མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོང་པ་ ༡༦༠ ལྷག་གི་ཁྲོམ་ས་ཕྱིར་བསྡུ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp


ཀང་ར་རྫོང་གྲོང་སྡེ་ལས་ཁུངས་ཀྱིས་བཞུགས་སྒར་ངྷ་རམ་ས་ལའི་སྲང་ལམ་རྒྱ་ཆེ་རུ་བཏང་སྟེ་ལམ་འགྲམ་དུ་གློག་སྡོང་འཛུགས་རྒྱུ་དང་།
སྲང་ལམ་དུ་མོ་ཊའི་རིགས་གཅིག་ཀྱང་བཏང་མི་ཆོག་པར་བཟོ་རྒྱུའི་འཆར་གཞི་ཡོད་ཚུལ་བཤད་དེ་མེག་ལོར་སྲང་ལམ་གཡས་གཡོན་གྱི་བོད་མིའི་ཁྲོམ་ས་ཆ་ཚང་བསྡུ་རུ་བཅུག་འདུག      

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པར་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་ཀང་ར་རྫོང་གྲོང་སྡེ་ལས་ཁུངས་ MUNICIPAL CONCIL ཀྱིས་ལས་བྱེད་མི་སྣ་དང་ཉེན་རྟོག་དམག་མི་བཅས་མི་སྣ་ ༡༥ ལྷག་དངོས་སུ་ཡོང་སྟེ། བཞུགས་སྒར་ངྷ་རམ་ས་ལའི་གཙུག་ལག་ཁང་དང་བྷག་སུ། རྗོ་གྷེ་བྷ་རྰ། ཁྲོམ་རྭའི་དཀྱིལ་ལམ་བཅས་ས་གནས་བཞི་ཡི་སྲང་ལམ་གཡས་གཡོན་དུ་བཀྲམས་ཡོད་པའི་བོད་པའི་ཁྲོམ་ས་ ༡༦༠ ལྷག་བསྡུ་རུ་བཅུག་ཡོད།

ཁྲོམ་སའི་སྐྱིད་སྡུག་ཚོགས་གཙོ་བློ་བཟང་བདེ་དབྱངས་ལགས་ཀྱིས་བཤད་པ་ལྟར་ན། གནས་སྟངས་འདི་ནི་འདས་པའི་མི་ལོ་ ༥༠ ལྷག་གི་རིང་བོད་མི་ཚོ་བཙན་བྱོལ་བ་ཚོར་འཕྲད་དང་འཕྲད་བཞིན་པ་ཡིན་ཞིང་། མཚམས་རེར་ས་གནས་དཔོན་རིགས་ཀྱི་འཕོ་འགྱུར་དང་མཚམས་རེར་གཞུང་གི་གནད་ཡོད་མི་སྣས་བཀོད་མངགས་སོགས་ལ་བརྟེན་ནས་འབྱུང་གི་ཡོད་སྟབས། ཁྲོམ་ས་ལ་བརྟེན་ནས་འཚོ་བ་རོལ་མཁན་གྱི་བོད་མི་ཚོར་མཚོན་ན་དུས་ནམ་ཡང་བག་ཕེབས་ཀྱི་ཚོང་ལས་གཉེར་བའི་དུས་ཤིག་མེད་པར། རྟག་ཏུ་དངངས་སྐྲག་དང་འཇིགས་སྣང་ཁྲོད་འཚོ་ཐབས་བཙལ་གྱིན་ཡོད་པ་དང་། ཁྲོམ་ས་བསྡུ་རུབ་ཀྱི་དཀའ་ངལ་དེ་ནི་བཙན་བྱོལ་བོད་མི་མང་པོ་ཞིག་གི་འཚོ་གནས་དང་འབྲེལ་བའི་དཀའ་ངལ་ཞིག་ཆགས་ཡོད་འདུག
 

ཁེ་ཉིན་གྱི་གནས་སྟངས་དེ་ནི། ཉེ་ཆར་ཀང་རྫོང་གི་རྫོང་དཔོན་གྱིས་ས་གནས་དཔོན་རིགས་ཐེངས་མང་བསྡུ་སྐོང་གིས། མ་འོངས་པར་ངྷ་རམ་ས་ལ་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བསྟི་གནས་སུ་བསྒྱུར་ཆེད་སྲང་ལམ་གཡས་གཡོན་གཙང་བཟོ་བྱས་ཏེ། མེག་ལོར་ཁྲོམ་དཀྱིལ་ནས་མོ་ཊའི་རིགས་གཅིག་ཀྱང་བཏང་མི་ཆོག་པར་བཟོ་རྒྱུའི་ལས་འཆར་ལ་བརྟེན་ནས་ལག་བསྟར་བྱས་པ་ཞིག་ཡིན་འདུག་ལ། དེའི་ཐད་བོད་མིའི་ཁྲོམ་སའི་སྐྱིད་སྡུག་གི་ངོས་ནས་ཐེངས་མང་པོར་གྲོང་སྡེ་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས། བདེ་སྲུང་དང་ནང་སྲིད་ལས་ཁུངས་བཅས་ལ་སྙན་ཞུའི་ལམ་ནས་དཀའ་ངལ་སེལ་ཐབས་ཀྱི་རེ་སྐུལ་ཡང་ཡང་ཞུས་ཡོད་པར་མ་ཟད། ཁྲོམ་སའི་སྐྱིད་སྡུག་གི་མི་སྣ་དང་སྤྱི་འཐུས་རྒྱུན་ལསམཉམ་རུབ་ཐོག་སྲང་ལམ་གཙང་བཟོ་བྱས་རྗེས། བོད་མི་ཚོར་མུ་མཐུད་ལམ་འགྲམ་ནས་ཁྲོམ་ས་ཉར་ཆོག་པའི་རེ་སྐུལ་བྱས་མཐར། རྫོང་དཔོན་གྱི་ངོས་ནས་སྲང་ལམ་གསར་བཟོའི་ལས་འཆར་གྲུབ་རྗེས་བོད་པ་ཚོར་ཁྲོམ་རྭའི་ས་ཆ་ཞིག་སྤྲོད་རྒྱུ་ཡིན་པའི་སྐད་ཆ་བྱུང་འདུག་སྟབས།   བོད་མི་ཚོའི་ངོས་ནས་གཟའ་ཟླ་བ་དང་མིག་དམར་གང་རུང་ལ་རྫོང་དཔོན་གྱི་གམ་དུ་བཅར་ཏེ་གནས་ཚུལ་གསལ་བོ་ཞིག་འདྲི་རྒྱུ་དང་། དེ་ཡང་གཙོ་བོ། རྫོང་དཔོན་གྱིས་སྔོན་མའི་སྐད་ཆ་ལྟར་བོད་མི་ཚོར་ཁྲོམ་ས་གསར་བ་གོ་སྒྲིག་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་འདུག

ཐེངས་འདིའི་ཁྲོམ་སྟེགས་བསྡུ་རུབ་ཀྱི་སྐོར་ལ་ཁྲོམ་སྟོན་མཁན་བསྟན་པ་ཆོས་འཕེལ་ལགས་ཀྱིས་བརྗོད་དོན། ཁྲོམ་སྟེགས་བསྡུ་རུབ་བྱེད་བཞིན་པ་འདི་རྒྱུན་ལྡན་ལྟ་བུ་ཞིག་རེད། ང་ཚོར་འདིའི་ཐད་ལ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། གང་ཡིན་ཞེ་ན། ས་འདི་རྒྱ་གར་གྱི་ས་ཡིན་སྟབས། ང་ཚོར་ས་ལག་མཐིལ་ཙམ་ལ་བདག་རྒྱག་པའི་དབང་ཆ་ཡོད་པ་མ་རེད། ཡིན་ནའང་། ད་ལྟ་སྲང་ལམ་དུ་ཁྲོམས་སྟེགས་ལ་བརྟེན་ནས་འཚོ་བ་རོལ་མཁན་མང་ཆེ་བ་བོད་ནས་གསར་དུ་འབྱོར་མཁན་དང་ཕྱིར་ལོག་ཐབས་མེད་པའི་རིགས་མང་པོ་ཞིག་ཡོད་པ་རེད། ང་ཚོ་ཚང་མ་ཁང་པ་དང་མ་རྩ་ཡོད་མཁན་མིན་པར་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་རིང་འདིར་བཙན་བྱོལ་ནང་རང་གི་ཁྱིམ་ཚང་གི་ཟས་གོས་གནས་མལ་གྱི་དཀའ་ངལ་སེལ་ཐབས་བཙལ་གྱིན་ཡོད་སྟབས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རོགས་རམ་བྱ་རྒྱུ་གལ་ཆེན་པོ་རེད་ལ། རྒྱ་གར་གཞུང་གི་ངོས་ནས་ཀྱང་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག  ང་ལ་མཚོན་ན་ལོ་ ༡༢ ལྷག་གི་རིང་ནང་མི་ ༤ དང་ཕྲུ་གུའི་སློབ་ཡོན་སོགས་ཁྲོམས་སྟེགས་ལས་གཞན་ཡོངས་ཁུངས་ཅི་ཡང་མེད། ད་དུང་བོད་མི་མང་པོ་ཞིག་གིས་རང་ལ་མ་རྩ་མེད་པར་བུ་ལོན་བླངས་ཏེ་ཚོང་རྒྱག་གི་ཡོད་པ་རེད། ཅེས་བརྗོད་བྱུང་།



ཡང་ཚེ་རིང་སྒྲོལ་མ་ལགས་སུ་དྲིས་པར། ང་ལ་མཚོན་ན་ཁྲོམ་སྟེགས་བཟུང་སྟེ་ལོ་ ༡༥ ལྷག་འགྲོ་བཞིན་ཡོད། ད་ལྟའི་བར་སློབ་ཆེན་འགྲིམས་བཞིན་པའི་ཕྲུ་གུ་གསུམ་དང་གཞན་འཛིན་རིམ་བདུན་པ་འགྲིམས་བཞིན་པའི་ཕྲུ་གུ་གཅིག་བཅས་ཀྱིས་སློབ་ཡོན་གྱི་ཁ་སྣོན་དང་ང་རང་གི་འཚོ་རྟེན་ཆ་ཚང་འདི་ལ་བརྟེན་ཡོད། ཉེ་ཆར་ཁྲོམ་ས་རེ་རེའི་སྒོར་ ༣༠༠༠ ལྷག་བསྡུ་རུབ་བྱས་ཏེ་གྲོང་སྡེ་ལས་ཁུངས་ལ་རྩིས་སྤྲོད་བྱས་རྗེས་སེམས་བདེ་བོ་བྱུང་ཡང་། དེ་རིང་ཡང་བསྐྱར་ཁྲོམ་སྟེགས་བསྡུ་དགོས་བྱུང་བ་རེད། གལ་སྲིད། མ་འོངས་པར་ཁོང་ཚོའི་ཁྲོམ་སྟོན་མ་བཅུག་པ་ཡིན་ན་དཀའ་ངལ་ཀྱི་རེད། ད་ལྟའི་ཆར་ཕྲུ་གུའི་སློབ་ཡོན་སྤྲོད་ཆེད་གཞན་ལ་བུ་ལོན་ཡང་གཡར་ཡོད། ཅེས་བརྗོད་བྱུང་།           

དགེ་འདུན་ལགས་ཀྱིས།  ང་ལ་མཚོན་ན་ནང་མི་ཁྲོམ་སྟེགས་ལོ་ ༤ རིང་ང་ཚོ་ནང་མི་ ༤ ཡི་འཚོ་བ་འདི་ཁོ་ནར་བརྟེན་ཡོད། གལ་སྲིད། འདི་མཚམས་བཞག་པ་ཡིན་ན། ང་དང་ང་ལྟ་བུའི་ཤེས་འཇོན་མེད་པའི་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དངོས་ཡོད་རེད། ད་ལྟའི་ཆར་ང་ཚོས་བཀའ་ཤག་དང་སྤྱི་འཐུས། ནང་སྲིད། བདེ་སྲུང་ལས་ཁུངས་བཅས་ལ་སྙན་ཞུ་རིམ་པར་ཕུལ་ཡང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཉིས་དང་རྒྱུན་ལས་རྣམ་པས་རོགས་རམ་བྱས་པ་ལས། ནང་སྲིད་ལས་ཁུངས་ལྟ་བུར་མཚོན་ན་ཕག་ཉལ་ཉལ་རེད། མ་འཇོན་པའི་ཐད་ལ་མང་ཚོགས་ལ་འཁང་ར་མེད་ཀྱང་། འཕག་འཚག་མ་བརྒྱབ་པར་བསྡད་པ་ཡིན་ན་མང་ཚོགས་ལ་འཁང་ར་ཡོད་པ་རེད། དེའི་ཐད་ལ་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་མི་མང་གི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུ་གལ་ཆེན་པོོ་རེད། ཅེས་བརྗོད་བྱུང་། 

༤༽བསོད་ནམས་དབྱངས་ཅན་ལགས་ཀྱིས། ཁོང་ཚོས་གང་འདྲ་བྱས་ཀྱང་ང་ཚོར་བཤད་ས་གཅིག་ཀྱང་ཡོད་མ་རེད། གང་ཡིན་ཞེ་ན། འདི་ཁོ་རང་ཚོའི་རྒྱལ་ཁབ་དང་ས་ཆ་རེད། ད་ལྟའི་བར་ཁོང་ཚོས་མི་འགྲོ་སའི་གཞུང་ལམ་གུ་དོག་པོར་བཟོས་ཡོད་ཚུལ་བཤད་དེ་ནམ་རྒྱུན་ཁྲོམ་ས་བསྡུ་གསོག་བྱེད་ཀྱིན་ཡོད་པ་དེ་ང་ཚོའི་ལས་རེད། ང་རང་ལ་མཚོན་ན་འདས་པའི་ལོ་ ༣༠ རིང་ཁྲོམ་སྟེགས་ལ་བརྟེན་ནས་ང་དང་ངའི་སྤུན་གྱི་ཕྲུ་གུ་གསུམ་དང་ང་ཚོ་ཚང་མས་འཚོ་རྟེན་བཙལ་ཏེ་རང་ཁ་རང་གསོ་བྱེད་ཀྱིན་ཡོད། ད་དུང་ང་དང་ང་ལྟ་བུ་མང་པོ་ཞིག་གི་འདི་ལ་བརྟེན་ཡོད་པ་རེད། གལ་ཆེ་ཤོས་འབྲེལ་ཡོད་ཚང་མས་དོ་སྣང་དང་རོགས་སྐྱོར་བྱས་ཏེ་བོད་པ་རང་ལ་ཁྲོམ་ས་ཞིག་རེག་ཐུབ་ན་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

 

བོད་གཞུང་ནང་སྲིད་ལས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་གཞུང་ངོས་ནས་ད་ལྟའི་བར་མཐུན་འགྱུར་རོགས་རོམ་གང་འདྲ་ཞིག་གནང་ཡོད་མེད་དང་མ་འོངས་པར་གང་འདྲ་བྱ་འཆར་ཡོད་སྐོར་དྲིས་པར། ཁོང་གིས།  གཞུང་ངོས་ནས་བཞུགས་སྒར་བདེ་དོན་ལས་ཁུངས་བརྒྱུད་དེ་གཞུང་གི་མཐུན་འགྱུར་གནང་ཐུབ་པའི་ཚད་གཞི་ལྟར་དཀའ་ངལ་སེལ་ཐབས་བྱས་པ་རེད་ལ། མ་འོངས་པར་ཡང་གཞུང་གི་རྒྱབ་གཉེར་དང་མཐུན་འགྱུར་གང་ཐུབ་གནང་གི་རེད། གཙོ་བོ། དོ་བདག་སོ་སོའི་ངོས་ནས་ནམ་ཁྲོམ་སྟོན་སྐབས་སྐད་ཆ་བཤད་སྟངས་དང་རང་ཉིད་ཀྱི་བྱ་སྤྱོད་ལ་གཟབ་ནན་བྱ་རྒྱུ་གལ་ཆེན་ཆགས་འདུག   འདས་པའི་དུས་སུ་ས་ཆ་སྤྲོད་རྒྱུའི་བཀའ་མོལ་བྱུང་ཡང་བོད་མི་ཚོས་ཁས་ལེན་བྱས་མེད་པའི་བཤད་ཚུལ་ཡོད་པ་རེད། གལ་སྲིད། མ་འོངས་པར་རྒྱ་གར་གཞུང་གིས་ཁྲོམ་ས་ཞིག་སྤྲད་པ་ཡིན་ན།  ས་ཆའི་ལེགས་ཉེས་ལ་མ་ལྟོས་པར་ཚུར་བླངས་ཏེ་རང་ནུས་ཀྱི་ཚོང་གི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་རེད། ཅེས་གསུངས་བྱུང་།    

ནམ་རྒྱུན་བཞུགས་སྒར་ཁུལ་ཏུ་ཚོང་ལས་ཙག་ཙིག་ལ་བརྟེན་ནས་འཚོ་བ་རོལ་མཁན་མང་ཆེ་བ་བོད་ནས་གསར་དུ་འབྱོར་མཁན་གྱི་རིགས་ཡིན་པ་དང་། ད་ལྟའི་བར་བོད་མི་དེ་དག་གིས་མ་རྩ་ཧ་ཅང་ཆུང་བའི་ཅ་དངོས་རིགས་འདྲ་མིན་ལམ་གྱི་གཡས་གཡོན་དུ་བཤམས་ཏེ་བཙོང་བ་དང་མཉམ་དུ། རྒྱ་གར་གཞུང་ལ་ཉིན་རེར་ཧིན་སྒོར་ ༡༠ ཡི་དཔྱ་ཁྲལ་འབུལ་གྱིན་ཡོད་པར་མ་ཟད། སྐབས་རེར་གློ་བུར་དུ་རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱིས་ཅ་དངོས་འཕྲོག་པ་ཡིན་ན། ཧིན་སྒོར་ ༡༥༠༠ ནས་ ༡༨༠༠ ལྷག་སྤྲད་དེ་ཕྱིར་ལེན་ཐབས་བྱེད་ཀྱིན་ཡོད་འདུག་ལ། དངུལ་མ་སྤྲད་ཚེ་འཕྲོག་ཟིན་པའི་ཅ་དངོས་ཚང་མ་གད་སྙིགས་ནང་གཡུག་གྱིན་པ་སོགས་བོད་མི་ཚོར་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱིན་ཡོད་འདུག    

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 7

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བཙན་བྱོལ་སྒྲིག་འཛུགས་གིས་ནམ་ཡང་ཡང་ང་བའི་བོད་མི་ཚོས་བདེ་སྡུག་མཁྱེན་གྱི་མ་རེད་ལ་རེ་བ་མ་བྱས་ན་ཡག་ཤོས་རེད། ཁོ་ཚོས་གཞན་ཕཪ་བཞོག་ཐ་ན་རྒྱབ་གཉེར་ཆུང་ཆུང་ཞིག་ལའང་སྒོར་བཅུ་སྤྲོད་དགོས་པའི་སྒང་ལ་གཤེད་གཤེད་ཚ་བ་རྙོག་དྲྭ་ཚ་བ་དངོས་གནས་ངའི་མི་ཚེའི་ནང་ལ་ཆེས་བློ་ཕམ་ཤོས་དེ་རང་གི་མི་རིགས་གཅིག་པ། བདེན་དོན་རྩོད་མཁན་གཅིག་པ། སྐྱིད་སྡུག་གཅིག་གི་ཐོག་མཉམ་རོལ་བྱེད་ཀྱིན་པའི་སྲིད་ཞུ་ཚོས་ཉམ་ཆུང་མི་མང་རྣམས་ལ་ཐུབ་ཚོད་གཏོང་སྟངས་དེ་ཡིན། 

    Reply
  2. སྟག་ཕྲུག says:
    ལོ་ 15 སྔོན།

    ད་ཉམ་ཆུང་གི་ཚོང་པ་ཉི་ཚེ་བ་འདི་དག་ཁྲིམས་ཐོག་ནས་བསྲུང་རན་པ་རེད། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་འཛིན་སྐྱོང་གི་ལས་དོན་ལ་ཁ་གཡར་ནས་ལམ་ཟུར་དུ་ཁྲོམ་འདོན་མཁན་གྱི་ཚོང་པ་ཉི་ཚེ་བ་ཚོའི་ཁེ་དབང་འཕྲོག་མི་ཆོག་པའི་ཁྲིམས་སུ་བཅས་པ་དེའི་ནུས་པ་བེད་སྤྱོད་བྱ་བའི་དུས་ལ་བསླེབས་པ་རེད། བདེ་སྲུང་གཙོ་བོར་བྱས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ལྷག་པར་དུ་བོད་པ་ཁྲིམས་ཐོག་ལ་ཆེད་ལས་བྱེད་མཁན་དག་གིས་ཁོང་ཚོའི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕྱག་ལས་གནང་རན་པ་རེད།

    Reply
  3. ཤེས་རབ་རལ་གྲི says:
    ལོ་ 15 སྔོན།

    ནུབ་ཕྱོགས་རྒྱལ་ཁབ་དག་དུ་ཡོད་པའི་བོད་མི་དག་གིས་དངུལ་བསྡུས་ཏེ་བོད་མི་ཉམས་ཐག་དག་ལ་རོགས་རམ་བྱེད་དགོས་ཀྱི་འདུག
    བློ་བཟང་སངྒེས་འཆར་གཞི་དེ་ལྟར་ཡིན་ཟེར་བ་དེ་དོན་ལ་ཁེལ་ཐུབ་པའི་རེ་བ་ཡོད།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་གཞུང་གི་ཐབས་ལམ་གང་འདྲ་ཞིག་གི་སྒོ་ནས་ཡིན་ན་ཁོང་ཚོ་ལ་ངེས་པར་རོགས་པ་ཞིག་བྱེད་རྒྱུ་གལ་ཆེན་རེད།  ཉེར་སྔོན་དཔལ་ལྡན་རྒྱལ་གྱི་ཁོང་ཚོ་ལ་དྲི་བ་གང་འདྲ་བཏང་འདུག་འཚོ་བ་ལ་ཐུགས་ཡོད་ཚུལ་བརྗོད་པ་ལ་གཟིགས་དང་ངོ་མ་འདི་ཚོ་ལ་རོགས་པ་ཞིག་བྱེད་གལ་ཆེན་རེད།  བོད་ཀྱི་མིང་ཐོག་ནས་ཁྲོམས་ས་ཞིག་བཙལ་དགོས་ན་གང་ལྟར་བོད་ཀྱི་ཁོང་ཚོ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད།

    Reply
  5. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    མི་དཀྱུས་མའི་འཚོ་བའི་སྐོར་གྱི་དཀའ་ངལ་གནས་ཚུལ་འདི་འདྲ་སྤེལ་པ་ཡག་པོ་འདུགཐུགས་རྗེ་ཆེ་ཞུས་པ་ཡིན།མ་མཐུད་དུ་རྒྱ་ཆེར་མང་ཚོགས་ལ་ཕན་པའི་གསར་འགོད་རྒྱུན་སྐྱོང་གནང་པར་རྗེས་སུ་ཡི་རངས་ཕུལ་པ་ལགས

    Reply
  6. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ཨོ་་་ད་རྒྱ་གར་གྱིས་ཀྱང་བོད་པ་ཚོ་ག་ལེས་ག་ལེས་ཕྱིར་འབུལ་གཏང་ངས་རེད་

    Reply
  7. ཡར་ཀླུང་པ། says:
    ལོ་ 15 སྔོན།

    གསར་འགོད་པ་དོན་གོ་ལགས། གནས་ཚུལ་འདིར་རྒྱུས་ལོན་ཆེད་དཀའ་ལས་མང་པོ་བརྒྱབ་འདུག འདི་ཆེ་ས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་། ཆུང་ས་ནས་ངེད་ཀློག་པོ་པོ་དག་གི་ཆེད་དུ་ཡིན་པ་ཤེས་ཀྱི་ཡོད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese