མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་སྲུང་སྐྱོབ་ཀྱི་བསམ་ཚུལ་ཕྱོགས་སྡོམ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མའི་ཉིན་གངས་སྐྱིད་དུ་བོད་སྐད་ཡིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཏེ། མ་འོངས་པར་ལག་ལེན་དངོས་ཀྱི་ཐོག་ནས་བོད་སྐད་ཡིག་སྲུང་སྐྱོབ་ཡོང་ཐབས་ཐད་བསམ་ཚུལ་ཕྱོགས་སྡོམ་གྱིས་རྒྱབ་སྐྱོར་མཚན་རྟགས་བཀོད་སོང་།

ཟླ་འདིའི་ཚེས་ ༡༧ ཉིན། གངས་སྐྱིད་དཔེ་མཛོད་ཚོགས་ཁང་གསར་བའི་ནང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག  ༼བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་བབ་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་གླེང་བ༽ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཏེ། བཀའ་སྤྱི་གཉིས་ཀྱིས་བསྒྲུབས་ཟིན་པའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་དགེ་སྐྱོན་དང་།  མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་དེ་ལག་ལེན་བསྟར་ཕྱོགས་བཅས་བརྗོད་གཞི་གཉིས་ཐོག  སྔ་དྲོའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༤ པའི་བར་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སོང་། བགྲོ་གླེང་ཚོགས་འདུ་སྟེང་ས་རཱ་མཐོ་སློབ་ཀྱི་དགེ་རྒན་དང་སྤྱི་འཐུས་ཟུར་པ་ཆབ་བྲག་ལྷ་མོ་སྐྱབས་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་དང་སྤྱི་འཐུས་ལས་ཐོག་སྒྲོལ་དཀར་སྐྱབས། དཔེ་མཛོད་པར་སྐྲུན་སྡེ་ཚན་གྱི་རྩོམ་སྒྲིག་པ་ན་གཱ་སངས་རྒྱས་བསྟན་དར། ཨ་རིའི་ཨིན་ཌའི་ཡ་ན་མཐོ་སློབ་ཀྱི་དགེ་རྒན་དགེ་འདུན་རབ་གསལ།  དེ་བཞིན་དྷ་སའི་ཉེ་འདབས་ཁུལ་གྱི་སློབ་གྲྭ་དང་ཤེས་ཡོན་ཚོགས་སྡེ་ཁག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་ཤེས་རབ་དར་རྒྱས་དང་། རེབ་མདོ་སེང་གེ་སོགས་གདན་ཞུས་བགྲོ་གླེང་པ་ ༡༥  དང་། ཟུར་ཞུགས་པ་བཅས་མི་གྲངས་ ༦༠ ཙམ་གྱིས་ཆུ་ཚོད་ ༨ ཙམ་གྱི་རིང་བགྲོ་གླེང་དང་གྲོས་བསྡུར་བསམ་ཚུལ་གནང་སོང་།

གསར་འགོད་པའི་བཅར་འདྲིའི་སྐབས། སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་ཀྱིས་ ༼ང་ཚོའི་གཞུང་གི་ཁྲིམས་དང་སྒྲིག་ཡིག་ནང་དུ་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་ཡིག་ཆ་མང་པོ་ཞིག་ཡོད་པ་རེད་དེ། ལག་ལེན་གྱི་ཐོག་ནས་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ལག་ལེན་འབབ་ཐུབ་རྒྱུར་ཐབས་ཤེས་གནང་དགོས་རྒྱུ་གལ་ཆེན་པོ་རེད། ༽ ཅེས་བརྗོད་དེ། བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི་སྐད་ཡིག་སྲུང་སྐྱོབ་ལས་དོན་དེ་ཁྲིམས་དང་སྒྲིག་གཞི་ཙམ་ཡིག་ཆ་ནང་འཁོད་རྒྱུ་ཁོ་ནས་ཙམ་མ་ཡིན་པར། དེ་དངོས་སུ་སྤྱི་ཚོགས་ཁྲོད་ལག་ལེན་ལ་འབེབས་རྒྱུ་གལ་ཆེན་པོ་ཡིན་སྟབས།  ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོ་རང་གི་སྟེང་ཕྱག་ལས་གནང་མྱོངས་མཁན་གྱི་ཤེས་ལྡན་པ་ཁག་ཅིག་གདན་ཞུ་གནང་སྟེ། སོ་སོའི་འདས་པའི་ཉམས་མྱོང་གཞི་ལ་བཞག་ཐོག་མ་འོངས་པར་བོད་རང་གི་སྐད་ཡིག་སྲུང་སྐྱོབ་སྐོར་ལ་ཁ་ཡོད་ལག་ཡོད་ཀྱིས་སྒྲུབ་ཐབས་ཅི་ཞིག་ཡོད་མེད་སྐོར་བསམ་ཚུལ་བསྡུ་རུབ་གནང་རྗེས། ཐེངས་འདིར་མཉམ་ཞུགས་གནང་མཁན་གྱི་བགྲོ་གླེང་པ་དང་ཟུར་ཞུགས་པ་ཡོངས་ཀྱི་རྒྱབ་གཉེར་མཚན་རྟགས་དང་བཅས།  འཆར་ཟླ་ ༨ པའི་ནང་བཀའ་སྤྱི་གཉིས་ལ་སྙན་ཞུར་འབུལ་རྒྱུ་དེ་ཡིན་སྐོར་གསལ་བཤད་གནང་སོང་།

བགྲོ་གླེང་སྐབས་སུ་བཙན་བྱོལ་གཞུང་གི་ངོས་ནས། མ་འོངས་པར་ཤེས་ཡོན་སློབ་སྟོན་ཚོགས་ཆུང་དང་། སློབ་དེབ་རྩོམ་སྒྲིག་ཚན་ཆུང་དང་། སློབ་གྲྭ་ཁག་གི་སློབ་སྤྱི་དང་དྲུང་ཆེ། དེ་བཞིན་ཤེས་ཡོན་འཛིན་སྐྱོང་སྡེ་ཁག་དག་གི་གནད་ཡོད་ལས་གནས་བཅས་ཀྱི་ཐོག  བོད་རང་གི་སྐད་ཡིག་ལ་མཁས་ཤིང་སློབ་གསོའི་ལས་དོན་ལ་ཉམས་མྱོང་དང་མཁྱེན་རྒྱ་ཡོད་མཁན་གྱི་རིགས་བསྐོ་འཇོག་དགོས་པ་དང་། གཞོན་སྐྱེས་ཚོར་བོད་སྐད་ཡིག་གི་གཞི་རྩ་འཇགས་ཐུབ་ཆེད། ཤེས་ཡོན་སྲིད་བྱུས་གསར་བ་དེ་དམའ་རིམ་ནས་མཐོ་རིམ་བར་མུ་མཐུད་ལག་བསྟར་ཐུབ་རྒྱུར་འབད་བརྩོན་བྱ་དགོས་སྐོར། དེ་བཞིན། སློབ་མའི་སེམས་ཁམས་དང་འཚམ་པའི་ཀློག་དེབ་སྣ་ཚོགས་དང་། འགུལ་རིས་བརྙན་ཕབ་སོགས་བསྒྱུར་སྐྲུན་དང་རྩོམ་སྒྲིག་གི་སྡེ་ཚན་ཞིག་གསར་དུ་འཛུགས་དགོས་པ་སོགས་ཀྱི་ཐད་གླེང་སློང་ཤུགས་ཆེན་པོ་གནང་སོང་ལ།  སྐབས་དེར། བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་༼ དགེ་རྒན་གྱི་དཔུང་སྡེ་ཚད་ལྡན་ཞིག་མེད་ཚེ་ཇི་ལྟར་བྱས་ཀྱང་ཡོང་ཐབས་མེད་པ་ཞིག་རེད། དགེ་རྒན་གྱི་དཔུང་སྡེ་ཚད་ལྡན་ཞིག་ཡོང་བར་དགེ་རྒན་ལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་སྡེ་ཞིག་གསར་འཛུགས་བྱ་དགོས༽ ཞེས་བརྗོད་སོང་།

གཞན་ཡང་། བོད་ཀྱིས་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས།  ལོ་སྔོན་མའི་ནང་བོད་གཞུང་གི་ལྷན་ཁང་བརྒྱད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ལ་སྙན་ཞུ་ཕུལ་ཏེ།  དུས་རྒྱུན་ཕྱག་ལས་ཁྲོད་བོད་ཡིག་བེད་སྤྱོད་ཀྱི་ཚད་ཇེ་མཐོར་གཏོང་ཐབས་ལ་སྒྲིག་གཞི་བཟོ་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། དེ་བཞིན། བོད་གཞུང་གི་སྒྲིག་གཞིའི་འོག་ཡོད་པའི་རྒྱ་བལ་འབྲུག་གསུམ་གྱི་ལས་ཁུངས་མ་ལག་ཁག་ནང་། ལས་བྱེད་སྐོ་འཇོག་སྐབས་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་མེད་ཐད་རྒྱུགས་ལེན་ཚད་གཞི་བཟོ་དགོས་པ་སོགས་ཀྱི་ཐད། མི་མང་ ༡༧༠༠ ཡི་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་ཕུལ་ཏེ། བོད་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་བསྐྱེད་གཏོང་ཐབས་ལ་གྲོས་ཆོད་འཇོག་དགོས་པའི་སྙན་ཞུ་ཞིག་སྤྱི་འཐུས་རྒྱུན་ལས་ཕུལ་མྱོངས་ཡོད་འདུག  དེ་བཞིན། ཕྱི་ཟླ་ ༡༠ པའི་ནང་བོད་གཞུང་ཤེས་རིག་ལྷན་ཁང་ལའང་སྙན་ཞུ་ཞིག་ཕུལ་ཏེ།  སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚད་ལྡན་གྱི་ཤེས་ཡོན་པ་ཁག་ཅིག་སྒྲིག་འཛུགས་གནང་སྟེ།  བཙན་བྱོལ་སློབ་གྲྭ་ཁག་གི་སློབ་མའི་ནང་ལས་ལ་བསྐྱར་ཞིབ་དང་ཞི་དག་གི་ཐད། ཕྱོགས་རོགས་ལྟ་རྟོག་གི་སྐྱོར་བསྐྱོད་ལས་འགུལ་ཞིག་སྤེལ་འདུན་ཡོད་པས། དེའི་ཐད་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་སྦྱོར་གནང་ཡོང་བའི་རེ་སྐུལ་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག  ཡིན་ནའང་། ད་ལྟའི་ཆར་འབྲེལ་ཡོད་སྡེ་ཁག་ནས་བརྡ་ལན་ཅི་ཡང་སྤྲད་མེད་པ་རེད།

 

བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ནི་ཕྱི་ལོ་ ༢༠༠༥ ལོར་གསར་དུ་བཙུགས་ཤིང་། ཚོགས་པ་འདིར་ད་ལྟ་ཚོགས་མི་ ༡༠༠ ལྷག་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 7

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 15 སྔོན།

    དངོས་གནས་རེད་། བཙན་བྱོལ་ནང་དུ་བོད་སྐད་གཙང་མ་ཁོ་ནའི་ཐོག་ནས་སྐད་ཆ་བཤད་མཁན་གཅིག་ཀྱང་མི་འདུག་ལ་བོད་གོས་གྱོན་མཁན་ཡང་དཀོན་པོ་རེད་འདུག། ད་ ང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བོད་ཡིག་བོད་སྐད་ཟེར་བ་འདི་ངེས་བར་སྲུང་སྐྱོབ་བྱེད་དགོས་ན། ཐོགས་མར་ལས་ཁུང་ཁག་ནས་འགོ་འཛུགས་དགོས། དེ་ལྟར་བྱས་ན་མི་རེ་རེ་ནས་ལག་ལེན་ལ་གཞོར་ངེས་རེད། དེ་མིན་སྟོང་པ་རེད། རང་འགོ་གང་ཐོན་བྱོས།

    Reply
  3. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ༄ །སེམས་ཤུགས་དང་ཤེས་ཡོན་ཅན་པ་ཉུང་ཤས་ཤིག་གིས་གྲོས་ཆོད་འཇོག་པ་དང་མཚན་རྟགས་བསྡུ་རུབ་གནང་བ་རྣམས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་བའི་གནས་ཡིན་མོད། འོན་ཀྱང་ཇི་སྲིད་དུ་བོད་མི་སྤྱི་བོ་གནམ་བསྟན་ཕལ་ཆེར་གྱིས་རང་ཉིད་ད་ལྟ་ཡང་བོད་མི་ཞིག་ཡིན་པ་དང༌། མ་འོངས་པར་ཡང་རང་གི་ཕྲུག་གུ་རྣམས་བོད་མི་གཙང་མ་ཞིག་ཏུ་ཉར་རྒྱུའི་ཆོད་སེམས་གཙང་མ་ཞིག་བསྐྲུན་མ་ཐུབ་པ་དེ་སྲིད་དུ་ཁག་པོ་རེད། ད་ལྟའི་བཙན་བྱོལ་ནང་གི་བོད་སྐད་ཡིག་ཉམས་སྟངས་ཀྱི་མྱུར་ཚད་ལ་དཔྱོད་སྐབས་རི་ཉོར་བ་ཐག་པས་སྡོམ་དཀའ་ཞེས་པའི་དཔེ་རང་རེད་དོ༎

    Reply
  4. གྲགས་བསོད་ says:
    ལོ་ 15 སྔོན།

    སྐད་ཡིག་སྲུང་སྐྱོར་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ཆེན་ཞུ་བ་དང་ཆབས་གཅིག་ཏུ། བདག་ལ་དྲི་བ་གཅིག་དྲི་འདོད་བྱུང་དེ་ཡང་རྣམ་པ་ཚོས་ཚོགས་པ་འདི་གཙུགས་ནས་ད་བར་དུ་སྐད་ཡིག་སྲུང་སྐྱོར་ཐད་ཐབས་ལམ་གང་དང་གང་ལྤེལ་ཡོད་དམ།

    Reply
  5. ཀུན་དགའ། says:
    ལོ་ 15 སྔོན།

    སྐད་ཡིག་སྲུང་སྐྱོབ་ཐད་ལ་ཚོགས་འདུ་ཅི་ཙམ་འཚོགས་ནས་གྲོས་ཆོད་གྲོས་གཞི་ག་ཚོད་བཞག་པ་ཡིན་ནའང་། གཞི་རྩའི་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་ཁ་གཡང་ཙམ་མ་ཡིན་པར་དངོས་སུ་ལག་ལེན་ཕྱག་བསྟར་གནང་ཐུབ་དགོས། དེ་ཡང་དང་ཐོག་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་དབུ་བཙུགས་ཕྱི་འབྲེལ་གྱི་ཡིག་རིགས་དང་རྩིས་ཞིབ་སྐོར་ལྟ་བུའི་ཕྱི་ཡིག་བེད་སྤྱོད་མ་བྱས་ཐབས་མེད་རིགས་ཕུད། དེ་མིན་ཐ་ན་བྱུང་འཛིན་དང་གསལ་བསྒྲགས་ལྟ་བུ་ནས་བཟུང་ལས་དོན་ཆེ་ཕྲ་གང་ཡིན་བོད་ཡིག་ཐོག་ལག་ལེན་བྱ་དགོས་པར་མ་ཟད། ལས་བྱེད་དང་ལས་མི་གང་ཡིན་དང་ཐོག་ནས་བོད་ཡིག་གཙོར་བཟུང་གིས་ཡིད་ཚད་གཏོང་དགོས། དེ་མིན་ཁ་གཡང་ཁོ་ནས་ནམ་ཡང་ང་ཚོའི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱེད་ཐུབ། མདོ་དོན་ལྷན་ཁང་དང་ཚོགས་པ་ཁག་ནས་འགོ་བཙུགས་ཏེ་རིམ་བཞིན་སྤྱི་ཚོགས་ལ་རྒྱ་ཁྱབ་ཏུ་གཏོང་དགོས་པ་ཞིག་ཏུ་མཐོང་། ངས་བསམ་ན་རང་གཞུང་དང་རང་རིགས་ཀྱིས་རང་གི་སྐད་ཡིག་ལ་མཐོང་ཆེན་གྱིས་བདག་པོ་མ་བརྒྱབ་པར་སྔར་བཞིན་ཁ་གླེང་ཙམ་གྱིས་ག་ལ་ཕན། གང་ལྟར་དངོས་གནས་སྐད་ཡིག་སྲུང་སྐྱོབ་བྱེད་མི་བྱེད་བཀའ་ཤག་གསར་པའི་མ་འོངས་ཤེས་རིག་སྟངས་འཛིན་གནང་མིན་བལྟ་བ་རེད།

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ལས་འགུལ་དེའི་རིགས་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ཞུ་ངེས་ཤིག་ཡིན་པའི་ཆ་ནས། དཀའ་ངལ་ཆེ་ཤོས་དེ་ཁ་བཤད་ཆུ་ཡི་སྦུ་བ་དང་མིང་རྟགས་ཆུ་ཡི་གཉེར་མ་དེ་རྣམས་གཙོ་བོ་མ་ཡིན། ལག་ལེན་གསེར་གྱི་ཐིགས་པས་དམིགས་ཡུལ་འགེངས་ཐབས་བྱེད་དགོས་པ་དེ་དག་རེད་སྙམ།

    Reply
  7. པད་མ་དཀར་པོ། says:
    ལོ་ 15 སྔོན།

    སྐད་ཡིག་ལ་སྲུང་སྐྱོབ་བྱེད། མི་རིགས་ལ་སྲུང་སྐྱོབ་བྱེད། རྒྱལ་བཙོངས་པ་ངོ་ཤེས་པ་བྱེད། དེ་ནི་བོད་མིའི་ལས་འགན་ཡིན།་བོད་ཞེན་ཡོད་པ་ཀུན་གྱི་དོ་སྣང་བྱེད། བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་གཏམ་འབྲི་མཁན་ཀུན་ལ་འཚམས་འདྲི་ཡད། ལེགས་ཉེས་ཤེས་ན་མཁས་པ་ཡིན། རྫུན་དང་ལེགས་ཉེས་ཤན་འབྱེད་མ་ཐུབ་ཚེ། དེ་ནི་ལྐུགས་པ་ལྐུགས་རྐྱང་ཡིན། ངས་ཁ་སྔོན་བཞག་པའི་དྲ་གྱའི་ནང་དགའ་ལྡན་ཁྲི་པ་ཟུར་བ་ 101་ ནས་རྒྱ་ཡིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་དང་ཐུག་འཕྲད་བྱས་ཡོད་འདུག་ཟེར་བྲིས་ཡོད། ད་ལྟོས་དང༌། དྲ་གྱ་དེའི་ནང་ཁྲི་ཟུར་ 101་ནས་པཎ་ཆེན་རྫུན་མ་ཐུག་འདུག ད་ཁོང་ཚོའི་བྱ་སྟངས་དེ་སུ་ལ་སྐྱག་སྐྱག་རེད། ལྟོས་དང༌། http://www.nagbausa.org/

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese