མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སོག་བར་གྱི་ཛ་དྲག་གི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ནང་སོག་ཏུ་རྒྱ་མི་ཚོས་སོག་པོའི་འབྲོག་པ་རྣམས་ལ་གཅར་རྡུང་དང་ཕྱུག་ཟོག་མང་པོ་རླངས་འཁོར་འོག་བརྫིས་པར་བརྟེན། སོག་པོ་ཚོས་རྒྱ་རིགས་ཡོངས་སོག་པོའི་ས་ཆ་ནས་ཕྱིར་ལོག་དགོས་པའི་ངོ་རྒོལ་བྱས་འདུག

ཕྱི་ཚེས་ ༡༨ ཉིན་རྒྱ་མི་ ༢༠༠ ལྷག་སྐྱེལ་འདྲེན་རླངས་འཁོར་ཆེ་བ་བཅུ་གྲངས་ཤིག་ལ་བསྡད་དེ་ནང་སོག་ཧ་རི་གྷན་ཐུའུ་ཀ་ཁྲ་སྡེ་བའི་རྩྭ་ཐང་དུ་ཡོང་སྟེ། ལུག་བརྒྱ་གྲངས་ཤིག་རླངས་འཁོར་འོག་བརྫིས་ཏེ་སྡེབ་གསོད་བྱས་ཡོད་པར་མ་ཟད། ས་གནས་སོག་རིགས་ ༢༠ ལྷག་ལ་གཅར་རྡུང་བྱས་ཡོད་པ་དང་།  དེའི་ཁྲོད་སོག་རིགས་འབྲོག་པ་པཱ་ཐར་ལ་རྨས་སྐྱོན་ཆེན་པོ་ཕོག་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག ཕྱི་ཚེས་ ༢༣ པཱ་ཐར་གྱི་ཆུང་མ་ཡཱན་ཐའོ་ཡིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། པཱ་ཐར་གྱི་ཀླད་རུས་གས་འཐོར་བྱུང་སྟེ་སྲོག་ཉེན་འཕྲད་ཡོད་འདུག གཞན་ཡང་། ཕྱི་ཚེས་ ༢༠ ཉིན་རྒྱ་ནག་ལེའོ་ཉིན་ནས་ཡིན་པའི་རྒྱ་མི་ཞིག་གིས་ནང་སོག་ཝུ་རུ་ཐའོ་བྷོ་སྡེ་བའི་རྩྭ་རའི་ནང་རླངས་འཁོར་སྐོར་ཡོང་སྟེ་ནོར་ ༡༡ རླངས་འཁོར་འོག་བརྫིས་ཏེ་བསད་ཡོད་པར་མ་ཟད། ཕྱུགས་བདག་བྷོ་ལའེ་ལ་ “དེ་རིང་རླངས་འཁོར་འོག་ཁྱོད་ཀྱི་ནོར་བརྫིས་པ་རེད།  སང་ཉིན་ཁྱོད་རང་ཡང་བརྫི་སྲིད ” ཅེས་བརྙས་བཅོས་ཀྱི་སྐད་ཆ་བཤད་ཡོད་འདུག 

གནས་ཚུལ་དེ་བྱུང་རྗེས་སོག་རིགས་ ༡༠༠༠ ལྷག་ས་གནས་ཞིས་ལཱ་མུའུ་ལཱོན་གྲོང་རྡལ་དུ་འཛོམས་ཏེ། རྒྱ་མི་ཚོས་སོག་པོ་མི་རིགས་ཀྱི་ཁེ་དབང་འཕྲོག་བཞིན་པར་ངོ་རྒོལ་དང་། རྒྱ་མི་དེ་ཚོ་སོ་སོའི་ལུང་པར་ཕྱིར་སློག་བྱ་དགོས་པའི་སྐད་འབོད་བྱས་སྐབས། ས་གནས་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་དམག་མི་ ༣༠༠ ལྷག་མངགས་ཏེ་དྲག་གནོན་བྱས་ཏེ། དམག་མི་དང་ས་གནས་མི་མང་བར་འཁྲིག་འཛིང་ཤོར་ཏེ་སོག་རིགས་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད་འདུག  ས་གནས་སྨན་པ་ཞིག་གིས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་སྟི་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ས་གནས་སྨན་ཁང་དུ་རྨས་སྐྱོན་ཕོག་པའི་སོག་རིགས་འབྲོག་པ་མང་པོ་ཞིག་འབྱོར་ཡོད་པ་དང་།  མི་རེ་འགར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མྱུར་སྐྱོབ་བྱ་དགོས་བྱུང་ཡོད་འདུག 

 

ད་ལོའི་ལོ་སྟོད་ལ་ས་གནས་རྒྱ་གཞུང་གི་དཔོན་རིགས་དང་ཚོང་པ་རྣམས་ངན་འབྲེལ་བྱས་ཏེ། ཞིས་ལ་མུའུ་ལཱོན་སྡེ་བའི་རྩྭ་ས་མུའུ་ཁྲི་ ༡ ལྷག་ས་གནས་སོག་རིགས་མི་མང་གི་ལག་ནས་བཙན་འཕྲོག་བྱས་ཏེ། རྒྱ་རིགས་ཚོང་བ་ཞིག་ལ་བཙོང་ཡོད་པ་རེད། སོག་རིགས་ཚོས་རྒྱ་གཞུང་ལ་རྩྭ་ས་དེ་ཕྱིར་ས་གནས་མི་མང་ལ་སྤྲོད་དགོས་པའི་ཞུ་གཏུག་ཡང་ཡང་བྱས་ཡོད་ནའང་།  ཁོ་ཚོས་མང་ཚོགས་ཀྱི་རེ་སྐུལ་སྣང་མེད་དུ་བཞག་སྟེ་རྒྱ་རིགས་ཚོང་པ་ཚོར་འབྲོག་པའི་རྩྭ་ཐང་བཅད་བཟུང་བྱེད་བཅུག་པར་བརྟེན། ས་གནས་སོག་རིགས་མི་མང་དང་རྒྱ་རིགས་ཚོང་པའི་བར་འཁྲུག་འཛིང་ཤོར་ཡོད་པ་རེད།  

ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་རྒྱ་གཞུང་གིས་ནང་སོག་ས་ཁུལ་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཆེད་ས་གནས་མི་མང་གནས་སྤོར་ཞེས་པའི་སྲིད་ཇུས་སྤེལ་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་ནང་སོག་གི་རྫོང་ཁག་ ༤༤ ནང་ཕྱུག་རིགས་འཚོ་སྐྱོང་གི་འབྲོག་ལས་གཉེར་མི་ཆོག་པ་བཟོས་ཡོད་འདུག དེ་ལྟར་མི་རབས་རྒྱུད་འཛིན་གྱིས་རྩྭ་ཐང་དུ་འཚོ་བ་རོལ་ནས་འོངས་པའི་སོག་རིགས་འབྲོག་པ་རྣམས་ས་ཁུལ་གཅིག་ལ་གནས་སྤོར་དུ་བཅུག་པར་མ་ཟད།  ཁྲོམ་རའི་དཔལ་འབྱོར་འཛུགས་སྐྲུན་གྱི་ཐབས་ལམ་སྤྱད་དེ་ས་དབང་བཅོས་སྒྱུར་དང་། གྲོང་སྡེ་སྤྱི་ཚོགས་གསར་འཛུགས་ཀྱི་ལས་གཞི་རྒྱ་བསྐྱེད་བྱས་ཏེ། ཁེ་ལས་པའི་མིང་ཐོག་ནས་རྒྱ་རིགས་མང་པོ་ནང་སོག་ས་ཁུལ་དུ་གནས་སྤར་ཏེ། སོག་པོ་མི་རིགས་ཀྱི་འཚོ་རྟེན་དུ་གྱུར་པའི་ས་ཆ་དང་ཐོན་ཁུངས་ཀྱི་བདག་དབང་འཕྲོག་པར་བརྟེན། དེ་སྔོན་ལྟོ་རྒྱབ་ཙམ་འཚོལ་ཆེད་ནང་སོག་ལ་བསླེབས་པའི་རྒྱ་རིགས་དེ་ཚོ། ད་ལྟ་ནང་སོག་རྩྭ་ཐང་ཆེན་པོའི་བདག་པོ་ལྟ་བུར་འགྱུར་བཞིན་ཡོད།

གནད་དོན་དེའི་ཐད་ཉེ་ཆར་ཨ་རིར་གསར་དུ་སྐྱབས་བཅོལ་ལ་འབྱོར་ཡོད་པའི་རྩོམ་པ་པོ་ཐུའུ་མཱན་ཝུའུ་ལའེ་ཅའེ་ཡིས་ཀྱང་།  “ཕྱི་ལོ་ ༡༩༨༠ ལོ་ནས་བཟུང་རྒྱ་རིགས་ཚོང་པ་མང་པོས་ནང་སོག་གི་ཁེ་ལས་འཛུགས་སྐྲུན་ལ་ཁ་གཡར་ཏེ་མ་དངུལ་ཕོན་ཆེན་པོ་གཏོང་བཞིན་པར་མ་ཟད། ས་གནས་ཞིང་ཆེན་དང་ཁུལ་དང་རྫོང་། གྲོང་སྡེ་རིམ་པའི་རྒྱ་ནག་སྲིད་གཞུང་ཚང་མ་རྒྱ་རིགས་ཁེ་ལས་པ་དེ་དག་ལ་རྒྱབ་རྩར་ལངས་ཡོད་སྟབས། ཉིན་ཞིག་ནང་སོག་མི་རིགས་ཀྱི་ས་ཆ་དང་ཐོན་ཁུངས་ཀྱི་བདག་དབང་ཡོད་ཚད་རྒྱ་རིགས་ཚོས་དབང་འོག་འཆོར་རྒྱུ་ཉག་གཅིག་ཡིན་ལ།  དེ་ནི་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་ཀྱི་གཞི་རྩའི་སྒྲོམ་གཞི་དང་མཐར་ཐུག་གི་དམིགས་ཡུལ་དེ་ཆགས་ཡོད ” ཅེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་རིགས་རླངས་འཁོར་ཁ་ལོ་བ་ཞིག་གིས། ནང་སོག་ཞིས་ལིན་ཧོ་ཐི་ས་ཁུལ་གྱི་འབྲོག་པ་མུའུ་རི་ཀན་ཟེར་བ་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བའི་རྗེས་སོག་པོ་དང་རྒྱ་རིགས་བར་འགལ་བ་སྔར་བའི་ཛ་དྲག་ཏུ་འགྱུར་མགོ་བརྩམས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 5

  1. དུག་ཚེར་དམར་པོ། says:
    ལོ་ 15 སྔོན།

    དག་སེལ་བཟོ་ཡ་གཅིག་ལ་
    དགའ་ལྡན་དགོན་པའི་མཁན་པོའི་འགེབ་བསུང་བྱེད་སྟང་གཅིག་པ་རེད་ཤག་ཟེར་ཡ་དེ་འབྲས་སྤུང་སྒོ་མང་མཁན་པོ་དང་ནོར་བ་རེད་ལག་་་

    Reply
  2. དུག་ཚེར་དམར་པོ། says:
    ལོ་ 15 སྔོན།

    ལྷག་པར་ནང་གི་ལྷག་པར་འབྲས་སྤུངས་སྒོ་མང་གྲྭ་ཚང་ནི་དེང་སང་ཕར་ཆེར་སོགས་པོའི་དགོན་པ་རེད་ང་དངོས་གནས་སེམ་པ་སྐྱོ་གི་ཡ།

    Reply
  3. དུག་ཚེར་དམར་པོ། says:
    ལོ་ 15 སྔོན།

    ནང་སོག་གི་མི་རྣམས་ལ་རྒྱ་མིས་ཐུབ་ཚོད་གཏང་ནས་དེ་ལ་རྒྱ་གཞུང་གིས་འགེབས་གསུང་བྱེད་པ་དང་སེར་འབྲས་དགའ་གསུམ་ལ་སོགས་པའི་གདན་ས་ཁག་ལ་ཡོད་པའི་ཕྱི་ནང་གཉིས་ཀྱིས་སོག་པོའི་གྲྭ་སྒོད་དེ་ཚོས་གསར་འབྱོར་བ་དང་ཧི་མ་ལ་ཡིས་སློབས་གཉེར་བ་དེ་ཚོ་ལ་ཐུབ་ཚོད་དང་སྡུངས་སྡེག་ག་ཚོད་བྱས་ན་ཡང་མཐོང་ཆུང་ཟེད་ཀྱང་བྱས་ན་མ་ཏོག་མི་ཆོག་པ་དེ་བོད་གཞུང་སྐུ་དྲག་དེ་ཚོས་འགེབ་གསུང་བྱེད་པ་དང་ལྷག་པར་དུ་དགའ་ལྡན་དགོན་པའི་མཁན་པོའི་འགེབ་བསུང་བྱེད་སྟང་གཅིག་པ་རེད་ཤག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་སོག་ཤིན་ཅང་གསུམ་རྒྱ་རིགས་ཧན་ལ་མི་དགའ་བ་མེད་པའི་ཐོག་ནས། འཆམ་མཐུན་མཉམ་བཞུགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་མཐར་ཕྱིན་བྱ་དགོས་པའི་དུས་ཚོད་ལ་བསླེབས་ཟིན་པ་མིན་ནམ། བོད་སོག་ཤིན་གསུམ་རྒྱལ་འགྱུར་ཅིག །

    Reply
  5. བརྩོན་རྒྱམ། says:
    ལོ་ 15 སྔོན།

    འཛམ་གླིང་གི་དྲང་བདེན་ལ་དགའ་བའི་མི་མང་རྣམ་པ་ད་གཟིགས་དང་རྒྱ་ནག་དམར་ཕྱོགས་ཚང་གི་བྱ་སྤྱོད་ནི་འདི་འདྲ་ཞིག་ཡིན་པ་རེད།   དུས་རྟག་པར་སྐྱག་རྫུན་བཤད་ཀྱི་ཡོད་པ་ད་ར་སྤྲོད་གསལ་བོ་ཆགས་པ་ཞིག་མ་རེད་ནས།   གང་ལྟར་ཁོང་ཚོས་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན་ཆ་མཐུན་དང་ཞི་བདེ་དུས་རབས་ཞིག་བཟོ་ཀྱི་ཡིན་ཟེར་པ་སོགས་མི་མང་ལ་མགོ་སྐོར་བྱེད་ཀྱི་ཡོད་པ་དེ་ད་ཐང་ར་སྤྲོད་གསལ་བོ་བྱུང་པ་ཞིག་རེད་བསམ་གྱི་ཡོད།     མ་ཟད་བོད་ཞི་བའི་བཅང་གྲོལ་བཏང་ནས་ལོ་ངོ་དྲུག་བཅུ་འགོར་བའི་དུས་དྲན་ཞིག་སྲོང་རྩི་བྱས་པ་སོགས་དངོས་ཡོད་ཀྱི་གནས་སྟངས་ནི་བོད་བཙན་དབང་དང་མནར་གཅོད་བྱས་ནས་ལོ་ངོ་དྲུག་བཅུ་ཞིག་འགོར་བ་རེད་དེ་ནི་བོད་མི་ཙམ་མ་ཟད་འཛམ་གླིང་མི་མང་གི་དྲང་བདེན་གྱི་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞུ།   བོད་སོག་གཉིས་དང་རྒྱ་ནག་དམར་ཕྱོགས་ཚང་གི་བཙན་དབང་ན་ཡོད་པའི་སྤུན་ཟླ་རྣམ་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese