མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཁུངས་སྤོར་གྱིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp


བཀའ་ཤག་གིས་མཐུན་འགྱུར་རོགས་རམ་གནང་བ་ལྟར།  ཉེ་ཆར་ནས་འཕྲོད་བསྟེན་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཁུངས་ཁག བཀའ་ཤག་རྙིང་པའི་ཚོགས་ཁང་དུ་གནས་སྤོར་བྱེད་མགོ་བཙུགས་འདུག

ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པའི་ཁང་བརྩེགས་ལེགས་འགྲུབ་བྱུང་རྗེས། བཀའ་ཤག་དང་འཆར་འགོད་ལས་ཁུངས། དེ་བཞིན་འོས་བསྡུ་བཅས་ཁང་པ་གསར་པའི་ནང་སྤོར་ཡོད་ལ། ཟླ་འདིའི་ཚེས་མགོ་ནས་བཟུང་འཕྲོད་བསྟེན་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྡེ་ཚན་ཁག་ཅིག་བཀའ་ཤག་རྙིང་པའི་ལས་ཁུངས་ནང་སྤོར་མགོ་བཙུགས་ཡོད་པ་རེད།

དེ་སྔོན་འཕྲོད་བསྟེན་ལྷན་ཁང་སྒེར་ལ་ཆེད་དམིགས་ལས་ཁུངས་མེད་པར། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐོག་ཁང་གི་ཁང་མིག་འགའ་གཡར་ནས་འདུག་དགོས་བྱུང་ཡོད་པ་དང་། དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ལའང་ལས་ཁུངས་ཀྱིས་མ་འདང་བའི་དཀའ་ངལ་འོག ཁྲིམས་ཞིབ་པ་ ༢ དང་། ཡིག་སྒྱུར་སྡེ་ཚན། ཉམས་ཞིབ་སྡེ་ཚན་གྱི་ལས་ཁག་ཅིག་བཅས་ཤེས་རིག་ལས་ཁུངས་ཀྱི་ཁང་མིག་འགའ་གཡར་ནས་སྡོད་དགོས་བྱུང་ཡོད།

གནས་ཚུལ་དེ་སྐོར་ལ་འཕྲོད་བསྟེན་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་སུ་བཅར་འདྲི་ཞུས་པར། དེ་སྔ་འཕྲོད་བསྟེན་ལས་ཁུངས་སྒེར་ལ་དབང་བའི་ཁང་པ་མེད་པར་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐོག་ཁང་དུ་བསྡད་ཡོད་པ་དང་། ད་ཆར་ཚོགས་དྲུང་ལས་ཁུངས་རྒྱ་སྐྱེད་གཏོང་འཆར་ཡོད་སྟབས། དེ་སྔོན་འཕྲོད་བསྟེན་ལ་གཡར་ཡོད་པའི་ཁང་མིག་དག་ཀྱང་ཕྱིར་རྩིས་སྤྲོད་བྱ་དགོས་བྱུང་ཡོད་འདུག འཕྲོད་བསྟེན་ལྷན་ཁང་གིས་དཀའ་ངལ་དེ་དག་བཀའ་ཤག་ལ་སྙན་སེང་ཞུས་པ་བརྒྱུད་བཀའ་ཤག་རྙིང་པའི་ལས་ཁུངས་ཆ་བགོས་བྱས་པ་ཞིག་ཡིན་འདུག

དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་ཀྱིས་བརྗོད་དོན།  “ ང་ཚོའི་འཆར་འགོད་སྡེ་ཚན་དང་རྩིས་ཁང་། ཆབ་སྲིད་བཙོན་པའི་སྡེ་ཚན་གྱི་ལས་བྱེད་ ༣༣ ཙམ་བཀའ་ཤག་རྙིང་པའི་ཐོག་ཁང་གསུམ་པར་སྤོ་ཡོད་ཀྱང་། ཁང་མིག་རེ་ཟུང་ནང་མི་ ༩ རེ་མཉམ་དུ་སྡོད་དགོས་ཀྱི་འདུག་ལ། ད་དུང་ཡང་ལས་ཁུངས་ཀྱི་མ་འདང་པའི་དཀའ་ངལ་ཕྲན་བུ་འདུག ” ཅེས་བརྗོད་བྱུང་།   



ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཀུན་དགའ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར། ཁྲིམས་ཞིབ་ཁང་གི་ལས་ཁུངས་ཨ་མ་ཆུང་དྲགས་པའི་སྐོར་དང་། ད་ལྟ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཉིས་དང་། ཡིག་སྒྱུར་དང་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་ ༥ བཅས། ཤེས་རིག་ལྷན་ཁང་གི་ཁང་ཆུང་ཞིག་གཡར་ནས་བསྡད་ཡོད་སྐོར་སོགས་བརྗོད་བྱུང་། ཁོས་བརྗོད་དོན། “ ཉིན་འདི་འགར་བཀའ་ཤག་རྙིང་པའི་ནང་གནས་སྤོ་བྱེད་བཞིན་པ་དག་ནི། དེ་སྔ་ཤེས་རིག་ལས་ཁུངས་ཀྱི་ཁང་པ་གཡར་ནས་བསྡད་ཡོད་པའི་ལས་བྱེད་རྣམ་པ་དང་། ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་པ་ཆེ་བ་དང་དྲུང་ཆེ། རྩིས་པ། དཔེ་མཛོད་ལས་བྱེད་སོགས་ཁྱོན་ལས་བྱེད་ ༡༤ ཙམ་ཡོད ” ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་ཤག་རྙིང་པའི་ལས་ཁུངས་བགོ་འགྲེམས་བྱེད་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པར། བཀའ་ཤག་དང་བཀའ་དྲུང་ཡིག་ཚང་གཉིས་བཀའ་ཤག་གི་ཐོག་ཁང་གསར་པའི་ནང་སྤར་བ་དེ། བཀའ་ཤག་ལ་ལས་ཁུངས་ཀྱིས་མ་འདང་བའི་དཀའ་ངལ་མིན་པར། འཕྲོད་བསྟེན་ལྷན་ཁང་གཙོས་པའི་ཁྲིམས་ཞིབ་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་ལས་ཁུངས་ཀྱིས་མ་འདང་པའི་དཀའ་ངལ་འོག བཀའ་ཤག་གིས་ལས་ཁུངས་གསར་པ་འཛུགས་སྐྲུན་བྱས་པ་ཡིན་སྐོར་གསུངས་སོང་། བཀའ་དྲུང་མཆོག་གིས་བརྗོད་དོན། “ བཀའ་ཤག་རྙིང་པའི་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་དང་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅུ་གྲངས་ཤིག་སྤར་ཡོད་སྟབས། གཞུང་ངོས་ནས་ལས་ཁུངས་དེ་དག་གི་དཀའ་ངལ་གང་འཚམས་སེལ་ཐུབ་ཡོད ” ཅེས་གསུངས་སོང་།

ཁྲིམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལགས་ཀྱིས་བཀའ་ཤག་ཏུ་གནས་སྤོ་བྱས་པའི་མྱོར་ཚོར་སྐོར་བརྗོད་རྒྱུར།  “ ང་ཚོ་ཡིད་སྐྱོ་བའི་སྐྱབས་བཅོལ་གྱི་གནས་སྟངས་ཐོག་བསྡད་ཡོད་སྟབས། ཁང་པ་གསར་རྙིང་གང་དུ་སྤར་ནའང་། ལས་ཀའི་ངོ་བོར་འགྱུར་བ་སོང་ཡོད་པ་མ་རེད། ང་ལ་དམིགས་བསལ་དགའ་བོ་གང་ཡང་བྱུང་མ་སོང་ ” ཞེས་བརྗོད་སོང་།

བཀའ་ཤག་རྙིང་པའི་ཐོག་ཁང་དེ་ནི་ ༡༩༨༦ ལོར་གསར་རྒྱག་བྱས་པ་ཞིག་ཡིན་འདུག   

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 5

  1. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    སྐུ་ངོ་ཚོའི་གཞུགས་ས་སྐྱིད་པོ་ཞིག་ཡོང་རོགས་བྱེད་ན་མི་སེར་སྐྱུས་མ་ཚོ་ག་རེ་བྱེད་ན་བྱེད་

    Reply
  2. ཡར་ཀླུང་པ། says:
    ལོ་ 15 སྔོན།

    དུས་བབ་ཚང་ལ་གསར་འགྱུར་མ་རེག་པར་ཨུ་ཐུག་འདུག་ཀ་་་
    ཨ་ལ་ཀུ་རེ་ཡིན། ང་ཡང་ཉེ་ཆར་རྡ་རམ་ས་ལར་བཅར་བ་དང་མཉམ་དུ་གངས་སྐྱིད་ཁུལ་དུ་འཁྱུག་ཙམ་སོང་བ་ཡིན། ལས་ཁུངས་སྤོར་གྱི་ཡོད་པ་འདྲ་མཐོང་མ་སོང་མོད། ལས་ཤག་གསར་པ་མང་པོ་ཞིག་བརྒྱབ་འདུག་ལ། ད་དུང་ཁ་ཤས་རྒྱག་བཞིན་འདུག ལས་ཤག་བརྒྱབ་ཚར་བ་དག་ཧ་ཅང་སྤུས་དག་པོ་འགའ་བརྒྱབ་འདུག ཕར་བལྟས་ཚོད་ཀྱིས་སྐུ་ངོ་རྐྱང་རྐྱང་སྡོད་ས་ལོས་ཡིན་བསམ་པ་ཞིག་འདུག

    Reply
  3. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    གོང་གསལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསལ་བཤད་གནང་བ་ལྟར། འདི་གའི་གསར་འགོད་པ་དཔལ་ལྡན་ལགས་ཀྱིས་བཅར་འདྲི་གནང་ཡུལ་དེ་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མ་ཡིན་པར། ཁྲིམས་དྲུང་ཀུན་དགའ་རྡོ་རྗེ་ལགས་ཡིན་པས་ན། མཚན་ནོར་ཤོར་བར་དགོངས་སེལ་དང་སྦྲགས། ཀློག་པ་པོ་ཡོངས་ཀྱིས་དེ་དོན་དགོངས་འཇགས་ཡོང་བ་ཞུ།

    Reply
  4. འབྲོག་པ་དཀར་ཆེན། says:
    ལོ་ 15 སྔོན།

    སྤྱིར་བཏང་དེང་སང་དྲ་ལམ་ཁག་གི་ཁ་ཕྱོགས་མང་ཆེས་ཤོས་སྐྱོན་བརྗོད་ཀྱི་དབང་དུ་རྔམ་རྔམ་ཤུགས་ཀྱིས་བསྐྱོད་བཞིན་ཡོད་པའི་ལྟ་ཚུལ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡོང་གི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྒྱུ་མཚན་མེད་པ་མ་རེད། ཡིན་ནའང་ངན་ཕྱོགས་བཅོས་ཐབས་བྱས་ན་བཟང་ཕྱོགས་རང་བཞིན་གྱི་ཡོད་ཡོད་པ་རེད། ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པའི་ཁང་བརྩེགས་ལེགས་འགྲུབ་བྱུང་ཙང་དེ་རིང་་ནས་འཕྲོད་བསྟེན་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཁུངས་ཁག བཀའ་ཤག་རྙིང་པའི་ཚོགས་ཁང་དུ་གནནས་སྤོར་བྱེད་གནང་བ་བཀྲ་ཤིས་བདེ་ལེགས་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཕྱག་ལས་སྔར་ལྷག་པའི་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། གཞན་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་ཤག་འབྲེལ་ཡོད་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཡོངས་་ལ་རེ་བསྐུལ་ཞུ་རྒྱུ། བཀའ་ཤག་གསར་པའི་ནང་ལོག་བཟོ་བཀོད་ཐད་ཧ་ཅང་ཞན་ཆ་མང་པོ་འདུག་པས་བློ་ཕམ་པ་ཞིག་ཡིན་ནའང་ད་བཟོ་བཅོས་བྱེད་ཐབས་བྲལ་འདུག
    ནང་ལོགས་བཅའ་ངོས་སོགས་ཀྱི་ཐད་ནས་ཡང་བསྐྱར་བཟོ་བཅོས་རེ་བྱེད་རོགས་ཞུ། མཐའ་ན་ས་གདན་དང་ཀློག་སྐུད་གློག་གི་ཤེར་ཐོ་བཀའ་ཤག་གི་ཚོགས་ཁང་ནང་གི་གོང་ས་སྐྱབས་མགོན་མཆོག་གི་བཞུགས་ཁྲིའི་འོག་གི་ས་གདན་སོགས་ཐབས་སྐྱོ་བོ་ཞེ་དྲག་གོ་སྒྲིག་གནང་འདུག་པས་དོན་སྣང་གནང་རོགས་ཞུ་ཞུ།

    Reply
  5. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ནོར་བཅོས།
    གསར་འགོད་པ་ལགས་ཀྱིས་གོང་དུ་གསར་འགྱུར་ནང་(ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ངག་དབང་ཐུབ་བསྟན་ལགས་སུ་བཅར་འདྲི་ཞུས་པར།) ཞེས་བྲིས་གནང་བ་དེ་ནོར་འདུག
    གལ་སྲིད་ངག་དབང་ཐུབ་བསྟན་ལགས་སུ་བཅར་འདྲི་ཞུས་པ་ཡིན་ཚེ་ཁོང་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ལས་གཅིག་རེད་མ་གཏོགས་ཁྲིམས་ཞིབ་ཁང་གི་དྲུང་ཆེ་མ་རེད། ཁྲིམས་ཞིབ་ཁང་གི་དྲུང་ཆེ་ལ་བཅར་འདྲི་ཞུས་པ་ཡིན་ཚེ་དྲུང་ཆེ་ནི་མདའ་ཟུར་ཀུན་དགའ་རྡོ་རྗེ་ལགས་ཡིན་པས་དེ་ལུགས་ནོར་བཅོས་ཡོང་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese