སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད།
ཤར་མཁན་སྤྲུལ་གྱིས།
༄༅། ། ༸སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོས་དུས་འཁོར་དབང་ཆེན་ཐེངས་ ༣༡ གནང་བཞིན་པ་ལ་རྗེས་སུ་ཡི་རངས་དང་འབྲེལ། ངས་འདིར་གླེང་དགོས་དོན་ནི། ཇོ་ནང་པ་ལ་འབྲེལ་བའི་གནས་སྟངས་འགའ་ཞིག་ད་ལྟ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་ལེགས་ཉེས་ལ་འབྲེལ་ཡོད་པས་ཡིན།
ཇོ་ནང་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་དང་སྤྱི་མཚུངས་ལྟར། དུས་རབས་ ༡༡ པའི་ནང་དུ་ལོ་ཙ་པ་གཟི་བཙན་རྣམ་གཉིས་དང་། དུས་འཁོར་པ་གྲུབ་ཆེན་ཡི་མོ་བ་སོགས་ཀྱིས་གསལ་བར་ཕྱེས་ཞིང་ཇོ་ནང་གི་ཐ་སྙད་རྗེས་ནས་བྱུང་། དུས་རབས་ ༡༣ པའི་ནང་། ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཆོས་བརྒྱུད་འདིའི་གདན་རབས་པ་གནང་སྟེ། ཇོ་མོ་ནག་རྒྱལ་མའི་གནས་མཆོག་ཏུ་གཞི་གཏན་ཚུགས་བྱུང་བས་ས་མིང་ཆོས་བརྒྱུད་ལ་ཐོགས་ཏེ། དེ་ནས་བཟུང་ཆོས་བརྒྱུད་ཆེན་པོ་འདིའི་མཚན་ལ་ཇོ་ནང་པ་ཞེས་བར་འབོད་པ་རེད། ངས་སའི་གོ་ལའི་ཐོག་ཇོ་ནང་པ་ཁོ་ན་ལས་དུས་འཁོར་ཉམས་ལེན་ཆ་ཚང་ཡོད་མཁན་མེད་ཟེར་བའི་དོན་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ལ་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་བ་མེད་པར་ཚོད་བགམ་པ་ག་ལ་ཡིན་ཏེ། སའི་གོ་ལ་འདིའི་ཐོག་ཏུ་གང་ཟག་གཞན་རེ་ཟུང་ཡོད་མི་སྲིད་པར་དམ་བཅས་པ་ཡང་མིན།
འོན་ཀྱང་། ད་ལྟའི་དུས་འདིར་དཔལ་དུས་ཀྱི་འཁོར་ལོ་བཤད་པ་དང་སྒྲུབ་པ་གཉིས་དང་། ལྷག་པར་དུ་སྒྲུབ་པ་ཉམས་ལེན་གྱི་ཕྱོགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནས་བཟུང་། དངོས་གཞི་བསྐྱེད་རིམ་ནས་རྫོགས་རིམ་བར་དུ་ཉམས་ལེན་ཆ་ཚང་གི་བྱ་བ་བྱས་ནས་རྒྱུན་མ་ཆད་པར་ལོ་སྟོང་ཕྲག་མ་ཟིན་ཙམ་སོང་ཞིང་། ད་ལྟ་ཡང་དགོན་སྡེ་རེ་རེ་བཞིན་ཉམས་ལེན་རྒྱུན་ཆད་མེད་པའི་ཆོས་བརྒྱུད་ཅིག་སའི་གོ་ལ་འདིའི་ཐོག་ཇོ་ནང་པ་ཁོ་ན་ལས་མེད་པ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་ཡིན་ལ། འདི་ནི་ང་ཡང་ཇོ་ནང་ལ་རྒྱུས་མངའ་ཅུང་ཟད་ཡོད་པས་ཡིན། བཀའ་བརྒྱུད་པ་འགའ་ཞིག་ལ་དུས་འཁོར་ཅུང་ཙམ་ཡོད་པ་ཡང་ཇོ་ནང་པ་ལས་འོངས་པ་ཡིན་པར་༸གོང་ས་མཆོག་གིས་གསུངས་ཡོད། རྒྱུ་མཚན་ ༢༠༠༤ ལོར་བོད་ནས་ཕེབས་པའི་ཇོ་ནང་པའི་མཁན་པོ་ཤེས་རབ་ལ་༸གོང་ས་མཆོག་གི་བཀས་བསྐུལ་བ་བཞིན་ཁོང་གིས་རྣམ་རྒྱལ་གྲྭ་ཚང་དང་། བཀའ་བརྒྱུད་པའི་དགོན་པ་འགའ་ལ་དུས་འཁོར་གྱི་ཁྲིད་ལུང་གནང་བས་སོ།།
ཇོ་ནང་པའི་ལྟ་བ་ནི་དབུ་མ་གཞན་སྟོང་ཡིན། དེ་ནི་གཙོ་བོ་བཀའ་འཁོར་ལོ་མཐའ་མ། ངེས་དོན་མདོ་མཅུ་དང་། བདེ་གཤེགས་སྙིང་བོ་སྟོན་པའི་མདོ་བཅུ་སོགས་དང་། གསང་བ་སྔགས་ཀྱི་རྒྱུད་སྡེ་མང་བོ། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཁུངས་གཏུགས་ཀྱི་ཡོད། བསྟན་བཅོས་ནི། གཙོ་བོ་རྗེ་བཙུན་བྱམས་པའི་གཞུང་ལུགས་དག་དང་། ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་ཀྱི་ས་སྡེ་ལྔ་སོགས་དང་། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་སོགས་ལ་བརྟེན་ཡོད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་ཚོས་དུས་འཁོར་གྱི་ཐིག་རྡུལ་ཚོན་ཆོ་ག་རྒྱས་སྤྲོས་དང་བཅས་པ་ཤེས། མ་ཚད་དཔལ་དུས་ཀྱི་འཁོར་ལོའི་ཉམས་ལེན་གྱི་ཕྱོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཆ་ཚང་བཟུང་། དངོས་གཞི་བསྐྱེད་རིམ་དང་ལྷག་པར་དུ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཟེར་བའི་ཉམས་ལེན་དེ་མ་མཐའ་ཡང་ལོ་གསུམ་ལ་མཚམས་དམ་པོར་བྱས་ནས་ཉམས་བཞེས་གནང་དགོས་ཀྱི་ཡོད།
དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཁྲིད་དང་སྦྲགས་ཏེ་བྱེད་ཀྱི་ཡོད་པ་མ་ཟད། བདུན་གཅིག་ལ་ཐེངས་གཅིག་ཏུ་ཉམས་དང་རྟོག་པ་ཅི་བྱུང་རྡོར་སློབ་ལ་ཁེར་གཏུགས་ཀྱིས་ཞུ་དགོས་པ་རེད། སྒོམ་བྱེད་དུས་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་ཤིག་ཤར་རྒྱུ་ཡོད་པ་ནི་གནས་སྟངས་སྤྱི་ཁྱབ་པ་ཞིག་ཏུ་ཆགས་ཡོད། གཞན་ཆོས་བརྒྱུད་སུ་ལ་ཡང་མེད་པའི་དབང་ལྷ་བབས་ཟེར་བ་ཞིག་ཡོད། ཡེ་ཤེས་འབེབས་ཡང་ཟེར། དེ་ནི་མཚམས་རེར་ཚུར་མཐོང་གི་སྣང་བ་འགག་ནས་མ་ངེས་པའི་སྤྱོད་པ་བསྟན། དེ་དུས་སུ་རྡོ་རྗེའི་གླུ་དང་བྲོ་བྱེད། འབེབ་རྒྱབ་པ་སོགས་བྱུང་དུས་ཁབ་སོགས་མཚོན་ཆས་བཙུགས་ཀྱང་ཚོར་བ་མེད་པ་སོགས་ངོ་མཚར་ཆེ། ཇོ་ནང་པར་མཚོན་ན་འདི་ཡང་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་ཞིག་མིན། ཀུན་མཁྱེན་དོལ་པོ་བས་ཇོ་ནང་ལ་དུས་འཁོར་གྱི་དབང་ཆེན་གནང་དུས་བྱ་དང་བྱིའུ་སོགས་ལ་ཡང་དེ་ལྟར་བྱུང་བར་གྲགས།
འདི་དག་གི་རྒྱུན་ད་ལྟ་ཡང་ཆད་མེད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་མང་བོ་ལོ་གསུམ་ཅན་གྱི་དམ་མཚམས་བྱས་དེ་ཡང་དང་བསྐྱར་དུ་ལོ་༩ དང་ ༡༢ སོགས་ལ་གནང་གིན་ཡོད། ཁ་ཤས་ཀྱིས་མི་ཚེ་ཧྲིལ་བོར་དམ་མཚམས་བྱས་ཏེ་དུས་འཁོར་ཉམས་ལེན་གནང་གི་ཡོད། མདོ་ཁམས་ཛི་ག་ཟེར་བའི་ས་ཕྱོགས་སུ། དུས་རབས་ཉི་ཤུ་བའི་སྨད་དུ་ཡང་དུས་འཁོར་རྫོགས་རིམ་ལ་བརྟེན་ནས་གཞན་སེམས་ཤེས་མཁན་དང་གཤིན་པོ་ལ་འཕོ་བ་འདེབས་དུས་སྐྲ་རྟགས་ལེན་ཟེར་བ། མགོའི་སྐྲ་བར་སྣང་ལ་མཆོད་མཁན་ནི་སྤྱི་བཏང་བ་ཙམ་དུ་ཆགས་ཡོད། ད་ལྟ་བཞུགས་ཡོད་པའི་རྡོ་རྗེ་སློབ་དཔོན་བླ་མ་སྣང་སྟོང་ཟེར་བ་སོགས་མང་། གཞན་ང་རང་གིས་ཤེས་ཚོད་ཙམ་ཞུས་ན། ཛི་གའི་ཇོ་ནང་པ། ཆོས་ཐང་དགོན་གྱི་བླ་མ་གྱང་ནག་དཀོན་ཚུལ་ཟེར་བ་ཁོང་ ༡༩༨༧ ཡས་མས་ནས་ཚེ་མཚམས་ལ་བཞུགས་ཡོད། དེ་རྗེས་ ༡༩༩༠ ནས་མི་གཅིག་མེད་པའི་ནགས་ཁྲོད་ར་ཤུགས་རི་ཁྲོད་ཟེར་བར་དེར་དུས་འཁོར་རྫོགས་རིམ་གྱི་དམ་མཚམས་ལ་བཞུགས་ཡོད། གཞན་དེ་འདྲ་བླ་སེར་བཅུ་གྲངས་ཞིག་ངོ་ཤེས་ཀྱི་ཡོད།
ད་ལྟ་ས་ཆེན་པོ་འདིའི་སྟེང་དུ་གང་ཟག་རེ་ཟུང་ལས་མེད་ཞེས་ཐག་གཅོད་བྱེད་འདོད་མེད་པ་མ་གཏོགས། འདི་འདྲའི་དུས་འཁོར་ལ་དམིགས་བསལ་ཉམས་ལེན་བྱེད་མཁན་དེ་འདྲ་ཆོས་བརྒྱུད་སུ་ལ་ཡང་མེད་པ་མ་ཟད། ང་ཚོ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གང་ལ་ཡང་ཇོ་ནང་པ་མ་གཏོགས། དུས་འཁོར་གྱི་རྫོགས་རིམ་ཉམས་ལེན་ཡོད་པའི་དགོན་སྡེ་གྲྭ་ཚང་མེད་པ་གསལ་བོ་རེད། དགེ་ལུགས་པའི་དགོན་པ་ཆེན་པོ་དག་མ་གཏོགས་ཐིག་རྡུལ་ཚོན་དང་ཆོ་གའི་རྒྱུན་ཙམ་ཡང་ཕལ་ཆེར་མེད་པ་རེད། དུས་འཁོར་ལ་རྒྱུས་མངའ་ཆེ་ཤོས་དེ་རྩེ་རྣམ་རྒྱལ་གྲྭ་ཚང་ཡིན་རིགས་པ་སྨོས་མེད་ཡིན་མོད ༸གོང་ས་སྐྱབས་མགོན་ཆེན་པོའི་དུས་དབང་འཛམ་གླིང་ལ་བསྩལ་གནང་མཛད་བཞིན་ཡོད་སྟབས། རྩེ་རྣམ་རྒྱལ་གྲྭ་ཚང་ནི་དུས་འཁོར་ལ་བྱང་ཆུབ་པའི་ཆེད་མཁས་པ་ཡིན་དགོས་མོད། འོན་ཏེ་ཉེ་ཆར་ཧ་གོ་བ་ལྟར་ན། དུས་འཁོར་གསེར་སྐུ་བཞེངས་ཉེས་བྱས་ཏེ་ལོ་གང་འཚམ་འགོར་ཡང་ད་དུང་མཁྱེན་རྟོགས་མེད་པར་འཛམ་གླིང་མི་མང་འབུམ་ཕྲག་མང་བོར་དུས་འཁོར་གྱི་སྐུ་རྫུན་མ་ཞིག་ལ་མཇལ་དུ་བཅུག་པ་དེས། ང་ཚོ་བོད་པ་དུས་འཁོར་གྱི་བསྟན་པ་ལ་རྒྱུས་མངའ་ག་ཚོད་ཅིག་ལ་བསླེབས་ཡོད་མེད་བསྟན་ཡོད།
ཇོ་ནང་པ་སྨྲས་མ་དགོས་པ་རེད། གྲྭ་ཆུང་དཀྱུས་མ་ཞིག་ལ་མཚོན་ནའང་དུས་འཁོར་ལ་དཔུང་བ་ ༡༢ དང་ལག་ངར་༢༤ ཡོད་པ་སོགས་སྤྱིར་བཏང་གི་ཤེས་བྱ་ཙམ་རེད། ཇོ་ནང་པའི་དགོན་པ་ཆུང་ཤོས་ཚུན་ཆད་ལ་དུས་འཁོར་གྱི་སྐུ་འདྲ་མེད་ས་ཞིག་གཏན་ནས་མེད་ཅེས་སྨྲ་སྤོབས་པ་ཞིག་རེད། ཁ་ཤས་ཀྱིས་རྣམ་གྲྭའི་གསེར་སྐུ་༸ཁལ་ཁ་རྗེ་བཙུན་དམ་པས་བཞེངས་པ་ཡིན་པས་ཇོ་ནང་པའི་ལུགས་ཡིན་སྲིད་ཟེར་མཁན་འདུག་མོད། ཇོ་ནང་པའི་ལུགས་ལ་དུས་འཁོར་ལྷན་སྐྱེས་ཟེར་བའི་ཕྱག་གཉིས་ཅན་ཞིག་ཡོད་པ་བདེན་མོད། དུས་འཁོར་ཡོངས་རྫོགས་ཟེར་བ་ཀུན་གྱི་ལུགས་གཅིག་མཐུན་ཡིན། ཡང་རྣམ་གྲྭའི་མི་ཞིག་གིས་ཁོང་ཚོའི་ངན་མཚངས་ཁལ་པ་རྗེ་བཙུན་གྱི་དབུ་ཐོག་ཏུ་འགེལ་ཁུལ་བྱས་འདུག་སྟེ། དེའི་འགན་གཙོ་བོ་རྣམ་གྲྭ་རང་ལ་ཡོད་པ་ལས་སྦྱིན་བདག་ལ་མེད་པ་ཀུན་གྱིས་ཤེས་སླ་བར་སྙམ་མོ།།
སའི་གོ་ལ་འདིའི་ཐོག་ཏུ་གསང་སྔགས་ཀྱི་ཆོས་བརྒྱུད་འཛིན་པ་ང་ཚོ་བོད་པ་དང་བོད་ནས་བརྒྱུད་པ་དག་ཆགས་ཡོད་པ་རེད། སྔགས་རྒྱུད་ཡོད་ཚད་ལས་དུས་འཁོར་ལ་རྒྱུད་ཀྱི་རྒྱལ་པོ་རུ་འབོད་སྲོལ་ཡོད། དེ་ཕྱིར་༸གོང་ས་མཆོག་གིས་རྒྱུད་གཞན་ལས་དུས་འཁོར་དབང་ཆེན་གལ་གནད་དུ་བརྩིས་ཏེ་ད་བར་ཐེངས་ ༣༡ ཙམ་གནང་བ་རེད། འོན་ཀྱང་། གང་ཟག་རེ་འགར་ཁྱད་འཕགས་འདྲ་བྱུང་ན་མ་གཏོགས། དུས་འཁོར་གྱི་དབང་ཐོབ་ཟེར་བ་དེ་ནི་དུས་འཁོར་ཉམས་ལེན་ལ་འཇུག་པར་དབང་བའམ་གནང་བ་ཐོབ་པའི་དོན་ཙམ་ལས་ཅི་ཡང་མེད། དབང་ཐོབ་རྗེས་ཉམས་ལེན་ཡང་དག་ཅིག་གནང་འདོད་ཡོད་མཁན་ཡིན་ན། ཕལ་ཆེར་ཇོ་ནང་པ་ལ་མ་བརྟེན་པར་བྱེད་ཐབས་གང་ཡང་མེད།
༡༩༩༨ ལོ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་གྱི་དགོན་པ་སངས་རྒྱས་ཆོས་གླིང་སིམ་ལ་རུ་ཡོད་པ་དེ་རྟེན་དང་བརྟེན་པ་བཅས་ཇོ་ནང་པར་གནང་སྟེ། དུས་འཁོར་སྦྱོར་དྲུག་ཚུགས་དགོས་པ་དང་གདན་སའི་དགེ་བཤེས་ཚོ་དུས་འཁོར་རྫོགས་རིམ་གྱི་ཉམས་ལེན་བྱེད་རིགས་པའི་བཀའ་དགོངས་གནང་ཡོད། ༢༠༠༢ ལོར་༸གོང་ས་མཆོག་སྐུ་ངོས་སུ་སིམ་ལ་དགོན་དུ་ཕེབས་ཏེ་ཇོ་ནང་གྲོལ་མཆོག་ཁྲིད་བརྒྱ་གནང་། དངུལ་འབོར་ཆེན་གནང་སྦྱིན་གྱིས་དུས་འཁོར་སྒྲུབ་ཁང་གསར་བཞེངས་ལེགས་འགྲུབ་བྱང་སྟེ། ད་ཆར་རྡོར་སློབ་ཆོས་ཀྱི་སྣང་བ་སོགས་མཚམས་སྒྲུབ་སུ་བཞུགས་མུས་ཡིན།
འོན་ཀྱང་ཡ་མཚར་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་ད་བར་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་མེད། ཇོ་ནང་པ་གཞིས་བྱེས་གཉིས་ཀྱིས་ཇོ་ནང་པ་ལ་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་དགོས་པར་བོད་གཞུང་ལ་གསོལ་བ་ཤུགས་དྲག་བཏབ་སྟེ་ལོ་ངོ་ ༡༢ ཙམ་ཕྱིན་ཡོད། ཁོང་ཅག་གིས་སྔ་ཕྱིར་རྒྱུ་མཚན་གནས་ལུགས་དང་བཅས་ཞུ་སྙན་ཕུལ་བ་དཔེ་དེབ་ཆེན་པོ་ཞིག་ཚད་ལོངས་པ་ཡོད། འོན་ཀྱང་འདིའི་ཐད་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་བྱེད་ཐབས་མ་བྱུང་། གོ་ཐོས་སུ། ཐོག་མ་ལས་བྱེད་རེ་ཟུང་གིས་ཇོ་ནང་པ་ཟེར་བ་འདི་ནང་པ་ཨེ་རེད་ཟེར་མཁན་དང་། ཁག་ཅིག་གིས་བོན་པ་ཡིན་ནམ་ཟེར་མཁན་ཡང་བྱུང་ཡོད་རབས་འདུག མཁས་པ་དང་གནད་ཡོད་མི་སྣ་ཡིན་ཟེར་མཁན་མང་པོས་ཇོ་ནང་པ་རྒྱལ་དབང་ལྔ་བའི་དུས་ནས་རྩ་མེད་བཏང་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཚོད་འདུག
གང་ལྟར་སྤྱི་འཐུས་དག་གིས་ཆོས་རིག་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་དགོས་ཟེར་ནས་ཕར་གཡུགས། ཆོས་རིག་ལས་ཁུངས་ཀྱིས་རྙིང་མ་པ་དང་བཀའ་བརྒྱུད་པའི་མཐུན་འགྱུར་ཡ་ལན་གནང་གི་མི་འདུག་ཟེར་ནས་ཚུར་གཡུགས་ཏེ། ཕར་གཡུག་ཚུར་གཡུག་གི་བར་ནས་མི་ལོ་ ༡༢ ཙམ་ཕྱིན་པར་བློ་ཕམ་ཡོད། བོད་བསྟན་སྲིད་ལ་ལྷག་བསམ་ཡོད་མཁན་གྱི་གཟུར་གནས་བློ་ལྡན་དག་གིས་འདི་ལ་གོ་བསྡུར་དང་། བསམ་གཞིགས། བགྲོ་གླེང་དང་དགོངས་བསྐུལ་སོགས་གནང་རོགས་ཞུ། འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་བློ་གྲོས་དོན་ཡོད་ཀྱིས་ཇོ་ནང་པ་ཆོས་བརྒྱུད་ཀྱི་མཚན་གནས་འདྲ་མཉམ་སྤྲོད་མིན་ལ་ཞིབ་འཇུག་བྱ་དགོས་ཟེར་ན་ངོ་ཚ་བའི་གནས་ཡིན་པར་གསུངས་པ་རེད། དེ་ནི་མཁས་པའི་གཏམ་རེད་སྙམ། དེ་ནི་ཤྭ་བ་མངོན་ལ་བཞག་ནས། ཤྭ་རྗེས་ལྐོག་ཏུ་འདེད་ཟེར་བ་རེད་སྙམ།
ཡང་ཁ་ཅིག་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་འདྲ་མཉམ་མཚན་གནས་དེབ་སྐྱེལ་བྱས་ན། ཁ་ཆེ་དང་། ཞྭ་ལི་བ། བོ་དུང་བ་སོགས་ལ་དགོས་པས་མི་རིགས་ཟེར། ཇོ་ནང་པ་ལ་དགོན་སྡེ་དང་ཆོས་ཚོགས་༩༠ ལྷག་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་བཤད་གྲྭ་དང་སྒྲུབ་གྲྭ དགེ་འདུན་པའི་སྡེ་ཁྲི་ཡས་མས་ཞིག་དང་། དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་ཡོད་པ་ཀུན་གསལ་ཡིན། བོད་ལ་ཁ་ཆེའི་དགོན་པ་གཅིག་ཀྱང་ཡོད་དམ། བོ་དུང་དང་ཞྭ་ལི་སོགས་ལ་ཐུན་མིན་ཡིག་ཆ་འཛིན་པའི་དགོན་སྡེ་ཡོད་དམ། འདི་དག་ལ་ས་དགེ་བཀའ་རྙིང་ཇོ་ནང་པ་ལྟ་བུའི་ཐུན་མིན་ཁྱད་ཆོས་ཟུར་དུ་མེད་པ་མཁྱེན་གསལ་རེད། དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པ་ཡོད་པ་དང་། དུས་འཁོར་ཆེད་མཁས་པའི་དཔལ་ཇོ་ནང་པའི་ཐུན་མིན་ཁྱད་ཆོས་ལ་འགྲན་ཕོད་མཁན་སུ་ཡང་མེད་མོད། གལ་དེ་ཞྭ་ལི་བ་སོགས་ལ་ཡང་ཆོས་བརྒྱུད་ཆེ་ཆུང་ལ་མ་ལྟོས་པའི་མཚན་གནས་གནང་རིགས་ན་གནང་ཡང་ཅིའི་ཕྱིར་མི་ཆོག
གཞིས་བཞུགས་ཇོ་ནང་པ་ཀུན་དང་། གཞིས་བཞུགས་བོད་མི་ལྷག་བསམ་ཅན་ཧ་ཅང་མང་བོ་ཞིག་གིས་བྱེས་བཞུགས་བཙན་བྱོལ་གཞུང་གིས་ཇོ་ནང་པ་ལ་འདྲ་མཉམ་གྱི་མཚན་གནས་དེབ་སྐྱེལ་མ་བྱས་པར་མི་ལོ་ ༡༢ སོང་བར་ཡ་མཚན་དང་བློ་ཕམ་ཆེན་པོ་བྱུང་ཡོད། རྒྱུ་མཚན་ནི། ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་བོད་ཀྱི་བན་དེའི་ཆོས་བརྒྱུད་ཆེན་པོ་ལྔ་དང་། གཡུང་དྲུང་བོན་དང་དྲུག་བཅས་རྒྱ་གཞུང་ཆོས་དོན་ལས་ཁུངས་ལ་དེབ་སྐྱེལ་བྱས་ཤིང་། ཆོས་རྒྱུད་དྲུག་གི་བླ་མ་རེ་རེར་སོ་སོའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྐོར་གྱི་དཔེ་དེབ་རེ་གསར་རྩོམ་གནང་བཅུག་ཡོད། ཇོ་ནང་བར་མཚོན་ན། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཡོན་ཏན་བཟང་པོས་༼ ཇོ་ནང་པའི་རིང་ལུགས་གཞན་སྟོང་མི་འཇིགས་གདོང་ལྔའི་ང་རོ ༽ཟེར་བ་བརྩམས་ཏེ་དཔར་བསྐྲུན་ཞུས་ཡོད། བྱེས་བཞུགས་བོད་མི་དག་གིས་ཇོ་ནང་པ་ནང་པ་ཡིན་མིན་ལ་དོགས་པ་དང་། མི་ལོ་ ༡༢ རིང་གསོལ་བ་བཏབ་ཀྱང་གྲུབ་འབྲས་མ་སོན་པར་བསྡད་ན། བྱེས་བཞུགས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་རྣམས་ལ་གཟིགས་ཚོར་གང་འདྲ་འབྱུང་སྲིད་དམ། འབྲེལ་ཡོད་ཀུན་གྱིས་འདི་ལ་ཐུགས་བསམ་ནན་གྱིས་བཞེས་རོགས།
ཇོ་ནང་པ་འདི་དཔལ་དུས་ཀྱི་འཁོར་ལོའི་བཀའ་བབས་པ་ཁོ་ན་ཡིན་པ་སོགས་དམིགས་བསལ་གལ་ཆེན་ཞིག་ཡིན་པར་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཐོང་ཆེན་བྱས་པའི་རིམ་པ་དང་བཀའ་སློབ་མང་དུ་ཡོད། དེ་ཡོད་བཞིན་དུ་འདི་འདྲའི་ནར་འགྱངས་དང་། གལ་ཆུང་བྱེད་རིགས་དང་མི་རིགས། གལ་ཏེ་ནར་འགྱངས་དང་གལ་ཆུང་རྒྱུན་སྐྱོང་བྱས་ན་ནམ་ཞིག་མཇུག་འབྲས་ཅི་ཞིག་འབྱུང་སྲིད་དམ། མ་ཟད་འདིས་གཞུང་གི་ལས་བྱེད་དག་གིས་ཕྱག་ལས་གནང་སྟངས་ལ་གོང་བཅད་དང་རིན་ཐང་ཅི་ཞིག་བྱེད་ཀྱིན་འདུག འདིས་བོད་མི་རིགས་ཀྱི་བསྟན་སྲིད་དང་། ཆིག་སྒྲིལ་ལ་དོ་ཕོག་ཅི་ཞིག་ཐེབས་རྒྱུ་ཡིན་མིན་སོགས་ལ། རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པ་དག་གིས་བསམ་གཞིགས་ནན་པོ་དང་དགོངས་ཚུལ་ལྷུག་པོར་གནང་རོགས་ཞུ་ཞུ།
སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་གནང་བ་དང་བསྟུན་ཏེ་རྒྱ་ཆེའི་མི་མང་ལ་གོ་རྟོགས་ཡོང་ཆེད་དུ་སྤེལ་བ་ལེགས་སོ།།
སྨྲ་དབང་ལགས་ཁྱེད་ཀྱིས་སྐར་ཁྲི་བཙན་ལ་སྐྱོན་བརྗོད་བྱས་པ་དེ་ཇོ་ནང་ལ་རྒྱབ་སྐྱོར་བྱེད་ཀི་ཡོད་པ་ཡིན་ནམ་ཡང་ན་ཇོ་ནང་ལ་དམའ་འབེབས་བྱེད་ཀི་ཡོད། དེ་མིན་ན་ཁྱེད་ཀྱིས་ཇོ་ནང་དགོན་པ་ལ་རྡོད་མཁན་དག་གིས་ཟ་རིན་རྙེག་གི་ཡོད་པ་ཡིན། གང་ལྟར་ཇོ་ནང་ལ་ཤ་ཚ་བ་ཡིན་ཉོག་དྲ་མ་བཤད་ན་ཡག་པོ་འདུག
འཇིགས་མེད་ང་རོ་འམ་ནད་རོ་ཅན། ཁྱེད་ཀྱིས་མི་ཉམཆུང་ལ་སྡིག་ར་སྐུལ་རྒྱུ་མཚམས་ཞོག ཁྱེད་དང་མཁན་སྤྲུལ་གཉིས་སྦེད་དེ་མགོ་འཐོན་འདུག ཁྱེད་གཉིས་ཀྱིས་བཤད་པ་དེའི་ནང་དུ་ངར་འཛིན་དང་སྤེལ་ལད་རྐྱང་རྐྱང་ལས་བོད་བསྟན་པ་ཆབ་སྲིད་ཀྱི་སྐད་ཆ་དང་དོན་དག་ཅིག་གང་ན་ཡོད། དེ་འདྲ་ཡོད་ན་ཚིག་ཟུར་དུ་བཏོན་ནས་འདི་དང་འདི། ག་དང་འདི་ཞེས་ཀུན་ལ་ཡིད་ཆེས་ཁོང་འཕེར་ཡོང་བ་ཞིག་ཐོན་དང་ད་གཟོད་ངོས་ལེན་ཆོག ཧམ་བཤད་རྒྱུ་ཀུན་ལ་འགྲོ་ཀུན་མ་རེད། ད་དུང་མིང་ཞིག་ཟུར་དུ་བཏོན་ཡོད་ཁུལ་གྱིས་མགོ་མཐོན་པོ་མ་འགྱོགས། མགོ་ཐོག་ལ་རྨ་བཟོ་ཡོང་། སྐུ་རྩེད་ཞུས། མིང་བཏོན་མ་བཏོན་ལ་འབྲེལ་བ་ཡོད་པ་མ་རེད། གནད་ལ་ཁེལ་དགོས་པ་རེད། ཞིམ་བུ་དཀར་ནག་ལ་ཁྱེད་ཡོད་པ་མ་རེད། གཙོ་བོ་བྱི་བ་གཟུང་དགོས་རྒྱུ་དེ་རེད། ངས་ཇོ་ནང་ལ་སྨད་པའི་ཚིག་ཅིག་ག་བར་འདུག ཇོ་ནང་ནི་བསྟོད་མི་ཤེས་པ་ཁྱེད་འདྲས་བསྟོད་མི་དགོས་ལ། ང་འདྲས་ཀྱང་སྨད་དགོས་པའི་རྒྱུ་མཚན་མེད། གང་ལྟར་གང་ཡིན་པ་དེ་དེ་བཞིན་གནས་ཀིན་རེད། རྗེས་སོར་སྐད་ཆ་བཤད་ན་ངར་ངར་གཟིགས་གཟིགས་དགོས་ཀིན་མ་རེད། དེ་ནི་དུད་འགྲོ་མིའི་ཤ་ཚུགས་ཅན་གྱི་བྱེད་སྟངས་ལས་རྣམ་དཔྱོད་ཅན་ཚོས་སྙིང་རྗེའི་ཡུལ་ལས་མ་འདས་སོ།།
ཨ་ལ་ལ
ཤར་མཁན་སྤྲུལ་གྱིས་བོད་བསྟན་སྲིད་ལ་ཐུགས་ཁུར་གནང་བ་ལས་ཁྱེད་ཀྱི་ཅན་ཁ་ལ་རྒོལ་གྱི་མེད་པས་ཐུགས་ལྷོད་པོར་བཞུགས་རོགས།
ཁྱེད་ཀྱི་ཁོང་གིས་སྲིད་རྟེགས་རྙེགས་ཆེད་རེད་བསམ་པ་ཁྱོད་ཀྱི་འཁྲུལ་སྣང་ཁོ་ན་རེད། ངས་འགན་ཁུར་ཐུབ། འདི་བོད་མའི་བདེ་སྡུག་དང་སྲིད་དོན་གླེང་ས་རེད་མ་གཏོགས། བླ་སྤྲུལ་དང་རྒྱལ་ཞེན་པ་ཚོར་བརྐུར་འདེབས་བྱེད་ས་མིན་པ་ཤེས་པར་བྱོས།
ངས་གོ་ཚོད་ལྟར་ན་ཤར་མཁན་སྤྲུལ་ཇོ་ནང་བ་ཞིག་ཀྱང་མ་རེད་ལགས། ཁྱོད་ཀྱི་བཤད་ཚད་སྟོང་བ། བཙོས་བཙོས་རློན་པ་རེད། ཁྱེད་ཇོ་ནང་བས་ཅི་ཞིག་བྱས་སོང་། ཁྱེད་ཀྱིས་ཇོ་ནང་བར་ཞབས་འདེགས་མ་ཐུབ་ཡང་། ཁོང་འཁྲོ་དགོས་དོན་མེད་པས་ལྷོད་ལྷོད་བཞུགས་རོགས་གནང་། རང་གི་མིང་ཙམ་ཡང་འདོན་མི་ཕོད་པའི་དྲྭ་འབུ་ཉམས་ཆུང་གི་སྐད་ངན་མ་དོན་ལ་བཞུགས་ཨ
ཤར་མཁན་སྤྲུལ་ཁྱེད་ཀྱིས་བསྐོར་བ་མང་པོ་བརྒྱབས་ནས་ཅི་བྱེད།a ཁ་དཔེ་ལ། བཤད་ས་མནའ་མ་དང་ཉན་ས་བུ་མོ་ཟེར་བ་དང་། ད་དུང་གཡག་ལ་མི་གཅེས་ཁྲག་ལ་གཅེས།ཟེར་བ་བཞིན་ཁ་ནས་ཇོ་ནང་ཆོས་བརྒྱུད་དང་དུས་འཁོར་བཤད་ཁལ་བྱས་པ་ལས་དོན་ལ་རང་ཉིད་ལ་སྲིད་ཕྱོགས་ཀྱི་སྟེགས་བུ་སྤྱི་འཐུས་འདོད་ཀྱི་ཡོད་པ་དེ་རེད་འདུག་ག ཁ་བདེ་མདོག་དང་མགོ་སྤྱང་མདོག་མ་བྱེད། དེང་སང་ཚང་མས་གཉིད་སད་ཡོད་པ་རེད། དེ་མིན་ན་དུས་འཁོར་ཇོ་ནང་བས་མཁྱེན་རྒྱ་ཆེ་ན་དེ་ནི་ཇོ་ནང་གི་ལེགས་པའི་རྒྱན་རེད། ཇོ་ནང་མི་མཁས་གཞན་མཁས་ཟེར་མཁན་སུ་འདུག་གམ། དེ་བཞིན་དུ་ཁྱེད་ཀྱིས་བཀོད་པ་བཞིན་ཇོ་ནང་བའི་སྐྱེས་ཆེན་གོང་མ་རྣམས་དང་། དེང་སང་གི་སྐྱེས་ཆེན་རྣམས་ཀྱིས་འཇིག་རྟེན་གྱི་ཟང་ཟིང་སྤངས་ནས་རི་ཁུག་ལུང་ཁུག་ན་ལོ་དང་ཟླ་བ། རེ་འགས་ཚེ་གནང་གིན་ཡོད་པ་བཤད་འདུག་པས། ཚད་ཐུབ་གོང་མ་དེ་དག་གི་རྗེས་སུ་མི་འཇུག་པར་སྤྱི་ཚོགས་ཟང་ཟིང་འདིའི་ནང་ལ་ཅིའི་ཕྱིར་འཚང་དགོས་སམ། འདིའི་ཐོག་ནས་ཀྱང་ཁྱེད་རང་ལ་ངར་འཛིན་དང་འཇིག་རྟེན་ལ་ཞེན་ཆགས་ཇི་ཙམ་ཡོད་པ་མཚོན་ཐུབ། གཞན་ཇོ་ནང་གི་ཆོས་བརྒྱུད་པ་ཚོས་ཆོས་ཉམས་ལེན་བྱེད་པ་ལ་གཞུང་དང་སྒེར་གཉིས་ཀས་འགོག་རྐྱེན་དང་གནོན་ཤུགས་སྤྲོད་ཀྱི་ཡོད་ན་ཁག་མེད། དེ་འདྲ་ནི་མི་འདུག་རང་ཉིད་འཇོན་ན་ཇོ་ནང་གི་ཉམས་བཞེས་རྩ་ཆེན་དག་ནས་མཐར་སངས་རྒྱས་པའི་བར་དུ་འཇོན་ཐུབ་ནའང་གྲུབ་མཐའ་གཞན་གང་གིས་ཀྱང་གནོད་ཀྱིན་མི་འདུག ད་དུང་ཁྱེད་ཀྱིས་བཤད་པ་བཞིན་ཇོ་ནང་གི་སྔོན་དང་དེང་གི་སྐྱེས་ཆེན་རྣམས་ཀྱིས་ཆོས་དོན་དུ་གཉེར་བ་ལས་འཇིག་རྟེན་པའི་བྱ་བཞག་རྙོག་མའི་ནང་དུ་འཚང་ག་རྒྱག་མཁན་སུ་འདུག དོན་དངོས་སུ་ཁྱེད་ནི་ཇོ་ནང་བའི་བསྟན་འཛིན་ཞིག་མིན་པར་བསྟན་དགྲ་ཞིག་རེད། ཆོས་པ་ཆོས་བྱེད་པར་མི་འཇོག་པར་སེམས་འཁྲུགས་པར་བཟོས་ཏེ་ཁྱིམ་པའི་ལམ་དུ་འཁྲིད་ཅིང་ཟང་ཟིང་བཟོ་བ་ནི་མ་རུང་བ་ཞིག་རེད། དངོས་ནས་ཆོས་པ་ཞིག་དང་བླ་སྤྲུལ་ཞིག་མུ་འཐུད་བྱེད་འདོད་ན་ཆོས་འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱོགས་འདི་མ་སེམས་མ་ཆགས་པར་ཐག་རིང་དུ་གཏོང་ཐབས་ལ་འབད་དགོས་སོ། །
སྐར་ཁྲི་བཙན་ལགས།
ཁྱེད་ཀྱིས་ཆབ་བྲག་ལ་ངོ་དགའ་རེ་ལྟ་འདུག་པ་ལས། ཇོ་ནང་ལ་རྒྱབ་སྐྱོར་གྱི་ཚིག་གཉིས་ཙམ་རེ་འབྲིས་མི་འོས་སམ། རྒྱུ་མཚན་ནི། གོ་ཚོད་ལྟར་ན་ཁྱོད་ལྟོ་བརྒྱག་སྲོག་འཚོ་ཙམ་ཡོང་ཡོད་པ་དེ་ཇོ་ནང་བའི་དགོན་པ་ཞིག་གི་བཀའ་དྲིན་ཡིན་པ་ཐོས།
དྲྭ་གྲོགས་ཚོ།
ཇོ་ནང་བའི་མཁན་པོ་ངག་དབང་རྡོ་རྗེ་ཟེར་བ་ཞིག་གིས། ཚེས་༢༢ ཨེ་ཤི་ཡ་རང་དབང་གི་གི་ཉིན་རེས་གསལ་འགྱུར་ཐོག དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྐོར་ཧ་ཅིང་ཡག་པོ་ཞིག་གསུང་ཡོད་པས་ཉན་པར་འཚལ།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གུས་པའི་མཆན་ལ་བཀའ་དྲིན་ཞུ་བ་དང་དགོངས་ཚུལ་གསུངས་བ་ལ་གུས་འདུད་ཡོད། ཁྱེད་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སྐོར་རགས་ཙམ་གླེང་བ་ཞེས་པའི་མཇུག་རྩོམ་ལ་ མི་རིགས་རང་གཅེས་མི་དམངས་ཀུན་ལ་སྟེ།། མིའི་རིགས་སྤྱི་དོན་མི་མཆོག་འགའ་རེར་བབས།།
མི་ཡུལ་འཆམ་མཐུན་ཁྱིམ་ཚང་ཆིག་སྒྲིལ་ལ།། མི་རབས་གསར་བས་བསམ་ཤེས་ཐུབ་པར་སྨོན།།
ཞེས་པ་བཞིན་བོད་མི་རིགས་ཀྱི་སྤྱི་དོན་མི་མཆོག་འགའ་རེའི་ཁུར་ཏུ་བབས་ཡོད་པ་ཙམ་མ་ཡིན་པར། མི་དམངས་ཡོངས་ཀྱིས་རང་དོན་རང་གཅེས་ཐོག་ནས་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་ཏེ། འཛམ་གླིང་ཤར་ནུབ་ཀྱི་མི་རབས་གསར་བའི་བསམ་བློ་བ་དག་གིས་རྗེས་སུ་འཇུག་སྟེ། ང་ཚོ་མི་ཡུལ་ལུང་པ་འདི་ནས་འཆམ་མཐུན་དང་ཆིག་སྒྲིལ་བྱས་ནས་ཁྱིམ་ཚང་གཅིག་ལྟ་བུའི་འཁོར་ཡུག་སྐྲུན་ནས་བོད་ཀྱི་བདེ་མཐའ་གསལ་ཐུབ་པ་ལ་ལམ་སྟོན་སླབ་བྱ་དང་སྨོན་ཚིགས་གསུངས་བ་བཞིན། ཁྱེད་ལ་ཡང་ཤེས་འཇོན་དང་ལྷག་བསམ་སྙིང་སྟོབས་སོགས་ཀྱི་གོ་ཆ་བརྟན་པོ་ཡོད་པ་དེས་བོད་སྤྱི་དམངས་གཉིས་ཀྱི་ལས་དོན་སྒྲུབ་པ་དང་བསྒྲུབ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡང་ཡོད།
ནད་པ་ ལགས།
ཁྱེད་ཀྱིས་ཅི་ཟེར་གསལ་བོ་བྲིས་མི་འདུག ངས་བསམ་ན་གནད་དོན་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་གོ་རྟོགས་ཞན་པ། དོ་སྣང་མཐོང་ཆེན་མ་བྱས་པ། ཁ་ནས་ཇོ་ནང་བ་མི་དགོས་མ་བཤད་ཡང་དོན་ལ་སྣང་མེད་འགོར་འགྱང་ཆེན་པོ་བྱས་ཡོད་པ་ནི་གསལ་བོ་གསུང་ཡང་འདུག་ཏེ། མངོན་གསལ་དོད་པོ་ཡང་རེད། ཁྱེད་ཀྱིས་དེ་ལས་གལ་ཆེན་ཅི་ཞིག་ཤེས་འདོད་རེ་བ་རྒྱབ་ཡོད་ལགས། མདོར་ན་སུ་ལན་ཡོད་གལ་ཆེན་མ་རེད། ཇོ་ནང་ལ་གཞུང་གིས་འདྲ་མཉམ་གྱི་ཐོབ་ཐང་སྤྲད་འོས་དང་མི་འོས་དེ་རྩ་བ་རེད། དེ་གསུང་རོགས་གནང་།
ཆབ་བྲག་ལྷ་མོ་སྐྱབས་ལགས།
ཁྱེད་སྤྱིར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་འདོད་མཁན་ཞིག་ཡིན་པ་ཁྱེད་ཀྱི་འདོད་པ་རེད། ཁྱེད་ཀྱི་རང་དབང་རེད། དེ་ལ་ང་རང་བློ་ཕམ་གངས་ཡང་མེད། འོ་ན་ཇོ་ནང་ཆོས་རྒྱུད་གཞན་དག་དང་འདྲ་མཉམ་དུ་གཞུང་གི་དེབ་སྐྱེལ་མ་བྱས་ན་ཡང་འགྲིག་ཟེར་རྒྱུ་ཡིན་ནམ་མིན།
ཅི་ཞིག་ཆོས་བརྒྱུད་ཀུན་ལ་དགོས་པ་དེ་ཇོ་ནང་ལ་འདྲ་མཉམ་དུ་དགོས་ཟེར་རྒྱུ་ཡིན་ནམ་མི་དགོས་ཟེར་རྒྱུ་ཡིན། ཁྱེད་ཡོད་པ་དེ་མེད་པར་བཟོ་འདོད་མཁན་ཞིག་ཡིན་པས་མེད་པ་ཞིག་ཡོད་པར་བཟོ་བར་རྒྱབ་སྐྱོར་བྱེད་མི་ཤེས་ན།ཡོད་མེད་ཅི་ཡིན་ཡང་ཀུན་ལ་འདྲ་མཉམ་གི་ཐོབ་ཐང་དགོས་ཟེར་རྒྱུ་ཡིན་ནམ་ཇོ་ནང་ལ་འདྲ་མཉམ་མི་དགོས་ཟེར་རྒྱུ་ཡིན། ཡང་ན་ཅི་ཡང་ལན་བྱེད་རྒྱུ་མིན་ནམ། ཡང་ན་སླར་ཡང་གོ་རྒྱུ་བཟུང་ས་མེད་པ་ཞིག་བཤད་ནས་ཤོར་ཐབས་བྱེད་རྒྱུ་ཡིན།
ཇོ་ནང་བ་གཞི་བྱེས་གཉིས་དང་གཞན་པའི་བོད་མི་ལྷག་བསམ་ཅན་ཀུན་ཇོ་ནང་བ་ལ་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་ན་བློ་ཕམ་ཡོད་པ་ཤེས་ཀྱི་ཨེ་ཡོད། བློམ་པ་ཡོད་ན་སྐྱོན་མེད་མེད་ཟེར་རྒྱུ་ཡིན་ནམ། སྐྱོན་ཡོད་ཀྱང་སྣང་མེད་བྱེད་རིགས་ཟེར་རྒྱུ་ཡིན། གལ་དེ་སྣང་མེད་བྱས་ན་བོད་མའི་གཅིག་བསྒྲིལ་དང་རྩ་དོན་ལ་གནོད་རྒྱུ་རེད་ཟེར་རམ། ཡང་ན་ཕན་རྒྱུ་རེད་ཟེར་རྒྱུ་ཡིན། བསྒྲོ་གླེང་བྱས་པར་ཐུགས་རྗེ་ཆེ།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གུས་པའི་མཆན་ལ་བཀའ་དྲིན་ཞུས་སྟེ། དགོངས་ཚུལ་གསུངས་བ་ལ་གུས་འདུད་ཡོད། ཁྱེད་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སྐོར་རགས་ཙམ་གླེང་བ་ཞེས་པའི་མཇུག་རྩོམ་ལ་ མི་རིགས་རང་གཅེས་མི་དམངས་ཀུན་ལ་སྟེ།། མིའི་རིགས་སྤྱི་དོན་མི་མཆོག་འགའ་རེར་བབས།།
མི་ཡུལ་འཆམ་མཐུན་ཁྱིམ་ཚང་ཆིག་སྒྲིལ་ལ།། མི་རབས་གསར་བས་བསམ་ཤེས་ཐུབ་པར་སྨོན།།
ཞེས་པ་བཞིན་བོད་མི་རིགས་ཀྱི་སྤྱི་དོན་མི་མཆོག་འགའ་རེའི་ཁུར་ཏུ་བབས་ཡོད་པ་ཙམ་མ་ཡིན་པར། མི་དམངས་ཡོངས་ཀྱིས་རང་དོན་རང་གཅེས་ཐོག་ནས་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་ཏེ། འཛམ་གླིང་ཤར་ནུབ་ཀྱི་མི་རབས་གསར་བའི་བསམ་བློ་བ་དག་གིས་རྗེས་སུ་འཇུག་སྟེ། ང་ཚོ་མི་ཡུལ་ལུང་པ་འདི་ནས་འཆམ་མཐུན་དང་ཆིག་སྒྲིལ་བྱས་ནས་ཁྱིམ་ཚང་གཅིག་ལྟ་བུའི་འཁོར་ཡུག་སྐྲུན་རྒྱུར་སོགས་བོད་ཀྱི་བདེ་མཐའ་གསལ་ཐུབ་པ་ལ་ལམ་སྟོན་སླབ་བྱ་དང་སྨོན་ཚིགས་གསུངས་བ་བཞིན། ཁྱེད་ལ་ཡང་ཤེས་འཇོན་དང་ལྷག་བསམ་སྙིང་སྟོབས་སོགས་ཀྱི་གོ་ཆ་བརྟན་པོ་ཡོད་པ་དེས་བོད་སྤྱི་དམངས་གཉིས་ཀྱི་ལས་དོན་སྒྲུབ་པ་དང་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡང་ཡོད།
ནད་པ་ ལགས།
ཁྱེད་ཀྱིས་ཅི་ཟེར་གསལ་བོ་བྲིས་མི་འདུག ངས་བསམ་ན་གནད་དོན་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་གོ་རྟོགས་ཞན་པ། དོ་སྣང་མཐོང་ཆེན་མ་བྱས་པ། ཁ་ནས་ཇོ་ནང་བ་མི་དགོས་མ་བཤད་ཡང་དོན་ལ་སྣང་མེད་འགོར་འགྱང་ཆེན་པོ་བྱས་ཡོད་པ་ནི་གསལ་བོ་གསུང་ཡང་འདུག་ཏེ། མངོན་གསལ་དོད་པོ་ཡང་རེད། ཁྱེད་ཀྱིས་དེ་ལས་གལ་ཆེན་ཅི་ཞིག་ཤེས་འདོད་རེ་བ་ཡོད་ལགས། མདོར་ན་སུ་ལན་ཡོད་གལ་ཆེན་མ་རེད། ཇོ་ནང་ལ་གཞུང་གིས་འདྲ་མཉམ་གྱི་ཐོབ་ཐང་སྤྲད་འོས་དང་མི་འོས་དེ་རྩ་བ་རེད། དེ་གསུང་རོགས་གནང་།
དབྱངས་ཅན་སྒྲོལ་མས་གསལ་བཤད་དང་སྐྱོན་བརྗོད་གནང་བ་བཀའ་དྲིན་ཆེ། ང་ནི་སྤྱིར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་འདོད་མཁན་ཞིག་ཡིན་ལ་བཤད་ཀྱང་ཡོད། བྲིས་ཀྱང་ཡོད། དེ་ལྟར་ང་ཡོད་པ་དེ་མེད་པར་བཟོ་འདོད་མཁན་ཞིག་ཡིན་པས་མེད་པ་ཞིག་ཡོད་པར་བཟོ་བར་རྒྱབ་སྐྱོར་བྱེད་མི་ཤེས་ལ་བྱེད་ཀྱང་མི་འདོད། དེ་ང་རང་གི་རང་དབང་དང་བསམ་ཚུལ་རེད། ཚང་མ་འདྲ་མཉམ་རེད། རྒྱུ་མཚན་དང་གནས་ལུགས་བཤད་པར་སུ་ཡང་སྐྲག་མི་དགོས། གལ་ཏེ་ངའི་བསམ་ཚུལ་འདི་ནོར་བ་དང་མི་འོས་པ་ཞིག་ཡིན་ན། ཚང་མར་བཟོད་གསོལ་ཞུ།
ཆོལ་ཁ་དང་ཆོས་བརྒྱུད་སུ་ཞིག་ལས་ཀྱང་གཞུང་རང་གཙོ་བོ་དང་གལ་ཆེན་ཡིན། ང་སྤྱི་མི་ཞིག་ཡིན། དེ་བས་ངས་གཞུང་ལ་མི་འོས་མི་འགྲིགས་པའི་བསམ་འཆར་འདོན་མཁན་ཚོར་ངོ་ཡ་བྱེད་ཐག་ཆོད་ཡིན།
ཤར་མཁན་སྤྲུལ་ལགས་ཀྱིས་གནད་དོན་འདིའི་འགག་རྩ་ངོ་མ་གང་ཞིག་ལ་ཐུག་ཡོད་དེ་གསལ་པོར་བརྗོད་མིའདུག
བོད་ཀྱི་ཁ་དཔེ་ལྟར། ཁ་གསལ་ན་གོ་བདེ། །གན་ལངས་ན་འགྲོ་བདེ། །ཞེས་ཟེར་བ་ལྟར་སྐབས་དེའི་གནད་དོན་འདིའི་འགག་རྩ་སུར་ཐུག་ཡོད་མེད་དང་སུས་མ་འགྲིག་པ་དེ་ཐད་ཀར་ཕྱི་གསལ་ནང་ཞིག་གིས་ཐོག་ནས་འཛེམ་གཟོན་མེད་པར་བཤད་ཕད་པ་དགོས།
དབྱང་ཅན་སྒྲོལ་མའི་གོ་རྟོགས་དང་ལྷག་བསམ། བཟོད་རྩོན་བཅས་ལ་རིན་པོ་ཆེ་གཙོས་ངེད་ཅག་མང་བོ་ཞིག་གིས་ཡི་རིང་དང་བསྔགས་བརྗོད་བྱེད་ཀྱིན་ཡོད། ད་དུང་དེ་འདྲའི་སྤུན་སྲིང་མང་དུ་ཡོང་བའི་རེ་བ་ཡོད།
ཆབ་བྲག་ལགས།
ད་ཁྱེད་ཀྱིས་ཚིག་དྲིས་ན་མི་བཤད་དགུག་ན་བཤད་ཟེར་བའི་དཔེ་ལྟར་བཤད་སོང་། ད་ངེད་གཉིས་ཚིག་བཟང་ལ་ཁའི་ཐོ་ཐུག་སོང་། བོད་གཞུང་ཟེར་བའི་ཡིག་འབྲི་གཉིས་པོ་འདི། ཡིག་ཉོབ་འགའ་རེའི་ནང་དུ་རྙེད་ཐུབ་པ་ཙམ་ཞིག་ཏུ་འགྱུར་གྱི་རེད་ཟེར་གི་ཡོད།
ཚིག་མཛོད་རེ་ཟུང་རེ་དང་། ལོ་རྒྱུས་སྨྲ་བ་རེ་ཟུང་རེའི་ཁ། སྙན་རྩོམ་པ་རེའི་ཟུང་གི་ངག་ཙམ་དུ་ལས་མེད་པར་འགྱུར་ན། ཁོང་ཚོས་བསམ་དོན་འགྲུབ་ནི་རེད་ཟེར་གི་ཡོད།
བཀའ་དྲིན་ཆེ།
ཆབ་བྲག་ལྷ་མོ་སྐྱབས་ལགས་ཁྱེད་ཀྱི་མཆན་དེ་ལ། དྲ་གྲོགས་བསྟན་འཛིན་ལགས་ཀྱིས་”བོད་གཞུང་གིས་བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་བཞིན་ཡོད་པ་ལྟར”{བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་མཁན་རྒྱ་གཞུང་རེད། བོད་གཞུང་མ་རེད། ཞྭ་ནག་པོ་མ་བསྐོན། ཧམ་པ་མ་བཤད།}གསུངས་ནས་ཚོར་བ་ཧ་ཅང་ཆེན་པོ་ཞིག་ཡོད་པའི་རྣམ་འགྱུར་ཞིག་བསྟན་ནས་ནག་ཉེས་ཆེན་པོ་བརྩི་བཞིན་འདུག ”ང་ཚོའི་རེ་བསྐུལ་ཡང་སྣང་མེད་བྱེད་བཞིན་འདུག”གསུངས་ཡོད་པ་དེ་ལ་ཚོར་སྣང་གང་ཡང་མེད་པར་རང་སར་བཞག་ཡོད་པ་དེ། ཁྱེད་སྔོན་མ་ལོ་མང་རིང་བོད་མི་མང་སྐུ་ཚབ་ལ་སྤྱི་འཐུས་རྭ་བའི་ནང་ནས་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་སོགས་འཐེན་ཁྱེར་རང་ལུགས་པ་དེ་ཚོའི་གནོད་ཤུགས་ཀྱི་ད་དུང་སྐྲག་ནས་བསམ་ཚུལ་ཙམ་ཞིག་བཤད་མ་ཕོད་པ་ཡིན་ནམ།
དེ་སྔོན་ལོ་མང་རིང་ལ་རང་ཉིད་མདོ་སྨད་མི་མང་གི་སྐུ་ཚབ་བྱས་ནས་མདོ་སྨད་ས་ཁུལ་དུ་ཆེས་མང་པོ་ཡོད་པའི་ཆོས་བརྒྱུད་ཆེན་མོ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མི་མང་གི་མངོན་འདོད་ཚིག་གཅིག་ཀྱང་ཞུས་མྱོང་མེད་པ་དེ་ལ་རྒྱུན་སྐྱོང་བྱས་ནས་བཞགས་པ་ཞིག་ཡིན།
དེ་གཉིས་གང་ཡང་མིན་ན་དྲ་གྲོགས་བསྟན་འཛིན་ལགས་ཀྱིས་མཆན་ནང་ལ་ཉིན་ཤས་སྔོན་ཨ་རིའི་དུས་དབང་སྐབས་ཇོ་ནང་པའི་མཁན་པོ་ཞིག་དང་མཉམ་དུ་ཉིན་གུང་བཞེས་ལག་མཉམ་དུ་ཟོས་པ་ཡིན་གསུང་ཡོད་པ་དེར་ཡང་སྐྱར་ཞིབ་གཟིགས་བྱོས་དང་རྩོམ་ཡིག་དེ་འོག་ཏུ་བཀོད་ཡོད་ཁྱེད་ཀྱི་གནད་ལ་ཁེལ་བ་ཞིག་གསུངས་འདུག་གམ།
བསྟན་འཛིན་གྱིས་{ཉིན་ཤས་སྔོན་ཨ་རིའི་དུས་དབང་སྐབས་ཇོ་ནང་པའི་མཁན་པོ་ཞིག་དང་མཉམ་དུ་ཉིན་གུང་བཞེས་ལག་མཉམ་དུ་ཟོས་པ་ཡིན། ཁོང་གིས། ང་ཚོ་ཇོ་ནང་པས་ག་དུས་ཡིན་ན་ཡང་བོད་གཞུང་ལ་བརྩི་བཀུར་བྱེད་ཀྱི་ཡོད། ཐ་ན་སྙན་ཞུ་མཁྲེགས་པོ་ཞིག་ཀྱང་ཕུལ་མ་མྱོང་མོད། བོད་གཞུང་གིས་བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་རེ་བསྐུལ་ཡང་སྣང་མེད་བྱེད་བཞིན་འདུག བྱེད་ཐབས་འདིས་གཞིས་བཞུགས་ཇོ་ནང་དགོན་སྡེ་ལྷ་སྡེ་མང་པོ་ཞིག་ལ་བློ་ཕམ་ཆེན་པོ་བཟོས་ཡོད།
དོན་ངོ་མར་ང་ཚོས་གཞུང་གི་ཡིག་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཞེས་བརྗོད་རོགས་ཟེར་གྱིན་ཡོད་པ་ལས། ཡིན་ཅིག་མིན་ཅིག་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཟེར་གྱིན་མེད། }
གསུངས་ཡོད་པ་དེ་ལ་ཁྱེད་ཀྱིས་ལན་འདྲ་ཆག་པོ་ཞིག་བྲིས་འདུག་གམ།
ཡང་བསྐྱར་རྩོམ་ཡིག་གཞན་ཞིག་གི་ནང་ན་ཡང་ཆབ་བྲག་ལྷ་མོ་སྐྱབས་ཁྱེད་ཀྱིས་{ ཇོ་ནང་ས་སྐྱའི་ཁུངས་གཏོགས་རེད་ཟེར་མཁན་ང་མིན། ངས་ཅང་བཤད་མེད་ལགས། དེ་ཟེར་མཁན་ས་སྐྱའི་སྤྱི་འཐུས་གཙོའི་ས་སྐྱ་བ་གང་མང་ཞིག་རེད། རྒྱུ་མཚན་དེའི་ཕྱིར་ངས་གནད་དོན་དེ་ཐོག་མར་གཙང་མ་ཁྱེད་ཅག་གི་བར་ནས་བཟོ་དགོས་རྒྱུ་གལ་ཆེན་རེད། ཡང་མིན་ན་ས་སྐྱ་གོང་མ་དང་༧རྒྱལ་བ་རིན་པོ་ཆེ་རྣམ་པ་ཚོས་ཐུགས་ཐག་བཅད་ན་གླེང་རྙོག་ཡོང་གི་མ་རེད། དེ་མིན་བཀའ་སྤྱི་ལྟ་བུས་ཐག་གཅད་གང་ཞིག་བྱས་ཀྱང་ཉོག་དྲ་ཞིག་ཡོང་ཡོང་བ་རེད། དེ་ངས་གསལ་བོ་མཐོང་གི་འདུག}
གསུངས་ཡོད་པ་དེ་ཁྱེད་ཀྱི་ནོར་འཁྲུལ་འམ་ཡང་ན་འཁྱོག་བཤད་རི་རབ་ཙམ་ཞིག་བྱས་འདུག གང་ཡིན་ཟེར་ན་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་མདོ་ཡི་ལྟ་བ་གཞན་སྟོང་དབུ་མ་དང་།། རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས།། ཆོས་སྐུ་མངོན་དུ་མཛད་པའི་བཞེད་སྲོལ་ཆེ།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།། ཅེས་སོགས་གསུངས་དེ། ཐམས་ཅད་མཁྱེན་པ་ཁོང་གིས་ཐུགས་སྨོན་ཟབ་ཅིང་རྒྱ་ཆེ་བ་གནང་ནས་སིམ་ལ་བྱང་ཆུབ་ཆོས་གླིང་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པའི་གནས་གཞི་གསར་བཙུགས་བྱས་པ་གཅིག་པོ་མ་ཡིན་པར་༧རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་སྐྱེས་ཁལ་ཁ་རྗེ་བཙུན་དམ་པ་བསྟན་བདག་དུ་བསྐོ་བཞགས་བྱས་དེ། སིམ་ལ་ཇོ་ནང་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གསར་འཛུགས་སྐབས་སུ་ཁོང་སྐུ་ངོས་སུ་ཆེད་དུ་ཕེབས་དེ་ལོ་གའི་རང་ལ་དཔལ་འབྱོར་གྱི་ཐད་ནས་རོགས་རམ་བྱས་པ་གོ་ཐོས་འདུག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བྱམས་སྐྱོངས་མ་བྱས་པ་དང་བརྩེ་གཟིགས་མ་བྱས་པ་ཐུགས་ཐག་མ་བཅད་པ་ཞིག་ག་ལ་ཡིན།
ཡང་ངས་གོ་ཚོད་ལ་དེ་བཞིན་དུ་དཔལ་རྒྱལ་བ་༧ཀརྨ་པ་དང་ས་སྐྱ་༧གོང་མ་རིན་པོ་ཆེ་རྣམ་གཉིས་སིམ་ལ་ཇོ་ནང་མ་དགོན་དུ་ཕེབས་ནས་ལམ་སྟོན་བཀའ་སློབ་དང་རྒྱབ་སྐྱོར་མང་དག་བྱས་པ་མ་ཟད་བོད་མི་མང་སྤྱི་འཐུས་ཀྱི་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ན་དགག་བྱ་མེད་པས་རྒྱབ་གཉེར་བཀའ་ཡིག་སྤྲད་ཡོད་པ་སོགས་ལོ་སྔོན་མ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསར་བསྒྲགས་བྱས་དོན་ལྟར་ན། ས་ཇོ་བར་ལ་མི་གཞན་གྱིས་སྒྲོ་བཏགས་དང་སྐུར་འདེབས་བྱས་པས་རྐྱེན་གྱི་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ལ་རྗེས་སུ་ཡང་བསྐྱར་ཇོ་ནང་བའི་གནད་ཡོད་མི་སྣ་ཁག་ཅིག་བཅར་བ་ལ་གསུང་དོན་ཅི་བཞིན་གུས་པས་མི་ངེས་མོད། རགས་ཙམ་ཞིག་ཞུས་ན་ཁྱེད་ཚོ་བློ་བདེ་བོ་བྱོས་དང་མི་གཞན་གྱི་ག་རེ་གསུང་ཡང་ངོས་ཀྱི་ཁྱེད་ཚོ་སྔོན་མ་ནས་རྒྱབ་གཉེར་བཀའ་ཡིག་ཕུལ་ཟིན་པ་བཞིན་ས་སྐྱ་སྤྱིའི་ངོས་ནས་དགག་བྱ་མེད་སེམས་བདེ་མོ་བྱོས། ས་སྐྱའི་ཕྱོགས་ནས་མི་རེ་ཟུང་གི་ག་འདྲ་གསུང་ཡང་ས་སྐྱ་སྤྱིའི་ངོས་ནས་དགག་བྱ་མེད་ཐག་ཆོད་ཡིན་གསུངས་ཡོད་པས་ས་ཇོ་གཉིས་ཀྱི་བར་ལ་དད་པ་དང་དམ་ཚིག་གཙང་མ་ཡིན་པ་མ་ཡིན་རྒྱུ་རེད། ས་སྐྱ་༧་གོང་མ་རིན་པོ་ཆེས་ཡང་དེ་ལྟར་ཐག་བཅད་རྒྱུ་ལས་གཞན་ཨེ་ཡོད་དམ། ད་ལོ་ས་སྐྱའི་སྤྱི་འཐུས་ཀྱི་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་ས་སྐྱའི་ཕྱོགས་ནས་ཇོ་ནང་ཕྱོགས་ལ་དགག་བྱ་མེད་ཚུལ་གསུངས་བ་སོགས་ཀྱི་ས་ཇོའི་བར་ལ་དད་པ་དམ་ཚིག་གཙང་མ་ཡིན་པ་མཚོན་མི་ཐུབ་བམ། སྐུ་ངོ་ཁྱེད་ལྟ་བའི་མི་བཟང་བཟང་མདོག་བྱེད་མཁན་དེ་ཚོའི་འབྲེལ་བཤད་མང་ཐག་བྱས་ནས་དབུ་སྐོར་མང་དག་བྱས་པས་རྐྱེན་གྱིས་སྐུའི་གཅེན་མོ་ཨ་མ་རྗེ་བཙུན་པདྨ་ཁོང་གིས་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་ཡང་ཇོ་ནང་བའི་དགག་ཕྱོགས་སྐོར་གྱིས་གསུངས་བཤད་ག་རེད་གནང་ཡོད་པ་མཁྱེན་སོང་ངམ།
གནས་ཚུལ་དེ་ཚོའི་རིགས་ས་སྐྱ་གོང་མ་དང་༧རྒྱལ་བ་རིན་པོ་ཆེ་རྣམ་པ་ཚོས་ཐུགས་ཐག་མ་བཅད་པས་གླེང་རྙོག་ཐོན་ཡོང་བ་ཞིག་རྩ་བ་ནས་མ་རེད། ཁོང་རྣམ་གཉིས་ཀྱི་གོང་ཞུས་ལྟར་ཇོ་ནང་བ་ལ་རྒྱབ་སྐྱོར་བྱས་ནས་དགོངས་པ་བཞེས་ཟིན་པ་ཞིག་དང་ཐུགས་ཐག་བཅད་ཟིན་པ་ཞིག་རེད། ད་ལྟ་གནད་དོན་གང་ལ་ཐུགས་ཡོད་ཟེར་ན་ཕྱོགས་རེས་དང་འཐེན་ཁྱེར་རང་ལུགས་པ་ཀླད་རྙིང་མཁྲེགས་འཛིན་ཅན་སྤྱི་སེམས་མེད་མཁན་གཡོ་རྒྱུ་ཅན་དེ་ཚོའི་འགོག་རྐྱེན་བྱེད་བཞིན་ཡོད་པར་མཐོང་སོང་། ད་ང་ཚོའི་བྱེད་དགོས་པ་ནི། ང་ཚོ་མང་གཙོའི་གཞུང་ཞིག་ཡིན་པས་བཀའ་སྤྱི་གཉིས་དང་ཆོས་རིགས་ལས་ཁུངས་མང་གཙོ་ཀ་བ་གསུམ་གྱི་གཙོའི་གནད་ཡོད་མི་སྣ་དང་ཤེས་ཡོན་པ་བོད་སྤྱིའི་ཆོས་དང་རིག་གཞུང་ལ་ལྷག་བསམ་ཅན་རྣམས་ཀྱིས་བོད་མི་མང་གི་དབུ་ཁྲིད་ནས་གནས་ལུགས་ལ་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་དུ་མཐོང་།
༡༽ འདས་ཟིན་པའི་ལོ་རྒྱུས་ཡིག་ཐོག་ན་ཡོད་ཡོད་ཚང་མ་ཐ་སྙད་དང་མཉམ་དུ་ཡོད་ཡོད་པ་རེད། ཚིག་མཛོད་ན་ཡོད་ཡོད་པ་རེད། ལོ་རྒྱུས་སྨྲ་བ་དག་གི་ཁ་དང་རྩོམ་པ་པོ་རྣམས་ཀྱི་སྙུག་རྩེ་ན་ཡོད་ཡོད་པ་རེད། དེ་དག་ཚང་མ་མེ་ལ་བསྲེགས་སོང་ན་མེད་འགྲོ་ན་ཐང།
༢༽དེ་སུ་ལ་བྲིས་པ་དེ་སྐད་ཆ་བཤད་མཁན་ཁོ་རང་གིས་ཧ་གོ་གི་རེད།
དབྱངས་སྒྲོལ་ལགས་ཀྱིས། ཀརྡོ་ངས་གདོན་འདྲེར་གླུད་གཏོང་བ་མཐོང་བ་དང་། ངས་གཏོར་མ་དེ་འདྲ་བཏང་བ་ཅང་མི་དྲན་ལགས། དཔལ་ཇོ་ནང་པ་ལ་ཐོབ་ཐང་གང་མགྱོགས་ཐོབ་པའི་སྨོན་འདུན་དང་བཅས།
ཆབ་བྲག་ལགས
འདས་ཟིན་པའི་ལོ་རྒྱུས་ཀྱི་ཐ སྙད་ཚང་མ་ད་ལྟ་ཡོད་ན་ང་ཚོའི་སྐད་ཡིག་རིག་གཞུང་རྒྱ་མས་རྩ་མེད་བཟོ་གི་ཟེར་ནས་སྐད་ངན་གཏོང་དོས་ས་མ་རེད། ལྷག་པར་བོད་གཞུང་གི་ཐ་སྙད་འདི་འཇིག་རྒྱུར་སེམས་ཁྲལ་གཏན་ནས་གནང་མི་དགོས་མི་དགོས་བ་རྡོ་རྗེའི་ཆོས་ཀྱི་ངོ་ངོར་གྲུབ་ཡོད་ན། ཁྱེད་རང་ཚོས་བསྒྲིག་འཛུག་གི་ངོ་ངོར་བརྒྱུར་བ་ཡང་དོན་མེད་དུ་ཐལ། གཞན་ཡང་ཁྱེད་ཀྱིས། ༼ ཡང་གཅིག་བཤད་ན་ཐ་སྙད་ཙམ་གནས་མིན་གྱི་གནད་དོན་ཞིག་གསུང་གིན་ཡོད་ན། ངས་གསལ་བཤད་དང་རྩོད་པ་ཚང་མ་དོན་མེད་རེད། ༽ཟེར།
རེད་ཡ་ཕར་ཆེར་གྱིས་འདིའི་སྐོར་གྱི་བཤད་པ་མང་བོ་ཞིག་དོན་ཆེན་པོ་ཞིག་མཐོང་མ་སོང་ལགས། “བོད་གཞུང་གིས་
གཞན་ཡང་ཁྱེད་ཀྱིས་ཇོ་ནང་བའི་སྐོར་གྱི་མཇུག་ཏུ་འདི་ལྟར་བྲིས་འདུག་སུ་ལ་བྲིས་པ་ཡིན།
བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་རེ་བསྐུལ་ཡང་སྣང་མེད་བྱེད་བཞིན་འདུག” བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་མཁན་རྒྱ་གཞུང་རེད། བོད་གཞུང་མ་རེད། ཞྭ་ནག་པོ་མ་བསྐོན། ཧམ་པ་མ་བཤད།
“བོད་གཞུང་གིས་བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་རེ་བསྐུལ་ཡང་སྣང་མེད་བྱེད་བཞིན་འདུག” བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་མཁན་རྒྱ་གཞུང་རེད། བོད་གཞུང་མ་རེད། ཞྭ་ནག་པོ་མ་བསྐོན། ཧམ་པ་མ་བཤད།
བསྟན་འཛིན་ལགས།
ཁྱོད་ཀྱིས་ཇོ་ནང་བའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ།
འོན་ཀྱང་ཁྱེད་ཀྱིས་ཤར་མཁན་སྤྲུལ་རིན་པོ་ཆེས་ཡིག་སྐྱོན་ཤོར་ནས་ཞབས་འདྲེན་བཞག་འདུག་ཟེར་བ་དེ་ནི། བསམ་བློ་བཏང་མ་ཤེས་པའི་གུ་དོགས་བློ་གྲོས་མེད་པའི་སྐད་ཆ་ཞིག་རེད།
རྒྱུ་མཚན་ནི།
ཤར་མཁན་སྤྲུལ་ནི་མིང་དོན་མཚུང་བའི་དོན་དམ་པའི་མཁས་པ་བློ་གྲོས་ཀྱིས་ཕྱུག་པ། ལྷག་བསམ་དང་རྒྱལ་ཞེན་སྙིང་སྟོབ་ཀྱི་ཕྱུག་པ་ཞིག་ཡིན། ཁྱོད་ཀྱི་མ་ཤེས་པར། དོགས་ངན་རིང་ལུགས་དང་། འོལ་ཚོད་གྱིས་བརྩི་བསྒུར་མེད་པ་པ་ནི་ནོར་འཁྲུལ་ཞིག་རེད། ཁྱོད་རང་ཉིད་བློ་ཆུང་གུ་དོགས་པ་ཞིག་ཡིན་པ་མཚོན་ཡོད་པ་ལས། དེས་ཁྱེད་སྐྱོན་གྱིས་མ་གོས་པ་ཞིག་ཡིན་པ་མཚོན་མི་འདུག ཤར་མཁན་སྤྲུལ་ནི་དེ་འདྲ་བཤད་འོས་ཞིག་མེད་ལགས། དེང་ཕྱིན་དེ་འདྲ་མ་བྱས་ན་མཛའ་གི་རེད་སྙམས།
ཤར་མཁན་སྤྲུལ་གྱིས་གསུང་སྒྲ་འཇུག་བྱས་རྗེས་ཞབས་ཕྱི་བ་ཚོས་ཡི་གེ་བགོད་པ་ཡིན་པས། ཡི་གེ་གནན་ཉེས་རེ་ཡོད་པ་ལ་དེ་ཙམ་ཧ་ལས་དགོས་དོན་མེད། ཁོང་ཚོ་ཕྱག་ལས་ཀྱི་བྲེལ་ཡོད། བསྡ་སྤྲོད་ཆེད་མཁས་པ་མ་ཡིན་ཕྱིན། མི་སུ་ཡི་གེ་གནོན་ཉེས་ལ་སོགས་ཀྱི་ཡིག་སྐྱོན་ཤོར་བ་ཙམ་གྱིས་དེ་དག་ཞབས་འདྲེན་དུ་བརྩི་ན། དེ་ནི་སྐྱོན་བརྗོད་མཁན་རང་ཉིད་ཀྱི་ཁོག་ནང་དུ་ཆེན་པོ་མེད་པའི་རྟགས་ཡིན་པ་སུས་ཡང་ཤེས་སླ་སྙམས།
ཀརྨ་རྡོ་རྗེ་ལགས། ཁྱེད་ཀྱི་དགྲ་ཤར་ན་ཡོད་ན་གཏོར་མ་ནུབ་ལ་འཕེན་ཞེས་པའི་དཔེ་བཞིན་རེད་འདུག སྔོན་མ་ཇོ་ནང་བ་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་གླེང་སློང་བྱེད་མཁན་དེ་ཤར་མཁན་སྤྲུལ་གྱིས་གསུངས་པ་རེད། ངས་སྔོན་མ་ཆོས་བརྒྱུད་ཀྱི་ཐོབ་ཐང་གང་འཚམ་ཞིག་ཡོད་གི་ཟེར་མཁན་དེ་ཡིན། གང་ཡིན་ཟེར་ན། བཙན་བྱོལ་ཁྲོད་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་༧ གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གཙོས་ས་དགེ་བཀའ་རྙིང་བོན་པོ་བཅས་ཀྱི་ཆོས་བརྒྱུད་བླ་ཆེན་ཁག་གིས་ཆོས་བརྒྱུད་ཇོ་ནང་བའི་ཆོས་བརྒྱུད་དེ་སོ་སོའི་ཁོངས་གཏོགས་མ་ཡིན་པས་པའི་རྒྱབ་གཉེར་བཀའ་ཡིག་གནང་བ་མ་ཟད། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ན་དགག་བྱ་མེད་པར་གསུངས་ཡོད་པ་ལོ་སྔོན་མ་གསར་འགྱུར་བརྒྱུད་ལམ་ཁག་ལ་གསར་བསྒྲགས་བྱས་ཡོད་པ་ལྟར་རེད། མི་སྒེར་གྱི་ངོ་ལ་བཞག་ན་ལུང་རྟོགས་ཀྱི་བསྟན་པ་ཉམས་ལེན་བྱེད་པ་ལ་དགག་བྱ་མེད་པ་སོགས་ཀྱི་ངས་བཤད་པ་ཡིན། རྒྱུ་མཚན་དེའི་ཕྱིར་ཇོ་ནང་བའི་སྐོར་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་པས་གང་འཚམས་ཀྱི་ཐོབ་ཐང་ཞིག་ཡོད་པར་མཐོང་འདུག
ད་ལྟ་ཁྱེད་ཀྱི་ཇོ་ནང་བ་ལ་ཐོབ་ཐང་མེད་སྟངས་ལན་འདེབས་ཁ་གསལ་དགོས་ངེས་འདུག་ཟེར་པ་ཡིན་ན། བཙན་བྱོལ་གཞུང་གི་ངོས་ནས་ཇོ་ནང་བ་ལ་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་མ་རེད།
གཞིས་བྱེས་ཇོ་ནང་བ་ཡོངས་ཀྱི་སྐུ་ཚབ་མཚོན་བྱེད་སྤྱི་འཐུས་ཀྱི་ཐོབ་ཐང་མེད་པ་དང་གཅིག
བཅའ་ཁྲིམས་ཡིག་ཆ་ནང་དུ་ཇོ་ནང་བའི་མཚན་འཁོད་མེད་པ་དང་གཉིས།
གཞུང་འབྲེལ་གྱི་དྲ་གནས་ཁག་གི་ནང་ཇོ་ནང་བ་ལ་ས་མིག་མེད་པ་གསུམ།
གཞུང་འབྲེལ་གྱི་ཐོག་འཛིན་སྐྱོངས་ཕྱོགས་ཇོ་ནང་བ་ལ་འབྲེལ་མེད་པ་དང་བཞི།
གཞུང་འབྲེལ་གྱི་ཐོག་དཔོན་རིགས་ཚོས་གཏམ་བཤད་བྱེད་སྐབས་སུ་ཇོ་ནང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཙམ་ཡང་མེད་པ་སོགས་དོན་ཚན་རྣམ་པ་ལྔ་བོ་འདིས་ཇོ་ནང་བ་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་མེད་པ་འབྲེལ་བཤད་གསལ་བོ་ཐུབ་པ་མ་ཟད་མི་མང་པོ་ཞིག་གིས་ཇོ་ནང་བ་ལ་སྣང་མེད་དང་མཐོང་ཆུང་གི་རྣམ་པ་ཡང་མཚོན་ཐུབ།
ཤར་མཁན་སྤྲུལ་ལགས་ཀྱིས་བྲིས་པར་བརྗོད་བྱའི་ཆ་ནས་བསམ་བློ་གཏོང་ས་ཡོད་མོད། རྗོད་བྱེད་ཚིག་དང་ཡི་གེའི་དག་ཆའི་ཆ་ནས་ཞབས་འདྲེན་ཞུས་འདུག་པས་ཕྱིན་ཆད་ཐུགས་གཟབ་གནང་རོགས་ཞུ།
དེ་མིན་རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཐད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ཉིན་ཤས་སྔོན་ཨ་རིའི་དུས་དབང་སྐབས་ཇོ་ནང་པའི་མཁན་པོ་ཞིག་དང་མཉམ་དུ་ཉིན་གུང་བཞེས་ལག་མཉམ་དུ་ཟོས་པ་ཡིན། ཁོང་གིས། ང་ཚོ་ཇོ་ནང་པས་ག་དུས་ཡིན་ན་ཡང་བོད་གཞུང་ལ་བརྩི་བཀུར་བྱེད་ཀྱི་ཡོད། ཐ་ན་སྙན་ཞུ་མཁྲེག་པོ་ཞིག་ཀྱང་ཕུལ་མ་མྱོང་མོད། བོད་གཞུང་གིས་བོད་རྒྱའི་གྲོས་མོལ་ནར་འགྱང་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་རེ་བསྐུལ་ཡང་སྣང་མེད་བྱེད་བཞིན་འདུག བྱེད་ཐབས་འདིས་གཞིས་བཞུགས་ཇོ་ནང་དགོན་སྡེ་ལྷ་སྡེ་མང་པོ་ཞིག་ལ་བློ་ཕམ་ཆེན་པོ་བཟོས་ཡོད།
དོན་ངོ་མར་ང་ཚོས་གཞུང་གི་ཡིག་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཞེས་བརྗོད་རོགས་ཟེར་གྱིན་ཡོད་པ་ལས། ཡིན་ཅིག་མིན་ཅིག་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཟེར་གྱིན་མེད། གང་ལྟར་ང་ནི་བློ་ཐག་ཆད་བསྡད་ཡོད། ཅེས་གསུང་གིན་འདུག
ཇོ་ནང་པ་ནི་དུས་འཁོར་བསྟན་པའི་བདག་པོ་ཡིན་པ་དང་། ས་གཞི་ཧྲིལ་པོའི་ཐོག་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ཇོ་ནང་ཁོ་ན་ལས་གཞན་ལ་མེད་པ་མངོན་གསལ་རེད། དེས་ན་བོད་གཞུང་གིས་བསམ་བཞིན་ཇོ་ནང་བསྟན་པར་མཐོང་ཆུང་བྱས་ན་བོད་ཀྱི་ནང་བསྟན་གྱི་སྙིང་པོ་དུས་འཁོར་བསྟན་པར་མཐོང་ཆུང་བྱས་པ་ཡིན་ལ། འདི་ཉམས་ན་བོད་ཀྱི་ནང་བསྟན་ཡང་ཉམས་པ་ཡིན་པས། གནད་དོན་འདི་ཉིན་འགྱང་ཞག་འགྱང་མི་བྱེད་པར་འཕྲལ་དུ་ཐག་གཅོད་བྱས་ན་བཟང་བར་འདོད། དེ་མིན་དེད་དེད་ན་སྦལ་བ་ངོ་ལྡང་ཟེར་བ་ལྟར། མཐོང་ཆུང་བྱེད་རྒྱུ་མང་དྲགས་ན། ཉིན་ཞིག་ཇོ་ནང་པས་ཀྱང་ཐབས་ལམ་གཞན་པ་ཞིག་འཚོལ་མི་སྲིད་པ་མ་རེད་འདོད་ཀི དེ་དུས་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་དང་ངོ་ཚ་འབྱུང་སྲིད་པ་ཐག་གཅོད་བྱེད་ཐུབ།
ཀརྨ་རྡོ་རྗེ་བཀའ་དྲིན་ཆེ།
དབྱངས་ཅན་སྒྲོལ་མ་ལགས
གཞན་ལ་འགྲེལ་བཤད་བཏང་བ་བཀའ་དྲིན་ཤིན་དུ་ཆེ།
ཆབ་བྲག་ལྷ་མོ་སྐྱབས་ལྟ་བའི་མཁས་པ་ཞིག་གིས་ད་དུང་འདིའི་སྐོར་ལ་དབུ་སྨོངས་འདུག་པས’ སྐུ་ཉིད་ཀྱིས་ཁོའི་བརྩོམ་ཡིག་གི་མཇུག་ཏུ་ཁོ་ལ་འགྲེལ་བཤད་གཏོང་ཐུབ་ན་བཀའ་དྲིན་དེ་བས་ཀྱང་གལ་ཆེན་འདུ་པས་བཀའ་དྲིན་གནང་རོགསཞུ།
ནང་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་ལ་སྐུ་ཚབ་གཉིས་རེའི་ཚབ་ལ་གཅིག་རེ་བྱས་ནས་། དེའི་གྲངས་ཚད་དུ་ཁ་སྐོང་ལ་ནང་པ་ཇོ་ནང་པ་། བུ་དོང་པ་དང་ཞི་བྱེད་པ་སོགས་དང་། གཞན་ཡང་ཁ་ཆེ་དང་། ཡི་ཤུའི་སྤྱི་འཐུས་ཐོབ་ཐང་རྩོད་ན་སྤྲད་ཆོག་ཆོག་མི་དགོས་སམ། འབྲེལ་ཡོད་ལས་བྱེད་པས་སོམས་དགོས་པ་དང་། ཡང་ན། ཐོབ་ཐང་མེད་སྟངས་ལན་འདེབས་ཁ་གསལ་དགོས་ངེས་འདུག་ལགས།
དྲ་གྲོགས་ཤྰ་རིའི་བུ། ཁྱེད་ལ་དགོངས་འགལ་མེད་པར་ཞུ། ང་ལ་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད་ས་རེད་ལགས།
ཁྱེད་ཀྱིས་༼ཤར་མཁན་སྤྲུལ་མཆོག་གིས་གསུང་པ་ལ་ཞིབ་ལྟ་བྱེད་དུས་རྒྱ་མིས་གིས་གནང་པའི་ཐོབ་ཐང་དེ་རྩོད་གིས་ཡོད་ས་འདུག༽ ཟེར་བ་དེ་ག་རེ་ཞུ་བཞིན་ཡོད། བོད་ནང་དུ་ད་ལྟའི་དུས་སུ་རྒྱ་མའི་ཐོང་ཐང་ཞིག་སྤྲད་ཡོད་པ་ཁྱེད་ཀྱིས་གོ་ཡོད་ན་མ་གཏོགས་བོད་མི་སུས་ཀྱང་བོད་མི་མང་ལ་རང་དབང་མེད་ཤགས་བྱེད་ཀྱིན་ཡོད་པ་རེད། ཡ་མཚན་པ་ལ་ཁྱེད་ཀྱིས་དེ་ག་རེ་གསུང་གིན་ཡོད། ཁྱོད་ཡང་མི་ཁྱད་མཚར་ཞིག་ཡིན་ཁོ་ཐག་རེད། ཁ་ཙམ་ཚིག་ཙམ་མ་ཡིན་པར་ངེས་པ་དོན་གྱི་བོད་ཀྱི་རྒྱལ་གཅེས་དཔའ་བོ་འམ་གཞིས་ལུས་བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧ཀུན་གཟིགས་པན་ཆེན་སྣང་བ་མཐའ་ཡས་ཁོང་གི་དཀའ་བ་ཁྱད་དུ་བསད་ངལ་བ་དེང་དུ་ལེན་ནས་ཁོང་གིས་སྐུ་སྲོགས་སོགས་ལ་མ་འཛེམས་པར་བོད་ཀྱི་ཆོས་དང་རིགས་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱིར་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་སོགས་ཀྱི་སློབ་གླེང་སྟེ་པེ་ཅན་ནང་བསྟན་སློབ་གླིང་ཆེན་མོ་བཙུགས་ཡོད་པ་རེད། དེའི་ནང་ནས་ནང་ཇོ་ནང་བ་ལ་ཆོས་བརྒྱུད་གཞན་ལས་ལྷག་པའི་མཐོང་ཆེན་དང་རྩ་ཆེན་རྩི་བཞིན་ཡོད་པ་སོགས་དང་། དེ་བཞིན་དུ་བཙན་བྱོལ་བའི་ཁྲོད་ནས་༧རྒྱལ་བ་དོན་གྱི་བདག་པོ་གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གང་ས་གང་དུས་འཁོར་དབང་ཆེན་མང་པོ་གསུངས་བའི་སྐབས་སུ་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྒྲུབ་བརྒྱུད་འཛིན་པ་གཙོ་བོ་དེ་ད་ལྟའི་དུས་སུ་དཔལ་ལྡན་རྒྱལ་ཇོ་ནང་བ་ཆགས་འདུག་གསུང་བའི་བཀའ་སློབ་ཡང་དང་ཡང་དུ་གནང་བ་ཡང་མང་དུ་ཡོད་པ་རེད། ང་ཚོའི་ཁ་དཔེར་གནམ་ལ་ཉི་ཟླ་གཉིས་ས་རྒྱལ་པན་ཉིས་ཟེར་བཞིན་རྩ་ཆེན་དང་དུ་བཀུར་བའི་ཁོང་རྣམ་པ་གཉིས་སོགས་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཅན་ཚོའི་༼ལོ་རྒྱུས་དང་ཆོས་འབྱུང་སོགས་རྩིས་མེད་གནང་ཏེ་རང་ཉིད་ཀྱི་ཁེ་ཕན་གི་ཆེད་དུ་རྒྱ་གུང་ཕྲན་གྱིས་བྱེད་ལུགས་དེ་འདི་འདྲ་བེད་སྤྱོད་གནང་ན་བློ་ཕམ་འདུག དེ་འདྲ་ཡིན་དུས་ཁུངས་ལུང་གང་ཡང་མེད་པ་ཐོབ་ཐང་བསྐོར་གླེང་ཡོང་དུས་དེ་ནི་ཕུགས་ལ་གཞན་ཞིག་གིས་གནོད་ཤུགས་ཡོད་པ་ཡིན་དུས་དེ་ཚོ་རིགས་ལ་མཁྱེན་ལྡན་རྣམས་པའི་ཟབ་དགོས༽། ཟེར་བ་དེ་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་གངས་ཅན་པ་ལ་ལྷག་བསམ་དཀར་བས་མེས་པོ་གོང་མ་ཚོའི་ཤུལ་འཛིན་པ་རྒྱལ་པན་གཉིས་ཀྱི་གཙོའི་ཤེས་འཇོན་ལྷག་བསམ་ལྡན་པའི་གནད་ཡོད་མི་སྣ་དང་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་གཙོའི་བོད་མི་བྱིངས་ཀྱི་སྐྱིད་སྡུག་ལེགས་ཉེས་ལ་བྱམས་དང་སྙིང་རྗེའི་གཟིགས་མཁན་ཚོར། ཁྱེད་ཀྱི་གོང་ཞུས་ཚིགས་དེ་རྣམས་ཀྱིས་ཁོང་རྣམས་ལ་དྲིན་ལན་ལོག་འཇལ་བྱེད་པ་མ་རེད་དམ། མི་ཁྱེད་ཀྱི་སེམས་ལ་ཤར་ཡང་ཁ་ནས་བཤད་རྒྱུ་དང་ཁ་ནས་བཤད་ན་དྲ་ཐོག་དུ་མངག་རྒྱུ་འདི་ཁྱེད་ལ་དགོས་པ་ཆེན་པོ་དང་དམིགས་ཡུལ་ཆེན་པོ་ཞིག་ཡོད་ན་མ་གཏོགས་ཡ་མཚན་པ་ཞིག་རེད་འདུག་ཨ་ཁ་ཁ། གུས་པའི་མཐོང་ཐོས་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ལྔ་ཞེས་པའི་མཚན་བྱང་ཏེ། བོད་པ་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་སུ་ཆོས་བརྒྱུད་ཕྱོགས་རེས་བ་ཞིག་དང་། མི་ཕྱོགས་རེས་བ་ཞིག་གི་གསར་དུ་བཏགས་པ་ཞིག་ཡིན་པ་མཐོང་གི་ཡོད། དེའི་རྗེས་སུ་མཁྲེགས་འཛིན་རང་ལུགས་ཅན་གྱི་མི་མང་པོ་ཞིག་གིས་དེ་རྒྱུན་འཁྱོངས་བྱས་པ་ལས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྣམས་དང་བོད་ལ་ལྷག་བསམ་དཀར་བའི་གནད་ཡོད་མི་སྣ་ཚོའི་ནོར་འཁྲུལ་མེད་པ་ངས་འདི་ནས་ཁ་ཚོད་བཅད་ཆོག་པ་ཞིག་རེད།
དབྱངས་ཅན་སྒྲོལ་མའི་གསུང་ལ་གོ་རྒྱུ་འདུག
རེད་ཡ། ཇོ་ནང་བ་འདི་དག་ལོ་དུ་མིན་རིང་ཡང་ཡང་སྙན་ཞུ་ཁོ་ན་བྱེད་འདུག་པ་ལས། ཐབས་ལམ་གཞན་མི་བྱེད་པ་ཅི་ཡིན། མི་ནི་རེད་ཐོབ་ཐང་དགོས་ནི་དགོས་གི་འདུག ཐ་ན་དུས་བབ་སོགས་ཀྱི་ཐོག་བསྒྲོ་གླེང་མི་བྱེད་པ་ཅིས་ཕྱིར་ཡིན་ནམ། མི་མང་བོ་ཞིག་གིས་ཤེས་ཀྱི་མི་འདུག་མོད་ད་བར་ཅི་ཡང་གོ་མ་མྱོང་ཟེར་གི་འདུག
གྲགས་བསོད་དང་། ཤྰ་རིའི་བུ་གཉིས་ཀྱི་ཡ་མཚན་ཅན་ཞིག་བཤད་ཡོད་གི་ཡ་ཨ་ཧ་ཧ་དེ་ཚོ་ངོ་མ་ག་རེད་ཡིན་ནི་རེད།
ཇོ་ནང་བ་ཚོར་བློ་ཁོག་ཡོད་མེད་ལ་མ་སྟོས་པར་ཇོ་ནང་བའི་མི་བུ་ཚོ་སེམས་རེ་ཡོད་ན་མི་འགོད་པ་ཅི་ཡིན། ཞིབ་ལྟ་བྱས་ན་ཤར་མཁན་སྤྲུལ་རིན་པོ་ཆེའི་ཡག་པོ་ཞིག་བྲིས་འདུག་ད།
ཇོ་ནང་བ་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐང་ཡོང་བའི་བརྒྱུད་རིམ་དེ་ཇི་ལྟར་འགོར་འགྱང་བྱུང་བ་དེས། བོད་གྱི་ཤེས་ཡོན་ཡར་རྒྱས་ལ་མཐོས་ཤོར་བཏང་བའི་ཟླ་བོ་འམ་མཚོན་དོན་ཆགས་ཡོད་པ་འདྲ་བོ་མི་འདུག་གམ། དེ་བཞིན་དུ་གཞུང་གི་ལས་བྱེད་ཚོས་ཕྱག་ལས་ཧིར་ཐག་ཞིག་དང་བློ་གྲོས་དང་ལྡན་པས་བྱེད་ཀྱི་ཡོད་མེད་མཚོན་བྱེད་ཞིག་མ་རེད་དམ།
ཇོ་ནང་བ་དག་ལ་ཡང་བློ་ཁོག་མ་ཡོད་པ་ཡིན་ནམ། འབྲེལ་ཡོད་མི་སྣ་ལ་ཤེས་མཇོན་བརྩོན་པ་མ་ཡོད་པ་ཡིན་ནམ། ལོ་ངོ་༡༢ ལྷག་གིས་རང་ལ་ཐེ་བོང་ཡར་བསྟན་བྱས་ནས་སྡོད་འདུག་པ་ལས། ལས་མགུལ་སྣ་ཚོགས་ཞིག་སྤེལ་ན་མི་ཆོག་གམ ཡང་ན་ཁྲིམས་ལ་གཏུག་ཤེར་བྱས་ན་མི་ཆོག་པ་ཅི་ཡོད་དམ། ངས་འདི་ནས་གློག་མཁན་རྣམས་ལ་དགོང་ཚུལ་འདྲི་བ་ཙམ་ཡིན།
རྒྱལ་བ་ཇོ་ནང་བ་ལ་མྱུར་དུ་འདྲ་མཉམ་གྱི་ཐོབ་ཐང་སྤྲད་རིགས མ་སྤྲད་ན་ཤེས་ཆ་ཆེ་ལ་སྤྲད་ན་ལེགས་ཆ་ལས་ཉེས་ཆ་ཞིག་ཡོད་མི་སྲིད་པ་གསལ་བོ་མ་རེད་དམ།
དབྱངས་ཅན་སྒྲོལ་མའི་གོ་རྟོགས་ལ་ཡི་རིང་དང་། གསལ་བཤད་ལ་བཀའ་དྲིན་ཆེ་ཞུ་ཡི་ཡིན།
ཐོག་དང་བོ་ངས་ཉིད་ཀྱི་ལྷག་བསམ་རྣམ་དག་མ་གོ་བས་དགོངས་དག་ཞུ།
རེད་ཡ། བོད་ཀྱི་གཞུང་འབྲེལ་དང་། འཚོགས་པ་ཁག ཐ་ན་མི་རྒེར་ཚུན་ཆད་ཀྱིས། ད་ནས་བཟུང་། གཏམ་བཤད་དག་ཀྱི་ནང་ཡིན་ན་འདྲ། དྲྭ་རྒྱ་དག་གི་ཐོག་ཡིན་ན་འདྲ། མདོར་ན་ཡིག་ངག་གང་གི་ཐོག་ནས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་། གཡང་དྲུང་བོན་དང་དྲུག་ཟེར་ཐུབ་ན་མདུན་སྐྱོད་མགོ་བཙུགས་ཚར་བ་རེད། གཞན་པའི་འདྲ་མཉམ་གྱི་ཐོག་ཐང་རྣམ་རིམ་གྱིས་ཡོང་ཆོག་ནི་རེད། དེ་ལས་ཅི་ཡང་མེད་ནི་རེད། དེ་ལས་སླ་བོ་ཞིག་རེད།
ཡིན་ཡང་ད་བར་ལས་སླ་བོ་ཞིག་ལས་དཀའ་མོ་བྱས་འདུག་པའི་ཟོ་འདྲ་བོ་ལས་ཅི་ཡང་མཐོང་མ་སོང་། ད་བར་མི་ལོ་༡༠ ཡས་མས་ཀྱི་རིང་ཏུ་དེ་འདྲ་མ་བྱུང་པ་ནི་། གཞུང་གི་འབྲེལ་ཡོད་མི་སྣ་ལ་གོ་རྟོགས་མ་ཡོད་པ་དང་ཕྱག་ལས་ལ་ཧུར་རྩོན་ཆུང་བ་ཏན་ཏན་རེད་ལ། དེས་དབང་གིས་མཐུས་ཤོར་ཡིན་ཏ་ཡིན།
མི་མངས་དཀྱུས་དག་ལ་གོ་རྟོགས་སྤེལ་བས་མ་འདང་བ་ནི་ཇོ་ནང་བ་རང་གི་གནད་ཡོད་མི་སྣ་དང་དགོན་སྡེ་དག་གིས་ཕྱག་ལས་ཀྱི་མ་འདང་བ་རེད། ལྷག་པར་དུ། ༢༠༠༩ ལོ་ནས་རྒྱུན་ལས་དང་ལྡན་པའི་འགྲོ་ཕན་ལྷན་ཚོགས་ཟེར་བའི་འཚོགས་པ་བཙུག་ཡོད་ནི་རེད། འཚོགས་པ་འདིའི་དམིགས་ཡུལ་ཇོ་ནང་བའི་ཐོབ་ཐང་གི་ཆེད་དུ་ཡིན་ནི་རེད། དེ་ཕྱིར་ཁོང་ཚོའི་མི་དམངས་ལ་གོ་རྟོགས་མང་དུ་སྤེལ་ཡོད་དགོས་པར་ཆགས་ཡོད། གལ་ཏེ་ཁྱེད་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐང་མང་དུ་མ་གོ་མ་ཚོར་ལུགས་ལ་བལྟས་ན་ཁོང་ཚོས་ཡང་མཐུས་ཤོར་ཆེན་པོ་བཏང་ཡོད་པ་ཏན་ཏན་མ་རེད་དམ།
ད་གང་ལྟར། རྗེས་མ་དྲི་བ་འདྲི་མཁན་བྱུང་ནས། ད་ལྟ་ནང་བཞིན་ཇོ་ནང་བ་དག་ལ་གོ་རྒྱུ་ཚོར་རྒྱུ་མ་ཡོད་ན། དབྱངས་ཅན་སྒྲོལ་མས་ལན་བྱེད་པར་དཀའ་ཚག་མེད་པར་སྣང་བས། ལན་གནང་རོགས་ཞུ་ཟེར་ནས་འབོད་བསྐུལ་ཞི་གི་ཡིན། ད་ང་ཤིན་ཏུ་དགའ་བོ་བྱུང་། ད་དུང་དྲི་བ་གལ་ཆེན་འདྲ་ཡོད་ན་ལན་ཡོད་ངེས་ཡིན།
བོད་ནང་ལ་ཆོས་བརྒྱུད་ཆེན་པོ་འམ་སྒྲུབ་རྒྱུད་ཆེན་པོ་བརྒྱད་ཡོད་པ་བོད་ནང་གི་ལུག་རྫི་རྒད་པོ་ཡན་ཆོད་ཀྱི་ཤེས་པ་ཞིག་རེད། ཅེས་པ་འདི་བོད་མའི་ལས་བྱེད་ལ་བཤད་ནས་ཐོབ་ཐང་རྩད་དགོས་པ་ལས། ང་མི་སྙམ་ཆུང་ཅིག་གི་མགོ་ལ་གཡོགས་ནས་ཅིས་ཕན་དབྱངས་སྒྲོལ་ལགས།
ཀརྨ་རྡོ་རྗེ་ལགས། གཞུང་ཞབས་ལས་བྱེད་ཚོར་ངས་གང་ཡང་བཤད་མེད་སྔོན་མ་ཤར་སྤྲུལ་བྲིས་པ་དེའི་ཤེས་ཐུབ། བཙན་བྱོལ་བའི་འགྲིག་འཛུགས་གི་ཁོངས་སུ་བཅའ་ཁྲིམས་ཡིག་ཆ་སྟེང་དུ་ས་དགེ་བཀའ་སྙིང་ཇོ་ནང་དང་བོན་པོ་ཞེས་མ་འཁོད་པ་ནི་བཙན་བྱོལ་གཞུང་ཞབས་གནད་ཡོད་ལས་བྱེད་ཁག་གི་འཐུས་ཤོར་བྱས་པ་ཞིག་རེད་སྙམས་ཞུ་ཡོད་དེ་བདེན་དོན་དང་དངོས་ཡོད་ཡིན་རྒྱུ་རེད་མ་གཏོགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་བོད་ཀྱི་ཆོས་བརྒྱུད་བླ་ཆེན་ཁག་དང་དགོན་སྡེ་ཁག་ཕན་ཚུན་བར་ལ་དད་པ་དམ་ཚིགས་གཙང་མ་ཡིན་པའི་དཔེ་མཚོན་འདྲ་ཁྱེད་ལ་དགོས་ན་ཡང་ངེས་ར་སྤྲོད་བྱེད་ཆོག
ཀརྨ་རྡོ་རྗེ་ལགས། གནའ་མིའི་གཏམ་དཔེ་ལ་ཚོགས་གདམས་གི་མདའ་འཕངས་ན་བསྟན་ཕྱིག་གི་སྙིང་ལ་ཕོག་ཟེར་བ་ཞིན་མི་སུའི་གོ་ན་གོ་མ་གོ་མེད། བདེན་དོན་གྱི་གཏམ་དེ་ཚོ་མི་སུའི་གནས་ཚུལ་ལ་དཔག་ནས་ལན་འདེབས་ན་འགྲིག་སྙམས། ( བོད་ཀྱི་ནང་ཆོས་ལ་ཆོས་བརྒྱུད་ལྔ་དང་བོན་ཆོས་གཅིག་བཅས་དྲུག་ཙམ་ཡོད་པ་ཡིན་ནམ། དྲུག་ལས་ལྷག་པ་ཡང་ཡོད་སྲིད་པ་རེད་དམ། ཡང་ན་བོད་ནང་ནང་ཆོས་གཅིག་དང་བོན་གཉིས་ལས་མེད་ཅེས་ལབ་དགོས)། ཟེར་མཁན་ཁྱེད་ལ་ལན་སྔོན་མ་བོད་ནང་ལ་ཆོས་བརྒྱུད་ཆེན་པོ་འམ་སྒྲུབ་རྒྱུད་ཆེན་པོ་བརྒྱད་ཡོད་པ་བོད་ནང་གི་ལུག་རྫི་རྒད་པོ་ཡན་ཆོད་ཀྱི་ཤེས་པ་ཞིག་རེད། དེ་ཚོ་ཁྱེད་ཀྱི་གོ་མ་མྱོང་བ་དེ་བོད་ཀྱི་རིག་གཞུང་དང་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་མཐོང་ཆུང་དང་ཁྱེད་ཀྱི་རང་མཚང་ལྟན་པ་ཞིག་མ་རེད་དམ། ཁྱེད་ཀྱི་ཤེས་འདོད་ཡོད་ན་ད་ལྟ་ཡང་བཤད་སྒྲུབ་གཉིས་ཀྱི་ཕྱོག་ནས་རང་རྐང་ཚུགས་པ་དང་བརྒྱུད་འཛིན་མང་ཤོས་ཡོད་མཁན་ས་དགེ་བཀའ་རྙིང་ཇོ་ནང་རྣམས་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད། གཞན་རྣམས་ཡང་ད་ལྟ་རྩ་བ་ནས་མེད་པ་ག་ལ་ཡིན། ཁྱེད་ལ་གསར་བོ་གསལ་རྐྱང་ཞིག་བཤད་ཡོད། ཁྱེད་ལ་བསམ་ཚུལ་འདྲ་ཡོད་ན་གསུང་རོགས་གནང་དང་འགྲིག་གི་རེད་གླེང་མོ་སྟེགས་བུ་རེད་མོས།
དབྱངས་སྒྲོལ་ལགས།
ཀརྨ་རྡོ་རྗེ་ལགས། ཞེས་པའི་ཚབ་ཏུ། བཙན་བྱོལ་གཞུང་ཞབས་གནད་ཡོད་ལགས་སུ་ཞེས་བཅོས་མི་དགོས་སམ།
ད་རིས་ངས་དབྱངས་ཅན་སྒྲོལ་མ་ལ་བཀའ་དྲིན་ཆེ་ཞུ་ཡི་ཡིན
གསལ་བཤད་འོན་ནས་ཡོང་། དྲང་མོ་བཤད་ན། ཤྰ་རིའི་བུ་མཁས་དྲག་ནས་ངས་ཁོང་གིས་ཅི་ཟེར་ཡང་ཧ་གོ་གི་མི་འདུག་ཏེ།
ཚོད་དཔགས་བྱས་ན་ཇོ་ནང་བ་ཆོས་བརྒྱུད་ཆེན་པོ་ཞིག་མིན་པར་ཆོས་འབྱུང་ཁག་གིས་ར་འཕྲོད་བྱུང་ཡོད་པས་དེ་དག་བསིབ་ན་མ་གཏོགས་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ནམ་ཡང་མི་ཡོང་པས། རེ་བ་སྟོང་པ་རེད་ཟེར་གི་ཡོད་མདོག་འདུག
འདི་སྡ་རམ་ས་ལར་ཡོད་པའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་བཙན་བྱོལ་དུ་དུ་པའི་ཇོ་ནང་བ་དག་གིས་ང་ལས་ལྷག་ཞིག་གི་གོ་བ་ལོན་གྱི་རེད་ལ། ལན་ཡང་འབྱོར་གྱི་རེད་པས་ངས་ཁོང་ཚོའི་ལས་འགན་དུ་འཇོག་གི་ཡིན།
ཀརྨ་རྡོ་རྗེ་ཁྱོད་ཀྱིས་གློག་མ་ཤེས་པ་ཡིན་ནམ། སེམས་རྣལ་དུ་མ་ཕབས་པ་ཡིན། ཞིབ་མོར་གློག་དང་འདིར་དེའི་སྐོར་སྔོན་ནས་འདི་ལྟར་བྲིས་འདུག
ཡང་ཁ་ཅིག་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་འདྲ་མཉམ་མཚན་གནས་དེབ་སྐྱེལ་བྱས་ན། ཁ་ཆེ་དང་། ཞྭ་ལི་བ། བོ་དུང་བ་སོགས་ལ་དགོས་པས་མི་རིགས་ཟེར། ཇོ་ནང་པ་ལ་དགོན་སྡེ་དང་ཆོས་ཚོགས་༩༠ ལྷག་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་བཤད་གྲྭ་དང་སྒྲུབ་གྲྭ དགེ་འདུན་པའི་སྡེ་ཁྲི་ཡས་མས་ཞིག་དང་། དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་ཡོད་པ་ཀུན་གསལ་ཡིན། བོད་ལ་ཁ་ཆེའི་དགོན་པ་གཅིག་ཀྱང་ཡོད་དམ། བོ་དུང་དང་ཞྭ་ལི་སོགས་ལ་ཐུན་མིན་ཡིག་ཆ་འཛིན་པའི་དགོན་སྡེ་ཡོད་དམ། འདི་དག་ལ་ས་དགེ་བཀའ་རྙིང་ཇོ་ནང་པ་ལྟ་བུའི་ཐུན་མིན་ཁྱད་ཆོས་ཟུར་དུ་མེད་པ་མཁྱེན་གསལ་རེད། དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པ་ཡོད་པ་དང་། དུས་འཁོར་ཆེད་མཁས་པའི་དཔལ་ཇོ་ནང་པའི་ཐུན་མིན་ཁྱད་ཆོས་ལ་འགྲན་ཕོད་མཁན་སུ་ཡང་མེད་མོད། གལ་དེ་ཞྭ་ལི་བ་སོགས་ལ་ཡང་ཆོས་བརྒྱུད་ཆེ་ཆུང་ལ་མ་ལྟོས་པའི་མཚན་གནས་གནང་རིགས་ན་གནང་ཡང་ཅིའི་ཕྱིར་མི་ཆོག
ཞེས་བྲིས་འདུག
རེད་ཡ། བོད་ལ་ཆེ་ས་ནས་དབྱེ་ན་བན་བོན་གཉིས་ལས་མེད་ནི་རེད། བན་དེ་ལ་མང་དུ་དབྱེ་ན་བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཡོད་པ་ཀུན་ཀྱིས་ཤེས་གསལ་ཡིན། འོན་ཏེ་དེའི་ནང་ནས་བསལ་དེ་ཆོས་བརྒྱུད་ཆེན་པོ་བཞི་ཟེར་དགོས་ཅིེས་ཕྱིར་ཡིན། ཆེ་ཆུང་གིས་ལོས་ཡིན། དེ་ཡིན་ཕྱིན་མི་འགྲིག་པའི་རྒྱུ་མཚན་ཇོ་ནང་པ་ཞྭ་ལི་བ་དང་བོད་པའི་ཁ་ཆེ་བ། བོ་དུང་བ། ཞི་བྱེད་བ་སོགས་ལྟ་བུའི་ཆུང་གྲིས་སུ་བཞག་ན་དངོས་ཡོད་དང་འགལ་བས་རེད། མ་ཟད་ཀུན་གཟིགས་ཕན་ཆེན་མཆོག་གིས་སྐུ་སྲོག་ལ་མ་འཛེམ་པའི་ཕྱག་ལས་གནང་བའི་གྲུབ་འབྲས་ཁག་ལ་ཆེ་མཐོང་དང་གཙིག་འཛིན་མ་བྱས་པར་སོང་མི་འདུག་གམ། དེས་གཞི་ལུས་བོད་མི་དག་ལ་བློ་ཕམ་དང་། བོད་གཞི་བྱེས་གཉིས་ཀྱི་བར་ཐག་ཅེ་རིང་དང་དུ་གཏོང་གི་ཡོད་ནི་རེད། དེ་མི་དགོས་ས་ནས་བྱེད་པ་ཞིག་མ་རེད་དམ། བསམ་བློ་ཞིབ་དུ་ཐོང་དང་།
བཙན་བྱལ་གཞུང་གིས་ཇོ་ནང་བ་ལ་ཐོབ་ཐང་སྤྲོད་མི་རིགས་ནམ་ཡང་གསུང་ཡོད་པ་གོ་མ་མྱོང་། འོན་ཀྱང་ཞིབ་འཇུག་བྱེད་དགོས་ཟེར་བ་དེ། མངོན་གྱུར་ལ་ལྐོག་གྱུར་དཔྱོད་བྱེད་ཀྱི་ངལ་བ་བརྟེན་དགོས་ཟེར་བ་དང་འདྲ་བས། དེ་ནི་འབྲེལ་ཡོད་མི་སྣ་དག གཞི་ལུས་བོད་ལ་རྒྱུས་ལོན་ཤིན་དུ་ཆུང་བའི་མཚོན་རྟགས་ཞིག་དང་། ལེགས་གཉེས་དཔྱོད་པའི་རྣམ་དཔྱོད་ཕྲ་བའི་ཅབ་ཆུང་མ་རེད་དམ་སྙམས། མ་ཟད་གལ་ཏེ་ཞིབ་འཇུག་དགོས་པའི་དབང་ཏུ་བཏང་ན། ལོ་ངོ་བཅུ་ལྷག་དུ་ཞིབ་འཇུག་འདི་བྱས་ཟེར་བ་ཞིག་སྟོན་རྒྱུ་ཡོད་དམ། ནར་འགྱང་འདི་ཙམ་བྱས་ན་དགོས་པ་ཅི་ཡོད། ནར་འགྱང་དེ་ཙམ་བྱས་ན་དེས་ཁོང་ཚོས་ཕྱག་ལས་གཞན་པ་དག་ཡང་ཅི་ཙམ་ཚག་ཚུད་བྱེད་ཀྱི་མཚོན་གྱི་མེད་དམ་སྙམས། ངས་ཡག་པོ་ཞེ་དྲག་དུ་མཐོང་གི་མེད། འོན་ཏེ་ངས་རྒྱལ་གཅེས་པ་དག་དང་གཟེར་གནས་བློ་ལྡན་དག་ལ་དྲི་བ་འདྲི་གི་ཡོད།
དེ་ལས་ཅི་ཡང་མིན། འདི་གསལ་བོ་མ་རེད་མ།
དྲང་མོ་བཤད་ན། ཤྰ་རིའི་བུ་མཁས་དྲག་ནས་ངས་ཁོང་གིས་ཅི་ཟེར་ཡང་ཧ་གོ་གི་མི་འདུག་ཏེ།
ཚོད་དཔགས་བྱས་ན་ཇོ་ནང་བ་ཆོས་བརྒྱུད་ཆེན་པོ་ཞིག་མིན་པར་ཆོས་འབྱུང་ཁག་གིས་ར་འཕྲོད་བྱུང་ཡོད་པས་དེ་དག་བསིབ་ན་མ་གཏོགས་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ནམ་ཡང་མི་ཡོང་པས། རེ་བ་སྟོང་པ་རེད་ཟེར་གི་ཡོད་མདོག་འདུག
འདི་སྡ་རམ་ས་ལར་ཡོད་པའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་བཙན་བྱོལ་དུ་དུ་པའི་ཇོ་ནང་བ་དག་གིས་ང་ལས་ལྷག་ཞིག་གི་གོ་བ་ལོན་གྱི་རེད་ལ། ལན་ཡང་འབྱོར་གྱི་རེད་པས་ངས་ཁོང་ཚོའི་ལས་འགན་དུ་འཇོག་གི་ཡིན།
ཀརྨ་རྡོ་རྗེ་ཁྱོད་ཀྱིས་གློག་མ་ཤེས་པ་ཡིན་ནམ། སེམས་རྣལ་དུ་མ་ཕབས་པ་ཡིན། ཞིབ་མོར་གློག་དང་འདིར་དེའི་སྐོར་སྔོན་ནས་འདི་ལྟར་བྲིས་འདུག
ཡང་ཁ་ཅིག་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་འདྲ་མཉམ་མཚན་གནས་དེབ་སྐྱེལ་བྱས་ན། ཁ་ཆེ་དང་། ཞྭ་ལི་བ། བོ་དུང་བ་སོགས་ལ་དགོས་པས་མི་རིགས་ཟེར། ཇོ་ནང་པ་ལ་དགོན་སྡེ་དང་ཆོས་ཚོགས་༩༠ ལྷག་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་བཤད་གྲྭ་དང་སྒྲུབ་གྲྭ དགེ་འདུན་པའི་སྡེ་ཁྲི་ཡས་མས་ཞིག་དང་། དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་ཡོད་པ་ཀུན་གསལ་ཡིན། བོད་ལ་ཁ་ཆེའི་དགོན་པ་གཅིག་ཀྱང་ཡོད་དམ། བོ་དུང་དང་ཞྭ་ལི་སོགས་ལ་ཐུན་མིན་ཡིག་ཆ་འཛིན་པའི་དགོན་སྡེ་ཡོད་དམ། འདི་དག་ལ་ས་དགེ་བཀའ་རྙིང་ཇོ་ནང་པ་ལྟ་བུའི་ཐུན་མིན་ཁྱད་ཆོས་ཟུར་དུ་མེད་པ་མཁྱེན་གསལ་རེད། དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པ་ཡོད་པ་དང་། དུས་འཁོར་ཆེད་མཁས་པའི་དཔལ་ཇོ་ནང་པའི་ཐུན་མིན་ཁྱད་ཆོས་ལ་འགྲན་ཕོད་མཁན་སུ་ཡང་མེད་མོད། གལ་དེ་ཞྭ་ལི་བ་སོགས་ལ་ཡང་ཆོས་བརྒྱུད་ཆེ་ཆུང་ལ་མ་ལྟོས་པའི་མཚན་གནས་གནང་རིགས་ན་གནང་ཡང་ཅིའི་ཕྱིར་མི་ཆོག
ཞེས་བྲིས་འདུག
རེད་ཡ། བོད་ལ་ཆེ་ས་ནས་དབྱེ་ན་བན་བོན་གཉིས་ལས་མེད་ནི་རེད། བན་དེ་ལ་མང་དུ་དབྱེ་ན་བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཡོད་པ་ཀུན་ཀྱིས་ཤེས་གསལ་ཡིན། འོན་ཏེ་དེའི་ནང་ནས་བསལ་དེ་ཆོས་བརྒྱུད་ཆེན་པོ་བཞི་ཟེར་དགོས་ཅིེས་ཕྱིར་ཡིན། ཆེ་ཆུང་གིས་ལོས་ཡིན། དེ་ཡིན་ཕྱིན་མི་འགྲིག་པའི་རྒྱུ་མཚན་ཇོ་ནང་པ་ཞྭ་ལི་བ་དང་བོད་པའི་ཁ་ཆེ་བ། བོ་དུང་བ། ཞི་བྱེད་བ་སོགས་ལྟ་བུའི་ཆུང་གྲིས་སུ་བཞག་ན་དངོས་ཡོད་དང་འགལ་བས་རེད། མ་ཟད་ཀུན་གཟིགས་ཕན་ཆེན་མཆོག་གིས་སྐུ་སྲོག་ལ་མ་འཛེམ་པའི་ཕྱག་ལས་གནང་བའི་གྲུབ་འབྲས་ཁག་ལ་ཆེ་མཐོང་དང་གཙིག་འཛིན་མ་བྱས་པར་སོང་མི་འདུག་གམ། དེས་གཞི་ལུས་བོད་མི་དག་ལ་བློ་ཕམ་དང་། བོད་གཞི་བྱེས་གཉིས་ཀྱི་བར་ཐག་ཅེ་རིང་དང་དུ་གཏོང་གི་ཡོད་ནི་རེད། དེ་མི་དགོས་ས་ནས་བྱེད་པ་ཞིག་མ་རེད་དམ། བསམ་བློ་ཞིབ་དུ་ཐོང་དང་།
བཙན་བྱལ་གཞུང་གིས་ཇོ་ནང་བ་ལ་ཐོབ་ཐང་སྤྲོད་མི་རིགས་ནམ་ཡང་གསུང་ཡོད་པ་གོ་མ་མྱོང་། འོན་ཀྱང་ཞིབ་འཇུག་བྱེད་དགོས་ཟེར་བ་དེ། མངོན་གྱུར་ལ་ལྐོག་གྱུར་དཔྱོད་བྱེད་ཀྱི་ངལ་བ་བརྟེན་དགོས་ཟེར་བ་དང་འདྲ་བས། དེ་ནི་འབྲེལ་ཡོད་མི་སྣ་དག གཞི་ལུས་བོད་ལ་རྒྱུས་ལོན་ཤིན་དུ་ཆུང་བའི་མཚོན་རྟགས་ཞིག་དང་། ལེགས་གཉེས་དཔྱོད་པའི་རྣམ་དཔྱོད་ཕྲ་བའི་ཅབ་ཆུང་མ་རེད་དམ་སྙམས། མ་ཟད་གལ་ཏེ་ཞིབ་འཇུག་དགོས་པའི་དབང་ཏུ་བཏང་ན། ལོ་ངོ་བཅུ་ལྷག་དུ་ཞིབ་འཇུག་འདི་བྱས་ཟེར་བ་ཞིག་སྟོན་རྒྱུ་ཡོད་དམ། ནར་འགྱང་འདི་ཙམ་བྱས་ན་དགོས་པ་ཅི་ཡོད། ནར་འགྱང་དེ་ཙམ་བྱས་ན་དེས་ཁོང་ཚོས་ཕྱག་ལས་གཞན་པ་དག་ཡང་ཅི་ཙམ་ཚག་ཚུད་བྱེད་ཀྱི་མཚོན་གྱི་མེད་དམ་སྙམས། ངས་ཡག་པོ་ཞེ་དྲག་དུ་མཐོང་གི་མེད། འོན་ཏེ་ངས་རྒྱལ་གཅེས་པ་དག་དང་གཟེར་གནས་བློ་ལྡན་དག་ལ་དྲི་བ་འདྲི་གི་ཡོད།
དེ་ལས་ཅི་ཡང་མིན། འདི་གསལ་བོ་མ་རེད་མ།
ཀརྨ་རྡོ་རྗེ་ལགས། བོད་ནང་ལ་ཆོས་བརྒྱུད་ཆེན་མོ་ལྔ་དང་གཡུང་ཁྲུངབོན་དང་བཅས་པ་དྲུག་ཡོད་པ་རེད་ལགས། སྐད་ཆ་བཤད་ན་ཞིབ་འཇུག་བྱས་ན་ལགས།
ཀརྨ་རྡོ་རྗེ་ལགས། སྔོན་མ་བོད་ནང་ལ་ཆོས་བརྒྱུད་ཆེན་པོ་འམ་སྒྲུབ་རྒྱུད་ཆེན་པོ་བརྒྱད་ཡོད་པ་བོད་ནང་གི་ལུག་རྫི་རྒད་པོ་ཡན་ཆོད་ཀྱི་ཤེས་པ་ཞིག་རེད། དེ་ཚོ་ཁྱེད་ཀྱི་གོ་མ་མྱོང་བ་དེ་བོད་ཀྱི་རིག་གཞུང་དང་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་མཐོང་ཆུང་དང་ཁྱེད་ཀྱི་རང་མཚང་ལྟན་པ་ཞིག་མ་རེད་དམ། ཁྱེད་ཀྱི་ཤེས་འདོད་ཡོད་ན་ད་ལྟ་ཡང་བཤད་སྒྲུབ་གཉིས་ཀྱི་ཕྱོག་ནས་རང་རྐང་ཚུགས་པ་དང་བརྒྱུད་འཛིན་མང་ཤོས་ཡོད་མཁན་ས་དགེ་བཀའ་རྙིང་ཇོ་ནང་རྣམས་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད། གཞན་རྣམས་ཡང་ད་ལྟ་རྩ་བ་ནས་མེད་པ་ག་ལ་ཡིན། དེ་ཡང་ང་ཚོ་བོད་མི་སྤྱི་བོར་གནམ་ལྟན་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་༧ཀུན་གཟིགས་པན་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་གཙོས་བོད་སྤྱི་ལ་ལྷག་བསམ་ཅན་དང་ཤེས་འཇོན་གཉིས་ལྡན་རྣམས་ཀྱི་༧གོང་ས་མཆོག་གི་གཙོའི་བྱེས་འབྱོར་བོད་པ་ཚོར་བཙན་བྱོལ་ལ་ཡོང་བའི་དམིགས་ཡུལ་གཙོ་བོ་ང་ཚོ་བོད་ཀྱི་ཆོས་དང་རིགས་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱིར་དུ་བཙུགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ད་ལྟའི་དུས་སུ་༧གོང་ས་མཆོག་གི་མཛད་པ་ལ་ལྟོས་དང་ར་སྤྲོད་ཐུབ། ཇོ་ནང་བ་ལ་གཟིགས་སྐྱོང་གནང་བཞིན་ཡོད་པ་སོགས་གོང་དུ་གུས་པའི་ཤེས་ཚོད་ལྟར་ཤར་སྤྲུལ་ལ་བྲིས་པ་ཡིན། གུས་པའི་བསམ་ཚུལ་ལྟར་ན་ཆོས་བརྒྱུད་སྤྱི་འཐུས་དགོས་པར་མ་མཐོང་ཆོས་ལུགས་པ་ཚོར་ཆོས་རིགས་ལས་ཁུངས་ཀྱི་འཐུས་པར་སེམས། བཙན་བྱོལ་བའི་འགྲིག་འཛུགས་གི་ཁོངས་སུ་བཅའ་ཁྲིམས་ཡིག་ཆ་སྟེང་དུ་ས་དགེ་བཀའ་སྙིང་ཇོ་ནང་དང་བོན་པོ་ཞེས་མ་འཁོད་པ་ནི་བཙན་བྱོལ་གཞུང་ཞབས་གནད་ཡོད་ལས་བྱེད་ཁག་གི་འཐུས་ཤོར་བྱས་པ་ཞིག་རེད་སྙམས།
བོད་ཀྱི་ནང་ཆོས་ལ་ཆོས་བརྒྱུད་ལྔ་དང་བོན་ཆོས་གཅིག་བཅས་དྲུག་ཙམ་ཡོད་པ་ཡིན་ནམ། དྲུག་ལས་ལྷག་པ་ཡང་ཡོད་སྲིད་པ་རེད་དམ། ཡང་ན་བོད་ནང་ནང་ཆོས་གཅིག་དང་བོན་གཉིས་ལས་མེད་ཅེས་ལབ་དགོས།
མི་ཕམ་མཆོག་ལ་མཚམས་འདྲི་ཡོད།
གུས་གིས་ཞིབ་ལྟ་ལས་ཁྱེད་ཀྱི་ཞིབ་ལྟ་ཡག་པ་འདུག་པའི་དགའ་བ་འཕེལ། ཡིན་ན་ཡང་། ལས་གང་བྱེད་ལ་སྐྱབས་མགོན་རིན་པོ་ཆེ་སོགས་སྐྱེས་ཆེན་རྣམས་གྱི་མཚན་སྨོས་པ་ནི་སྔོན་བྱུང་ཟིན་པའི་ལོ་རྒྱུས་གིས་ནག་ཉེས་ཆེ་ཤོས་ཡིན་ལ་དེང་སང་རང་རེ་གཙན་བྱོལ་གཞུང་དེ་ཡང་ད་བར་འདི་འདྲ་ལྷག་ནས་གོང་ས་མཆོག་གིས་དགོངས་པ་ཞུ་དགོས་པ་སོགས་དེ་ལུགས་ཡིན། སྐབས་དོན་ཞུ་བྱ་ལ་ཅི་ལྟེ་ཇོ་ནང་ལ་ཐོབ་ཐང་མི་སྤྲོད་པ་དེ་སུ་ཡིན་གསལ་པོ་ཞུ་ན་དེ་ནི་ལོ་རྒྱུས་དང་རྒྱལ་རབས་ཆོས་འབྱུང་སོགས་སྔོན་བྱོན་གིས་སྐྱེས་ཆེན་དམ་པ་རྣམས་པའི་གཡོ་སྒྱུ་དང་ཞེན་ཕྱོགས་སོགས་གྱིས་དྲི་མ་མ་གོས་པ་གསུང་རྩོམ་དག་ཡིན་པའི་དེ་ཚོ་ས་གཞི་འདི་ལ་གཏན་ནས་མེད་པ་བཟོ་ཐུབ་པའི་ནུས་པ་ཞིག་ལྡན་ཚེ་གཞི་ནས་ཐོབ་ཐང་ལ་རེ་བ་ཡོད་།
མི་ལུས་ཐོབ་ཀྱང་ཐོབ་ཐང་མི་རག་པ།
ཕམ་པ་ལ་ནི་ལོ་རྒྱུས་དཔང་པོ་ལངས་།
ཚང་མ་དུས་རབས་འདི་ལ་བལྟ་བཞིན་འགྲོ།
ཐིག་ནག་འོག་ནས་ཁྱེད་རང་ལུས་པ་འཚར།
སྙིགས་དུས་ཀྱི་ ཤྰ་རིའི་བུ་ལ་གུས་འདུད།
ཁྱེད་ཀྱི་ཞིབ་ལྟ་བྱས་ནས་ཤིན་ཏུ་གཏིང་ཟབ་མོ་གོ་འདུག ཁྱོད་ཀྱིས་རྒྱ་མིས་གནང་པའི་ཐོབ་ཐང་ཡིན་ཚད་ངན་སྡུག་དུ་བརྩི་རྒྱུ་ཡིན་ན་༸གོང་ས་མཆོག་གིས་ལམ་བསྟོན་གནང་བའི་དབུ་མའི་ལམ་གྱི་བོད་རྒྱ་ཞི་མོལ་ཡང་གཏན་དུ་ནོར་བ་ཡིན་ས་རེད། བོད་ཀྱི་བན་དེའི་ཆོས་བརྒྱུད་ལྔ་དང་གཡུང་དྲུང་བོན་དང་དྲུག་འདྲ་མཉམས་ཀྱི་ཐོབ་ཐང་ཏེ་རྒྱལ་གཅེས་དཔའ་བོ་༸ཀུན་གཟིགས་པན་ཆེན་མཆོག་གིས་གནང་བ་རེད་ཏེ། ཁྱོད་ལྟར་ན་ཁོང་ཡང་ནོར་ཡོད་ས་རེད། ལོ་རྒྱུས་དང་ཆོས་འབྱུང་གང་ནས་ཇོ་ནང་བ་ཆོས་བརྒྱུད་རང་རྐང་མི་ཚུགས་པ་ཞིག་དང་ཐུན་མིན་གྱི་ལྟ་གྲུབ་མེད་མཁན་ཞིག་ཡིན་པར་བསྟན་ཡོད་དང་། ཁྱེད་སྐུ་རྒེར་གྱི་རྒྱུ་མཚན་ཅི་ཞིག་གིས་ས་སྐྱ་བ་མ་གཏོག་པ་གཞན་ཀུན་ལ་དམ་ཚིག་མེད་པ་སོགས་ཀྱི་ཉེན་བསྡ་གཏོང་གི་ཡོད་དྲྭ་གནས་སུ་གསལ་བོར་ཁོད་དང་ལྟད་མོ་ཆེན་པོ་ཡོད་ས་རེད། ངས་བྲིས་པའི་ཡིག་འབྲུ་ཁ་ཤས་ཀྱི་ནང་དོན་ཙམ་ཡང་མ་གོ་འདུག་པས། ཁྱེད་ལོ་རྒྱུས་ཆེད་མཁས་པ་དངོས་གནས་ཡིན་ས་རེད། ཕ་བཟང་གི་བུ་དེ་འདྲ་ཤོད་དང་། བོད་མིའི་གཅིག་བསྒྲིལ་བརྟན་བརླིང་ལ་ཕན་ས་རེད། བོད་གངས་ཅན་གྱི་བསྟན་སྲིད་ལ་རྒྱ་ཟིན་ས་རེད། ཤྰ་རིའི་བུ་ལ་གདེང་འཇོག་ཆེན་པོ་ཐོབ་ས་རེད། བཀའ་དྲིན་ཆེ།
ཤར་མཁན་སྤྲུལ་མཆོག་གིས་གསུང་པ་ལ་ཞིབ་ལྟ་བྱེད་དུས་རྒྱ་མིས་གིས་གནང་པའི་ཐོབ་ཐང་དེ་རྩོད་གིས་ཡོད་ས་འདུག་ག ལོ་རྒྱུས་དང་ཆོས་འབྱུང་སོགས་རྩིས་མེད་གནང་ཏེ་རང་ཉིད་ཁེ་ཕན་གིས་ཆེད་དུ་རྒྱ་གུང་ཕྲན་གྱིས་བྱེད་ལུགས་དེ་འདི་འདྲ་བེད་སྤྱོད་གནང་ན་བློ་ཕམ་འདུག དེ་འདྲ་ཡིན་དུས་ཁུངས་ལུང་གང་ཡང་མེད་པ་ཐོབ་ཐང་བསྐོར་གླེང་ཡོང་དུས་དེ་ནི་ཕུག་ལ་གཞན་ཞིག་གིས་གནོད་ཤུགས་ཡོད་པ་ཡིན་དུས་དེ་ཚོ་རིགས་ལ་མཁྱེན་ལྡན་རྣམས་པའི་ཟབ་དགོས། དེང་སང་གཞི་བྱེས་གཉིས་སུ་དམ་ཚིག་མ་ཉམས་པ་དཔལ་ལྡན་ས་སྐྱ་པ་ལྟ་བུ་རེ་གཉིས་ཡོད་པ་དེ་ལ་ཡང་གནོད་སེམས་བྱེད་ཡོང་དུས་གཏན་གཏན་ཟབ་ཟབ་གནང་དགོས།
གྲགས་fསོད་ལགས།
འདིའི་སྐབས་ཀྱི་ཆོས་ལུགས་ཀྱི་རྙོམས་སྒྲ་དེ་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཡིན་པ་ཁྱོད་ཀྱི་གོ་བ་མ་ལོན་པ་གློག་མཁན་ཚོའི་མདུན་དུ་ཁྱོད་ངོ་རེ་ཚ།
འགྲིགས་མེད་ན་གང་མི་འགྲིག་གི་རེ་རེ་བཞིན་ཚིག་གི་འབྲི་ནོན་བྱོས་ལ་གསུང་དང་། དེ་མིན་འདི་ཧ་མ་གོ་གོང་ནས་ཧོན་གཏམ་བཤད་ས་དང་། རྒྱག་རིས་བྱེད་སའི་གླེང་རྟེགས་མིན་པ་ཤེས་པར་བྱོས།
ད་ཡང་ཆོས་ལུགས་ཀྱི་རྙོམས་སྒྲ་རེད་འདུག་ཨ་ཁ་ཁ་དེ་མི་རིགས་ཀྱི་འཐབ་རྩོད་ཡིན་ན་ཅི་མ་རུང་ཨང།
དུས་འཁོར་གྱི་སྐོར་ནས་འཕྲོས་པའི་ཇོ་ནང་གི་སྐོར་ལ་གློག་མཁན་མང་བོ་ཞིག་གིས་གོ་ལོག་ལེན་གྱི་ཡོད་པ་འདྲ་བོ་འདུག་པས་གདིར་གསལ་བཤད་ཅུང་ཟད་བྱེད།
གཙོ་བོ་ངའི་གཏམ་དེ་གཟིར་གནས། རྒྱལ་ཞེན་ལྷག་བསམ་ཅན་དག་ལ་གྲོས་མོལ་ལས་ཅི་ཡང་མིན་པ་ཤེས་གལ་ཆེ།
༡ ཐོག་མར་ཇོ་ནང་བ་ལ་ཆོས་བརྒྱུད་ཆེན་པོ་སྤྱི་མཚུང་གི་ཐོབ་ཐང་འདྲ་མཉམ་དགོས་ཟེར་བ་དེ་དོན་མ་གོ་ན་འདི་ལྟར།
ང་ཚོ་བོད་དུ་བན་དེའི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་བཅས་པའི་དྲུག་པོ་གཞུང་དུ་དེབ་སྐྱེལ་བྱས་ནས་ཀུན་ལ་རླུང་ལྟར་གྲགས་ཡོད་པ་བཞིན་དུ། ང་ཚོ་བྱེས་བཞུགས་དག་གིས། གོམ་བསྟབས་ཐོག་དང་བོ་ནི། ང་ཚོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཀུན་གྱིས་ཡིག་ངག་གཉིས་ཐོག་ནས་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡང་དྲུང་བོན་དང་དྲུག་ཟེར་བ་ལས། ཆོས་བརྒྱུད་བཞི་དང་བོན་པོ་དང་དྲུག་ཟེར་ནས་ཇོ་ནང་བ་ཕྱིར་ཕུད་མི་བྱེད་པའི་རེ་འབོད་ཞུ་བ་ཙམ་ཡིན། དེ་ནས་རིམ་བཞིན་ཐོབ་ཐང་ཡོད་ཚད་འདྲ་མཉམ་གནང་རོགས་ཟེར་བ་དེ་ཡིན། དེ་རེད་དང་མ་རེད། དེ་བྱེད་རིགས་དང་མི་རིགས་ཟེར་ནས་དྲི་བ་འདྲི་གི་ཡོད།
༢ བོད་གཞུང་གིས་ཇོ་ནང་བ་ལ་ཆོས་བརྒྱུ་ཆེན་པོ་འདྲ་མཉམས་ཀྱི་ཐོབ་ཐང་སྤྲད་དགོས་མིན་ཞིབ་འཇུག་བྱེད་དགོས་གསུང་ནས་ལོ་༡༠ ཡས་ཡས་སོང་ཡོད། ཅིས་ཕྱིར་ཞིབ་འཇུག་དགོས་ནི་རེད། ཆོས་འབྱུང་ལོ་རྒྱུས་དང་མཐུན་ལ། ཀུན་གཟིགས་པན་ཆེན་མཆོག་གིས་མ་བསྐུལ་རང་མཁྱེན་གྱིས་ཇོ་ནང་བ་ལ་ཆོས་བརྒྱུད་གཅིག་མཚུངས་འདྲ་མཉམས་གནང་ཟིན་པ་ཞིག་ལ། ང་ཚོས་ཅེས་ཕྱིར་ཞིབ་འཇུག་དགོས་ནི་རེད། ཅི་ཞིག་ལ་ཞུབ་འཇུག་དགོས་ནི་རེད། གལ་ཏེ་དགོས་ན་མི་ལོ་བཅུ་ཡས་མས་སུ་ཞིབ་འཇུག་ཅི་ཞིག་བྱས་ཡོད་ཟེར་བ་དེ་ཡིན།
༣ ཇོ་ནང་ལ་ཆོས་བརྒྱུད་འདྲ་མཉམ་གྱི་མཚན་གནས་ཐོབ་ཐང་མི་སྤྲད་པར། ཞིབ་འཇུག་དགོས་ཚུལ་གྱིས་ཐག་ཆོད་མི་བྱེད་པར་སྣང་ཆུང་དང་མི་ལོ་བཅུ་ཡས་མས་སོང་ཟིན། ད་དེ་ལས་ལྷག་པའི་ནར་འགྱང་བྱེད་དགོས་དོན་འདུག་གམ།
༤ དེ་ལྟར་བྱས་ནས་ཇོ་ནང་བ་གཞི་བྱེས་གཉིས་མ་ཟད་གཞན་པའི་མི་གཟིར་གནས་བློ་ལྡན་ཆེས་མང་བོ་ཞིག་གི་སེམས་ལ་བློ་ཕམ་ཆེན་པོ་བྱུང་དང་བྱུང་བཞིན་ཡོད་པ་ངས་ཤེས་ལ། སུས་ཀྱང་ཤེས་སླ་ཞིག་མ་རེད་དམ། འདི་ལྟར་མི་མཐུད་དུ་འདུག་ན་བོད་མི་རིགས་ཀྱི་སྡོག་རྩ་གཅིག་བགྲིལ་ལ་གནོད་ཀྱི་རེད་དམ་ཕན་གྱི་རེད། དེ་འདྲའི་ནར་འགྱང་དགོས་དོན་མེད་པ་ཞིག་མ་རེད་དམ། ཟེར་གི་ཡོད།
༥ རྒྱུ་མཚན་འདི་དག་གི་ཕྱིར་ད་ལྟའི་ཇོ་ནང་བར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་མིན་དེ་བོད་སྤྱིའི་བསྟན་པ་ཆབ་སྲིད་གཉིས་ག་ལ་འབྲེལ་བ་གལ་ཆེན་ཞིག་ཆག་མི་འདུག ཟེར་གི་ཡོད། འདུག་ན་གཟིར་གནས་ལྷག་བསམ་གྱིས་ཕྱུག་པ་དག་གིས་བསམ་གཞིག་རྣལ་མ་ཞིག་ཐོང་ལ་བསྒོ་གླེང་དང་རྒྱབ་སྐྱོར་ཡང་དག་ཞིག་གནང་རོགས། ཟེར་གི་ཡོད།
༢༠༠༩ ལོར་ཡང་། ཕྲན་གྱིས་འདི་འདྲའི་སྙན་ཞུ་ཞིག་བྱེས་བཞུགས་བོད་ཀྱི་གནད་ཡོད་མི་སྣ་ཀུན་ལ་ཕུལ་ཡོད། གལ་ཏེ་དོ་སྣང་མ་བྱས་ན། འདིའི་བརྒྱུད་རིམ་རྒྱས་པ་ཞིག་སྐད་ཡིག་གཞན་ཐོག་ཏུ་བསྒྱུར་ནས་འཛམ་གླིང་མི་མང་ལ་བསམ་ཚུལ་འདྲི་སྲིད་པར་བཤད་ཡོད། ད་བར་ལོ་གསུམ་མ་ཟིན་ཙམ་གྱི་རིང་ལ་དམིགས་བསལ་དོ་སྣང་གནང་བ་གོ་མ་སོང་། གལ་ཏེ་ད་དུང་ཡང་དོ་སྣང་མ་བྱས་ན། ཕྲན་གྱིས་ནི་ད་པར་དུ་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་དཀའ་བས། དེ་འཛམ་གླིང་མི་མང་ལ་འདྲི་བ་ལས་ཅི་བྱ་སྙམ་ཡོད། འོན་ཏེ་འཛམ་གླིང་མི་མང་ལ་འདྲི་ཕོད་པ་ཞིག་རེད་དམ་མ་རེད། མ་ཡིན་ན་ཅེས་ཕྱིར་དང་། མི་རིགས་ན་ཅིའི་ཕྱིར། ད་ཅི་ཞིག་བྱ་རིགས་སོགས་གཟུར་གནས་བློ་ལྡན་དག་གིས་གསུང་རོགས་ཞུ།
དབྱངས་ཅན་སྒྲོལ་མས་གསུང་ལ་ལྟོས་དང་།
{ ཤར་མཁན་སྤྲུལ་གྱི། ཙན་བྱོལ་བོད་གཞུང་གིས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་ཡོད་པ་མ་རེད་ཟེར་འདུག་དེ་ལ་དམིགས་ཡུལ་དང་དགོས་པ་ཞིག་ཡོད་རྒྱུ་རེད། དེ་ལ་དགོས་པ་ཞིག་ཡོད་ན་ཇོ་ནང་བ་ནང་བ་ཡིན་མིན་དང་བོན་པོ་ཡིན་མིན་སོགས་དགོས་མེད་མང་པོ་མི་བྱེད་པར་གསལ་བཤད་ཞིག་བྱས་ན་ལེགས།
དེ་འདྲེའི་རིགས་སྐུ་ངོ་ཞིག་གསུང་མེད་པ་མ་ཟད་གླེན་པ་ང་འདྲ་ཞིག་ཡིན་རུང་དེ་འདྲ་མི་བཤད་ཁོ་ཐག་ཡིན་དེ་ལྟར་གསུང་ན་དགོས་པ་མེད། }ཟེར།
ཁྱོད་ཀྱི་བཤད་པ་རི་བོའི་ངོས་ཆེན་དུ། ཡིག་སྐྱོན་ཆུ་འཛིན་ནག་པོས་གཡོག་འདུག་པས། །དོན་ཀྱི་ལྗོན་ཤིང་ཡོད་ཀྱང་མི་མཐོང་བས། །དེང་ཕྱིན་དགག་ཡིག་འབྲི་ན་དག་ཆ་གཅེས། །
དེའི་ལྷག་མ་ཁྱོད་ཀྱིས་གསུང་ཚད་ནི་ཁྱོད་ཀྱིས་ངས་ཅི་ཞིག་གླེང་གི་ཡོད་ཀྱི་ཕྱོགས་ཙམ་ཡང་མ་གོ་བས་ཉོགས་གཏམ་ལས་མི་འདུག་པས་ལན་རྒྱབ་རིན་ཙམ་ཡང་མེད་པ་གློག་མཁན་དག་གིས་ཤེས་སླ།
{ Samten ཟེར་བ་ཞིག་གིས།
ཁྱོད་ཀྱིས་ག་ཚོད་ཀྱི་བགྲེལ་བཤད་རྒྱག་རུང་མདོར་བསྡུས་ནས་བཤད་ན་ཡང་ཇོ་ནང་ལ་དམིགས་བསལ་གྱི་སྤྱི་འཐུས་དགོས་ཟེར་བ་དེ་རེད་། ཁྱོད་དངོས་གནས་ཇོ་ནང་གི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་ན་སློབ་སྦྱོང་གི་ཕྱོགས་ཡར་རྒྱས་གཏོང་དགོས་བ་ལས་སྤྱི་འཐུས་མེད་ན་ཁྱོད་ཚོ་ཆོས་ཕྱོགས་ལ་སློབ་སྦྱོང་བྱེད་རྒྱུའི་བར་ཆད་གང་འདུག
ཁྱོད་ཚོའི་དམིགས་ཡུལ་ནི་ཆོས་བརྒྱུད་གྱི་མིང་ཁ་ལ་འཁྱེར་ནས་གོ་གནས་རྩོད་རྒྱུ་དེ་མ་རེད་དམ། ཟེར། }
ངས་སྤྱི་མཐུས་དགོས་ཞེས་ཁ་ལ་ཁྱེར་མེད་ཡང་ཁྱེད་ཀྱིས་བཟོས་འདུག་པ་ལ་དམིག་ཡུལ་ཞིག་ཡོད་རྒྱུ་རེད། གལ་ཏེ་ཡིན་དུ་ཆུག་ཀྱང་། ཁྱོད་ཀྱིས་ཆོས་བརྒྱུད་གཞན་དག་ལ་བསློབ་སྦྱོང་དང་སྤྱི་མཐུས་གཉིས་ག་དགོས་ཀྱང་། ཇོ་ནང་ལ་བསློབ་སྦྱོང་ལས་སྤྱི་མཐུས་དགོས་དོན་མེད་པར་དམ་བཅས་པ་ཡིན་ནམ། མ་ཟད་ངེད་ཅག་གིས་དུས་བབ་ཐོག་ཏུ་སྤྱི་དོན་གླེང་དུས་ཁྱེད་ཀྱིས།
{ ཁྱོད་ཚོ་རྗེས་ལུས་ཐེབས་འདུག་གང་ཡིན་ཟེར་ནས་དེང་སང་ཆབ་སྲིད་དང་ཆོས་སོ་སོ་དབྱེ་པའི་དུས་ལ་སླཻབས་ཚར་རེད། གོང་ས་མཆོག་གིས་གསུང་ཁྱོད་མ་གོ་བ་ཨི་རེད། }
ཟེར་བ་སོགས ཕྱོགས་རིས་དང་མི་རྒེར་ལ་སྡང་སེམས་དམའ་འབེབས་བྱེད་པ་འདི། ཉིད་ཀྱིས་གང་ཞིག་ལ་ངོ་དགའི་ཆེད་དུ་བྲིས་པ་འདྲ་བོ་ལས་དོན་འབྲས་དབེན།
མདོར་ན་ཁྱེད་གཉིས་པོའི་སེམས་ལ་སྡང་སེམས་ཆེན་པོ་འཁོར་འདུག་ཏེ། གླེང་རྟེགས་འདི་མི་དགེར་ཕན་ཚན་མཁོན་འཛངས་བྱེད་ས་མ་ཡིན་པ་ཤེས་པར་བྱོས་ལགས།
ཁྱོད་ཀྱིས་ག་ཚོད་ཀྱི་བགྲེལ་བཤད་རྒྱག་རུང་མདོར་བསྡུས་ནས་བཤད་ན་ཡང་ཇོ་ནང་ལ་དམིགས་བསལ་གྱི་སྤྱི་འཐུས་དགོས་ཟེར་བ་དེ་རེད་། ཁྱོད་དངོས་གནས་ཇོ་ནང་གི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་ན་སློབ་སྦྱོང་གི་ཕྱོགས་ཡར་རྒྱས་གཏོང་དགོས་བ་ལས་སྤྱི་འཐུས་མེད་ན་ཁྱོད་ཚོ་ཆོས་ཕྱོགས་ལ་སློབ་སྦྱོང་བྱེད་རྒྱུའི་བར་ཆད་གང་འདུག
ཁྱོད་ཚོའི་དམིགས་ཡུལ་ནི་ཆོས་བརྒྱུད་གྱི་མིང་ཁ་ལ་འཁྱེར་ནས་གོ་གནས་རྩོད་རྒྱུ་དེ་མ་རེད་དམ། ཁྱོད་ཚོ་རྗེས་ལུས་ཐེབས་འདུག་གང་ཡིན་ཟེར་ནས་དེང་སང་ཆབ་སྲིད་དང་ཆོས་སོ་སོ་དབྱེ་པའི་དུས་ལ་སླཻབས་ཚར་རེད། གོང་ས་མཆོག་གིས་གསུང་ཁྱོད་མ་གོ་བ་ཨི་རེད།
ཤར་མཁན་སྤྲུལ་གྱི། ཙན་བྱོལ་བོད་གཞུང་གིས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་ཡོད་པ་མ་རེད་ཟེར་འདུག་དེ་ལ་དམིགས་ཡུལ་དང་དགོས་པ་ཞིག་ཡོད་རྒྱུ་རེད། དེ་ལ་དགོས་པ་ཞིག་ཡོད་ན་ཇོ་ནང་བ་ནང་བ་ཡིན་མིན་དང་བོན་པོ་ཡིན་མིན་སོགས་དགོས་མེད་མང་པོ་མི་བྱེད་པར་གསལ་བཤད་ཞིག་བྱས་ན་ལེགས།
དེ་འདྲེའི་རིགས་སྐུ་ངོ་ཞིག་གསུང་མེད་པ་མ་ཟད་གླེན་པ་ང་འདྲ་ཞིག་ཡིན་རུང་དེ་འདྲ་མི་བཤད་ཁོ་ཐག་ཡིན་དེ་ལྟར་གསུང་ན་དགོས་པ་མེད།
ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོད་པ་རེད༧གོང་ས་མཆོག་གིས་ཆོས་བརྒྱུད་གཞན་ལས་ལྷག་པའི་དགོན་གཞིས་གསར་འདེབས་བྱས་ཡོད་པས་སྒྲུབ་བྱེད་མང་དུ་ཁྱེད་ཀྱི་གསུང་འདུག་པ་དེ་ཚོ་ཆོས་བརྒྱུད་ཕྱི་མཚུངས་ཀྱི་ཐོབ་ཐང་མེད་པ་ག་ལ་ཡིན། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གི་དགོན་གཞི་གསར་འདེབས་དང་དམིགས་བསལ་བཤད་སྒྲུབ་ཀྱི་རྟེན་གཞིས་གསར་འཛུགས་བྱས་ནས་རྒྱབ་སྐྱོར་བྱས་ཡོད་པ་ཁྱེད་གཅིག་པོའི་བཤད་པ་ཙམ་ག་ལ་ཡིན། དེ་ཡང་མི་ཚང་མར་རླུང་ལྟར་གྲགས་བཞིན་ཡོད་པ་རེད། དེ་ལ་འགོགས་རྐྱེན་དང་ཁ་ཐུག་བྱེད་མཁན་གཅིག་ཀྱང་མེད་པ་ངས་ཁ་ཚོད་བཅད་ཆོག རྒྱ་བལ་འབྲུག་གསུམ་ན་ཡོད་པའི་ཇོ་ནང་བའི་དགོན་སྡེ་ཁག་གི་བཤད་སྒྲུབ་ཀྱི་བྱ་བ་དང་ཐོས་བསམས་སྒོམ་གསུམ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་བྱེད་བཞིན་ཡོད་པ་མ་ཟད་རྡོར་ལྡན་སྨོན་ལམ་ཆེན་མོ་ཡང་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཚོགས་བཞིན་ཡོད་པ་སོགས་ལ་འགོགས་རྐྱེན་བྱེད་མཁན་ཡོད་པ་གོ་ཐོས་ཙམ་ཡང་མི་འདུག
རྒྱ་མཚན་ཡང་དག་འདྲ་ཡོད་ན་བཤད་ན་ལེགས་དགོས་མེད་མ་བཤད་ལོ།