མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་གཡེམ་མཚམས་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་ལྷན་ཚོགས་ཀྱིས་བལ་ཡུལ་ཉེན་རྟོག་པས་བོད་པའི་བུད་མེད་ཚོ་འཛིན་བཟུང་བཀག་ཉར་བྱེད་སྐབས། བཙན་གཡེམ་རིགས་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༢༩ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐབས་ ༤༩ པའི་བུད་མེད་ལ་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོག་ཞེས་པའི་ལྷན་ཚོགས་ཞིག་འཚོགས་བཞིན་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་སྟེང་ཨ་ཧྤི་རི་ཀའི་གླིང་ཕྲན་དང་དང་དབུས་ཨ་མི་རི་ཀ ཨེ་ཤེ་ཡའི་གླིང་ཕྲན་གྱི་བལ་ཡུལ་དང་ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་ ༡༠ ལྷག་གི་སྐུ་ཚབ་མཉམ་འཛོམས་ཐོག་ཡུལ་གྲུ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་གི་ཐད་ནས་རྒྱལ་ཁབ་སོ་སོའི་སྙན་ཐོ་སྒྲོག་སྦྱོང་གནང་གི་ཡོད་པ་ལྟར། ཉེ་ཆར་བལ་ཡུལ་གཞུང་གིས་ཐེངས་འདིའི་ཚོགས་ཆེན་སྟེང་འཁུར་བཞིན་པའི་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཕྱིར་བསྒྲགས་བྱས་ཡོད་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བལ་ཡུལ་གཞུང་གིས་ཐེངས་འདིའི་ཚོགས་འདུར་བཏོན་པའི་སྙན་ཐོ་ལ་ཉམས་ཞིབ་གནང་སྟེ། ཐེངས་འདིའི་ཚོགས་འདུར་བལ་ཡུལ་རང་གི་རྒྱལ་ཁབ་ཀྱི་བུད་མེད་དང་ལྷག་པར་དུ་བོད་མི་གཙོས་པའི་སྐྱབས་བཅོལ་བུད་མེད་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་བབ་དང་། བུད་མེད་ཀྱི་རང་དབང་བཅས་ཀྱི་ཐད་ནས་གང་འདྲ་ཡིན་མིན་ཁུངས་སྐྱེད་ར་སྤྲོད་ཀྱི་ཚུལ་དུ་སྙན་ཐོ་ཞིག་ཚོགས་ཐོག་ནས་སྒྲོག་སྦྱོང་གནང་འཆར་ཡོད་འདུག

དེ་ནི། ཐེངས་འདིའི་ཚོགས་འདུའི་སྟེང་རྒྱལ་ཁབ་རིམ་པའི་སྙན་ཐོ་སྒྲོག་སྦྱོང་ཁྲོད་བལ་ཡུལ་གཞུང་གི་སྐུ་ཚབ་ཀྱིས་སྒྲོག་སྦྱོང་གི་དུས་ཚོད་ཕྱི་ཚེས་ ༢༨ ཉིན་ལ་འཁེལ་ཡོད་པའི་དུས་དང་བསྟུན་ཏེ། བལ་ཡུལ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་འགྱུར་མེད་ལགས་སྐུ་ཚབ་དུ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ལ། བུད་མེད་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། བལ་ཡུལ་ནང་གི་བུད་མེད་སྤྱིའི་གནས་སྟངས་དང་ལྷག་པར་དུ་བལ་ཡུལ་ཉེན་རྟོག་པས་བོད་པའི་བུད་མེད་ཚོ་འཛིན་བཟུང་བཀག་ཉར་བྱེད་སྐབས་གང་བྱུང་དུ་བཙན་གཡེམ་བྱེད་ཀྱིན་པའི་སྐོར་དང་། བོད་པའི་བུད་མེད་ཚོར་བཙོན་པ་ཚོར་ལྟ་སྟངས་ཡག་པོ་མེད་པའི་ཁར། བུད་མེད་སྐྱབས་བཅོལ་བའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་སྐོར། དེ་བཞིན། བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་གྱི་བོད་མི་ཚོ་བལ་བོད་ས་མཚམས་ནས་ཕྱིར་ལོག་བཏང་བའི་ཐད་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། མ་འོངས་པར་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་པའི་བུད་མེད་ཚོར་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བཞིན་པའི་རིགས་མཚམས་འཇོག་དང་བཙན་གཡེམ་བཏང་བའི་གྱོད་གཞི་ཁག་ལ་རྟོག་ཞིབ་མཐིལ་ཕྱིན་བྱ་དགོས་པའི་དགོས་འདུན་སོགས་འཁོད་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོང་ཐང་ཚན་པའི་གོ་སྒྲིག་གནང་བཞིན་པའི་བུད་མེད་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོག་ཞེས་པའི་ཚོགས་འདུ་དེ་ནི། ཕྱི་ལོ་ ༡༩༩༦ ལོར་ཐོག་མར་ཨ་ཧྤི་རི་ཀ་དང་དབུས་ཨ་མི་རི་ཀ ཨི་ཊ་ལི། ལྷོ་ཀོ་རི་ཡ།སིང་གྷ་ཕོར། བཅས་གཙོས་པའི་རྒྱལ་ཁབ་ ༡༨༦ ལྷག་གིས་མཚན་རྟགས་བཀོད་པ་ནས་བཟུང་དངོས་སུ་མགོ་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱིས་སུ་བལ་ཡུལ་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཀྱང་མཉམ་ཞུགས་གནང་སྟེ། ད་ལྟའི་ཆར་ལོ་རེར་ཚོགས་འདུ་ཐེངས་གཉིས་རེར་ཚོགས་ཏེ་སྙན་ཐོ་སྒྲོག་སྦྱོང་དང་མཐའ་མའི་གྲོས་ཆོད་སོགས་ཀྱི་ལམ་ནས་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ལ་འབད་པ་བྱེད་ཀྱིན་ཡོད་འདུག

 ༡༩༩༧ ལོ་ནས་བཟུང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱང་སྔ་ཕྱི་ཐེངས་ལྔར་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་གནས་བབ་དང་ཐོབ་ཐང་སོགས་ཀྱི་ཐད་གཏམ་བཤད་རིམ་པ་སྤེལ་ཡོད་པ་དང་། ཐེངས་འདི་ནི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ཕེབས་ཐེངས་ ༦ པ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨

མཆན། 1

  1. སྟག་ཕྲུག says:
    ལོ་ 15 སྔོན།

    བུད་མེད་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese