མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནག་ཚོང་བྱིས་པ་ ༨༩ རྙེད་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་ཉེན་རྟོག་པས་སྔ་ཕྱིར་ཐེངས་གཉིས་ལ་གསང་སྟབས་ཀྱིས་རྩད་ཞིབ་མཐར། རྒྱལ་ཁབ་ཕྱི་ནང་དུ་བྱིས་པ་ནག་འཚོང་བྱེད་བཞིན་པའི་རྩ་འཛུགས་གཉིས་རྩད་གཅོད་བྱུང་ཡོད་པ་དང་།  བོར་ཟིན་པའི་བྱིས་པ་ ༨༩ རྙེད་སོན་བྱུང་ཡོད་འདུག 

ཕྱི་ཟླ་ ༧ པའི་ནང་རྒྱ་ནག་ཀུང་ཏུང་དང་། ཀུང་ཞི། ཧི་པེ། ཧྥུ་ཅན། ཡོན་ནན་སོགས་ཞིང་ཆེན་ ༡༤ ཡི་ཉེན་རྟོག་སྡེ་ཁག་རྣམས་མཉམ་འབྲེལ་ཐོག་སྔ་ཕྱིར་ཐེངས་གཉིས་ལ་བྱིས་པ་ནག་འཚོང་བྱེད་བཞིན་པའི་གྱོད་དོན་རྩད་ཞིབ་བྱས་ཡོད་པ་རེད།  ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་མཉམ་འབྲེལ་ལས་འགུལ་ཁྲོད། ཝེ་ཐི་ནམ་(Vietnam)དང་རྒྱ་ནག་བར་བྱིས་པ་ནག་འཚོང་བྱེད་བཞིན་པའི་གྱོད་དོན་ཞིག་རྩད་ཞིབ་བྱུང་སྟེ། ཉེས་ཅན་པ་ ༣༩ འཛིན་བཟུང་དང་བྱིས་པ་ ༨ རྙེད་སོན་བྱུང་ཡོད་འདུག གཞན་ཡང་། ཕྱི་ཚེས་ ༢༠ བསྐྱར་དུ་ཉེན་རྟོག་པ་ ༢༦༠༠ རྩ་འཛུགས་བྱས་ཏེ་ས་ཁུལ་ཁག་མང་པོའི་ནང་དུས་གཅིག་ཏུ་བྱིས་པ་ནག་འཚོང་གྱོད་དོན་རྩད་ཞིབ་བྱས་སྐབས།  ཞིང་ཆེན་ ༡༤ ལྷག་གི་ནང་བྱིས་པ་ནག་འཚོང་བྱེད་བཞིན་པའི་རྩ་འཛུགས་ཤིག་རྩད་གཅོད་བྱུང་སྟེ་བྱིས་པ་ ༨༡ རྙེད་སོན་བྱུང་ཡོད་པ་དང་། བྱིས་པ་ནག་འཚོང་གི་གྱོད་དོན་རྩད་ཞིབ་ཁྲོད་ཁྱོན་བསྡོམས་ཉེས་ཅན་པ་ ༣༦༩ འཇུ་བཟུང་བྱས་ཡོད་འདུག  

རྒྱ་གཞུང་དྲ་བ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ནས་རྒྱ་ནག་ཉེན་རྟོག་སྡེ་ཁག་གིས་བྱིས་པ་ནག་འཚོང་གྱོད་དོན་རྩད་ཞིབ་བྱེད་མགོ་བརྩམས་པ་ནས་བཟུང་། ད་ལྟའི་བར་རྒྱ་ནག་ནང་བྱིས་པ་དང་བུད་མེད་ནག་འཚོང་གི་གྱོད་དོན་ཁྲི་ ༤ ཙམ་རྩད་གཅོད་བྱུང་འདུག དེའི་ནང་ཁྱོན་བསྡོམས་ནག་འཚོང་རྩ་འཛུགས་ ༤༨༨༥ དང་ཉེས་ཅན་པ་ཁྲི་ ༣ ལྷག་འཇུ་བཟུང་བྱས་ཡོད་པ་དང་། བྱིས་པ་ ༡༤༠༠༠ དང་བུད་མེད་ ༢༥༠༠༠ རྙེད་སོན་བྱུང་ཡོད་འདུག  

རྒྱ་ནག་ནང་བྱིས་པ་ནག་འཚོང་གི་རིགས་ཇེ་མང་དུ་འགྲོ་བཞིན་པ་དེ་ནི། རྒྱ་ནག་ནང་གཞི་རིམ་དང་གྲོང་ཁྱེར་བར་དབུལ་ཕྱུག་གི་ཧེ་བག་ཆེན་པོ་བྱུང་བ་དང་། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་དོ་མཉམ་མ་བྱུང་བས་ཡིན་འདུག   དེང་སྐབས་གྲོང་ཁྱེར་ཁག་གི་འབྱོར་ལྡན་རྣམས་ལ་ཕ་ཤུལ་བུ་འཛིན་གྱི་རྒྱུན་འཆད་བཞིན་པའི་དཀའ་ངལ་དང་། གཞི་རིམ་ཞིང་གྲོང་མང་ཚོགས་ཚོར་འཚོ་བའི་མཐུན་རྐྱེན་གྱི་དཀའ་ངལ་འཕྲད་པ་བཅས་ལ་བརྟེན་ནས་བྱིས་པ་ནག་འཚོང་དར་བཞིན་ཡོད་འདུག  ད་ལྟ་རྒྱ་ནག་ནང་བྱིས་པ་རེར་རྒྱ་སྒོར་ཁྲི་ ༣ ལྷག་སྤྲོད་ཀྱིན་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 11

  1. གཅེན་པོ། says:
    ལོ་ 12 སྔོན།

    བྱིས་པ་བཙོངས་ནས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་མི་འདུག དེའི་ཐད་གསལ་བཤད་ཡག་པོ་ཞིག་གནང་བའི་རེ་བ་ཡོད་གསར་འགོད་པ་མཆོག་ལ་ཡིན།

    Reply
  2. གཅེན་པོ། says:
    ལོ་ 12 སྔོན།

    བྱིས་པ་བཙོངས་ནས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་མི་འདུག དེའི་ཐད་གསལ་བཤད་ཡག་པོ་ཞིག་གནང་བའི་རེ་བ་ཡོད་གསར་འགོད་པ་མཆོག་ལ་ཡིན།

    Reply
  3. གྲགས་བསོད་ says:
    ལོ་ 12 སྔོན།

    རྒྱ་ཕྲུག་ག་ཚད་ཚོང་རྫས་བྱས་ན་འགྲིགས་གི་རེད་མུ་མཐུན་ནས་བྱེད་ཨ་རོགས།

    Reply
  4. ཁུགས་གཟར་དུག་མདའ། says:
    ལོ་ 12 སྔོན།

    ཚོང་རྫས་བྱེད་ན་འགྲིག་པརེད་རྒྱ་ཕྲུག་དེ་ཚོ་ཆི་བཟོ་མ་འོངས་པ་ཧ་གོ་སོང་ངམ།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    བོར་སོང་བ་ཡིན་ནམ། བཙོང་བ་ཡིན། དམར་པོའི་སྲིད་གཞུང་གིས་མཇུག་འབྲས་རེད་སྙམ། གང་ཡིན་ཟེར་ན། བྱིས་པ་སྐྱེ་བར་ཚོད་འཛིན་བྱས་པར་བརྟེན། སྐྱེ་སྒོ་བཀག་ན་མི་འདོད། མ་བཀག་ན་གོར་གྱི་ཉེས་ཆད་ཕོག་པའི་འཇིགས་སྣང་གི་མ་བཙོང་མཐུ་མེད་་མ་རེད་དམ། ད་མིན་གསོད་དགོས་པ་ལས་བྱ་ཐབས་གཞན་མེད་པས། མཇུག་འབྲས་འདི་ཐོན་པ་རེད། ལྷག་པར་དུ་བྱིས་པ་དེ་དག་ཕར་ཆེར་བུ་མོ་ཡིན་ཚེ། ངའི་བསམ་ཚུལ་འདིའི་བདེན་དབང་ལེགས་ཤོས་ཤིག་ཡིན་པར་བསམ།

    Reply
  6. ཅང་མེད། says:
    ལོ་ 12 སྔོན།

    འདི་ནས་བཟུང་བྱས་པའི་ནག་ཚོང་འཚམས་ཆད་པར་ཤོག

    Reply
  7. དྲག་རླུངས། says:
    ལོ་ 12 སྔོན།

    དེ་ནི་དངོས་གནས་ཚུལ་ཛ་དྲག་རེད་འདུག་མ་འོངས་པར་དེ་འདྲའི་རིགས་མི་ཡོང་བར་སྨོན།

    Reply
  8. དུག་ཚེར་དམར་པོ། says:
    ལོ་ 12 སྔོན།

    གྲ་གྲོགས་བློ་བཟང་རྒྱལ་མཚན་ལག་ཁྱེད་རང་གི་མཆན་དེ་ལ་ཞབ་ཚག་ཞིག་གཟིག་རོག་གནང་ཁྱེད་རང་གི་དེ་ཁྱེད་རང་གི་ཁ་བཀད་རེད་ད་ཡིག་ཀད་རེད་

    Reply
  9. བློ་བཟང་རྒྱལ་མཚན། says:
    ལོ་ 12 སྔོན།

                ཨོ་་་་བླ་མཁྱེན་་་་་དེ་འདྲ་དངོས་གནས་ཞེ་ནག་ཚར་པོར་རེད།
    དེ་རིང་དངོས་གནས་རྒྱ་ནག་གིས་སྐོར་སྲུང་བ་ཚོས་བྱེད་རྒྱས་བཞག་འདུག

    Reply
  10. བློ་བཟང་རྒྱལ་མཚན། says:
    ལོ་ 12 སྔོན།

                ཨོ་་་་བླ་མཁྱེན་་་་་དེ་འདྲ་དངོས་གནས་ཞེ་ནག་ཚར་པོར་རེད།
    དེ་རིང་དངོས་གནས་རྒྱ་ནག་གིས་སྐོར་སྲུང་བ་ཚོས་བྱེད་རྒྱས་བཞག་འདུག

    Reply
  11. འདྲེ་མེ་འབུད། says:
    ལོ་ 12 སྔོན།

    གནས་ཚུལ་འདི་ནི་ཇི་འདྲའི་འཇིགས་སུ་རུང་བའི་མུན་ནག་གི་ཆ་ཤས་ཤིག་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist