མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཆབ་སྲིད་བཙོན་པ་ ༡༤༠༠ ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་བོད་ཀྱི་དགུ་བཅུ་གསུམ་
ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གཞུང་གིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་སྟེ་མི་ལོ་ ༦༠ འཁོར་བའི་དུས་དྲན་ལ་ངོ་རྒོལ་ཆེད། རྒྱ་གཞུང་གིས་དམར་གསོད་བཏང་བའི་བོད་མི་ ༦༠ ཡི་ལོ་རྒྱུས་མཚན་གཞུང་བསྐུར་ཡོད་ཟེར།   

ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་སྟེ། ཁྱོན་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་རྒྱ་དབུས་གཞུང་གི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་འབོད་འགུག་བྱས་ཡོད་འདུག གནས་སྟངས་དེའི་ཐད། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། ཚོགས་པ་དེའི་ཚོགས་གཞོན་ཀླུ་མཁར་བྱམས་དང་དྲུང་ཆེ་གངས་ལྷ་མོ་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གིས་བྱེད་སྟངས་ལ་ཡིག་ཐོག་ནས་ལན་འདེབས་བྱས་ཡོད་ཅིང་། ལན་འདེབས་ཡི་གེ་དེའི་ནང་འཁོད་དོན། “ དེ་རིང་རྒྱ་དམར་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ། ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་ཟེར་བ་འཚོགས་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་ཁོང་ཚོར་ཁ་གསབ་ཀྱི་ཆེད་དང་རྟེན་འབྲེལ་མཚོན་བྱེད་དུ། བོད་རྒྱལ་ཁབ་རྒྱ་ལག་ཏུ་ཤོར་ནས་མི་ལོ་དྲུག་བཅུ་ཕྱིན་པའི་རིང་བོད་མི་དམར་གསོད་བཏང་བ་དང་། རྐྱེན་འདས་སུ་གྱུར་བའི་མི་གྲངས་ ༦༠ ཙམ་གྱི་མཚན་དང་། སྐྱེས་ལོ་སྐྱེས་ཚེས་བཅས་བྲིས་ནས་བསྐུར་ཡོད་ལ། འདིར་བཀོད་པའི་མིང་ཐོ་རྣམས་རྒྱ་གཞུང་གིས་ཐད་ཀར་དམར་གསོད་བཏང་བའམ། བཙོན་ཁང་ནས་མནར་གཅོད་འོག་གྲོངས་པ། དེ་བཞིན་བཙོན་གྲོལ་ཐོབ་ཀྱང་གཟུགས་པོ་ནད་གཅོང་ཆགས་ཏེ་གྲོངས་པ་སོགས་ཡིན། འདི་ནི་པེ་ཅིན་ནས་ཕེབས་པའི་སྐུ་ཚབ་ཞིས་ཅིན་ཕིན་དང་ཁོང་གི་ལག་རོགས་ཚོར་ཆེད་དུ་དྲུག་བཅུའི་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན་ཞེས” འཁོད་འདུག



དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་དམར་གྱིས་བོད་ཆོལ་ཁ་གསུམ་གྱི་བོད་མི་འབུམ་བཅུ་གཉིས་ཙམ་དམར་གསོད་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་དོན་རྐྱེན་དེའི་རྗེས་ནས་བོད་མི་ ༡༤༠༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཅིང་།  ༢༠༠༨ ལོའི་ཟིང་འཁྲུག་མ་ལངས་གོང་བོད་དུ་ཆབ་སྲིད་བཙོན་ ༢༨༠ ཙམ་ཡོད་པ་རེད། ད་ལྟ་ཡང་རྒྱ་ནག་གིས་མངོན་ལྐོག་གཉིས་ཀྱི་ཐོག་ནས་ཉེས་མེད་བོད་མི་མང་པོ་འཛིན་བཟུང་བྱེད་བཞིན་པར་སེམས་འཚབ་ཡོད་པ་དང་། མི་འགྱངས་བར་བོད་ནང་དུ་བོད་མི་ཅི་ཙམ་འདས་གྲོངས་དང་འཛིན་བཟུང་བྱས་ཡོད་མེད་སྐོར་གྱི་སྙན་ཐོ་ཞིག་འདོན་འཆར་ཡོད་སྐོར་ངོ་སྤྲོད་གནང་བྱུང་།  

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི། ཕྱི་ལོ་ ༡༩༩༡ ལོར་གསར་དུ་བཙུགས་ཤིང་། བོད་རང་བཙན་གྱི་ལྟ་བ་འཛིན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་བོད་ནང་གི་ཆབ་སྲིད་བཙོན་པའི་བདེ་སྡུག་ལ་དམིགས་བསལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན། ད་ལྟ་ཚོགས་པ་འདིར་ཚོགས་མི་ ༥༥༨ ཙམ་ཡོད་པའི་ནང་ཆབ་སྲིད་བཙོན་པ་ ༣༠༠ ཙམ་ཡོད་འདུག་ལ། དེ་དག་ཁྲོད་ཆབ་སྲིད་བཙོན་པ་ ༡༩༢ ཙམ་ཨོ་སི་ཊོ་ལི་ཡ་གཙོས་པའི་ནུབ་ཕྱོགས་རྒྱབ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

མཆན། 13

  1. Rigyal says:
    ལོ་ 11 སྔོན།

    དྲ་རྒྱའི་མཐུད་ལམ་ནོར་འཁྲུལ་ཤོར་འདུག ངོ་མ་འདིར་གཟིགས་གནང་ཞུ་་http://xizang.cn/news/index/xzyw/201107/t20110718_1107140.htm

    Reply
  2. Rigyal says:
    ལོ་ 11 སྔོན།

    ཀུན་གྱི་མཁྱེན་གསལ་ལ། ཉེ་ཆར་རྒྱ་གཞུང་ནས་ལྷ་སར་བོད་བཅིང་བཀྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོ་ཆེན་པོ་ཞིག་གོ་སྒྲིག་ཞུས་པ་དེར་རྒྱ་གཞུང་ལ་ངོ་སྲུང་སྤྲལ་ལད་བཤད་ཆེད་ཕྱི་སྡོད་བོད་མི་དམ་ཉམས་པ་གངས་ཅན་བླ་མ་གཙོས་པའི་སུད་སི་ནས་ཀླད་མེད་བོད་མི་འགའ་རེ་མཛད་སྒོ་དེར་མཉམ་ཞུགས་གནང་འདུག བོད་མི་ཐ་ཞན་དེ་ཚོའི་ངོ་མདོང་དྲ་རྒྱ་འདིའི་ཐོག་ 900000001096259786618836000 ཕྲ་ལྷེ་མེ་མཐོང་རྒྱུ་འདུག་པས། བོད་མི་ངོ་རེ་དང་ལྷག་པར་དུ་བཙན་བྱོལ་ནང་ཡོད་པའི་བོད་མི་སྒྲིག་འཛུགས་ཡོངས་ནས་དེ་མུར་མ་བཞག་པར་ཅིག་གནང་དགོས་དུས་ལ་འབབ་འདུག་སྙམ། འདི་ལྟར་བཞག་ཚེ་ནམ་ཞིག་བོད་ཀྱི་རྩ་དོན་གནོད་རྐྱེན་ཡོང་རྒྱུ་དང་ལྷག་པར་དུ་བོད་ནང་གི་བོད་མི་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་སེམས་སྡུག་ངར་མོ་མ་སྤྲད་དམ། དེ་སྔོན་ཡུ་རོབ་ནང་ཡོད་པའི་བོད་མི་ཁག་ཅིག་བོད་ནང་ཕྱིན་ཏེ་ཞབ་དྲེན་ཆེན་པོ་ཞུས་སྐབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གདོང་ལེན་གང་ལེགས་གནང་ཡོད་པར་མངགས་བརྗོད་ཞུ་རྒྱུ་ཡིན། ཕྱི་སྡོད་བོད་མི་ནང་རྒྱ་གཞུང་གི་ཕོགས་ཟན་གང་མང་ཡོད་པར་སོང་རྒྱལ་ཞེན་བོད་རིགས་རྣམས་ནས་རང་རྒྱལ་རང་སྲུང་སླད་ཐུགས་གཟབ་དང་དོ་སྣང་གནང་གལ་ཆེ་བའོ། བློ་ཕམ་པ་ཞིག་ལ་བཙོན་བྱོལ་ནང་ཡོད་པའི་བོད་རིགས་གསར་འགོད་པས་གནས་ཚུལ་ཚབ་ཆེ་འདི་རིགས་བྱུང་བ་མ་མཁྱེན་པ་ག་ལ་སྲིད། བོད་ཀྱི་དུས་བབ་ཀྱི་གསར་འགོད་པར་སྤྱི་ཡོངས་ཀྱི་གནས་ཚུལ་འདོན་སྟངས་ཐད་མངགས་བརྗོད་ཞུ་རྒྱུའང། ད་ལེན་གོང་འཁོད་གནས་ཚུལ་ཐོག་མ་མཁྱེན་པ་གང་ལ་ཡིན། དེའི་ཐོག་ཞིབ་འཇུག་གིས་གནས་ཚུལ་སྤེལ་བའི་རེ་བ་ཞུ་བཞིན་ཡོད།

    Reply
  3. གེ་སར། says:
    ལོ་ 11 སྔོན།

    ད་ཡིན་ན་བོད་འདི་བཙོན་ར་ཆེན་པོ་ཞིག་ཏུ་འགྱུར་འདུག་པ་མ་ཟད། བོད་མི་རྣམས་མྱལ་བ་མི་ཡུལ་སྡུག་བསྡལ་མྱོང་བཞིན་པར་བསོད་ནམས་གསོག་དགོས་པའི་དུས་ལ་འབབ་འདུག་སྙམ། ཀེ་ཧུད།

    Reply
  4. བརྩོན་རྒྱམ། says:
    ལོ་ 11 སྔོན།

    རྒྱ་ནག་དམར་ཕྱོགས་ཚང་གི་བོད་ཞི་བའི་བཅིངས་འགྲོལ་བཏན་ནས་ལོ་ངོ་དྲུག་ཅུ་ཟེར་པ་ལས་བོད་དམར་བསོད་བཏན་ནས་མི་ལོ་དྲུག་ཅུ་ཟེར་ན་འོས་པ་ལྟ་བུ་ཞིག་རེད།  གང་ལྟ་རྒྱ་ནག་དམར་གཞུང་གི་གཡོ་ཐུབ་སྣ་ཚོགས་གང་འདྲ་ཞིག་བྱས་རུང་དོན་དམ་སྐྱག་རྫུན་ཡིན་པ་གསལ་བོ་ཤེས་ཀྱི་ཡོད་པ་རེད་པ་ཡིན་དུས་རང་ཉིད་ཀྱི་གཡོ་ཐབས་དེ་གསལ་བསྟོན་བྱས་པ་ལས་དགེ་མཚན་གང་ཡང་མི་འདུག

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 11 སྔོན།

    དུས་ཐོག་ཆར་འབབས་ཀྱི་ལས་འགུལ་འདི་འདྲ་གནང་བ་ཡག་རེད། ལས་འགུལ་གང་ཞིག་སྤེལ་ཀྱང་དུས་དང་སྐབས་ཚོལ་བའམ་དེ་དང་བསྟུན་དགོས་གལ་ཆེན་ཡིན་རྒྱུ་རེད།
    འོན་ཀྱང་་་དུས་དང་སྐབས་ཉུང་གྲགས་པ་མ་ཟད་དུས་དེའི་ལེགས་སྐྱེས་གཤིན་པོའི་རྣམ་ཤེས་གྲངས་༦༠་དེ་བའི་ཉུང་འདུག ད་དུང་བཤད་འདོད་པ་ཞིག་ལ„ཚོགས་པ་འདིའི་བྱ་བ་ཆུང་ཚག་འདི་འདྲ་ཞིག་ལས་འགུལ་ཆེན་པོ་ཞིག་ལ་བརྩེས་དེ་བསྒྲགས་པ་ཡང་ཚོགས་པ་འདིའི་མཚན་བྱང་དང་ལྕི་ཡང་ཞིག་འཇལ་ན་ཅུང་མི་མཛའ་བ་ཞིག་མ་རེད་དམ། ཡང་འགའ་ཤས་ཀྱིས་ཚོགས་པ་འདི་ཆབ་སྲིད་པ་རྐྱང་པའི་ངོ་བོར་གྲུབ་པ་ཞིག་ཡིན་རབ་ཟེར། འགའ་ཞིག་ནས་དེ་འདྲ་མ་རེད། ཚོགས་པའི་ངོས་ནས་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་གཏོང་སྐབས་གང་ཞིག་ལ་འཚང་ཁ་རྒྱག་མཁན་མང་རབ་ཟེར། གང་ལྟར་དེ་རིང་ཚོགས་གཞོན་ཨ་ཚོགས་ཀླུའི་ཁ་ནས་ཚོགས་པ་འདི་མི་གྲངས་༥༥༨དང་ཆབ་སྲིད་༣༠༠། ཞེས་གསལ་ཁ་ཞིག་འབྱིན་འདུག
    འདི་ཅི་ཞིག་མཚོན་གིན་ཡོད་ད???

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 11 སྔོན།

    དུས་ཐོག་ཆར་འབབས་ཀྱི་ལས་འགུལ་འདི་འདྲ་གནང་བ་ཡག་རེད། ལས་འགུལ་གང་ཞིག་སྤེལ་ཀྱང་དུས་དང་སྐབས་ཚོལ་བའམ་དེ་དང་བསྟུན་དགོས་གལ་ཆེན་ཡིན་རྒྱུ་རེད།
    འོན་ཀྱང་་་དུས་དང་སྐབས་ཉུང་གྲགས་པ་མ་ཟད་དུས་དེའི་ལེགས་སྐྱེས་གཤིན་པོའི་རྣམ་ཤེས་གྲངས་༦༠་དེ་བའི་ཉུང་འདུག ད་དུང་བཤད་འདོད་པ་ཞིག་ལ„ཚོགས་པ་འདིའི་བྱ་བ་ཆུང་ཚག་འདི་འདྲ་ཞིག་ལས་འགུལ་ཆེན་པོ་ཞིག་ལ་བརྩེས་དེ་བསྒྲགས་པ་ཡང་ཚོགས་པ་འདིའི་མཚན་བྱང་དང་ལྕི་ཡང་ཞིག་འཇལ་ན་ཅུང་མི་མཛའ་བ་ཞིག་མ་རེད་དམ། ཡང་འགའ་ཤས་ཀྱིས་ཚོགས་པ་འདི་ཆབ་སྲིད་པ་རྐྱང་པའི་ངོ་བོར་གྲུབ་པ་ཞིག་ཡིན་རབ་ཟེར། འགའ་ཞིག་ནས་དེ་འདྲ་མ་རེད། ཚོགས་པའི་ངོས་ནས་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་གཏོང་སྐབས་གང་ཞིག་ལ་འཚང་ཁ་རྒྱག་མཁན་མང་རབ་ཟེར། གང་ལྟར་དེ་རིང་ཚོགས་གཞོན་ཨ་ཚོགས་ཀླུའི་ཁ་ནས་ཚོགས་པ་འདི་མི་གྲངས་༥༥༨དང་ཆབ་སྲིད་༣༠༠། ཞེས་གསལ་ཁ་ཞིག་འབྱིན་འདུག
    འདི་ཅི་ཞིག་མཚོན་གིན་ཡོད་ད???

    Reply
  7. མི་ཉག་བཙན་པོ says:
    ལོ་ 11 སྔོན།

    དཔལ་འབྱོར་དང་མི་འབོར་སེམས་ཤུགས་གསུམ་འཛོམས་ཀྱི་དགུ་བཅུ་གསུམ་དང་བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་ནི་སྙན་གྲགས་ཤིན་ཏུ་ཆེ་ལ།རྒྱ་ཁྱབ་ཧ་ཅང་ཆེ་
    བའི་ཚོགས་པ་ཞིག་ཡིན།
    བོད་མི་ཡོངས་ཀྱིས་རེ་བ་བཅོལ་ས་དང་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད་ཡིད་
    ཆེས་དང་རེ་བ་བྱས་ནས་ལོ་མང་འདས་སོང་བས་མི་དམངས་རྣམས་ཡིད་ཆེས་
    དང་རེ་བ་བརླག་རྒྱུ་དང་བློ་ཕམ་ཡག་གི་མཚམས་སུ་སླེབས་ཡོད།
    དགུ་བཅུ་གསུམ་དང་གཞོན་ནུ་ཚོགས་པའི་ལངས་ཕྱོགས་དང་ལྟ་བ་སྒྲུབ་བྱ་གསུམ་ལོ་རྒྱུས་ཐོག་དགོས་མཁོ་ཡོད་པ་ཆགས་ཡོད།
    ཡིན་ན་ཡང་ད་ལྟ་བར་ལངས་ཕྱོགས་དང་སྒྲུབ་བྱ།ལྟ་བ་དང་མཐུན་པའི་ཁ་ཞེ་གཉིས་མེད་ཀྱི་ལས་འགུལ་སྣ་གཅིག་སྤེལ་མེད།སྐབས་དང་དུས་བསྟུན་ནས་ལས་འགུལ་སྤེལ་རྒྱུའི་དུས་ཚོད་སླེབས་ཡོད་
    རྒྱ་ནག་གིས་ལས་དོན་རྩམས་པ་དང་མཛད་སྒོ་ཚོགས་པ་སོགས་ཆབ་སྲིད་ལ་མཁོ་
    བའི་འཛུགས་སྐྲུན་གང་བྱས་པ་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཤ་སྟག་བྱུང་དོན་
    གང་ཡིན།
    དགུ་བཅུ་གསུམ་དང་བོད་ཀྱི་གཞོན་ནུ་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་འཚེ་བ་མེད་པ་དང་ཞི་བ་ཁོ་ནཡིན་ནམ།བོད་མའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་
    མཐུན་
    པའི་མར་མེ་ཁྲོམ་བསྐོར་དང་ཟས་བཅད་ངོ་རྒོལ་གོམ་འགྲོ་འདྲ་བྱས་ནས་རང་བཙན་ལ་རེ་བ་རྒྱབ་རྒྱུ་ཡིན་ནམ།ལས་འགུལ་དེ་འདྲ་ལ་བརྟེན་ནས་རང་སྲིད་རང་སྐྱོང་མ་རེག་པར་རང་བཙན་རག་ཡག་གི་རེ་བ་ཡོད་དམ།དགུ་བཅུ་གསུམ་དང་བོད་ཀྱི་གཞོན་ནུ་ལ་དམིགས་བསལ་གྲ་སྒྲིག་དང་འཆར་གཞི་དགོས་པ་ནི་བོད་ཀྱི་རྩ་དོན་མ་ཡིན་ནམ།

    Reply
  8. ཀུ་ཤུ་རྟག་ཅན། says:
    ལོ་ 11 སྔོན།

    གྲགས་བསོད་ལ་ཞུ་རྒྱུ་ཁྱེད་ཀྱི་སྤྱང་ཤེས་འཕྲུལ་འཁོར་ནང་དྲྭ་འབུ་འཛུལ་ཡོད་པ་འདྲ་ཀུ་ཤུ་རྟགས་ཅན་གྱི་སྤྱང་ཤེས་འཕྲུལ་འཁོར་བེད་སྤྱོད་བཏང་ན་ལེགས་སྙམ།

    Reply
  9. བཀྲ་ཤིས་སྒྲོལ་མ། says:
    ལོ་ 11 སྔོན།

    ཆབ་སྲིད་ཅེས་པ་དེ་མཐར་གཏུགས་ན་གོ་སྐབས་ཡོད་མེད་དང་། དེ་ཡང་གོ་སྐབས་ཡོད་མེད་ཙམ་པོ་མ་ཡིན་པར་གོ་སྐབས་དེ་ཉིད་གོ་སྐབས་སུ་ངོ་ཤེས་པའམ་ངོས་ཟིན་པའི་ཐོག་ནས་གོ་སྐབས་ལེན་ཤེས་པ་ཞིག་ལ་གོ་དགོས་པ་ཡིན། བོད་ཀྱི་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་དང་། དྲུང་ཆེ་གངས་ལྷ་མོ་གཉིས་ཀྱིས་གོ་སྐབས་དམ་འཛིན་གྱིས་དགྲ་བོ་རྒྱ་དམར་གྱིས་གདོང་ལ་ནག་རྩི་བྱུགས་བཞིན་པ་འདི་ལ་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་དང་འབྲེལ་ཤེས་རབ་དང་ལྡན་པའི་ལས་འགུལ་སྤེལ་ཕྱོགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་བརྗོད་འདོད་སེམས་ཀྱི་སྐད་ཆ་གཅིག་ཡིན།

    དེ་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཚོགས་གཙོ་སྐུ་ཤོག་མོ་བ་མཚན་ལ་འོད་ཟེར་རིན་པོ་ཆེ་ཞུ་བ་ཞིག་ཡོད་པ་སྔ་ས་ནས་གོ་མྱོང་། འོན་ཀྱང་ཚོགས་པས་ལས་དཀའ་སྣ་གཅིག་ཀྱང་བྱས་ཡོད་པ་གོ་མ་སོང་། དེ་ལས་ལྡོག་ཏེ་སོག་ཡུལ་ཁག་ཏུ་ཁལ་ཁ་རྗེ་བཙུན་དམ་པའི་ཞབས་གཡོག་ལ་འདུར་བཞིན་ཡོད་པ་གོ་སོང་། མིང་གནས་གཅིག་པོར་ཞེན་ཞིང་ཆགས་ནས་མི་འདུག་པར་ལས་དཀའ་བྱེད་འདོད་མེད་ཚེ་ངེས་པར་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་དང་། གལ་སྲིད་ཚོགས་གཙོའི་མིང་གནས་རྗེས་འབྲེལ་གྱིས་ལས་དོན་སྒྲུབ་འདོད་ཡོད་ཚེ་ལས་ཁུངས་སུ་བཅར་ནས་ལས་དོན་སྒྲུབ་ན་བཟང་། དེ་མིན་ཚོགས་གཞོན་གྱིས་ལས་ཡོངས་སུ་རྫོགས་པ་བྱེད་རྒྱུར་མ་འདངས་པ་མེད་ནའང་། ཚོགས་གཙོའི་མིང་གནས་འཁུར་བཞིན་ལས་དཀའ་ཡོངས་རྫོགས་གཞན་གྱིས་མགོར་གཡུགས་ན་བཟང་སྤྱོད་དང་འགལ་བ་རེད། འདི་བརྗོད་སེམས་ཀྱི་སྐད་ཆ་གཉིས་པ་ཡིན།

    གཞན་གཞོན་ལྷན་སོགས་ཀྱིས་ཀྱང་བོད་པ་ནང་ཁུལ་གྱི་ཁ་སྣ་རྩོད་རེས་བྱས་ནས་མི་འདུག་པར། དགུ་བཅུ་གསུམ་གྱི་ལས་འགུལ་ལྟ་བུར་དཔེ་བལྟ་བྱས་ནས་གོ་སྐབས་ལ་འཇུས་ནས་ལས་འགུལ་དོན་སྙིང་ལྡན་ཞིང་དགྲ་བོ་རྒྱ་དམར་གྱི་གདོང་ལ་ནམ་རྩི་རེ་བྱུགས་ན་མ་རེད་དམ། འདི་བརྗོད་སེམས་ཀྱི་སྐད་ཆ་གསུམ་པ་ཡིན།

    Reply
  10. གྲགས་བསོད་ says:
    ལོ་ 11 སྔོན།

    ཀུ་ཤུ་རྟག་ཅན་དང་ལྷ་མོ་སྐྱབས་གཉིས་ལ་ཞུ་རྒྱུ་དང་པོ་ ལ་༢༠༠༨ཆབ་སྲིད་བཙོན་པ་༢༨༠ ཐམ་པ་རེད་ཟེར་མི་འདུག་པས་སྐུ་ཉིད་ཀྱི་ཚ་ལ་ཁྱོད་ཀྱིས་རྩོམ་ཡིག་ལ་ཞིབ་འཇུག་ཡག་པོ་གནང་ཤིས། གཉིས་པ་ལ་༢༠༠༨ ལོའི་ཟིང་འཁྲུགས་མ་ལངས་གོང་ཞེས་གསུངས་པ་དེ་གསལ་བཤད་འམ་མང་ཚོགས་ལ་ར་སྤྲད་ཞུ་བ་ཡིན་རྒྱུ་རེད་། སྤྱི་ཡང་ནས་དེ་ལ་དོག་པ་བཅད་མི་དགོས།

    Reply
  11. ཤིང་ལོ། says:
    ལོ་ 11 སྔོན།

    རེད། ཆབ་སྲིད་པས་ནམ་ཡང་གོ་སྐབས་གཏོང་མི་རུང་ཞིང་།
    གོ་སྐབས་ཀྱིས་ནམ་ཡང་ཆབ་སྲིད་པ་བཙོལ་གྱིན་ཡོད།

    Reply
  12. ཀུ་ཤུ་རྟག་ཅན། says:
    ལོ་ 11 སྔོན།

    ༢༠༠༨ གོང་ལ་ཆབ་སྲིད་རྩོན་པ་༢༨༠ རྩམ་ཡིན་རྒྱུ་མ་རེད་ཀུ་ཉིད་ཀྱི་ཞིབ་འཇུག་ཡག་པོ་གནང་རོགས།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    འདི་ནི་དུས་ཚོད་དང་བསྟུན་པའི་ལས་འགུལ་སྤེལ་སྟངས་འཚམ་པོ་དང་དོན་སྙོིང་ཅན་ཞིག་རེད། འོན་ཀྱང་” ༢༠༠༨ ལོའི་ཟིང་འཁྲུག་མ་ལངས་གོང”ཞེས་པའི་ཚིག་བརྗོད་འདིའི་དོན་ཅི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist