མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཡུ་གུར་བ་ ༢༠ དམར་གསོད་བཏང་།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཉི་མའི་ཉིན་
ཞིན་ཅང་ཧི་ཐེན་གྲོང་ཁྱེར་དུ་ཡུ་གུར་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་གནང་སྐབས། རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་ཡུ་གུར་བ་ ༢༠ དམར་གསོད་བཏང་འདུག

ཕྱི་ཚེས་ ༡༧ ཉིན་ཞིན་ཅང་ཧི་ཐེན་གྲོང་ཁྱེར་ནང་། ཡུ་གུར་མི་མང་གིས་རང་བཙན་འཕྲེད་དར་དང་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་སྐབས།  རྒྱ་གཞུང་གི་དམག་མིས་རྒྱབ་ཕྱོགས་ནས་འཇབ་རྒོལ་གྱིས་མི་ཚོགས་ཁྲོད་མེ་མདའ་བརྒྱབ་ཏེ་མི་ ༦ བསད་པ་དང་། མི་ ༡༢ ལ་རྨས་སྐྱོན་བཟོས་ཏེ་བཙན་གནོན་བྱས་འདུག

ཉིན་གུང་ཆུ་ཚོད་ ༡༢ སྟེང་ཡུ་གུར་བ་སྐོར་ཞིག་གིས་ལག་ཏུ་སྟར་གྲི་དང་ལྕགས་མདུང་སོགས་བཟུང་སྟེ། ནའེ་ཨར་པཱ་ཀི་སྲང་ལམ་གྱི་རྒྱ་ནག་ཉེན་རྟོག་ཁང་ཞིག་ལ་རྒོལ་གཏོར་བྱས་ཏེ། དམག་མི་ ༢ དང་ལས་བྱེད་ ༢ བཅས་མི་ ༤ དམར་གསོད་བཏང་ཡོད་པ་དང་། གཞན་རྒྱ་དམག་ ༡ ལ་རྨས་སྐྱོན་བཟོས་ཡོད་འདུག སྐབས་དེར་རྒྱ་ནག་དྲག་དམག་དང་ཉེན་རྟོག་པ་མང་པོས་ངོ་རྒོལ་བ་ཚོའི་མཐའ་སྐོར་ཞིང་མེ་མདས་བརྒྱབ་སྟེ།  ཡང་བསྐྱར་ཡུ་གུར་བ་ ༡༤ དམར་གསོད་བཏང་ཡོད་འདུག 

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན།  དྲག་སྤྱོད་མི་སྣ་སྐོར་ཅིག་གིས་ཆུ་ཚོད་གཅིག་རིང་ཉེན་རྟོག་ལུས་ཁུངས་ལ་གཏོར་རྒོལ་བྱས་ཏེ།  ཉེན་རྟོག་པ་ ༢ ཚུད་པའི་མི་ ༤  བསད་པ་དང་། མི་གཅིག་ལ་རྨས་སྐྱོན་བཟོས་པར་བརྟེན། དྲག་ཆས་ཉེན་རྟོག་དམག་མིས་འགེབས་སྲུང་ཕར་རྒོལ་བྱས་ཏེ་གཏའ་མར་བཟུང་བའི་མི་ ༦ གི་སྲོག་སྐྱབས་ཤིང་། དྲག་སྤྱོད་པ་ ༡༣ འཛིན་བཟུང་དང་། གཅིག་ལ་རྨས་སྐྱོན་བཟོས་ཡོད་སྐོར་བརྗོད་འདུག  ཡིན་ནའང་། དོན་རྐྱེན་དེའི་འབྱུང་རྐྱེན་སྐོར་ད་སྔ་གསལ་ཁ་མི་འདུག

ས་གནས་ཡུ་གུར་བ་ཞིག་གིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཐོག་མར་ཡུ་གུར་མི་མང་གིས་སྲང་ལམ་དུ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས།  རྒྱ་དམག་གིས་རྒྱབ་ཕྱོགས་ནས་འཇབ་རྒོལ་གྱིས་མི་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་སྟབས། ཉེན་རྟོག་ལས་ཁུངས་ལ་ཕར་རྒོལ་བྱས་པའི་དོན་རྐྱེན་དེ་བྱུང་བ་ཡིན་འདུག འཇར་མན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་ཀྱང་། ཕྱི་ཚེས་ ༡༩ ཉིན་གསར་ལམ་ཁག་ཏུ་རྒྱ་དམག་གིས་ཞི་བའི་ངོ་རྒོལ་སྐད་འབོད་གནང་མཁན་གྱི་ཡུ་གུར་བའི་ཐོག་མེ་མདའ་བརྒྱབ་ཏེ། མི་ ༢༠ དམར་གསོད་དང་། མི་ ༣ སྲོག་ཉེན་གྱི་རྨས་སྐྱོན། གཞན་མི་ ༡༢ ཚད་གཞི་མི་འདྲ་བའི་རྨས་སྐྱོན་བཟོས་ཡོད་པར་མ་ཟད། ཚེས་ ༡༨ གྱི་ཕྱི་དྲོ་ནས་ཚེས་ ༡༩ ཉིན་གུང་བར་ཡུ་གུར་བ་ ༧༠ ལྷག་འཇུ་བཟུང་བྱས་ཡོད་པ་དང་།  ད་ལྟ་ཡུ་གུར་མི་མང་གིས་ས་གནས་གྲོང་ཁྱེར་ཁུལ་གཙོས་པའི་མའོ་ཡའེ་རྫོང་དང་། ཧི་ཐེན་རྫོང་བཅས་ཀྱི་ནང་འཇུ་བཟུང་བཀག་ཉར་བྱས་པའི་ཡུ་གུར་བ་རྣམས་ཀློད་དགོས་པའི་འབོད་སྐུལ་ཡིག་ཆ་མང་པོ་བཀྲམས་ཡོད་སྐོར་བརྗོད་འདུག 

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ལགས་ཀྱིས། རྒྱ་དམག་གིས་ཞི་བའི་ངོ་རྒོལ་བ་རྣམས་ཀྱི་ཐོག་དྲག་གནོན་བྱས་པར་བརྟེན་ཛ་དྲག་གི་གནས་ཚུལ་དེ་བྱུང་ཞིང་། ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་གཉིས་ནི། གཅིག་ནས་རྒྱ་གཞུང་གིས་དུས་རྒྱུན་དུ་ཧི་ཐེན་ས་ཁུལ་གྱི་ཡུ་གུར་མང་ཚོགས་ལ་སྔོག་བཤེར་བཀག་སྡོམ་དང་། འཇུ་བཟུང་གཅར་རྡུང་བྱེད་བཞིན་ཡོད་པའི་རྐྱེན་དང་། གཉིས་ནས་རྒྱ་གཞུང་གིས་ཞིན་ཅང་འཛུགས་སྐྲུན་རོགས་སྐྱོར་ཞེས་པར་ཁ་གཡར་ཏེ།  རྒྱ་ནག་གི་ཁེ་ལས་བཟོ་ཚོང་མང་པོ་ཡུ་གུར་བའི་ས་ཐོག་ཏུ་གནས་སྤོར་གྱིས། ས་གནས་མི་མང་གི་ལག་ནས་ས་ཆ་བཙན་འཕྲོག་བྱས་ཏེ།  ཡུ་གུར་བ་རྣམས་རང་ཡུལ་ནས་མཐའ་འདེད་གཏོང་བཞིན་པར་བརྟེན། ས་གནས་ཡུ་གུར་མི་མང་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་ངོ་རྒོལ་བྱུང་བ་ཞིགཡིན་པ་བརྗོད་འདུག 

ད་ལྟ་ཧི་ཐེན་གྲོང་ཁྱེར་ཡོངས་ལ་རྒྱ་དམག་ཕོན་ཆེན་འགྲེམས་འཇོག་དང་། མི་ཚང་རེ་རེར་སྔོག་བཤེར་གྱིས་དམ་དྲག་བྱེད་བཞིན་པར་མ་ཟད།  ལག་ཁྱེར་ཁ་པར་དང་གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཚང་མར་བཀག་སྡོམ་བྱས་ཡོད་འདུག   

༢༠༠༩ ལོའི་ཞིན་ཅང་ཝུ་རོ་མུའུ་ཆི་ ༧ ་ ༥ ཡར་ལངས་སྐབས།  རྒྱ་གཞུང་གིས་ཡུ་གུར་བ་ ༢༠༠ ལྷག་དམར་གསོད་བཏང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    གསར་འགྱུར་འདི་ཚོ་བྲག་ཅ་ཡོད་པ་ཞིག་རེད་ལ། ཡུ་གུར་རིགས་རང་སྐྱོང་ལྗོངས་དང་། ནང་སོག་རང་སྐྱོང་ལྗོངས། ཧོས་རིགས་རང་སྐྱོང་ལྗོངས། ཀྲོང་རིགས་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས་བཅས་ལྔ་ནི། གུང་ཁྲན་གྱི་དབང་སྒྱུར་སྲིད་ཇུས་ཐད་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་དེ། རང་སྐྱོང་བཟོས་པ་མ་གཏོགས་མི་རིགས་ཀྱི་བདེ་སྡུག་ལ་བལྟས་ནས་བྱེད་ཐབས་བཟུང་པ་ཞིག་རྩ་བ་ནས་མིན། དེར་བརྟེན་ད་དུང་ཡང་དཀའ་སྡུག་མུ་མཐུད་མྱོང་བཞིན་པའི་ཁྲོད་སྡུག་ལངས་དེ་དག་བྱེད་ཀྱིན་ཡོད། ལེ་ཚན་འདིར་མི་རིགས་དེ་དག་གདོང་ལེན་འཐབ་ཕྱོགས་གཅིག་གྱུར་གྱི་ལེའུ་གསར་པའི་སྒོ་མོ་ཞིག་ག་རེ་བྱས་ནས་ཕྱེ་ཐུབ་ཀྱི་མེད་པ་རེད། ཅེས་པའི་དྲི་བ་ངང་གིས་ཐོན་ཡོང་བ་ཞིག་མ་རེད་པས། ཨ་་་་་་་་་་་་་་་་་་་

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གང་ལྟར་མི་རིགས་ཤིག་གི་བདེ་སྡུག་གི་ཆེད་ཡིན་དུས་གནས་སྟངས་འདྲ་མིན་ཞིག་འབྱུང་གི་ཡོད་པ་དངོས་ཡོད་རེད།  ཡིན་ཡང་མི་རིགས་ཤིག་དཀའ་སྡུག་ལས་སྐྱོབ་དགོས་ན་དེ་ལ་བཟོས་སྲན་བྱེད་དགོས་པ་དང་དྲག་པོ་བྱེད་དགོས་པ་ཞི་བ་བྱེད་དགོས་པ་སོགས་གང་མང་ཞིག་ཡོད་ངེས་སོང་ཙང་།  འདི་འདྲ་གནས་སྟངས་སོགས་ཡོང་སྲིད་པ་ཞིག་རེད་གང་ཡིན་ཞེ་ན་རྒྱ་ནག་དམར་གཞུང་གི་དུས་རྟག་ཏུ་དྲག་པོས་ལས་ལ་འགྲོ་རྒྱུ་ལས་ཞི་བ་ཟེར་པ་ནི་རྨི་ལམ་རེད།   གནས་སྟངས་དེ་འདྲ་ཡིན་དུས་འདི་འདྲ་ཡོང་གི་རེད་བློ་ཕམ་མ་བྱེད་མུ་མཐུད་དུ་དྲང་བདེན་གྱི་ལས་ལ་འགྲོ་འུ་ཐུབ་ལྟ་རྒྱུ་གལ་ཆེན་རེད།   ཡུ་གུར་པ་རྒྱལ་ལོ།  བོད་རྒྱལ་ལོ།   དཀའ་སྡུག་དང་བཙན་གནོན་འོག་ཏུ་ཡོད་པའི་མི་མང་རྣམས་རྒྱལ་ལོ།

    Reply
  3. ཇ་མ་ says:
    ལོ་ 15 སྔོན།

    ཨུ་རྒར་མི་རིགས་ཀྱིས་ཁྲབ་སྟོན་གཞི་ནས་འགོ་འཛུགས་རྒྱུ་རེད། བོད་པ་ཚོས་གྲ་སྒྲིགས་བྱོས། གོ་སྐབས་ནི་འཕྲོ་བརླག་ཏུ་གཏོང་མི་ཉན།

    Reply
  4. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    གསོད་རྒྱུ་ཉུང་དྲག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese