གཟའ་ལྷག་པའི་ཉིན་རྒྱ་གར་གྲོང་ཁྱེར་མུམ་བྷའེ་ཡི་ས་གནས་གསུམ་ནང་དྲག་སྤྱོད་པས་འགད་རྫས་གཏོར་ཏེ། མི་ ༡༧ རྐྱེན་ལམ་དུ་བཏང་པ་དང་མི་ ༡༣༡ ཙམ་ལ་རྨས་སྐྱོན་ཕོག་འདུག
འགད་རྫས་གཏོར་ཡུལ་གྱི་ས་གནས་གསུམ་ནི་མུམ་བྷའེ་གྲོང་ཁྱེར་གྱི་མི་ཚོགས་འདུ་འཛོམས་ཆེ་ཤོས་ཁག་ཅིག་ཡིན་པ་དང་། འགད་རྫས་དང་པོ་ཉིན་དེའི་དགུང་དྲོའི་ཆུ་ཚོད་ ༦།༥༤ སྟེང་ཛ་ཝེ་རེ་(Zaveri Bazaar) ཁྲོམ་ར་ལ་འགས་གཏོར་བྱུང་པའི་སྐར་མ་གཅིག་ཙམ་གྱི་རྗེས་སུ་ཨོ་པེ་རཱ་(Opera House) རྡོ་རྗེ་ཕ་ལམ་ཁྲོམ་གཞུང་དང་། འགད་རྫས་གསུམ་པ་ཌཱ་ཌར་(Dadar)ས་གནས་གྱི་ཁྲོམ་གཞུང་དུ་ཆུ་ཚོད་ ༧ ཙམ་ལ་བྱུང་ཡོད་འདུག ཞིབ་བཤེར་བརྒྱུད་ཤེས་རྟོགས་བྱུང་པ་ལྟར་ན། འགད་རྫས་དེ་དག་ཚོད་འཛིན་དུས་བཀག་ལྟར་འགས་འཐོར་འགྲོ་བའི་རིགས་ཡིན་པ་དང་། དྲག་སྤྱོད་པས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པ་ཞིག་ཡིན་འདུག
ཐེངས་འདིའི་འཇིགས་རྒོལ་པས་འགད་རྫས་གཏོར་རྒྱུར་ཉེན་བརྡ་དང་དམིགས་ཡུལ། ཐེངས་འདིའི་དོན་རྐྱེན་བཟོ་མཁན་སུ་ཡིན་དང་ཤོག་ཁག་གང་ཏུ་གཏོགས་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཐོན་མེད་པར་བརྟེན། ད་ལྟའི་ཆར་རྒྱ་གར་གསང་པའི་ལས་ཁུངས་དང་ཉེན་རྟོག་པས་ཞིབ་བཤེར་དང་། དོགས་གཞི་བྱ་ཡུལ་ཙམ་ལས་གཏོར་རྒོལ་པའི་ཐད་ཁ་གསལ་གྱི་གནས་ཚུལ་བྱུང་མེད། བྱ་སྤྱོད་དེ་དྲག་སྤྱོད་པ་དང་འབྲེལ་པ་ཡོད་པ་མ་ཟད་དྲག་སྤྱོད་ཤོག་ཁག་གཅིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
མུམ་བྷའེ་ནི་འཛམ་གླིང་ནང་གི་དྲག་སྤྱོད་དོན་རྐྱེན་ཡང་ཡང་བྱུང་ཡུལ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༩༣ , ༢༠༠༢ , ༢༠༠༣, ༢༠༠༦ , ༢༠༠༨ བཅས་སོ་སོར་འཇིགས་རྒོལ་ཁྲོད་ཤི་རྨས་ཆེན་པོ་ཐེབས་ཡོད་པ་དང་། ༢༠༠༨ ལོའི་འཇིགས་རྒོལ་ཁྲོད་མི་༡༦༦ རྐྱེན་ལམ་དུ་ཤོར་ཡོད།
གསར་འགོད་པ། བནྡེ་སྐྱབས།
དེ་ལྟ་བུའི་དྲག་སྤྱོད་ཀྱི་བྱ་སྤྱོད་རིགས་བོད་ནང་དང་རྒྱ་ནག་ནང་ཡོང་མི་སྲིད་པ་ཞིག་ཡིན་པས་དྲ་གྲོགས་དག་གིས་ཐུགས་ཁྲལ་གནང་དགོས་དོན་མེད།་མ་རེད་མ་རེད་
བོད་ཀྱི་གཞོན་ནུ་ཚོགས་པས་དེ་ལྟ་བུའི་ལས་འགུལ་སྤེལ་རྒྱུའི་གཉེན་ཁ་
ཡོད་སྲིད།གང་ལགས་ཞུ་ན་གཞོན་ནུ་ཚོགས་པའི་ལངས་ཕྱོགས་འཚེ་མེད་ཞི་བ་མ་
རེད།སྒྲུབ་བྱ་ནི་རང་བཙན་རེད་སོང་ཙང་སྒྲུབ་བྱ་དེ་ལ་བབ་པའི་ལས་འགུལ་ཞིག་
ཡོད་སྲིད།དེ་མིན་རང་བཙན་རང་བཙན་ཅེས་སྟོང་སྐད་རང་རེད།
བྱ་སྤྱོད་འདི་དག་ནི་སྐྱེ་བོ་སྡར་མའི་ལུགས་ཡིན། འདི་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འོས་ཤིང་མི་འཚམས། མ་འོངས་པར་འུ་ཅག་བོད་ལུང་པའི་ནང་དུ་དེ་ལྟ་བུ་མི་ཡོང་བའི་སྨོན་འདུན་ཡོད།