མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིས་མེད་མཐུན་ཚོགས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་༼ མགོ་ལོག་གཅིག་སྒྲིལ་རྫོང་འོག་གི་དགོན་སྡེ་ཡོངས་དང་སྡེ་ཁག་ཡོངས་རིས་མེད་མཐུན་ཚོགས་སྐབས་དང་པོའི་བགྲོ་གླེང་ཚོགས་འདུ ༽ ཞེས་པ་ཞིག་དཔལ་ཡུལ་དར་ཐང་དུ་ཚོགས་ཡོད་འདུག

ཚོགས་འདུ་དེའི་སྟེང་དགོན་སྡེ་ཁག་གི་གྲྭ་བའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང་། གྲྭ་གཞོན་ཡོངས་ལ་རྫོང་གཅིག་གྱུར་གྱི་བསླབ་གཞི་བཟོས་ཏེ་གཅིག་གྱུར་གྱི་རྒྱུགས་ལེན་ལག་བསྟར་བྱ་རྒྱུ། ས་གནས་མང་ཚོགས་ཚོས་མེས་པོ་གོང་མའི་ཡ་རབས་སྤྱོད་བཟང་རྒྱུན་འཛིན་ལ་འབད་བརྩོན་བྱ་རྒྱུ། མི་མང་གི་སྣེ་ཁྲིད་པ་དང་ཞིང་དང་རྫོང་རིམ་པའི་མགོ་ཁྲིད། དགོན་སྡེའི་བླ་སྤྲུལ་ཐུན་མོང་ཐོག་ཁྲིམས་མཐུན་དང་དམངས་གཙོའི་ལམ་ནས་བོད་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་ཁོར་ཡུག་གཅེས་ཉར་སོགས་གྲོས་གཞི་དོན་ཚན་ ༡༠ ཡི་ཐོག་བགྲོ་གླེང་གནང་མཐར། དོན་གནད་ཁག་ཅིག་ཟུར་འདོན་གྱིས་ལག་བསྟར་བྱ་རྒྱུ་དང་། རིས་མེད་མཐུན་ཚོགས་དེ་མུ་མཐུད་རྒྱུན་སྲིང་ཡོང་རྒྱུ་བཅས་ལ་གྲོས་ཆོད་བཞག་ཡོད་འདུག

ཚོགས་འདུ་དེའི་སྟེང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་རྣམ་གཉིས་གཙོས་པའི་ས་གནས་དགོན་ཁག་བཅུའི་དགོན་བདག་དང་། མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་གཅིག་སྒྲིལ་རྫོང་ཆོས་ལུགས་དོ་དམ་ཁང་བཅས་ཀྱི་སྐུ་ཚབ།  དེ་བཞིན། ཞང་དང་ས་གནས་མི་མང་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. རྨ་ཀློང་གངས་ཕྲུག། says:
    ལོ་ 15 སྔོན།

    ཁོང་ཚོ་ངས་རྒྱབ་སྐྱོར་ཡོད།

    Reply
  2. སྨྱུག་གསར། says:
    ལོ་ 15 སྔོན།

    ལས་འགུལ་འདུ་འདྲའི་རིགས་མུ་མཐུད་སྤེལ་ཐུབ་ན་ང་ཚོ་བོད་པ་ཚང་ཡར་རྒྱུས་མགྱོགས་པོར་འགྲོ་ཐུབ་རྒྱུ་རེད། ངས་སྙིང་ཁུངས་རུས་པའི་གཏིང་ནས་ཁྱེད་ཚོ་ལས་དཀའ་འདིའི་མགོ་འཇུག་བར་གསུམ་ལ་ཕྱག་ལས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  3. དྲག་རླུངས། says:
    ལོ་ 15 སྔོན།

    ཉིན་འགའི་སྔོན་མགོ་ལོག་དགའ་བདེ་རྫོང་ཁོངས་ཇོ་ནང་ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་གི་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་འཇམ་དབྱངས་སྦྱིན་པ་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཉིན་ལྔའི་རིང་ལ་གནང་ཡོད་པ་དང་། ཁོང་གི་བཀའ་དབང་དང་གསུངས་ཆོས་ལ་ཕེབས་མཁན་རྒྱལ་ཕྱི་ནང་གི་མི་རིགས་དང་རྒྱ་བོད་སོགས་གསུམ་གྱི་མི་རིགས་སོགས་སྐྱ་སེར་མི་གྲངས་ཉིས་ཁྲི་ལྷག་འདུ་འཛོམས་ཐོག་གསུང་ཆོས་ལེགས་པར་གྲུབ་ཏེ་རྒྱལ་ཁས་ངང་གྲོལ་སོང་ཟེར་འདུག།

    Reply
  4. དྲག་རླུངས། says:
    ལོ་ 15 སྔོན།

    ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་༼ མགོ་ལོག་གཅིག་སྒྲིལ་རྫོང་འོག་གི་དགོན་སྡེ་ཡོངས་དང་སྡེ་ཁག་ཡོངས་རིས་མེད་མཐུན་ཚོགས་སྐབས་དང་པོའི་བགྲོ་གླེང་ཚོགས་འདུ ༽ དེའི་སྟེང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་རྣམ་གཉིས་གཙོས་པའི་
    དར་ཐང་ སྙིང་མ་དགོན།
    སྟག་ལུང་སྙིང་མ་དགོན།
    སྨིན་ཐང་ སྙིང་མ་དགོན།
    སྦྲ་གསར་སྙིང་མ་དགོན།
    གདོང་རྫོངས་ སྙིང་མ་དགོན།
    ཨ་བཟོད་ སྙིང་མ་དགོན།
    ལྕམ་མདའ་ཇོ་ནང་དགོན།
    ཁང་གསར་ཉིན་ཡོས་ཇོ་ནང་དགོན།
    ལུང་དཀར་གསར་དགོན།
    ཁང་གསར་ཉིན་ཡོས་གསར་དགོན་སོགས་ས་གནས་དགོན་ཁག་བཅུའི་དགོན་བདག་དང་། མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་གཅིག་སྒྲིལ་རྫོང་ཆོས་ལུགས་དོ་དམ་ཁང་བཅས་ཀྱི་སྐུ་ཚབ། དེ་བཞིན། སྡེ་ཤོག་དང་ས་གནས་མི་མང་གི་སྐུ་ཚབ་བཅས་མཉམ་ཞུགས་ཐོག་དཔལ་ཡུལ་དར་ཐང་དུ་ཚོགས་འདུག་ཚོགས་འདུ་དེའི་སྟེང་དགོན་སྡེ་ཁག་གི་གྲྭ་བའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང་། གྲྭ་གཞོན་ཡོངས་ལ་རྫོང་གཅིག་གྱུར་གྱི་བསླབ་གཞི་བཟོས་ཏེ་གཅིག་གྱུར་གྱི་རྒྱུགས་ལེན་ལག་བསྟར་བྱ་རྒྱུ། ས་གནས་མང་ཚོགས་ཚོས་མེས་པོ་གོང་མའི་ཡ་རབས་སྤྱོད་བཟང་རྒྱུན་འཛིན་ལ་འབད་བརྩོན་བྱ་རྒྱུ། མི་མང་གི་སྣེ་ཁྲིད་པ་དང་ཞིང་དང་རྫོང་རིམ་པའི་མགོ་ཁྲིད། དགོན་སྡེའི་བླ་སྤྲུལ་ཐུན་མོང་ཐོག་ཁྲིམས་མཐུན་དང་དམངས་གཙོའི་ལམ་ནས་བོད་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་ཁོར་ཡུག་གཅེས་ཉར་སོགས་གྲོས་གཞི་དོན་ཚན་ ༡༠ ཡི་ཐོག་བགྲོ་གླེང་གནང་མཐར། དོན་གནད་ཁག་ཅིག་ཟུར་འདོན་གྱིས་ལག་བསྟར་བྱ་རྒྱུ་དང་། རིས་མེད་མཐུན་ཚོགས་དེ་མུ་མཐུད་རྒྱུན་སྲིང་ཡོང་རྒྱུ་བཅས་ལ་གྲོས་ཆོད་བཞག་འདུག

    Reply
  5. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    གསར་རྙིང་ཇོ་གསུམ་གྱི་དགོན་སྡེ་བཅུ་ཡས་མས་ཞིག་ཡོད་པ་རེད་མིང་དགོས་ན་རྗེས་སུ་བཀོད་ཆོག

    Reply
  6. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    གསར་རྙིང་ཇོ་གསུམ་གྱི་དགོན་སྡེ་ཁག་རེད་ལགས།

    Reply
  7. ཁ་བའི་འདབ་མ says:
    ལོ་ 15 སྔོན།

    དགོན་ཁག་ག་རེ་ཡོད་མེད་གསལ་པོ་གསུངས་རོགས་གནང་།

    Reply
  8. ལྕགས་སྤྲེལ། says:
    ལོ་ 15 སྔོན།

    ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟན​་ན། ཟླ་འདིའི་ཕྱི་ཚེས་༦ ནས་༨ བར་ཉིན་གསུམ་རིང་<<ཁམས་གསེར་རྟའི་ནང་བསྟན་རིགས་གནས་དར་སྤེལ་ཚོག​ས་འདུ་ཐེངས་དང་པོ་>>ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཆེན་ཞིག་འཚོག​ས་ཡོད་པ་དང་།
    ཚོགས་ཐོག་ཏུ་ཁམས་གསེར་རྟ་རྫོང་ཁོངས་ནས་དགོན་ཁག་ཡོངས་རྫོགས་ཀྱི་​མཁན་སྤྲུལ་དགེ་བསྐོས་སོགས་གནད་ཡོད་མི་སྣ་གཙོ་བོ་ཉིས་བརྒྱ་ལྷག་དང་གསེར་རྟ་བླ་རུང་དགོན་གྱི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་དང་མ​ཉམ་ཞུགས་ཐོག་དགོན་སྡེ་ཁག་ག…གི་ནང་ཆོས་བཤད་སྒྲུབ་ཀྱི་བསྟན་པ་​སྔར་ཡོད་སླར་གསོ་དང་མ་ཉམས་དར་སྤ​ེལ་གཏོང་དགོས་སྐོར་དང་། ལྷག་པར་དུ་དུས་རབས་ཉེར་གཅིག་པའི​་དགེ་འདུན་པའམ་ནང་པ་བ་ཞིག་བྱེད་​ཐུབ་པའི་འབད་རྩོན་ལྷོད་མེད་གནང་​དགོས་སྐོར་དང་། དེ་བཞིན་སྐྱ་བོ་ཚོའི་ནང་དུ་ཡང་ད​གེ་བ་བཅུའི་ཁྲིམས་དང་ལྡན་དགོས་པ​་མ་ཟད།
    གཞི་རིམ་མང་ཚོགས་ནང་དུ་ཡིག་རྨོང​་གི་དཀའ་ངལ་སེར་པའི་ཐབས་ལམ་སྣ་ཚ​ོགས་གོ་སྒྲིག་བྱེད་བཞིན་ཡོད་པ་ར​ེད། དཔེ་མཚོན་ཙམ་ཞུས་ན། ཀ་ཁ་ཙམ་མི་ཤེས་མཁན་རྣམས་དང་དེ་ལ​ས་ཏོག་ཙམ་ཡི་གེ་སྦྱོར་ཀློག་ཤེས་​མཁན་རྣམས་ལ་འོས་བབ་ཀྱི་དགེ་རྒན་​གོ་སྒྲིག་བྱེད་བཞིན་ཡོད་པ་སོགས།​ ལས་རིམ་སྣ་ཚོགས་གཏན་འབེབས་བྱུང་​ཡོད་པ་རེད། གོང་གི་གྲོས་ཆོད་དེ་དག་ཀྱང་མང་མ​ོས་དང་སྤྱི་མོས་གང་རུང་གི་སྒོ་ན​ས་ཚོགས་ཐོག་ཏུ་ཐག་གཅོད་བྱུང་བ་ཞ​ིག་ཡིན་པ་མ་ཟད། དེ་དག་རིམ་པའི་ལག་བསྟར་ཡོང་ཆེད་​དང་།
    དེར་དཀའ་ངལ་བྱུང་རིགས་ལ་དཔལ་འབྱ​ོར་དང་སློབ་གསོ་དེ་བཞིན་དགོན་པའ​ི་དཔེ་འཁྲིད་མཁན་པོ་དང་། ཡུལ་ཚོའི་ནང་དགེ་རྒན་རེག་མིན་སོ​གས་ཀྱི་མཚོན་པའི་དཀའ་ངལ་རིགས་ལ་​གཏོང་ལེན་དང་རྒྱབ་སྐྱོར་བྱེད་མཁ​ན་གྱི་ཚོགས་པ་ཞིག་ཀྱང་ཆེད་འཛུགས​་གནང་ཡོད་པ་རེད། ཚོགས་པ་དེ་ཡང་མང་གཙོའི་འགྲོ་སྟང​ས་གཞིར་བཟུང་གི་ཐོག་འོས་ཤོག་གི་​ལམ་ནས་ཚོགས་གཙོ་ཚོགས་གཞོན་གྱི་ག​ཙོས་ཚོགས་མི་གཅུ་གསུམ་ལས་གྲུབ་པ​འི་ཚོགས་ཆུང་ཞིག་ཀྱང་བསྐོ་འཛུགས​་གནང་ཡོད་འདུག

    Reply
  9. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 15 སྔོན།

    ད’དེ’དཔེ’ཡག’པོ’འདུག’རེྗས’མ’དེ’བཞིན’གནས’ཚུལ’འདུག’ན’འགོྱག’པོ’གཏང’རོག’ཞུ’། ཐུགས’རེྗ’ཆེ’།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese