐུལ་འདེད་གཏོང་ཐབས། གསུམ་པ། གཏམ་བརྗོད་འབྲི་རྩོམ་དང་འཁྲབ་སྟོན་གྱི་ནུས་པ་ལྡན་པའི་བོད་རིགས་རྣམས་ལ་རང་ནུས་འདོན་སྤེལ་གྱི་སྡིངས་ཆ་བསྐྲུན་རྒྱུ། བཞི་བ། རང་སྐད་དྭངས་མའི་ཁོར་ཡུག་བསྐྲུན་ཐབས་བཅས་ཡིན་སྐོར་བརྗོད་བྱུང་།  

ཐེངས་འདིར་༼ ད་དཔེ་བསགས་སོང་༽ ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱས་སོང་ལ། འཁྲབ་སྟོན་དེའི་ནང་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ལ་འགྲོ་འདོད་ཀྱི་སྨྱོ་ཧམ་ཁྲོད། ཕྲུ་གུར་སློབ་གསོ་སྤྲོད་སྟངས་ནོར་གྱི་ཡོད་པ་དང་། ཁོང་ཚོའི་འདོད་འདུན་དང་མ་བསྟུན་པར་ཕ་མ་ཚོས་ཁྱིམ་ཚང་གི་དགོས་མཁོ་དང་མཚན་སྙན་གཙོར་བཟུང་གིས་བུ་ཕྲུག་ཚོའི་སློབ་སྦྱོང་གི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་པ། དེ་བཞིན་ཁྲིམས་དང་བུ་ཕྲུག་གི་གཉེན་སྒྲིག་རང་དབང་བཅས་ལ་མ་བསྟུན་པར་ཕྱི་རྒྱལ་ཁག་ཏུ་གཏོང་ཐབས་བྱས་ཏེ་མཐར་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ཁ་འཐོར་དུ་འགྲོ་བཞིན་ཡོད་པ། དེ་བཞིན་ ༼ མང་དུ་མང་དུ་དང་ཉུང་དུ་ཉུང་དུ ༽ ཞེས་པ་དང་༼ དེས་ག་བར་ཚད ༽ ཅེས་པའི་གཏམ་གླེང་གཉིས་དང་། གཞས་སྣ་ཁག་ཅིག་བཅས་འཁྲབ་སྟོན་ཞུས་སོང་།

ལྟད་མོ་བའི་མྱོང་ཚོར་སྐོར་ལ་བུ་ཆུང་བསོད་ནམས་ལགས་ཀྱིས་བརྗོད་དོན། བོད་མི་ཚོ་བཙན་བྱོལ་ལ་བསླེབས་པ་ནས་དཔལ་འབྱོར་དང་སྡོད་ཁང་སོགས་ཡར་རྒྱས་ཕྱིན་ཡོད་པ་རེད། འོན་ཀྱང་། དེ་དང་མཉམ་དུ་སྒྱུ་རྩལ་གྱི་ངོ་བོ་མེད་ན་ག་ལེར་མི་རིགས་ཀྱི་ངོ་བོ་བརླག་འགྲོ་ངེས་རེད། སྔོན་མ་ཞིག་ལ་གཏམ་བརྗོད་ཚོགས་པ་ཞིག་བཙུགས་པ་རེད། ཡིན་ན་ཡང་། རིམ་བཞིན་འགན་འཁུར་མཁན་ཚོ་ཕྱི་རྒྱལ་ཁག་ལ་ཕྱིན་ཏེ་མེད་པ་ཆགས་སོང་པ་དང་། ད་ལྟ་གཏམ་བརྗོད་ལྷན་ཚོགས་འདི་འཛུགས་ཐུབ་པ་ཧ་ཅང་ཡག་པོ་རེད། གཞོན་སྐྱེས་ཚོའི་བྱས་རྗེས་རེད། གཏམ་བརྗོད་ཀྱི་གལ་ཆེ་ཤོས་སྐད་ཡིན་པ་ལྟར་འཁྲབ་སྟོན་སྐབས་བོད་སྐད་གཙང་མ་དང་། ཚིག་ཀྱང་མཁྲེགས་པོ་མ་ཡིན་པའི་ཐོག་ནས་བོད་མིའི་གཤིས་སྤྱོད་འབུར་དུ་ཐོན་ཐུབ་པ་དེས་ལྟད་མོ་བའི་དགའ་སྐྱོའི་ཚོར་པ་ཕྱིར་མངོན་དུ་བཅུག་པ་རེད། དེ་ནི་འཁྲབ་སྟོན་འདིའི་རྒྱལ་ཁ་རེད་ཅེས་བརྗོད་སོང་ལ། དེ་བཞིན་ལྟད་མོར་ཕེབས་མཁན་ཨ་རི་ནས་ཡིན་པ་ནཱའོ་རན་ལགས་ཀྱིས་ “ངས་བོད་སྐད་མི་ཤེས་ཀྱང་། འཁྲབ་སྟོན་པའི་དཀའ་ལས་རྒྱག་སྟངས་དང་། གཏམ་བརྗོད་དང་དགོད་བྲོའི་གཏམ་གླེང་གི་རྣམ་འགྱུར་དངོས་གནས་ཡག་པོ་འདུག”་ཟེར།

གཏམ་བརྗོད་ཚན་པ་འདི་ནི་ལྷག་པ་ལགས་དང་བསྟན་འཛིན་ནོར་བུ་ལགས་གཉིས་ཀྱིས་ཆེད་གཉེར་བྱེད་ཀྱི་ཡོད་པ་དང་། ད་སྔ་དངུལ་གྱི་རྒྱབ་སྐྱོར་རོགས་འདེགས་བྱེད་མཁན་མེད་སྟབས། འགྲོ་གྲོན་ཡོད་ཚད་ཁོང་གཉིས་ཀྱིས་བཏང་ཡོད་པར་མ་ཟད། བུ་ལོན་ཡང་གཡར་དགོས་བྱུང་ཡོད་པ་དང་། འཁྲབ་སྟོན་པ་གཞན་རྣམས་ཁོང་གཉིས་ཀྱི་འབོད་སྐུལ་ལྟར་དང་བླང་བྱས་པ་ཞིག་ཡིན་འདུག གནད་དོན་དེའི་ཐད་འགན་འཛིན་ལྷ་པ་ལགས་ཀྱིས་བརྗོད་དོན། “ ད་ལྟའི་ཆར་ང་ཚོ་ཚོགས་པ་མིན། ལྷན་ཚོགས་ཤིག་གི་ངོ་བོ་ཆགས་ཡོད། ང་རང་ཡིན་ན་གཏམ་བརྗོད་ཐད་མི་ཚེ་གཏོང་རྒྱུའི་ཆོད་སེམས་བཟུང་ཡོད།” ཟེར། མ་འོངས་པར་གཏམ་བརྗོད་ལྷན་ཚོགས་འདི་རྒྱ་སྐྱེད་ཀྱིས་ལས་རིགས་འདིར་སྤྲོ་བ་ཡོད་མཁན་དག་ལ་ལས་ཀ་སྤྲོད་རྒྱུ་དང་། དེ་བཞིན་རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མི་ཚོར་བོད་པའི་བཟང་སྤྱོད་དང་གཤིས་སྤྱོད་ངོ་སྤྲོད་རྒྱུན་གནས་ཐུབ་ཐབས་བཅས་བྱ་རྒྱུའི་ལས་འཆར་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༧ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 2

  1. ཤིང་ལོ། says:
    ལོ་ 15 སྔོན།

    འདིའི་རིགས་ཡག་པོ་དཔེ་འདུག ལྷག་པ་ལགས་ལ་ཐུགས་རྗེ་ཆེ། འདི་ནི་རིག་གཞུང་ལ་དོ་སྣང་བླ་ལྷག་ཡོང་ཆེད་དང་། མིས་ལམ་སེང་ངེས་བདེ་བོ། ལྟ་འདོད་པ། དབྱིངས་ཡོང་བ་སོགས་ཕན་ཐོགས་ཧ་ཅང་ཆེ། གཙོ་བོ་མུ་འཐུད་རོགས།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་དུའང་གཏམ་བརྗོད་ཟློས་གར་ལ་དོ་མེད་པའི་ཁ་མཚར་ངག་རིག་གི་སྒྱུ་རྩལ་པ་ཨེ་མོ་རེ་འཁྲུངས་བའི་སྨོན་ལམ་འདེབས་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese