མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷ་ཌཱ་ཧྥེ་སྲིད་སྟེཊ་ལས་འབབ་རྒྱུའི་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་གཟའ་མིག་དམར་ཉིན་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ས་པེ་རེ་སི་རྒྱལ་ཡོངས་རླུང་འཕྲིན་བརྒྱུད་གནས་ཚུལ་བསྒྲགས་གསལ་ལྟར་ན།
ད་ལྟ་ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་པ་གྷ་ཌཱ་ཧྥེ་སྲིད་སྟེགས་ལས་འབབ་རྒྱུར་གྲ་སྒྲིག་བྱས་ཡོད་འདུག

འདི་ཟླའི་ཚེས་ ༡༢ ཉིན་གྷ་ཌཱ་ཧྥེ་ཡི་འཐུས་མི་ཁག་ཅིག་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་འབྱོར་ཏེ་གཞུང་གི་གནད་ཡོད་མི་སྣ་དག་དང་འབྲེལ་གཏུགས་བྱུང་རྗེས། ཕྱི་སྲིད་བློན་ཆེན་ཇུ་པེེ་(Alain Juppe) ལགས་ཀྱིས། ད་ལྟ་གྷ་ཌཱ་ཧྥེ་གཞུང་གིས་ལེ་བྷེ་ཡའི་ཟིང་འཁྲུག་ཁྲོད་ཐེ་ཇུས་ཡོད་པའི་རྒྱལ་ཁབ་ཚང་མར་འཐུས་མི་བཏང་དང་གཏོང་བཞིན་ཡོད་ཅིང་། ཐེངས་འདིའི་འཐུས་མིའི་ཐུག་འཕྲད་ནི་གྲོས་མོལ་དངོས་མིན། འོན་ཀྱང་། འཐུས་མི་ཚོས་གྷ་དཱ་ཧྥེ་སྲིད་སྟེགས་ནས་འབབ་རྒྱུར་གྲ་སྒྲིག་ཡོད་སྟབས། གྲོས་མོལ་ཞི་འགྲིག་བྱ་རྒྱུའི་བསམ་ཚུལ་བཏོན་ཡོད་ལུགས་བསྒྲགས་འདུག

ཧྥ་རན་སི་ནི་ཐེངས་འདིའི་ལེ་བྷེ་ཡའི་ཟུང་འཁྲུག་ལ་ཎ་ཏོ(Nato) མཉམ་འབྲེལ་དམག་དང་རྒྱལ་ཚོགས་བདེ་འཇགས་དམག་དཔུང་བཏང་པའི་ནང་གི་ནུས་སྟོབས་ཆེ་ཤོས་ཤིག་ཆགས་ཡོད་ཅིང་། ལེ་བྷེ་ཡའི་རྒྱལ་ཁོངས་ནས་ཧྥ་རན་སིའི་དམག་དཔུང་ཕྱིར་འཐེན་དང་ཕན་ཚུན་བར་གྲོས་མོལ་ཅི་བྱ་བཅས་ཧྥ་རན་སིའི་གྲོགས་ཚོགས་ནང་ཐག་གཅོད་བྱ་དགོས་སྟབས། གང་མགྱོགས་གྲོས་ཚོགས་འཚོགས་ཏེ་མང་མོས་ཐག་གཅོད་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་ཁྱོན་ཡོངས་ནས་གྷ་ ཌཱ་ཧྥེ་སྲིད་སྟེགས་ནས་འབབ་དགོས་པ་དེ་གཡོ་ཐབས་མེད་པ་ཞིག་ཡིན་ཀྱང་། དྲི་བ་གཙོ་བོ་ནི་དུས་ཚོད་ནམ་ཞིག་ལ་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་སྲིད་སྟེགས་ལས་འབུད་རྒྱུ་དེ་རེད་ལ། ཧྥ་རན་སི་གཙོས་ཐེངས་འདིའི་ལེ་བྷེ་ཡའི་ཟིང་འཁྲུག་ནང་ཐེ་ཇུས་ཡོད་པའི་རྒྱལ་ཁབ་ཁག་གིས། འཁོན་འཛིན་དང་དམག་འཁྲུག་མཇུག་སྒྲིལ་ཕྱིར་གྷ་ཌཱ་ཧྥེ་སྲིད་དབང་སྒེར་འཛིན་གྱི་སྲིད་སྟེགས་ལས་འབབ་དགོས་པའི་གནོན་ཤུགས་རིམ་པར་སྤྲད་ཡོད།

གྷ་ཌཱ་ཧྥེ་ཡིས་ལོ་༤༡ རིང་ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་བྱས་ཡོད་ལ། འདི་ལོ་མི་མང་གིས་སྲིད་དབང་འཕོ་འགྱུར་དགོས་པའི་ངོ་རྒོལ་ཐད་རྒྱལ་སྤྱིའི་དམག་རོགས་བཏང་སྟེ། ད་ལྟ་གྷ་ཌཱ་ཧྥེ་སྡོད་སའི་གྲོང་ཁྱེར་ཊི་རེ་པོ་ལེ་ (Tripoli) མ་གཏོགས་ས་ཁུལ་གཞན་ཚང་མ་གྱེན་ལངས་ཤོག་ཁག་དང་རྒྱལ་ཚོགས་དམག་གིས་བཟུང་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

སྐར་མ ༤ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese