མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་སློབ་དེབ་གསར་བསྒྲིགས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༢ ནས་ཉིན་གསུམ་རིང་ངྷ་ས་གངས་སྐྱིད་དུ་ཤེས་རིག་ལས་ཁུངས་ཀྱིས་གསར་དུ་རྩོམ་སྒྲིག་བྱས་པའི་གཞི་རིམ་བར་མ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ལ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབ་བྱེད་པའི་ཚོགས་འདུ་ཞིག་ཚོགས་ཡོད།

 ཉིན་གསུམ་གྱི་ཚོགས་འདུ་དེར་ཤེས་རིག་ལས་ཁུངས་དང་། སློབ་དེབ་རྩོམ་སྒྲིག་སྡེ་ཚན། སམ་བྷོ་ཊ། བོད་ཁྱིམ། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཁག་ཅིག་མཉམ་ཞུགས་ཀྱིས། གསར་དུ་རྩོམ་སྒྲིག་ཟིན་པའི་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ལ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབ་བྱས་ཡོད་ལ། དེ་སྔོན་དཔྱད་ཞིབ་དང་ལེགས་བཅོས་ཐེངས་གཉིས་ཙམ་བྱས་ཟིན་ཡོད་པ་མ་ཟད། སློབ་གྲྭ་ཁག་ལ་ཆེད་བསྐྱོད་ཀྱིས་བོད་ཡིག་ཏུ་རྩོམ་སྒྲིག་བྱེད་པའི་སློབ་དེབ་འདི་འབྲེལ་ཡོད་སྤྱི་ཚོགས་ཚན་རིག་དགེ་རྒན་ཚོར་ངོ་སྤྲོད་དང་ཟབ་སྦྱོང་གནང་ཡོད་པ་རེད།

ད་སྔ་གཞི་རིམ་འོག་མ་འཛིན་རིམ་ལྔ་བ་བར་སློན་ཚན་ཡོངས་རྫོགས་བོད་ཡིག་ཏུ་ཕབ་སྒྱུར་རྩོམ་སྒྲིག་ཟིན་པ་ལྟར་དངོས་སུ་སློབ་ཁྲིད་འགྲོ་བཞིན་པ་དང་།  ༢༠༡༠ ལོར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་ཟིན་བྲིས་ལ་བཀའ་ཤག་གིས་བཀའ་འཁྲོལ་གཏན་འབེབ་བྱུང་བ་ལྟར། གཞི་རིམ་བར་མའི་སློབ་ཚན་ཁག་བོད་སྒྱུར་རྩོམ་སྒྲིག་གི་ལས་གཞི་མགོ་བརྩམས་པའི་ཁྲོད། འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་གི་སློབ་ཚན་ཆ་ཚང་བོད་སྒྱུར་ཟིན་པའི་སྟེང། སྔོན་ཆད་ཀྱི་བོད་ཡིག་སློབ་དེབ་ནང་ཡོད་པའི་རྒྱལ་རབས་དང་ཆོས་འབྱུང་ལ་བཅོས་སྒྱུར་གྱིས་སྤྱི་ཚོགས་ཚན་རིག་གི་སློབ་ཚན་ཁོངས་སུ་བཏང་འདུག ཤེས་རིག་དྲུང་འཕར་བཀྲིས་དོན་གྲུབ་ལགས་ཀྱིས་ “བཅོས་སྒྱུར་ཟིན་པའི་རྒྱལ་རབས་ཆོས་འབྱུང་འདི་སྔོན་མ་ནང་བཞིན་བློ་འཛིན་བྱ་མི་དགོས་པ་ཞིག་ཆགས་ཡོད་” ཅེས་བརྗོད་བྱུང་ལ། དེ་ནི་འཛིན་རིམ་དྲུག་པའི་སློབ་ཕྲུག་ཅིག་ལ་གཞུང་ལུགས་ཁྲིད་རྒྱུ་མ་ཡིན་པར་རིག་གནས་ཀྱི་ངོ་བོར་བསླབ་གཞི་བཅོས་སྒྱུར་བྱས་པ་ཞིག་རེད་འདུག

གཞི་རིམ་སློབ་གྲྭའི་སློབ་ཚན་བོད་སྒྱུར་རྩོམ་སྒྲིག་གི་ལས་གཞི་འདི་༢༠༠༤ ལོར་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབ་གནང་རྗེས། དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། ༢༠༠༨ ལོར་གཏན་འབེབ་བྱས་པའི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་དང་། ༢༠༡༠ གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གཏན་འབེབ་གནང་པ་ཁག་གི་དགོངས་དོན་ལྟར། རྩིས་རིག་དང་ཚན་རིག སྤྱི་ཚོགས་ཚན་རིག་བཅས་དབྱིན་ཡིག་ནས་བོད་ཡིག་ནང་ཕབ་སྒྱུར་གྱིས་བོད་ཡིག་གི་བསླབ་གཞིར་རྩོམ་སྒྲིག་བྱེད་ཀྱི་ཡོད་པའི་ལས་གཞི་ཞིག་ཆགས་ཡོད། འོན་ཀྱང་། གསར་དུ་རྩོམ་སྒྲིག་བྱས་པའི་སློབ་དེབ་འདི་ཁྲིད་གཞིར་འཇོག་མིན་སློབ་གྲྭ་སོ་སོར་ཐག་གཅོད་ཀྱི་དབང་ཆ་ཡོད་ན་ཡང་། སློབ་གྲྭ་ཁག་གི་བསླབ་གཞིའི་སློབ་ཚན་རྣམས་ཤེས་ཡོན་སྲིད་བྱུས་གསར་པའི་རྩ་འཛིན་གཏན་འབེབ་འོག་འགྲོ་དགོས་པ་ཞིག་ཆགས་ཡོད་འདུག་ལ། གནད་དོན་དེར་དམིགས་ཏེ་རྩ་འཛིན་གཏན་འབེབ་ཀྱི་དགོངས་དོན་གཞིར་བཞག་སློབ་དེབ་འདི་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག

གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གི་ཚོགས་གཙོ་ཤེས་རིག་དྲུང་འཕར་བཀྲིས་དོན་གྲུབ་ལགས་ཀྱིས། བསླབ་གཞིའི་སློབ་ཚན་ཁག་བོད་སྒྱུར་བྱེད་པའི་ཐད་དཀའ་ངལ་ཆེ་ཤོས་རྩོམ་སྒྱུར་བྱེད་མཁན་ཆེད་ལས་པ་མེད་པ་དང་། ཐེངས་འདིའི་སློབ་ཚན་རྩོམ་སྒྲིག་སྡེ་ཚན་གྱི་རྩོམ་སྒྱུར་བྱེད་མཁན་ཚོ་ནི་ཆེད་ལས་པ་མིན་ཀྱང་། བོད་དབྱིན་གཉིས་ཀྱི་ཐད་མཐོ་སློབ་ལག་འཁྱེར་ཡོད་པའི་སྟེང་། སློབ་ཕྲུག་གི་ཤེས་ཡོན་སློབ་གསོ་དང་འབྲེལ་པའི་ཉམས་མྱོང་ཡང་གང་འཚམ་ཡོད་པ་དེ་འདྲ་ཆགས་ཡོད་སྟབས། གསར་དུ་རྩོམ་སྒྲིག་ཟིན་པའི་འཛིན་རིམ་དྲུག་པའི་སློབ་དེབ་རྩོམ་སྒྲིག་ཐད། “འབྲེལ་ཡོད་སྡེ་ཚན་ཁག་ནས་ཕེབས་པའི་མི་སྣ་དང་དགེ་རྒན་ཚོས་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག” ཅེས་བརྗོད་བྱུང་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་དབྱིན་གཉིས་ཀར་ཤེས་ཚད་ལེགས་པོ་ཡོད་པའི་ཐོག་ཡིག་སྒྱུར་ཡང་བྱེད་ཐུབ་མཁན་དཀོན་པོ་ཡིན་སྟབས། མ་འོངས་པར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཡིག་སྒྱུར་ཆེད་ལས་པ་གསོ་སྐྱོང་བྱ་རྒྱུའི་ལས་འཆར་ཡང་སྒྲིག་བཞིན་འདུག

སློབ་དེབ་རྩོམ་སྒྲིག་སྡེ་ཚན་གྱི་བུངྷ་སྐྱབས་དང་བསོད་ནམས་བཟང་པོ་གཉིས་ཀྱིས། སློབ་དེབ་རྩོམ་སྒྲིག་གི་བརྒྱུད་རིམ་ནང་སློབ་ཚན་ཁག་ཕྱིའི་སྐད་ཡིག་ནས་བོད་ཡིག་ཏུ་རྩོམ་སྒྱུར་བྱེད་སྐབས་དཀའ་ངལ་ཆེ་ཤོས་དབྱིན་ཇིའི་ཐ་སྙད་མང་པོ་ཞིག་བོད་སྐད་དུ་མེད་པ་དེ་ཆགས་ཡོད་སྟབས།  བོད་ཕྱི་ནང་གཉིས་ཀྱི་བོད་དབྱིན་ཚིག་མཛོད་དང་ཐ་སྙད་གསར་ཐོན་རིགས་ལ་ཞིབ་འཇུག་གིས་ཐ་སྙད་དང་བརྗོད་ཚིག་གཏན་འབེབ་བྱེད་པ་དང་། དེ་དག་ལས་བརྒལ་པའི་ཐ་སྙད་རིགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་གཏན་འབེབ་སྡེ་ཚན་གྱིས་གཏན་འབེབ་ལྟར་ཐག་གཅོད་བྱེད་ཀྱི་ཡོད་འདུག་ལ། སློབ་དེབ་རྩོམ་སྒྲིག་ཟིན་རྗེས་སློབ་གྲྭ་ཁག་ཏུ་བསྐྱོད་དེ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་དགེ་རྒན་ཚོར་ཟབ་སྦྱོང་ཐེངས་གཉིས་ཙམ་སྤྲད་ཡོད་པའི་སྐོར་ནས།  “དགེ་རྒན་ཚོས་ཚོད་ལྟའི་སློབ་ཁྲིད་བྱས་པ་བཅས་ཀྱི་སྐབས་སུ་བརྗོད་དོན་གང་གི་ཐད་ནས་ཚད་ཐིག་ཅིག་གི་སྟེང་སླེབས་ཡོད་པའི་ཚོར་སྣང་བྱུང་།” ཞེས་བརྗོད་བྱུང་ལ། སློབ་དེབ་འཆད་ཁྲིད་ཐད་དགེ་རྒན་ཚོར་བོད་ཡིག་གི་ཤེས་ཚད་གང་འཚམ་དགོས་ཀྱི་ཡོད་པའི་བསམ་ཚུལ་ཡང་འདུག

ཐེངས་འདིར་རྩོམ་སྒྲིག་གཏན་འབེབ་ཟིན་པ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་འདི་ནི་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་སློབ་ཚན་གཏན་འབེབ་དང་སློབ་དེབ་རྩོམ་སྒྲིག་གི་ལས་གཞིའི་ཆ་ཤས་ཤིག་དང་།   ༢༠༡༣ བར་གཞི་རིམ་བར་མའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྣམས་ཡོངས་ཁྱབ་འགྲེམས་སྤེལ་བྱ་འཆར་རེད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 9

  1. བསོད་ནམས། says:
    ལོ་ 15 སྔོན།

    གཞི་རིམ་བར་མའི་སློབ་དེབ་ལེགས་གྲུབ་བྱུང་བ་ནི་ཧ་ཅང་རླབས་ཆེན་རེད། ཡིན་ན་ཡང་སློབ་དེབ་བཟོས་པ་ཙམ་གྱིས་བོད་ཡིག་ཡར་རྒྱས་འགྲོ་མི་ཐུབ། གལ་སྲིད་བོད་ཡིག་ཡར་རྒྱས་གཏང་དགོས་ན་གཞི་རིམ་སྔོན་འགྲོ་ནས་བཟུང་སློབ་ཁྲིད་བྱེད་ཕྱོགས་ལ་འགྱུར་བ་མ་བཏང་ན་སློབ་ཕྲུག་གི་རྒྱུད་ལ་ཤེས་ཡོན་བརྟན་པོ་ཞི་གནས་རྒྱུ་ཧ་ཅང་དཀའ། ། ད་ལྟ་འགྲོ་བཞིན་པའི་གཞི་རིམ་སློབ་གྲྭ་ཁག་ལ་ཕན་ཐོགས་ཡོད་ཅིང་དངོས་ཡོད་བདེན་འཚོལ་གྱིས་ལམ་ལུགས་ཤིག་གཏན་འབེབས་བཟོ་དགོས་འདུག ཐོག་མར་བོད་ཕྲུག་རྣམས་བོད་ཡིག་ལ་སྤྲོ་བའི་ཐོག་ནས་སྦྱང་འདུན་ཡོད་པ་བཟོ་ཐབས་ལ་འབད་དགོས། སྔོན་འགྲོ་ནས་བཟུང་བོད་ཡིག་འབྲི་ཀློག་གཏན་འབེབས་གསར་པ་ཞིག་མ་བཟོས་ཚེ་བོད་ཕྲུག་འདི་དག་ལ་བོད་ཡིག་གོམས་འདྲིས་ཟབ་མོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེང་དུས་མི་ལ་བྱ་བ་གང་ཞིག་ཡིན་ཀྱང་ལས་སླ་བོའི་ཐོག་ནས་འགྲོ་མ་ཐུབ་ཚེ་དེ་ལ་གྲུབ་འབྲས་ཐོན་ཁག་པོ་རེད། དེ་འདྲ་སོང་ཙང་བོད་ཡིག་སྦྱོང་སྟངས་ལ་སྔ་མོའི་སྡེ་པ་གཞུང་གི་ཡིག་གཟུགས་འདྲ་མིན་ཐོག་ནས་མི་ཚེ་བསྐྱལ་བསྡད་པ་དེར་འགྱུར་བ་ཞིག་མ་ཕྱིན་ཚེ། དེང་དུས་སློབ་ཚན་སྣ་མང་ཅན་གྱི་དུས་འདིར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་རྒྱུ་ཁག་པོ་རེད་སྙམ། ངས་འདི་བཤད་ན་མང་པོ་ཞིག་གི་སྣང་ངོར་མི་འགྲོ་བར་ང་ཚོ་བོད་ཀྱི་རིག་གཞུང་རེད། དེ་བདག་པོ་རྒྱག་དགོས་རེད་ལབ་མདོག་ཁ་བོ་རེད། ང་ཚོ་བོད་ཕྲུག་རྣམས་ཀྱིས་སྔོན་འགྲོ་ནས་ལོ་ངོ་དྲུག་ཙམ་རིང་དབུ་མེད་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་སོགས་མི་ཚེའི་ནང་བེད་སྤྱོད་དེ་ཙམ་མེད་པ་ཞིག་ལ་སྦྱངས་སྦྱངས་ནས་དུས་ཚོད་བསྐྱལ་དགོས་པ་དང་། དེ་ནས་འཛིན་རིམ་བཞི་པ་ནས་དབུ་ཅན་ཀློག་སྟངས་ལ་གོམས་འདྲིས་བྱ་དགོས་ཤིང་། འཛིན་རིམ་དྲུག་པ་ནས་འཁྱུག་མ་ཚུགས་འབྲི་འགོ་འཛུགས་དགོས་པས་སློབ་ཕྲུག་རྣམས་ཀྱི་ཀླད་པར་ཡིག་གཟུགས་གཅིག་བརྟན་པོར་གནས་ཐུབ་རྒྱུ་ཁག་པོར་ཆགས་འདུག ཡིག་གཟུགས་ནི་དེ་འདྲ་གལ་ཆེན་པོ་ཡིན་ན་འཛིན་རིམ་བཅུ་པ་བཅུ་གཅིག་ནས་ལག་བདེ་བོ་ཅན་གང་འཚམས་ཤིག་ལ་ཡིག་གཟུགས་ཀྱི་རིགས་གཅིག་རྐང་འཛིན་པ་བཙུག་ན་མི་འགྲིགས་པ་མེད། སྔོན་འགྲོ་ནས་ཀློག་དེ་དབུ་ཅན་ཁོ་ན་དང་། ཡིག་གཟུགས་དེ་འཁྱུག་མ་ཚུགས་འབྲི་བཅུག་ན་དེས་ལོ་མང་རིང་ཕྲུ་གུ་རྣམས་ཀྱི་སེམས་ལ་རི་མོ་གཅིག་ཁོ་ནའི་བག་ཆགས་བརྟན་པོ་འཇོག་ཐུབ་པར་བརྟེན་བོད་ཡིག་ཡག་པོ་ཤེས་པར་ཕན་ཐོགས་ཆེ་ངེས། དེ་མིན་ཡིག་གཟུགས་གཅིག་སེམས་ལ་བརྟན་པོ་མ་ངེས་གོང་ཡིག་གཟུགས་གཞན་ཞིག་བསླབ་དགོས་པས་བོད་ཡིག་འབྲི་ཀློག་བརྟན་པོ་ཞིག་ཡོང་རྒྱུ་དཀའ། བོད་ཡིག་ལ་ཞེན་ཁོག་བྱས་པ་ཙམ་གྱིས་གང་ཡང་མི་ཕན་པར་དེ་བདག་པོ་རྒྱག་སྟངས་ཐད་ཐབས་ལམ་མ་བཙལ་ན་ད་ལྟའི་དུས་འདིར་བོད་ཡིག་བདག་པོ་རྒྱག་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། ཚང་མ་བདག་པོ་རྒྱག་གི་ཡིན་ཟེར་ན་དུས་ཀྱི་རྐྱེན་པས་ཁག་པོ་རེད། དེ་ལས་འོ་མའི་ནང་ནས་མར་དེ་ལེན་ཨེ་ཐུབ་བལྟས་ན་ཁེ་སང་ཆེ་བ་ཡོད་པ་ཤེས་དགོས། ང་ཚོས་དུས་དང་མཐུན་པའི་འགྱུར་བ་གཏང་དགོས། རྙིང་ཞེན་ཁོ་ནས་བོད་ཡིག་བདག་པོ་རྒྱག་མི་ཐུབ་པ་ནི་དུས་ཀྱིས་ང་ཚོར་གསལ་སྟོན་བྱེད་ཡོང་གི་ཡོད།
    བསམ་ཚུལ་འདིར་བློ་འདོད་མེད་མཁན་རྣམས་ཀྱིས་གཞི་རིམ་སློབ་གྲྭར་དངོས་སུ་ཞིབ་འཇུག་བྱེད་རོགས་ཞེས་འབོད་སྐུལ་ཞུ་གི་ཡིན།

    Reply
  2. སྟག་ཕྲུག says:
    ལོ་ 15 སྔོན།

    འདི་དང་ཆབ་ཅིག་ཚན་རིག་བརྡ་ཆད་ཀྱི་ཐད་ནས་བོད་གཞིས་བྱེས་གཉིས་སུ་གཅིག་གྱུར་ཞིག་ཡོང་བ་བྱ་རྒྱུ་དེ་ཧ་ཅང་གི་གལ་གནད་ཅིག་རེད། མ་གཏོགས་ཕན་ཚུན་འབྲེལ་བ་གང་ཡང་མེད་པར་རང་རང་གི་ས་ནས་རང་རང་གི་འདོད་བབ་བཞིན་བརྡ་ཆད་འགའ་གཏན་འབེབ་བྱས་བསྡད་ན་འབྱུང་འགྱུར་དཀའ་ངལ་ཆེན་པོ་ཞིག་སྔུན་དེར་ལྷག་ཡོང་རྒྱུ་གཏན་ཁེལ་རེད། འདིའི་ཐོག་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ཐད་ནས་ཐད་ཀར་བོད་ནང་གི་ཤེས་ཡོན་སྡེ་ཁག་རྣམས་ལ་འབྲེལ་བ་བྱ་མི་ཐུབ་སྟབས། ཆེས་མཐོའི་མཁས་པའི་ལྷན་ཚོགས་ལྟ་བུ་ཞིག་གཞུང་འབྲེལ་མ་ཡིན་པར་བཙུགས་ཏེ་བོད་ཕྱི་ནང་གི་ཤེས་ཡོན་སྡེ་ཁག་མཉམ་སྒྲིལ་བྱ་ཐུབ་ན་ལེགས་ཚོགས་ཆེ།

    Reply
  3. སྟག་ཕྲུག says:
    ལོ་ 15 སྔོན།

    འབྲེལ་ཡོད་ཚང་མར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤེས་ཡོོན་སྲིད་ཇུས་འདིས་འབྱུང་འགྱུར་གྱི་བོད་མི་རབས་གསར་པ་རྣམས་བོད་རང་མཚན་པའི་ངོ་བོར་སྲུང་སྐྱོབ་བྱས་པ་རེད། ལས་དོན་གང་ཞིག་སྒྲུབ་དགོས་ཀྱང་དང་ཐོག་རང་ཉིད་བརྟན་པོ་ཞིག་དགོས་པ་དེ་ཡོངས་རྫོགས་ཀྱི་ནང་ནས་གལ་ཆེ་བར་མཐོང་གི་ཡོད།

    Reply
  4. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 15 སྔོན།

    ལས་བྱེད་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག་ཏུ་། མ་འོང་བོད་ཀྱི་སྐད་ཡིག་དེ་གཅིག་གྱུར་ཞིག་ཡོང་བའི་ཆེད་དུ་གཞེས་བྱེས་་གཉིས་ཀ་མཐུན་པ་ཞིག་ཡོང་ཐབས་ལ་འབད་པར་སྙིང་ཐགས་པ་ནས་རེ་བ་ཞུ་ཞུ་

    Reply
  5. ཤག་སྒང་པ། says:
    ལོ་ 15 སྔོན།

    ཤེས་རིག་གི་བྱ་འགུལ་གསར་པར་བཀྲིས་བདེ་ལེགས་ཞུ། གཞི་རིམ་སློབ་གྲྭའི་དཀའ་ངལ་ཆེ་ཤོས་ནི། ད་ལྟའི་སློབ་དགེ་རྣམས་ནས་བོད་ཀྱི་སྐད་ཡིག་ལ་རང་སྐྱ་ཕེར་ངེས་ཀྱི་གདེང་ཚོད་མེད་པ་དེ་ཡིན་པས། ཛ་དྲག་གི་ཛ་དྲག་དང་པོ་ནི་ད་ཡོད་གནང་བཞིན་པའི་སློབ་དགེ་རྣམས་ལ་སློབ་མའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་ངེས་པར་མཁོ་པའི་སྙན་ངག་གི་བརྡ་ཆད་དང་འབྲེལ་བའི་སློབ་ཁྲིད་ལག་བསྟར་གྱི་གཞི་གདན་སྲ་མཁྲེགས་བཟོ་དགོས་པའི་ཟབ་སྦྱོང་དགོས་པ་ལས། སློབ་དེབ་གཙོ་མིན། དང་པོ་སློབ་མཁན་གྱི་སྤུས་ཚད་ལ་དོ་འཁུར་མེད་པར་སློབ་གཞི་གྲ་སྒྲིག་གནང་བ་ནི་དེ་ཙམ་རེད། ལས་འཁུར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་སྤྲོ།

    Reply
  6. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    ཕལ་ཆེར་ཡག་པོ་ཆགས་ཡོད་ས་རེད།སློབ་དེབ་འདི་འདྲ་སྟོན་ཐུབ་པ་ཧ་ཅིང་ཡག་པོ་རེད་ཤེས་རིག་ལས་ཁུངས་ཀྱིས་དངོས་གནས་ཤེས་ཡོན་རིག་གནས་ཐོག་ལ་ཐུགས་ཁུར་ཆེ་ཙམ་བཞེས་ནས་ཡིག་སྒྱུར་སྡེ་ཚན་གྱི་ཆེད་ལས་པ་ཙམ་མིན་པར་ཆེད་ལས་པ་གང་མང་གསོ་སྐྱོང་བྱེད་དགོས་ས་རེད།།

    Reply
  7. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    སྤྱི་ཚོགས་ཚན་རིག་གི་སློབ་དེབ་བསྒྱུར་པ་པོ་བསོད་ནམས་བཟང་པོ་ལགས་དང། བུདྡྷ་སྐྱབས་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་བླ་མེད་ཞུ་རྒྱུ་ཡིན། ཁོང་གཉིས་ནི་རྩོམ་བསྒྱུར་གྱི་ཐད་ལ་རིགས་གཅིག་རྐང་འཛིན་ཟེར་ནའང་ཆོག

    Reply
  8. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ཤེས་ཡོན་སྲིད་བྱུས་འདི་འདྲ་ལག་ལེན་ལྟར་ཐུབས་པ་ཡག་པོ་རེད་འོན་ཀྱང་ཤེས་ཡོན་དང་ཉམས་མྱུང་ལྡན་པ་གང་མང་ཞིག་གིས་ཐོག་ནས་སློབ་དེབ་བསྒྲིགས་ཐུབ་ན་དགེ་མཚན་ཆེ་བར་མ་ཟད་མ་འོངས་བ་ཡིན་པ་རིན་ཐང་ཚང་པ་ཞིག་ཏུ་དངོས་འཛིན་བྱེད་ཐུབ་རྒྱུ་དང་སློབ་དེབ་དེ་སྤྱོང་མཁན་སློབ་མ་ཚོས་ཡིན་ན་ཡང་དགའ་ཚོར་ཆེན་པོས་སྤྱོང་འདོད་ཡོད་པ་ཞིག་གལ་ཆེན་རེད་ཐུགས་རྗེ་ཆེ།

    Reply
  9. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    སློབ་དེབ་གསར་བསྒྲིགས་དང་དགེ་རྒན་ལ་ཟབ་ སྦྱོང་སྤྲོད་པ་སོགས་ལ་བདག་གིས་བོད་ཀྱི་ཤེས་རིག་དང་སྐད་ཡིག་ལ་གཅེས་འཛིན་ཅན་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་དང་བཀྲིས་བདེ་ལེགས། དེ་བཞིན་གྲུབ་འབྲས་ལེགས་ཐོན་ཡོང་བའི་སྨོན་འདུན་ཡང་ཞུའོ༎

    འོན་ཀྱང་བདག་གི་ཉམས་མྱོང་གི་ཐོག་ནས་ཞུ་ན་བོད་ཀྱི་སྐད་ཡིག་སོགས་རྒྱུན་འཛིན་བྱེད་པར་བོད་ཕྲུག་འདི་དག་གང་དུ་གནས་སྡོད་བྱེད་སར་བོད་མི་རང་གི་ཁོར་ཡུག་གཙང་མ་ཞིག་བསྐྲུན་གལ་ཆེ་བར་འདུག དེ་མིན་ཁག་ཙམ་འདུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese