མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གསུམ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་འབོད་བྱེད་མཁན་གྱི་བོད་མི་གསུམ་འཛིན་བཟུང་བྱས་ཏེ་ད་ཆར་གར་ཤེས་རྟོགས་མེད་པ་ཆགས་ཡོད་འདུག   

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩ ཡས་མས་སུ་དཀར་མཛེས་རྫོང་དར་རྒྱས་དགོན་པའི་ཉེ་ཁུལ་དུ་ཡོད་པའི་རི་མགོ་གྲོང་རུ་ཁག་བརྒྱད་པའི་ངག་དབང་ཕུན་ཚོགས་དང་བསམ་འཕེལ་དོན་འགྲུབ། བློ་བཟང་ཕུན་ཚོགས་བཅས་བོད་མི་གསུམ་གྱིས་རྫོང་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ཆར་ཁོང་ཅག་གི་ནང་མི་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་སེམས་འཁྲལ་གནང་བཞིན་ཡོད་འདུག  

ཐེངས་འདིར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རང་ལོ་ ༣༤ ཡིན་པའི་ངག་དབང་ཕུན་ཚོགས་ལགས་ནི། ཕ་དགེ་འདུན་བཀྲ་ཤིས་དང་མ་ཚེ་འདས་ཡེ་ཤེས་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་དང་། སྔོན་མར་བཙན་བྱོལ་དུ་ཡོང་སྟེ་ལྷོ་ཕྱོགས་སེ་ར་དགོན་པར་སློབ་གཉེར་གནང་འདུག་ལ། ཕྱིར་བོད་ནང་ལོག་རྗེས་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་གཉིས་ཡོད་འདུག

རང་ལོ་ ༢༣ ཡིན་པའི་བསམ་འཕེལ་དོན་འགྲུབ་ལགས་ནི། དཀར་མཛེས་རྫོང་ལམ་སྣ་གྲོང་ཚོའི་ཕ་ཤེས་རབ་རྒྱ་མཚོ་དང་མ་དབྱང་ཅན་ལྷ་མོ་གཉིས་ཀྱི་བུ་ཡིན་འདུག རང་ལོ་ ༡༧ ཡིན་པའི་བློ་བཟང་ཕུན་ཚོགས་ལགས་ནི། དཀར་མཛེས་རྫོང་རི་མགོ་གྲོང་ཚོའི་ཕ་དཀོན་མཆོག་ཚེ་བརྟན་དང་མ་ཚེ་འདས་དབང་ཕྱུག་གཉིས་ཀྱི་བུ་ཡིན་འདུག  

ཁོང་གསུམ་ལས་གཞན། དཀར་མཛེས་ནོར་འཛིན་གྲོང་ཚོའི་བློ་བཟང་ལྷུན་གྲུབ་དང་། གཞན་མིང་གསལ་ཁ་མེད་པའི་བོད་མི་གཅིག་བཅས་ཀྱིས་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་སྟབས། ཉེན་རྟོག་པས་ཁྲོམ་གཞུང་ནས་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ་བཙན་འཁྲིད་བྱས་ཡོད་འདུག

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

 

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 5

  1. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། ཉམ་ཆུང་བོད་མི་ཚོ་སྙིང་རྗེ།

    Reply
  2. Athup says:
    ལོ་ 15 སྔོན།

    ༄༅། གཞི་ལུས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ཁམས་དཀར་མཛེས་སུ་སྐད་འབོད་གནང་པ་འདི་ནི་ངོ་མ་ལེགས་པོ་ཞིག་ཏུ་དངོས་འཛིན་བྱེད་ཀྱི་ཡོད་གང་ཡིན་ཞེ་ན་བར་མ་ཆད་པར་སྐད་འབོད་གནང་མཁན་ཡོད་པ་དེ་ཕྱོགས་གཅིག་ནས་ལྟས་ན་དེ་ནི་ཐབས་ལམ་ཡག་ཤོས་ཞིག་ཏུ་དངོས་འཛིན་གནང་ན་མི་ཁྱོག་པ་མེད་པ་ལྟ་བུ་རེད།  ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་གཉིས་ཀྱི་དཀའ་སྡུག་ནི་ངོ་མ་བཟོད་ཐུབ་མེད་པ་ཞིག་རེད་གང་ལྟར་ཡང་ད་དུང་མི་མཐུད་དུ་འདི་དང་འདི་ལྟ་བུ་གང་མང་ཞིག་ས་ཕྱོགས་གཞན་ཐམས་ཅད་དུ་བྱུང་ན་རྒྱ་ནག་དམར་གཞུང་གི་ཅི་བྱེད་ཐབས་མེད་ལྟ་བུ་འགྱུར་མི་སྲིད་པ་ཞིག་མ་ཡིན།   དེ་འདྲ་ཡིན་དུས་ངེས་པར་ཟབ་ཟབ་བྱས་ནས་བྱེད་སྟངས་དེ་ཤེས་ཀྱི་གལ་ཆེན་རེད་བསམ་གྱི་འདུག་མ་ཟད་བོད་མི་སྤྱི་བོ་གནམ་སྟན་ཡོངས་ཀྱི་འབད་པ་བྱེད་རྒྱུ་དང་རང་ནུས་གང་ཡོད་བོད་མི་རིགས་ཀྱི་སྐད་དང་ཡི་གེ་རིག་གཞུང་སོགས་སྲོང་སྐྱོབས་གནང་རྒྱུ་གལ་ཆེན་པོ་ཞིག་མ་ཡིན་ནམ།

    Reply
  4. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    ཡང་དཀར་མཛེས་ནས་དཔའ་བོ་གསུམ་ལོངས་འདུག་དེར་བསྔགས་བརྗོད་ཡོད།

    Reply
  5. ཀུ་ཤུ་རྟག་ཅན། says:
    ལོ་ 15 སྔོན།

    ངོ་མ་དཀར་མཛེས་ཁུལ་གྱི་མི་འཇོན་པོ་འདུག ་་་་ ཡིན་ཡང་གསར་འགྱུར་རྒྱུད་ལམ་ཁག་མང་པོ་མ་ཐོན་པ་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese