མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་ཕྲུག་ ༥ ལ་ཨ་རིར་སློབ་སྦྱོང་གི་ཐོངས་མཆན་མ་རག

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp


འདི་ལོར་ཨ་རིའི་ཡཱོ་སཱེ་ཨེ་
UCI  གཙུག་ལག་སློབ་གྲྭའི་ངོས་ནས་སཱ་ར་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་ ༥ ལ་སློབ་ཡོན་གོ་སྐབས་སྤྲད་ཡོད་ཀྱང་།  ལྡི་ལིའི་ཨ་རིའི་གཞུང་ཚབ་ཀྱིས་སློབ་ཕྲུག་དེ་དག་ལ་ཕྱིར་ལོག་གི་ཁག་ཐེག་མེད་སྐོར་བརྗོད་དེ་ཐོངས་མཆན་སྤྲད་མི་འདུག

ལོ་འགའི་སྔོན་ནས་དབུ་འཛུགས་ཀྱིས་བཞུགས་སྒར་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་སཱ་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དང་། ཨ་རིའི་ཨེ་མོ་རཱེ་གཙུག་ལག་སློབ་གྲྭ་  Emory University  དང་མཱ་ཡཱ་མཱེ་གཙུག་ལག་སློབ་གྲྭ་ Miami University ། ཡཱོ་སཱེ་ཨེ་གཙུག་ལག་སློབ་གྲྭ་ UCI University བཅས་དང་ཤེས་ཡོན་འགྲོ་འོང་གི་གན་རྒྱ་བཞག་སྟེ། སློབ་མ་ཕར་གཏོང་ཚུར་ལེན་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། ལྷག་པར་དུ་ ༢༠༡༠ ལོར་ཡཱོ་སཱེ་ཨེ་གཙུག་ལག་སློབ་གྲྭའི་སློབ་མའི་ལྟ་སྐོར་ཚོགས་པ་ཞིག་ངྷ་སར་འབྱོར་ཏེ། སཱ་ར་མཐོ་སློབ་དང་ཐོག་མའི་འབྲེལ་བ་བྱུང་འདུག་ལ། སྐབས་དེར་སློབ་གྲྭ་གཉིས་བར་སློབ་མའི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུའི་གན་རྒྱ་བཞག་ཡོད་འདུག འདི་ལོར་སཱ་ར་མཐོ་སློབ་ཀྱི་སློབ་ཕྲུག་ ༥ ལ་ཡཱོ་སཱེ་ཨེ་གཙུག་ལག་སློབ་གྲྭ་ནས་ལོ་ཕྱེད་སློབ་སྦྱོང་གོ་སྐབས་སྤྲད་པ་ལྟར། ཉེ་ཆར་སློབ་ཕྲུག་དེ་ཚོ་ལྡི་ལིའི་ཨ་རིའི་གཞུང་ཚབ་དུ་ཐོངས་མཆན་ཞུ་རུ་བསྐྱོད་སྐབས། གཞུང་ཚབ་ལས་བྱེད་ཀྱིས་སློབ་ཕྲུག་དེ་དག་ཕྱིར་ལོག་རྒྱུར་ཁག་ཐེག་མི་འདུག་ལབ་སྟེ་ཐོངས་མཆན་སྤྲད་མི་འདུག



དེའི་ཐད་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་བརྗོད་པ་ལྟར་ན། ཨ་རིའི་གཙུག་ལག་སློབ་གྲྭ་དེ་དག་སཱ་ར་མཐོ་སློབ་གཉིས་བར་གྱི་ལས་གཞི་འདིར་བོད་གཞུང་དང་འབྲེལ་བ་གང་ཡང་མེད་པར་ཨ་རིའི་མཐོ་སློབ་ཁག་དང་ཐད་ཀར་མཉམ་ལས་བྱེད་ཀྱི་ཡོད་སྐོར་དང་། ཐེངས་འདིར་སཱ་ར་མཐོ་སློབ་ཀྱིོ་སློབ་ཕྲུག་ཚོར་ཨ་རིའི་གཞུང་ཚབ་ཀྱིས་ཐོངས་མཆན་མ་སྤྲད་པ་དེ་ནི་ཅུང་བློ་ཕམ་གྱི་རང་བཞིན་ཞིག་ཡིན་རུང་། མཐོ་སློབ་འདི་གཉིས་བར་ལ་གན་རྒྱ་བཞག་ནས་ལོ་ ༡ ཙམ་ལས་ཕྱིན་མེད་སྟབས། ད་དུང་ཕྱོགས་གཉིས་ལ་སློབ་མ་ཕར་གཏོང་ཚུར་ལེན་གྱི་གོ་སྐབས་མང་པོ་ཡོད་སྐོར་བརྗོད་བྱུང་ལ། ཨེ་མོ་རཱེ་དང་མཱ་ཡཱ་མཱེ་མཐོ་སློབ་གཉིས་ནི། ཡཱོ་སཱེ་ཨེ་མཐོ་སློབ་དང་མི་འདྲ་བར་སཱ་ར་མཐོ་སློབ་ལ་དུས་ཡུན་རིང་པོའི་འབྲེལ་བ་ཡོད་པ་མ་ཟད། མཐོ་སློབ་དེ་གཉིས་ནས་སཱ་ར་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་དུས་ཡུན་ངེས་མེད་ཀྱི་སློབ་ཡོན་རོགས་རམ་གནང་བཞིན་ཡོད་སྐོར་ཡང་གསུངས་སོང་།



དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ཐེངས་འདིར་སློབ་ཕྲུག་ཚོར་ཐོངས་མཆན་མ་རག་པའི་སྐོར་བརྗོད་དོན།  “ སྔོན་མ་བོད་མི་རེ་ཟུང་གིས་སོ་སོར་ཨ་རིར་ཐོངས་མཆན་ Visa མ་རག་སྟབས་གཞུང་ཚབ་ཀྱི་ཤེལ་སྒོ་བཅག་པ་དང་། གཞུང་ཚབ་ལས་བྱེད་ཚོར་འཁྲུག་པ་རྒྱག་མཁན་སོགས་བྱུང་ཡོད་པ་རེད། གཞུབ་ཚབ་ལ་འཁྲུག་པ་བརྒྱབ་སྟེ་མ་དགའ་བ་བཟོས་ན། ཨ་རིའི་གཞུང་ལ་འཁྲུག་པ་བརྒྱབ་པ་དང་གཅིག་པ་རེད། མི་རེ་ཟུང་གིས་བོད་པ་ཡོངས་ལ་མཚན་ཤས་བཟོས་ཡོད་པ་རེད། སྔོན་ཆད་བོད་པ་ཚོར་དེབ་སེར་པོ་ཡོད་པ་ཙམ་གྱིས་ཨ་རིར་ཐོངས་མཆན་རག་གི་ཡོད། ད་ལྟ་བོད་པའི་སློབ་ཕྲུག་ཚོར་ཡང་ཐོངས་མཆན་རག་གི་མི་འདུག རྒྱུ་མཚན་གཞན་ཞིག་ནི། བཙན་བྱོལ་སློབ་གྲྭ་ཁག་ནས་ཨ་རིར་བཏང་བའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ཕྱིར་མ་ལོག་པའི་སྟབས་ཀྱིས་ཡིན་སྲིད་པ་རེད། ” ཅེས་བརྗོད་བྱུང་།



གནད་དོན་དེའི་ཐད་ཐེངས་འདིར་ཐོངས་མཆན་མ་རག་པའི་སཱ་ར་མཐོ་སློབ་ཀྱི་སློབ་མ་དོན་གྲུབ་སྐྱིད་ལགས་སུ་བཅར་འདྲི་ཞུས་པར། “ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ང་ཚོ་སཱ་ར་མཐོ་སློབ་ཀྱི་སློབ་ཕྲུག་ ༥ ཨ་རིའི་གཞུང་ཚབ་ལ་ཐོངས་མཆན་ཞུ་རུ་ཕྱིན་པ་ཡིན། ང་ཚོའི་ཁྲོད་ཀྱི་མི་ ༢ བོད་ནས་འབྱོར་བ་དང་ ༣ རྒྱ་གར་ནས་སྐྱེས་བ་རེད། ང་དང་རོགས་པ་གཉིས་བོད་ནས་འབྱོར་བ་དང་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད་སྟབས། གཞན་ལ་སྐད་བསྒྱུར་བྱེད་དུ་བཅུག་པ་ཡིན། གཞུང་ཚབ་ཀྱིས་ངེད་གཉིས་ལ་དྲི་བ་ནན་གྱིས་གཏོང་བཞིན། ཕྱི་བསྐྱོད་ལག་དེབ་ཕར་སློག་ཚུར་སློག་ཐེངས་འགའ་བྱས་རྗེས། ཁྱོད་རང་ཕྱི་རྒྱལ་ལ་འགྲོ་མྱོང་མི་འདུག ཚུར་ལོག་རྒྱུར་ཁག་ཐེག་གང་ཡང་མི་འདུག་ཟེར་ནས་ཐོངས་ཆེན་སྤྲད་མ་སོང་ལ། རོགས་པ་གཞན་པ་ཚོའི་ཡིག་ཆ་ལ་མིག་གིས་ལྟ་ཙམ་ལས་མ་བྱས་པར་ཕྱིར་སྤྲད་སོང་། དང་ཐོག་མི་དེས་ངེད་གཉིས་ལ་ཐོངས་མཆན་སྤྲོད་རྩིས་བྱས་ཀྱང་། སྐབས་མཚམས་ཤིག་ནས་ལས་བྱེད་གཞན་ཞིག་ཡོང་སྟེ། ཐོངས་མཆན་སྤྲོད་མཁན་དེར་ཤབ་ཤུབ་ཅིག་བཤད་ནས་ཕྱིན་སོང་། དེའི་རྗེས་མི་དེའི་སྐད་ཆ་བཤད་སྟངས་ལ་འགྱུར་བ་ཐེབས་པ་རེད། ཐེངས་འདིར་ང་ཚོའི་སཱ་ར་མཐོ་སློབ་དང་ཡཱོ་སཱེ་ཨེ་མཐོ་སློབ་བར་གྱི་ལས་འཆར་དེ་ལམ་ལྷོང་མ་བྱང་བ་རེད་མ་གཏོགས། ཡཱོ་སཱེ་ཨེ་མཐོ་སློབ་ཀྱི་སློབ་ཡོན་རག་པའི་དགའ་ལྡན་ཤར་རྩེ་ཡི་དགེ་བཤེས་ ༢ དང་། ཕྱི་དྲིལ་ལས་བྱེད་ཀུན་བཟང་རྡོ་རྗེ་བཅས་ལ་ཐོངས་མཆན་རག་འདུག” ཅེས་བརྗོད་བྱུང་།

སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི། ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ལྟ་སློབ་མཐོ་དེར་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ ༣༡༠ ཙམ་ཡོད་ལ། སློབ་མ་ཕྱིར་གཏོང་གི་ལས་གཞི་དེ་ ༢༠༠༡ ནས་མགོ་འཛུགས་ཀྱིས་དེ་སྔོན་ཨ་རིའི་ཨེ་མོ་རེ་སློབ་གྲྭར་སློབ་ཕྲུག་ ༢ དང་། མ་ཡ་མེ་སློབ་གྲྭར་སློབ་ཕྲུག་ ༢ ཙམ་གཏོང་ཐུབ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 13

  1. བདེན་གཏམ། says:
    ལོ་ 14 སྔོན།

    བྱང་ཆུབ་ལགས་ལ་རྒྱབ་སྐྱོར་ཡོད། འདི་ཚོའི་དཀྱིལ་ལ་རྒྱ་མིའི་གསང་མི་དེ་འདྲ་ཡོད་སྲིད། ཨ་རིའི་གཞུང་ཞབས་ཚོ་ལ་གནས་ཚུལ་འདིའི་ཐོག་ལ་གང་ཐུབ་ཀྱི་ཡིད་ཟབ་གནང་རོག་ཞུ་རྒྱུ་ཡིན།

    Reply
  2. བྱང་ཆུབ། says:
    ལོ་ 14 སྔོན།

    ཡག་པོ་བྱུང་འདུག་གསར་སྦྱོར་བ་དེ་ཚོ་ལ་ visa་དུས་ནམ་ཡང་སྤྲོད་རྒྱུ་ཡོད་མ་རེད་

    Reply
  3. ngawang tenzin says:
    ལོ་ 14 སྔོན།

    བློ་ཕམ་པའི་གནས་ཚུལ་རེད།

    Reply
  4. ngawang tenzin says:
    ལོ་ 14 སྔོན།

    ས་རཱ་མཐོ་སློབ་ཀྱི་སློབ་མ་རྣམས་ལ་དབྱིན་ཡིག་གི་གནས་ཚད་མ་འདང་བ་མ་རེད་ དེ་ཡང་ཁོང་ཚོའི་ལས་ཤིག་ཡིན་སེམས་གཤིས། འཁང་ར་བྱེད་མི་འོས་སོ།

    Reply
  5. ཁ་བའི་བུ། says:
    ལོ་ 14 སྔོན།

    མ་གཞི་སློབ་ཕྲུག་ལྔ་དེ་དབྱིན་ཇི་སྦྱོང་བར་བསྐྱོད་མཁན་རེད། དེ་མིན་བོད་ཡིག་སློབ་པར་བསྐྱོད་མཁན་རེད། དང་པོ་ལྟར་ཅུང་འགྲིགས་པར་མངོན་ཡང་། དབྱིན་ཇིའི་རྨང་གཞི་མེད་པའི་མི་ཞིག་སྙན་གྲགས་ཆེ་བའི་མཐོ་སློབ་ཞིག་ཏུ་དབྱིན་ཇི་སྦྱོང་བར་བསྐྱོད་ཟེར་བ་མི་མཚམས་པ་མ་ཟད། བོད་ཡིག་སློབ་པར་བསྐྱོད་མཁན་ཡིན་ཟེར་ན་བོད་ཡིག་སློབ་མཁན་དེས་དབྱིན་ཇི་མ་ཤེས་པར་བོད་ཡིག་སློབ་རྒྱུ་བྲལ་བ་རེད།

    གང་ལྟར་ཚོང་འབྲེལ་ཞིག་མགོ་འཛུགས་འཆར་ཡོད་པ་མིན་འགྲོ། ཧཧཧ། དྲ་གྲོགས་ཚོ་སྐུ་རེ་ཡིན།

    Reply
  6. ལྕགས་སྤྲེལ། says:
    ལོ་ 14 སྔོན།

    ང་དང་རོགས་པ་གཉིས་བོད་ནས་འབྱོར་བ་དང་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད་སྟབས། གཞན་ལ་སྐད་བསྒྱུར་བྱེད་དུ་བཅུག་པ་ཡིན་ཟེར། སཱ་ར་མཐོ་རིམ་སློབ་གཉེར་ཁང་ན་དབྱིན་ཡིག་གི་ཆུ་ཚད་ཡོད་པའི་སློབ་མ་ཁྱོན་ནས་མེད་པ་རེད་དམ་ཡང་ན་དེ་ལ་སྟག་རྒྱབ་ཤིག་ཆེན་ཞིག་དགོས་པ་རེད་དངོས་གནས་ ཡཱོ་སཱེ་ཨེ་གཙུག་ལག་སློབ་གྲྭ་ UCI University་འདི་འདྲ་བ་ཞིག་གི་ནང་ལ་ཐ་ན་སྐད་བདའ་ཙམ་ཡང་མི་འཕྲོད་ནི་ཞིག་གཏོང་བ་འདི་ཅུང་ཟད་ཡ་མཚན་ཅན་ཞིག་མ་རེད་དམ་་་་་་་་བོད་པ་ཚངས་གི་རྣམས་རྒྱུན་ཁ་ནས་རྒྱུ་འབྲས་ཟེར་བ་དེ་མངོན་གྱུར་ཡོང་ནི་ཡིན་རྒྱུ་རེད་ད་ལམ་ཡིག་མ་ལོན་པ་འགྲིག་འདུག་དཀོན་མཆོག་གི་གཟིགས་ནི་ཡིན་རྒྱུ་རེད་ཡ་་་་་་་

    Reply
  7. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    གུར་སྐབས་བཟང་པོ་འདི་འདྲ་ཞིག་ཤོར་བ་དངོས་གནས་བློ་ཕམ་བྱུང་།
    འོན་ཀྱང་སོ་སོས་བརྩོས་པའི་ཆང་དེ་ཞིམ་པོ་མེད་ན་ཐུང་རྒྱུ་རེད།

    Reply
  8. ཁ་བའི་བུ། says:
    ལོ་ 14 སྔོན།

    དབྱིན་སྐད་ཙམ་ཡང་མི་ཤེས་པའི་སློབ་མ་ཞིག་ཨ་རིའི་གྲགས་ཆེན་སློབ་ཆེན་ཞིག་ན་གཏོང་འདོད་པ་ཧམ་པ་རང་རེད། དེ་ཨ་རིའི་གཞུང་ཚབས་ལ་ཁག་གང་ཡང་མིན་འདུག སླད་མར་བོད་ཡིག་ཤེས་པ་ཙམ་ལས་དབྱིན་སྐད་ལ་གོམས་བྱང་མེད་པའི་རིགས་གྲགས་ཆེན་སློབ་གྲྭ་དེ་རིགས་ལ་གོ་སྐབས་མ་ཐོབ་པའི་རེ་བ་ཡོད།

    Reply
  9. གཤོང་ཀ་ says:
    ལོ་ 14 སྔོན།

    བ་མོ་གཅིག་གིས་མི་ཡི་ཞིང་བཟའ་བས། བ་མོ་ཡོང་གི་འགྲོ་བའི་ལམ་བུ་བཀག ཧཱ་ཧཱ་

    Reply
  10. བསྟན་འཛིན་མཁའ་འགྲོ་ says:
    ལོ་ 14 སྔོན།

    བོད་མི་ཚོ་ད་གཟབ་གཟབ་གནང་དགོས་འདུག་པ་ལས་ཕྱི་བསྐྱོད་མཐོང་ཆེན་ལག་འཁྱེར་ཐོབ་རྒྱུ་སོགས་སྤྱི་སྒེར་ཚང་མར་དངོས་འབྲེལ་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག

    བོད་མི་ཚོས་ལས་རྒྱུས་འབྲས་སྤང་པོར་འཇོག་དགོས་པ་མ་ཟད། ༧གོང་ས་མཆོག་གི་གསུང་བཞིན་པ་ལྟར་བོད་མིའི་སྣ་བོའི་ཡ་རབས་སྤྱོད་བཟང་དེ་ཉམས་རྒུད་འགྲོ་བཞིན་པ་བློ་འགྱོད་ཅི་ཆེ་བྱུང་བཞིན་འདུག་པས་བོད་ཀྱི་གཏམ་དཔེ་ནང་རང་དོན་གྲུབ་ན་ཆ་ལུགས་ངན་ན་ངན་ཞེས་བཤད་སྲོལ་ཡོད་པར་མི་གནང་བ་ཞུ།

    Reply
  11. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    དེ་ནི་བོད་མི་རང་གིས་ཉོས་པ་ཞིག་ཡིན། གང་ལྟར་སློབ་སྦྱོང་དུ་བསྐྱོད་མཁན་ཡིན་ནའང་འདྲ། གུང་སེང་སོགས་གང་གི་ཆེད་དུ་ཕྱི་རྒྱལ་འགྲོ་སྐབས་ཀུན་སློང་ཡག་པོ་དགོས་པ་ཤིན་ཏུ་ནས་གལ་ཆེ། ལ་ལ་རེ་བ་མེད་ཀྱང་ཐོངས་མཆན་རག ལ་ལ་རེ་བ་ཡོད་ཀྱང་ཐོངས་མཆན་མ་རག་སོགས་སྣ་མིན་ཡོང་གི་འདུག དེ་ནི་གཙོ་བོ་རང་ཉིད་ཀྱི་ཀུན་སློང་རྣམ་པར་དག་མིན་གྱིས་ཡིན་ཀྱང་སྲིད།

    གཟབ་གཟབ་བྱོས་དང་བོད་མི་རྣམས། ང་ཚོ་ལ་གོ་སྐབས་ཡོད། ང་ཚོ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་ང་ཚོ་ལ་ཀུན་སློང་བཟང་པོ་ཞིག་མེད་ཀི།

    Reply
  12. གནས་ཚང་། says:
    ལོ་ 14 སྔོན།

    ཐོངས་མཆན་མ་སྤྲད་པ་དེས་ཅི་ཞིག་སྟོན་གྱི་ཡོད་དམ་ཞེ་ན།
    གསར་འབྱོར་བ་ཚོར་ག་དུས་ཀྱང་ལམ་ཁ་མི་སྤྲོད་པ་དེ་ཕྱི་ནང་ངན་འབྲེལ་ཞིག་མིན་ནམ་སྙམ། སྐད་ཆ་ཤབ་ཤུབ་དེས་དོན་དག་དེ་སྟོན་བཞིན་ཡོད་པ་རེད།

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདི་ནི་ང་ཚོ་བོད་མི་རིགས་ཀྱི་ཉམས་མྱོང་རེད། སྤྱིར་བཏང་ང་ཚོ་བོད་པའི་གཤིས་ཀ་རང་བཞིན་གྱི་འཇམ་པོ་ཡིན་ཀྱང་། རིགས་འགའ་ཤས་ནི་ཁ་རི་ཁར་ཐུག་ཡིན་མདོག་དང་། སྤྲོ་ཚ་མདོག་གིས་ཕར་ལ་ལན་འདྲ་མིན་འདེབས་ཆོག་ཆོག་གི་རིགས་གིས་ཨ་རི་གཞུང་ཚབ་ཀྱི་ཤེལ་སྒོ་བཅག་པ་སོགས་ཀྱི་བྱ་སྤྱོད་དེས་ང་ཚོ་སྐྱེལ་བ་རེད། ང་ཚོས་ནམ་རྒྱུན་ནེ་པལ་མི་རིགས་དང་རྒྱ་གར་མི་རིགས་སྡུག་ཅག་རེད། སྤྱོད་པ་ངན་པ་རེད་ཟེར་སྲོལ་ཡོད་ཀྱང་གནས་ཚུལ་དེ་ལྟ་བུ་ཞིག་ཐོན་མྱོང་མེད། བྱས་ཙང་། རྒྱུན་ལྡན་གྱི་སྤྱོད་ལམ་ལ་ཤིན་ཏུ་གཟབ་དགོས། ད་དུང་དེར་མ་ཚད། རྒྱ་གར་ཡུལ་མི་མཉམ་དུ་དོན་མེད་སྐྲོ་ཚ་མདོག་གིས་འཁྲུག་པ་རྒྱབ་ཆོག་ཆོག་བྱེད་པ་སོགས་ཀྱི་བྱ་སྤྱོད་རིགས་འགོག་དགོས། འདིས་ང་ཚོར་མ་འོངས་པ་སྐྱེལ་ན་སྐྱེལ་ས་ཆེན་པོ་ཞིག་ལ་སྐྱེལ་གི་རེད་སྙམ།

    ང་ཚོ་བོད་པ་ནང་ཁུལ་ལ་ཧམ་པ་ཆེ་ཆུང་གི་སྤྱོད་ཚུལ་རིགས་ལམ་ལྷོང་འགྲོ་ན་ཡང་ཡུལ་མི་གཞན་ལ་འགྲོ་གིན་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese