མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཨ་རིའི་ཕོ་བྲང་དཀར་པོས་ཕྱི་ཚེས་
༡༦ ཉིན་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་ལ་མཇལ་འཕྲད་གནང་སྟེ།  བོད་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོང་ཐང་སྐོར་ལ་བཀའ་མོལ་གནང་རྒྱུ་ཡིན་པ་བསྒྲགས་འདུག 

དེ་རིང་ཕྱི་ཚེས་ ༡༦ ཉིན། ཨ་རིའི་ཕྲོ་བྲང་དཀར་པོས་སྲིད་འཛིན་ཨོ་བྷ་མ་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། མཇལ་འཕྲད་སྐབས་ཨ་རིའི་ངོས་ནས་བོད་ཀྱི་རིག་གཞུང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག ཐེངས་འདིའི་མཇལ་འཕྲད་དེ་ཨ་རིའི་ཕོ་བྲང་དཀར་པོའི་དཔེ་མཛོད་ཁང་དུ་དུས་ཡུན་སྐར་མ་ ༣༠ རིང་གནང་རྒྱུ་ཡིན་འདུག

ཨོ་བྷ་མ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་བསྒྲགས་མ་ཐག  ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་མཇལ་འཕྲད་དེ་ཕྱིར་འཐེན་བྱ་དགོས་ལུགས་བརྗོད་ཡོད་པར་མ་ཟད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ཧྲི་ཡིས་“ང་ཚོས་རྣམ་པ་གང་རུང་གི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་” ཅེས་བརྗོད་དེ། རྒྱ་གཞུང་གི་ངོས་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་བྱས་ཡོད་འདུག 

སྔོན་མ་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོའི་ཁང་བརྩེགས་འོག་མའི་ས་ཁྲའི་ཁང་ཆེན་ནང་མཇལ་འཕྲད་ཐེངས་དང་པོ་དེ་གནང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༢༤ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 10

  1. sangkye says:
    ལོ་ 15 སྔོན།

    སྲིད་འཛིན་ཨོ་བྷ་མ་དང་༸གོང་ས་སྐྱབས་མགོན་ཆེན་པོ་གཉིས་འཇལ་འཕྲད་བྱུང་བ་ཧ་ཅིང་ཡག་པོ་རེད།་ རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ།

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྲིན་འཛིན་བྷ་རག་ལ་བསོད་སྡེ་ཆེན་པོ་ལྡན་ཟིག

    Reply
  3. ནགས་མཚོ says:
    ལོ་ 15 སྔོན།

    གནས་ཚུལ་འདི་ནི་༧་གོང་ས་མཆོག་གི་གཟི་བརྗིད་དང་རང་རིགས་བོད་མི་ཡོངས་ལ་སྤྲོ་བ་འཕེལ་བའི་གཏམ་བཟང་ཞིག་ཡིན་དང་།
    རྒྱ་ནག་ལ་ཡང་གདའ་ལན་གསར་པ་ཞིག་་ཡིན་པ་རེད་འདུག།
    བོད་རྒྱལ་ལོ།

    Reply
  4. གྲགས་བསོད་ says:
    ལོ་ 15 སྔོན།

    དེ་རིང་༧གོང་ས་མཆོག་དང་ཨོ་བྷ་མགཉིསམཇལའཕྲད་གནང་བ་དེ་ལ་བོད་མི་ཕལ་ཆེར་ལ་དགའ་ཚོར་ཚད་མེད་དང་རེ་བ་དང་ཡིད་ཆེས་ཀྱང་ཆེར་སོང་ཡོད།་ དགའ་ཚོརསྐྱེས་འོས་ཀྱང་ཆབ་སྲིད་ཀྱི་འཐད་ལ་རེ་བ་དང་ཡིད་ཆེས་གང་ཡང་བྱེད་རྒྱུ་མེད་དེ། ཨོ་བྷ་མ་ནི་བོད་མི་རིགས་དེ་རྒྱ་མི་ཀྱི་ཆ་ཤས་རེད་ཟེར་མཁན་མི་མཐའ་ཤ་ཅན་ཞིག་ཡིན་པའི་ཕྱིར་རོ།

    Reply
  5. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    འོ་ད་རེས་ཡིན་ན་མགྲོན་པོ་ཁྱིམ་ལ་སླེབས་དུས་ཨོ་བྷ་མ་ཡང་འཛམ་གླིང་མི་མང་ལ་ངོ་ཚ་ནས་༸གོང་ས་མཆོག་དང་མི་མཇལ་ཐབས་མེད་ཞིག་བྱུང་བ་མིན་ནམ། དེ་ལྟར་མ་བྱས་ན་སྟོབས་ཆེན་ཨ་རི་ཟེར་བའི་མིང་དེ་འཛམ་གླིང་ལ་ཇི་ལྟར་འགྲེལ་བཤད་རྒྱག ད་ཡིན་ན་སྐྱིད་གི་འོ་བྷ་མ་ཡང་། མི་གཏོང་རྒྱུ་རེད་ལག་པ་རེད། གཏོང་རྒྱུ་རེད་དཀར་ཡོལ་རེད། ཅེས་པའི་དཔེ་ལྟར་རེད། ད་བལྟ་དགོས་ཡ་འཁྲུགས་པོ་འདུག ཧ་ཧ་་་་

    Reply
  6. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་པ་འདི་ནི་ཨོ་བྷ་མ་རིང་ཉིད་ཀྱི་གཟི་བརྗེད་ཡིན་པ་མ་ཟད་ཨ་རིའི་མི་མང་གི་ཁོང་ལ་ཡིད་ཆེས་ཆེ་རུ་བྱིན་ཡོད་པ་རེད་བསམ་གྱི་འདུག་གང་ཡིན་ཟེར་ན་༧གོང་ས་མཆོག་ལ་དགའ་མཁན་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ཀྱི་ཁོང་ལ་༧གོང་ས་མཆོག་དང་མཇལ་འཕྲད་གནང་རོགས་ཞེས་གསུང་གི་ཡོད་པ་དེ་རེད་འདྲ་སོང་ཙང་ཨ་རིའི་མི་མང་གི་ཁོང་ལ་རྒྱབ་སྐྱོར་ཡོད་པ་རེད།    རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་ཚང་ངོ་ཚ་བྱེད་དགོས་བྱུང་པ་རེད་དེ་ནི་དྲང་བདེན་ལ་དགའ་མཁན་མི་མང་གི་ཁོང་ཚོ་ལ་གནོད་ཤུགས་སྤྲད་པ་ཞིག་རེད།   འདི་ལྟར་དམར་ཕྱོགས་ཚང་ངོ་ཚ་བྱུང་པ་འདི་ཁོང་ཚོ་ལ་ལན་ཞིག་སྤྲད་པ་རེད་བསམ་བྱུང་དྲང་བདེན་མ་བྱས་ན་འགྲོ་ས་མེད་པ་བསྟན་པ་ཞིག་རེད་དྲན་སོང་།   བོད་རྒྱལ་ལོ།

    Reply
  7. ཤར་མཁན་སྤྲུལ། says:
    ལོ་ 15 སྔོན།

    འདི་གཏམ་བཟང་ཞིག་རེད། འོན་གྱང་ད་ངས་འདི་ནས་ཨོ་བྷ་མ་ལས། ཨ་རིའི་མི་དམངས་དང་ལྷག་པར་དུ་གྲོས་ཚོགས་མཐུས་མི་རྒྱབ་སྐྱོར་གནང་མཁན་དག་ལ་ཆེད་དུ་བཀའ་ཀྲིན་སྙིང་བཅིང་གིས། བཀའ་དྲིན་ཤིན་ཏ་ཆེ་ཞུ་རྒྱི་ཡིན། ང་ཚོ་བོད་པ་ད་ལྟ། བྱ་གྲིབ་ཀྱི་འཁྱག་དུས། ཁ་རླང་གིས་ཀྲོ་དུས་ལ་སླེབས་ཡོད། ཞུ་རྒྱུ་ཡིན།
    ཞོར་དུ་བོད་རིགས་སྤུན་ཟླ་ཚོ་ཀུན་ལ་ཞུ་རྒྱུ་ཞིག་ལ། ཇོ་ནང་བ་ཁོ་ན་སའི་གོ་ལའི་ཐོག་གྱི། དཔལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་ཀྱི་ཆེད་ལས་སྲོག་འཛིན་པ་ཡིན་པ་ཤེས་ཀྱི་ཡོད་དམ། གལ་ཏེ་མེད་ན། དུས་བབ་ཐོག་གཟིགས་དང་དེར་རྒྱས་པ་ཡོད་ལགས།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དེ་ནི་ཨོ་བྷ་མའི་གཟི་བརྗིད་ཅིག་ལས་༧གོང་ས་མཆོག་ལ་མཚོན་ན་ནག་རིལ་དེ་དང་མ་མཇལ་ཡང་ཆོག་པ་རེད། སྲིད་ཕྱོགས་ནས་བསམ་ན་རྒྱ་ནག་ལ་ལན་ཞིག་སྤྲད་པ་རེད།

    Reply
  9. གངས་ཅན། says:
    ལོ་ 15 སྔོན།

    དགའ་བསུ་དང་རྟེན་འབྲེལ་ཞུ། དམར་གཞུང་དོགས་པ་རྣམ་རྟོག་ཚ་སྟབས། སྐད་ངན་ཤོར་གྱི་འདུག

    Reply
  10. ལྷ་མོ་དབྱངས་ཅན། says:
    ལོ་ 15 སྔོན།

    གནས་ཚུལ་འདི་དེ་སྔོན་ནས་ཆབ་སྲིད་དབྱེ་ཞིབ་པ་མང་པོས་ཚོད་དཔག་བྱས་ཐུབ་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མས་མཇལ་འཕྲད་འདི་ཨ་རི་མི་དམངས་དང་གྲོས་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese