མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དཔོན་ ༤ བཙན་འཁྲིད་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་ཡེ་ཤུ་ཆོས་དཔོན་ ༤ བཙན་འཁྲིད་བྱས་ཡོད་པ་མ་ཟད། ཆོས་ཁྲིམས་དང་འགལ་ཐོག་ཆོས་དཔོན་ ༤༠ ལྷག་ཁྲི་འདོན་བྱ་འཆར་ཡོད་པ་བསྒྲགས་འདུག

ཟླ་འདིའི་ཚེས་ ༡༠ ཉིན།  རྒྱ་ནག་ཀུང་ཏུང་ཞིང་ཆེན་ཅཱང་མིན་ས་ཁུལ་གྱི་ཆོས་དཔོན་ལཱང་ཅིན་ཧྲིན་དང་། མའེ་ཀྲིག་ས་ཁུལ་གྱི་ཆོས་དཔོན་ལེའོ་ཧུང་ཆིན། ཀྲན་ཅཱང་ས་ཁུལ་གྱི་ཆོས་དཔོན་སུའུ་ཡུང་ཏཱ་གསུམ་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། དེ་བཞིན་ཀྲུང་ཀྲུག་ས་ཁུལ་གྱི་ཆོས་དཔོན་ཀཱན་ཅོན་ཆའོ་ཡང་ཉིན་འགའི་སྔོན་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  ཆོས་དཔོན་དེ་དག་བཙན་ཁྲིད་མ་བྱས་པའི་ཉིན་འགའི་སྔོན་ལ་རྒྱ་གཞུང་གིས་ཁོང་ཚོར་བཀའ་རྒྱ་བཏང་སྟེ། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གཞུང་གི་སྟངས་འཛིན་འོག་འཚོགས་འཆར་ཡོད་པའི་ཆོས་དཔོན་ཁྲི་འདོན་མཛད་སྒོར་ཞུགས་དགོས་པའི་བཙན་སྐུལ་བྱས་ཡོད་པ་རེད། ཡིན་ནའང་། ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤེས་ཆོས་ཚོགས་ཀྱི་ངོས་ནས།  རྒྱ་གཞུང་གིས་མཛད་སྒོ་དེའི་ཐོག་ཁྲི་འདོན་བྱ་འཆར་ཡོད་པའི་ཧུང་པེན་ཀྲང་ཆོས་དཔོན་དུ་ཁྲི་འདོན་བྱ་རྒྱུར་ངོས་ལེན་གནང་མེད་པ་རེད། འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱི་སྤྱི་སྲོལ་ལྟར་ན། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་གི་ཡེ་ཤུ་ཆོས་དཔོན་ཚང་མ་ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་ངོས་འཛིན་བརྒྱུད་ཁྲི་འདོན་བྱེད་དགོས་ཀྱིན་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་རྒྱ་ནག་ནང་ཡེ་ཤུ་ཆོས་དཔོན་ཁྲི་འདོན་གྱི་ལས་དོན་དེ་རྒྱ་གཞུང་གི་ནང་སྲིད་གནད་དོན་ཞིག་ལ་རྩིས་ཏེ།  ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤེ་ཆོས་ཚོགས་ཀྱིས་ཐེ་ཇུས་བྱེད་མི་ཆོག་པ་བརྗོད་ཡོད་པ་མ་ཟད།  རྒྱ་ནག་ནང་ཆོས་དཔོན་ ༤༠ ལྷག་གི་ས་མིག་སྟོང་བར་ལྷག་ཡོད་པས།  རྒྱ་ནག་རྒྱལ་གཅེས་ཡེ་ཤེ་ཆོས་ཚོགས་ཀྱིས་དེ་དག་གང་མགྱོགས་ཁྲི་འདོན་བྱ་དགོས་པ་དེ་ནི་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་ལས་དོན་ཞིག་ཆགས་ཡོད་སྐོར་བསྒྲགས་འདུག  

དེ་བཞིན། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་ངོས་འཛིན་ཡོད་པའི་རྒྱ་ནག་ཧི་པའེ་ཞིང་ཆེན་ཧཱན་ཏན་ས་ཁུལ་གྱི་ཆོས་དཔོན་སུང་ཞིས་གཱན་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད།  ཟླ་ ༦ ཚེས་ ༢༩ ཉིན་རྒྱ་གཞུང་གིས་རང་འདོད་སྒེར་གཅོད་ལྟར། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་འཐུས་མི་དང་རྒྱལ་གཅེས་ཡེ་ཤུ་ཆོས་ཚོགས་ཀྱི་མགོ་གཙོ་ལིས་ཧྲི་ཡཱན་ཟེར་བ།  ཟི་ཁྲོན་ཞིང་ཆེན་གླང་ཆེན་འགྱངས་རི་ས་ཁུལ་གྱི་ཡེ་ཤུ་ཆོས་དཔོན་ལ་ཁྲི་འདོན་བྱས་སྟབས།  ཟླ་འདིའི་ཚེས་ ༤ ཉིན་ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་འཛམ་གླིང་ལ་སྤྱི་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་འཐུས་མི་ལིས་ཧྲི་ཡཱན་ཆོས་དཔོན་དུ་ཁྲི་འདོན་བྱས་པར་ངོ་རྒོལ་བྱས་ཡོད་པ་དང་།  ཡེ་ཤུ་ཆོས་དཔོན་བྷོབ་ཁྲི་ཐོག་ ༡༦ པ་མཆོག་གིས། “རྒྱ་གཞུང་གིས་སྒེར་གཅོད་ཀྱི་ཐོག་ནས་ས་གནས་ཡེ་ཤུ་ཆོས་དཔོན་ཁྲི་འདོན་བྱས་པར་ཧ་ཅང་བློ་ཕམ་ཡོད་ལ། བྱ་སྤྱོད་དེ་རིགས་ནི་རྒྱ་གཞུང་གིས་ཡེ་ཤུ་ཆོས་ལུགས་ཀྱི་སྤྱི་སྲོལ་ལ་གཏོར་བརླག་བཟོས་པ་ཞིག་རེད། འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱི་ངོས་ལེན་མེད་པར་ལིས་ཧྲི་ཡཱན་ཆོས་དཔོན་དུ་ཁྲི་འདོན་བྱས་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། ལིས་ཧྲི་ཡཱན་ལ་རྒྱ་ནང་གི་ཡེ་ཤུ་ཆོས་ལུགས་པའི་ཚོགས་སྡེ་ཁག་ལ་དོ་དམ་བྱེད་པའི་དབང་ཚད་མེད། ” ཅེས་གསུངས་ཡོད་འདུག 

ཉེ་ལམ་རྒྱ་གཞུང་གིས་འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱི་ངོས་འཛིན་མེད་པར། རང་འདོད་སྒེར་གཅོད་ཀྱི་སྒོ་ནས་རྒྱ་ནག་ནང་ས་གནས་ཡེ་ཤུ་ཆོས་དཔོན་ཁྲི་འདོན་བྱེད་བཞིན་པའི་གནས་སྟངས་ཐད།  འཇར་མན་རླུང་འཕྲིན་ཁང་གིས་རྒྱ་ནག་ཧོང་ཀོང་གི་ཆོས་དཔོན་ཁྲིན་ཀྲི་མེན་ལ་བཀའ་འདྲི་གནང་སྐབས།  ཁོང་གིས་ “ཡེ་ཤུ་ཆོས་དཔོན་ནི་འཛམ་གླིང་ཡེ་ཤུ་ཆོས་ལུགས་ཀྱི་སྤྱི་སྲོལ་ལྟར་རྒྱུན་འཛིན་བྱེད་དགོས་པ་རེད།  རྒྱ་གཞུང་གིས་ངེས་པར་དུ་ཆོས་ལུགས་ལ་རང་དབང་སྤྲོད་དགོས ” ཞེས་བརྗོད་དེ།  ཡེ་ཤུའི་ཆོས་དཔོན་བྷོབ་ཀྱི་གསུངས་པ་ལྟར། འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་ངོས་ལེན་མེད་པར་ཆོས་དཔོན་ཁྲི་འདོན་བྱས་པ་ནི་ཁྲིམས་འགལ་ཡིན་ལ། ཆོས་དཔོན་དེའི་རིགས་ཀྱིས་ཡེ་ཤུ་ཆོས་ཚོགས་ལ་དོ་དམ་བྱེད་པའི་དབང་ཚད་མེད་པ་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་རྒྱལ་གཅེས་ཡེ་ཤུ་ཆོས་ཚོགས་ཀྱི་མགོ་གཙོ་གཞོན་པ་ལུག་པའོ་ཉཱན་ལ།  འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་ངོས་འཛིན་ཡོད་པའི་ཆོས་དཔོན་ ༤ ཉེ་ཆར་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ཐད་བསམ་ཚུལ་དྲིས་སྐབས།  ལིག་པའོ་ཉཱན་གྱིས་གནས་ཚུལ་དེ་ཁོ་རང་གིས་གོ་ཐོས་བྱུང་མེད་ཚུལ་དང་།  གནས་ཚུལ་དེ་དཀྲོགས་གཏམ་ཡིན་སྲིད་པའི་སྐོར་བརྗོད་འདུག 

ཕྱི་ལོ་ ༡༩༥༡ ལོར་ཝེ་ཐེ་ཁཱན་འཛམ་གླིང་ཡེ་ཤུ་ཆོས་ཚོགས་ཀྱིས་གོ་མེན་ཏང་སྲིད་གཞུང་ནི་རྒྱ་ནག་གི་ཁྲིམས་མཐུན་གཞུང་ཡིན་པའི་ངོས་འཛིན་གནང་བར་བརྟེན། རྒྱ་གཞུང་དང་འཛམ་གླིང་ཡེ་ཤུ་ཆོས་ཚོགས་བར་འབྲེལ་བ་ཆད་ཡོད་པ་རེད།  ཡིན་ནའང་།  རྒྱ་ནག་ནང་རིམ་བཞིན་ཡེ་ཤུ་དད་ལྡན་པ་ཇེ་མང་དུ་སོང་བ་དང་བསྟུན་ནས།  ཕྱོགས་གཉིས་བར་འབྲེལ་བ་བསྐྱར་དུ་ཚུགས་མགོ་བརྩམས་ཡོད་མོད།  ཉེ་བའི་ལོ་གཅིག་གི་སྔོན་ནས་བཟུང་རྒྱ་གཞུང་གིས་རྒྱལ་གཅེས་ཡེ་ཤུ་ཆོས་ཚོགས་ཟེར་བའི་མིང་ཐོག་ནས། ས་གནས་ཡེ་ཤུ་ཆོས་དཔོན་རང་འདོད་ལྟར་ཁྲི་འདོན་བྱས་པར་བརྟེན། རྒྱ་གཞུང་དང་འཛམ་གླིང་ཡེ་ཤུ་ཆོས་ཚོགས་བར་གྱི་འགལ་ཟླ་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་པ་རེད། 

༢༠༠༦ ལོའི་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་སྙན་ཐོའི་ནང་བཀོད་པ་ལྟར་ན། དེང་སྐབས་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་ལ་དད་མཁན་མི་གྲངས་ཁྲི་ ༡༣༠༠༠ ཡོད་པ་དང་། དེའི་ནང་གནམ་བདག་ཆོས་ལུགས་པ་ཁྲི་ ༢༠༠༠ ཡོད་འདུག

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་གཞུང་གི་འཛམ་གླིང་མི་མང་ལ་ང་ཚོ་ལ་ཆོས་དད་རང་དབང་ཡོད་ལུགས་བརྗོད་པ་སྐྱག་རྫུན་ཡིན་པ་དེ་ནི་རབ་སྤྲོད་གསལ་བོར་བྱས་པ་ཞིག་རེད།  གོང་གི་ཆོས་དབོན་དེ་ཚོ་ཆོས་བྱེད་མི་སྣ་ཡིན་པ་ལས་ཆབ་སྲད་པ་སོགས་གང་ཡང་མིན་དུས་ཁོང་ཚོ་བཙན་འཁྲིད་བྱེད་པ་དེ་ནི་ཆོས་དད་རང་དབང་མེད་པ་གསལ་བོ་བསྟན་པ་ཞིག་མ་ཡིན་ནམ།   སྤྱིར་བོད་མི་ཚོ་འདི་ལྟར་འཛིན་བཟུང་བཙན་འཁྲིད་བྱེད་དང་བྱེད་བཞིན་ཡོད་པ་རེད།  ཡིན་ཡང་དེ་དངོས་ལེན་བྱེད་ཀྱི་ཡོད་པ་མ་རེད་རྒྱའི་ཆོས་དཔོན་ཁོང་ཚོ་འཛིན་བཟུང་བཙན་ཁྲིད་བྱས་པ་འདི་ཁས་ལེན་མི་བྱེད་ཐབ་མེད་ལྟ་བུ་ཞིག་གྱུར་ཡོད་པ་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese