ཉེ་ཆར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ། དེ་སྔོན་གྲོས་ཚོགས་འཕར་མའི་སྟེང་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་མཚན་བསྒྱུར་གནང་ཡོད་པ་དེ། བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་འཆར་ཡོད་སྐོར་གསུངས་པའི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། སྐུ་ཉིད་ཀྱིས་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་བོད་རིགས་མི་མང་ལ་གསུང་བཤད་ཅིག་གནང་བའི་ནང་། ཉེ་ལམ་གྲོས་ཚོགས་ཕར་མའི་སྟེང་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ “ དབུས་བོད་མིའི་སྒྲིག་འཛུགས” ཞེས་མཚན་སྒྱུར་གནང་ཡོད་པ་དེ་བསྐྱར་དུ་ “ བོད་མིའི་གཞུང་གི་སྒྲིག་འཛུགས” ཞེས་པར་བཅོས་བསྒྱུར་གནང་འཆར་ཡོད་སྐོར་གསུངས་པའི་ཐད་གསལ་བཤད་ཅིག་གནང་རོགས།
ལན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། དེའི་རྗེས་སུ་གྲོས་ཚོགས་འཕར་མའི་སྟེང་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་གཏན་འབེབས་བྱས་པ་རེད། འོན་ཀྱང་རྗེས་སུ་མང་ཚོགས་ནང་བསམ་ཚུལ་འདྲ་མིན་ཞིག་བྱུང་བ་རེད། བསམ་ཚུལ་དེ་ཡང་མང་ཚོགས་དཀྱུས་མ་སྤྱི་བྱིངས་ཀྱི་བསམ་ཚུལ་ཡིན་མིན་བཤད་དཀའ་ཡང་། འགའ་རེས་སེམས་ཚོར་ཆེན་པོས་བོད་གཞུང་མེད་པ་བཟོས་འདུག་ཟེར་བའི་དགོངས་ཚུལ་བཏོན་ཡོད་སྟབས། དེ་ལའང་བདག་པོ་མི་རྒྱག་རང་རྒྱག་ཆགས་ཀྱི་ཡོད་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ནང་བོད་མིའི་སྒྲིག་འཛུགས་ཞེས་བཀོད་ཡོད་པ་དེ་དབྱིན་ཡིག་ནང་བསྒྱུར་ན་ Tibetan Administration ཆགས་འགྲོ་བ་རེད། དེ་སྔོན་བོད་གཞུང་གི་མཚན་ལ་དབྱིན་ཡིག་ནང་ Central Tibetan Administration ཞེས་བཀོད་ཡོད་སྟབས། ཕྱིས་སུ་དབུས་ཟེར་བ་ཞིག་བསྣན་ཏེ་“ དབུས་བོད་མིའི་སྒྲིག་འཛུགས” ཞེས་བཟོས་པ་རེད།
ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་༧གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱིར་རྒྱ་གར་ནང་ཞབས་སོར་བཀོད་སྐབས། ནམ་རྒྱུན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་གནམ་ཐང་ལ་ཕེབས་བསུར་བཅར་གྱི་ཡོད་པ་ལྟར། སྐབས་དེར་བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱང་མཉམ་དུ་ཡོད། ཉིན་དེར་ང་ཚོས་བཅའ་སྒྲིག་བསྐྱར་བཅོས་འགྲོ་བཞིན་པའི་སྐབས་དང་བསྟུན་ཏེ། དབུས་བོད་མིའི་སྒྲིག་འཛུགས་སམ། ཡང་ན། དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་གང་རུང་ཞིག་ལ་འགྱུར་བ་བཏང་ན་ཟེར་བའི་སྐད་ཆ་དེ་བྱུང་བ་རེད། འོན་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་པ་ཡིན་ན། བསམ་ཚུལ་བཤད་མཁན་ཚོའི་འདོད་པ་ཁེངས་ཐབས་མེད་པའི་ཁར་ཡང་བསྐྱར་བཅའ་ཁྲིམས་ལ་འགྱུར་བ་བཏང་སོང་ཟེར་བའི་གླེང་སློང་ཞིག་ཡོང་གི་རེད། གཞུང་ཟེར་བ་དེར་འགྲེལ་བ་རྒྱག་སྟངས་སྣ་ཚོགས་ཤིག་ཡོད་པ་ད་ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་༧གོང་ས་མཆོག་གིས་གསུངས་པ་རེད། བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བཟོས་ན་ཟེར་ནས་ང་ཚོའི་བར་གོ་བསྡུར་བྱུང་སོང་། དེའི་རྗེས་སུ་བསྐྱར་དུ་བཀའ་བློན་ཁྲི་པ་དང་ཚོགས་གཙོ་གཞོན་པ། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ལ་གོ་བསྡུར་གནང་སྐབས། འགྱུར་བ་དེ་འདྲ་ཞིག་གཏོང་རྒྱུར་སྤྱི་འཐུས་རྒྱུན་ལས་ཀྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་གྲོས་ཚོགས་ནང་འཁྱེར་དགོས་སྟབས། སྤྱི་འཐུས་རྒྱུན་ལས་རྣམ་པར་བཀའ་བསྡུར་གནང་སྟེ་མོས་མཐུན་གནང་སོང་། དེར་བརྟེན། འབྱུང་འགྱུར་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་། “བོད་མིའི་གཞུང་གི་སྒྲིག་འཛུགས”ཟེར་བའི་བཅའ་ཁྲིམས་བསྐྱར་བཅོས་ཤིག་འཁྱེར་རྒྱུ་ཐག་གིས་བཅད་པ་རེད།
དྲི་བ། སྔོན་མ་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་གི་ཚབ་ཏུ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་ཟིན་ཐོ་བཀོད་པ་རེད། རྒྱལ་ཡོངས་ཚོགས་ཆེན་སྟེང་བཙན་བྱོལ་བོད་གཞུང་མུ་མཐུད་འཇོག་དགོས་པའི་ཐག་གཅོད་བྱུང་ཡང་། ཚོགས་གཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན་འགྲིག་གི་མེད་སྐོར་ནན་གྱིས་གསུངས་པ་བཞིན། གྲོས་ཚོགས་འཕར་མའི་སྟེང་བོད་མིའི་སྒྲིག་འཛུགས་སུ་གཏན་འབེབས་གནང་བ་རེད། ད་ལྟ་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བཅོས་ན། ༧གོང་ས་མཆོག་གི་དགོངས་པ་དང་གྲོས་ཚོགས་ལ་ལངས་ཕྱོགས་མེད་པ་ཞིག་ཆགས་པ་མ་རེད་དམ།
ལན། ༧གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་སྐབས། “བཙན་བྱོལ་བོད་གཞུང”ཞེས་པ་སྟེ། དབྱིན་ཡིག་ནང་ Tibetan Government in Exile ཟེར་བ་འདི་བེད་སྤྱོད་གཏོང་གི་མིན་ཞེས་གསར་འགོད་པ་ཚོར་གསུངས་པ་དེའི་ནང་དོན། ཕྱི་ལོགས་སུ་ད་ལྟའི་དུས་ཚོད་དང་འོས་འཚམ་གྱི་མིང་ཞིག་བཏགས་ན་གསུངས་པ་དེ་རེད། སྔོན་མ་བཙན་བྱོལ་བོད་གཞུང་ཟེར་བ་དང་། ད་ལྟ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་གཉིས་ཀྱི་གོ་བ་ལེན་སྟངས་ཁ་ཁ་རེད། བཙན་བྱོལ་བོད་གཞུང་ཟེར་ན་ Tibetan Government in Exile རེད། བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་ན་ Central Tibetan Administration རེད། ཚིག་དོན་གཉིས་ཐད་ནས་གཞན་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་རེད། བོད་པ་ནང་ཁུལ་ནས་ཀྱང་འདོད་པ་ཁེངས་པ་ཞིག་ཡོང་དཀའ་ཡང་། གཞུང་ཟེར་བའི་ཚིག་དང་དོན་དག་གཉིས་ཀ་གནས་ཐུབ་པ་ཞིག་ལ་བསམ་བློ་བཏང་བ་རེད། བསྐྱར་དུ་འགྱུར་བ་གཏོང་རྒྱུ་དེ་ཡང་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས། དེ་བཞིན་བདམས་ཐོན་བཀའ་བློན་ཁྲི་པ་བཅས་ཀྱིས་གྲོས་བསྡུར་གནང་བ་ཞིག་ཡིན། ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་ག་རེ་ཡིན་པ་མགོ་མ་འཚོས་པ་དེ་འདྲ་མིན་ལ། ༧གོང་ས་མཆོག་གིས་སྐུ་དབང་བཞེས་པའི་སྐབས་སུ་བསྟུན་མཁས་བྱས་ཤིང། ཐུགས་འགན་མཚམས་འཇོག་བྱས་མ་ཐག་རྒྱབ་འགལ་བྱས་པ་དེ་འདྲ་རྩ་བ་ནས་མ་རེད།
དྲི་བ། ཐོག་མར་དུས་ཡུན་ཐུང་ཐུང་ནང་བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བ་རེད། ཟླ་ངོ་གསུམ་བཞི་ཞིག་གི་ནང་བསྐྱར་དུ་བོད་མིའི་སྒྲིག་འཛུགས་དེ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་དགོས་པའི་དཀའ་ངལ་དང་གནད་འགག་གཙོ་བོ་གང་ལ་ཐུག་ཡོད་དམ།
ལན། དཀའ་ངལ་གཙོ་བོ་ཟེར་ན་འདྲ་མང་ཚོགས་ཀྱི་དགོངས་ཚུལ་དེ་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། སྔོན་མ་བཙན་བྱོལ་བོད་གཞུང་ཞེས་པ་ཕྱིར་འཐེན་བྱ་དགོས་ཀྱི་འདུག་ཟེར་ནས་དཀའ་ངལ་དང་རྒྱུ་མཚན་དྲངས་བཞག་པ་དེ་དག་མུ་མཐུད་གནས་ཡོད་པ་རེད། འོན་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་མི་མང་གི་སྐུ་ཚབ་ཅིག་ཡིན་དུས། ཁྱབ་མཉམ་ཡིན་མིན་ལ་མ་ལྟོས་པར་མང་ཚོགས་ནང་དགོངས་ཚུལ་ག་རེ་ཡོད་པ་དེ་ལའང་བདག་པོ་རྒྱག་དགོས་པ་ཞིག་ཆགས་ཡོད། སྤྱིར་བཏང་བོད་མི་ནང་ཁུལ་དུ་གནད་དོན་འདིའི་སྐོར་ལ་གླེང་སློང་ཞེ་དྲག་མི་དགོས་པ་ཞིག་རེད། མིང་གང་འདྲ་ཞིག་བཏགས་ཀྱང་། དོན་ལ་ངྷ་རམ་ས་ལའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་འཐབ་རྩོད་མཚོན་པའི་སྒྲིག་འཛུགས་ངོ་མ་དེ་ཆགས་ཡོད། གཞུང་ཞེས་པའི་ཚིག་དེ་བསྐྱར་དུ་བཅུག་ཀྱང་། སྔོན་མའི་དབུས་བོད་མིའི་སྒྲིག་འཛུགས་ལས་ཁྱབ་ཆེ་བ་དང་། ཁྲིམས་དང་ཆབ་སྲིད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་དགོས་ཐུག་ཀྱང་། ཁུངས་འཕེར་བའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། མི་མང་གི་བསམ་ཚུལ་དེའང་ཚུད་ཐུབ་པ་ཞིག་ཆགས་ཡོད། “བོད་མིའི”ཟེར་དུས་བོད་ཕྱི་ནང་གཉིས་ལ་ཁྱབ་པ་དང་། “གཞུང” ཟེར་བ་དེ་ང་ཚོ་ནང་ཁུལ་དུ་བྱས་ན་གཞུང་དངོས་གནས་དེར་གོ་ཐུབ་པ་ཞིག་དང་། ཕྱི་ལ་འགྲེལ་བཤད་རྒྱག་སྐབས་དབུས་ལ་གོ་ཐུབ་པ། “སྒྲིག་འཛུགས” ཟེར་བ་འདི་དབྱིན་ཡིག་ནང་ Administration རེད། དེ་སྔོན་ནས་བཙན་བྱོལ་བོད་གཞུང་གི་མིང་གི་ཆ་ཤས་སུ་ཡོད་པ་ཞིག་རེད།
དྲི་བ། དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་སྒྱུར་བཅོས་གཏོང་རྒྱུའི་ལས་དོན་སྐོར་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཡོད་དམ།
ལན། རྩ་བའི་ཆ་ནས་གནས་ཚུལ་དེ་༧གོང་ས་མཆོག་ལ་སྙན་གསེང་ཞུ་རྒྱུའི་ལས་རིམ་ཞིག་བསྒྲིགས་པ་ཡིན། འོན་ཀྱང་། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཐད་ནས་དགོངས་པ་ཞུས་ཏེ། ལས་འགན་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཡོད་སྟབས། ལས་དོན་དེ་རིགས་གྲོས་ཚོགས་ཀྱིས་ཐག་གཅོད་གནང་དགོས་པ་ཞིག་ལ་༧གོང་ས་མཆོག་གིས་དགོངས་པ་བཞེས་ཀྱི་འདུག ཉེ་ཆར་ཨ་རིར་འཁྲུངས་སྐར་དང་བསྟུན་ཏེ་༧གོང་ས་མཆོག་ལ་ཞུ་རྒྱུ་བྱུང་སོང་། ཁོང་གིས་དེ་འགྲིག་གི་མ་རེད་ཟེར་བ་དེ་འདྲ་བཀའ་གནང་མ་སོང་། ༧གོང་ས་མཆོག་གིས་ནམ་རྒྱུན་མང་ཚོགས་ཀྱི་བསམ་ཚུལ་ལ་རྩ་ཆེན་པོར་བརྩི་གནང་གི་རེད། སྔོན་ལ་༧གོང་ས་མཆོག་གིས་དགོངས་པ་གང་འདྲ་ཞིག་བཞེས་ཡོད་ཀྱང་། ཕྱིས་སུ་བཀའ་ཤག་དང་སྤྱི་འཐུས་ཀྱིས་ཐག་གཅོད་བྱུང་བ་ཡིན་ན། དེ་ལ་ངོས་ལེན་དང་རྒྱབ་སྐྱོར་ཆ་ཚང་གནང་གི་རེད།
དྲི་བ། ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་གཏན་འབེབས་བྱུང་བ་ཡིན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྐྱར་དུ་བཟོ་བཅོས་ཚོགས་ཆུང་འཛུགས་དགོས་སམ།
ལན། ཁྲིམས་སྒྲིག་ཁག་བསྐྱར་བཅོས་བྱེད་པའི་བཅའ་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གིས་ད་ལྟ་ལས་དོན་བྱེད་བཞིན་པ་རེད། གནས་ཚུལ་འདི་ལ་བཅའ་སྒྲིག་བསྐྱར་ཞིབ་ཚོགས་ཆུང་དང་སྤྱི་འཐུས་རྒྱུན་ལས་མོས་མཐུན་ཡོད་ཡོད་པ་རེད། ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་ཐག་གཅོད་བྱུང་བ་ཡིན་ན། ལས་རིམ་སྒྲིག་སྟངས་ཀྱི་ཐད་ནས་བཅའ་ཁྲིམས་བསྐྱར་བཅོས་དེ་སྔོན་ལ་འགྲོ་དགོས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་གང་ཕྱིན་པ་དེ་ལ་གཞི་བཞག་སྟེ། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་བཟོས་ཡོད་པ་ཁག་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་དཀྱུས་གཅིག་ཏུ་བཟོ་ཐུབ་པ་ཞིག་རེད། བསྐྱར་དུ་བཅའ་སྒྲིག་བསྐྱར་བཅོས་ཚོགས་ཆུང་ཟུར་འཛུགས་བྱ་དགོས་པ་དེ་འདྲ་ཡོང་གི་མ་རེད།
དྲི་བ། བོད་མིའི་སྒྲིག་འཛུགས་དེ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་ཕྱོགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་དེ་སྐབས་རྗེས་མའི་གྲོས་ཚོགས་ནང་འཁྱེར་སྟངས་ཀྱི་ལས་རིམ་གང་འདྲ་བསྒྲིགས་ཡོད་དམ།
ལན། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་ཕྱི་ཟླ་ ༩ ཚེས་ ༡༦ ནས་དབུ་འཛུགས་གནང་གི་ཡོད་པ་རེད། ཉིན་དང་པོར་བཀའ་བློན་བསྐོ་བཞག་གི་ལས་རིམ་འགྲོ་དགོས་པ་རེད། དེ་དང་མཉམ་དུ་འདས་པའི་ལོ་གཅིག་རིང་གི་བཀའ་ཤག་གི་ལས་བསྡོམས་ཁག་གྲོས་ཚོགས་ལ་སྙན་གསེང་ཞུ་དགོས་པ་རེད། དེ་ནས་བཅའ་ཁྲིམས་ལ་འགྱུར་བ་བཏང་བའི་རྗེས་འབྲེལ་གྱིས་སྒྲིག་གཞི་ཁག་ ༢༦ ཙམ་ལ་བསྐྱར་བཅོས་གཏོང་དགོས། དབུས་བོད་མིའི་སྒྲིག་འཛུགས་དེ་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་མཚན་བསྒྱུར་བྱེད་སྟངས་ཐད། གྲོས་ཚོགས་མ་ཚོགས་སྔོན་ལ་སྤྱི་འཐུས་ཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ། གྲོས་ཚོགས་ནང་བགྲོ་གླེང་ཞེ་དྲག་མི་དགོས་པར་བསམ་བློ་གཅིག་གྱུར་ཞིག་གི་ཐོག་ནས་འགྲོ་ཐུབ་པའི་ལམ་ཁ་འཚོལ་དགོས་པ་རེད།
དྲི་བ། ཉེ་ལམ་གྲོས་ཚོགས་འཕར་མའི་སྟེང་སྤྱི་འཐུས་རྣམ་པས་མོས་མཐུན་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་སུ་གཏན་འབེབས་གནང་བ་རེད། ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་དེ་གཏན་འབེབས་ཐུབ་མིན་ལ་ཚོད་དཔག་གང་འདྲ་བྱེད་ཀྱི་ཡོད་དམ།
ལན། སྔོན་མ་གྲོས་ཚོགས་འཕར་མའི་སྐབས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་གདམ་ཀ་ཞིག་ཡོད་ན། བོད་མིའི་གཞུང་གི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་རེད། ཐོག་མ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ངོས་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་ཟིན་ཐོ་བརྒྱབ་ཡོད་པ་རེད། འོན་ཀྱང་རྒྱལ་ཡོངས་ཚོགས་ཆེན་སྐབས་བཙན་བྱོལ་བོད་གཞུང་ཁོ་ན་མུ་མཐུད་འཇོག་དགོས་ཀྱི་འདུག་ཟེར་ནས་བསམ་ཚུལ་བྱུང་ཡོད། ཚོགས་ཆེན་གྱི་བསམ་ཚུལ་༧གོང་ས་མཆོག་ལ་ཕུལ་སྐབས། བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་གསེས་གསུམ་པར། “བཙན་བྱོལ་བོད་གཞུང” ཞེས་བཀོད་ཡོད་པ་དེ་འགྲིག་གི་མ་རེད། དེའི་ཚབ་ཏུ “བོད་མིའི་སྒྲིག་འཛུགས” ཞེས་བཟོས་ན་གང་འདྲ་འདུག་ཅེས་དགོངས་ཚུལ་གསུངས་ཡོང་སྐབས། ང་ཚོའི་བསམ་བློའི་ནང་། བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་ཞེས་བཀོད་ཡོད་པ་ཆ་ཚང་ལ་འགྱུར་བ་གཏོང་དགོས་པ་ཞིག་ལ་ངོས་འཛིན་བྱས་ཏེ་བསྐྱར་བཅོས་བཏང་བ་རེད། གཅིག་བྱས་ན་སྐབས་དེར་ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་མ་གཏོགས་པ་དེ་འདྲ་ཡང་བྱུང་ཡོད་སྲིད་པ་རེད།
དྲི་བ། འབྱུང་འགྱུར་གྱི་གྲོས་ཚོགས་ནང་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་གཏན་འབེབས་ཐུབ་པ་ཡིན་ན། གཞུང་གི་ལས་ཁུངས་ཁག་གཙོས་པའི་བོད་གཞུང་ཟློས་གར་དང་། བོད་གཞུང་སྨན་རྩིས་ཁང་ཟེར་བ་འདི་དག་གི་མཚན་བྱང་སྔར་སོར་འཇོག་གི་རེད་དམ།
ལན། དེའི་སྐོར་ད་ལྟ་ནས་བཤད་ཐུབ་པ་ཞིག་མ་རེད། ཐོག་མ་བོད་གཞུང་ཞེས་ཆེ་མཐོང་གི་ཚུལ་དུ་བཞག་པ་ཞིག་ཡིན་རྒྱུ་རེད། གྲོས་ཚོགས་ནང་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་གཏན་འབེབས་གནང་བ་ཡིན་ན། གཞུང་གི་ལས་ཁུངས་ཁག་དང་བོད་གཞུང་ཟློས་གར་ཟེར་བ་དེ་རིགས་འཛིན་སྐྱོང་གིས་ཐག་གཅོད་གནང་གི་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ང་ཚོའི་བཙན་འབྱོལ་བོད་གཞུང་འདི་བལ་ཡུལ་གྱི་གཞུང་ལྟར་བརྟན་པོ་རྩ་བ་ནས་མི་འདུག གཞུང་ཞེས་པའི་ཐ་སྙད་འདི་དགོས་ཀྱི་མི་འདུག་ཟེར་མཁན་ཡང་ཁོང་རྣམ་པ་རེད། དགོས་ཀྱི་འདུག་ཟེར་མཁན་ཡང་ཁོང་རྣམ་པ་རེད།
འདིར་ཅུང་ཟད་གསལ་བོར་བཤད་ན་བོད་ཡིག་དང་བོད་སྐད་ཀྱི་སྒོ་ནས་བཙན་བྱོལ་བོད་མིའི་ཚོགས་སྡེ་འདི་ལ་མིང་ཅི་ལྟར་འདོགས་དགོས་མིན་ལས་གནས་ཡུལ་རྒྱ་གར་གཞུང་གི་གཞུང་འབྲེལ་ཡིག་ཆའི་སྟེང་གི་Central Tibetan Administrationབོད་མིའི་སྒྲིག་འཛུགས་ཞེས་པའི་དབྱིན་ཡིག་གི་འབོད་མིང་འདི་ལ་འགྱུར་བ་གཏོང་སྟངས་འགྲིག་མི་འདུག་ཅེས་བཤད་ཀྱིན་མེད་ལ། འདས་ཟིན་པའི་ལོ་ངོ་ལྔ་བཅུའི་རིང་མིང་འདི་དང་འབྲེལ་བའི་རྒྱ་གར་ཡུལ་ཁྲིམས་ཀྱི་རྩོད་རྙོག་མ་བྱུང་བ་བཞིན་མ་འོངས་བ་ནའང་དབྱིན་མིང་འདི་རང་འཇགས་གནས་ཕྱིན་མིང་འདི་འབྲེལ་གྱི་སྒོ་ནས་བཙན་བྱོལ་བོད་གཞུང་གནས་མི་ཐུབ་པ་ལྟ་བུའི་གནས་ཚུལ་འབྱུང་མི་སྲིད་པ་ལྟ་བུ་ཞིག་རེད། ཡིན་ཡང་བོད་མི་རྣམས་གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་ཐོག་ཏུ་བཙན་བྱོལ་བ་རུ་ངོས་འཇི༹ན་མེད་པའི་ཆབ་སྲིད་ཀྱི་གནས་སྟངས་འདིས་རྐྱེན་གྱིས་གནས་ཚུལ་མི་ཉུང་བ་ཞིག་འབྱུང་སྲིད་ནའང་འདི་བོད་མིའི་ཚོགས་སྡེ་འདིའི་བོད་ཡིག་གི་འབོད་མིང་བརྗེ་བ་ཙམ་གྱིས་སྔོན་འགོག་བྱེད་ཐུབ་པ་ཞིག་མ་ཡིན། གཙོ་བོ་རྒྱ་གར་ནག་གཉིས་མཐའ་མཚམས་རྩོད་རྙོག་གི་གནས་སྟངས་ཇ༹་དྲག་ཏུ་འགྲོ་བཞིན་པའི་གོ་སྐབས་འདི་བཟུང་ནས་ང་ཚོས་ཕྱི་སྡོད་བོད་མི་རྣམས་རྒྱ་གར་ནང་ཁྲིམས་མཐུན་གྱི་བཙན་བྱོལ་བ་ཞིག་བཟོ་ཐབས་བྱེད་རྒྱུ་ནི་དཀའ་རྙོག་འདི་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་རེད་དྲེན་གྱི་ཡོད། ངས་འདིར་གཞུང་ཞེས་པའི་བོད་ཡིག་འདི་བཙན་བྱོལ་བོད་མིའི་ཚོགས་སྡེ་འདིའི་འབོད་མིང་གི་ཁྲོད་དུ་འཇོག་དགོས་ཤེས་བཤད་དོན་ནི་འདི་ལ་བོད་མི་མང་གི་སེམས་ཀྱི་ནུས་པའི་སྟོགས་ཤུགས་གཅིག་བསྡུ་བྱེད་ཐུབ་པའི་ནུས་པ་གལ་ཆེན་ཞིག་ལྡན་འདུག་ཅེས་བཤད་ཀྱི་ཡོད་ལ། དེ་ཙམ་དུ་མ་ཟད་ལོ་ངོ་སྟོང་ཕྲག་ལྷག་གི་བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ཀྱི་བརྒྱུན་ཐག་ལྟ་བུ་ཞིག་ཀྱང་ཆགས་འདུག་པས་ང་ཚོས་མ་འོངས་མི་རབས་གསར་བ་རྣམས་ལ་རྩིས་སྤྲོད་བྱེད་དགོས་པའི་ཡིག་འབྲུ་གལ་ཆེན་ཞིག་ཀྱང་རེད་དྲེན་གྱི་ཡོད། གཞུང་ཞེས་པའི་ཡིག་འབྲུ་འདི་བླངས་པ་ཙམ་གྱིས་ང་ཚོའི་གནས་སྟངས་འཇ༹མ་གླིང་གི་སྒང་ནས་སྔར་ལས་ཡག་ཏུ་འགྲོ་བའི་རེ་བ་གང་ཡང་མེད་དེ་ང་ཚོའི་རང་ས་རང་དབང་ཤོར་བའི་ཉིན་མོ་ནས་བཟུང་འཇ༹མ་གླིང་གི་རྒྱལ་ཁབ་སུ་ཞིག་གིས་གཞུང་འབྲེལ་གྱི་སྒོ་ནས་ང་ཚོ་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོ་འཇི༹ན་བྱེད་མྱོང་ཡོད་དམ། ལོ་ངོ་ལྔ་བཅུའི་རིང་རྒྱལ་ཁབ་སུ་ཞིག་གིས་ཀྱང་གཞུང་ཞིག་ཏུ་ངོ་འཇི༹ན་མེད་པ་ཤེས་བཞིན་དུ་ང་ཚོས་ད་དུང་རྡོག་རྩ་གཅིག་སྒྲིལ་གྱིས་ད་བར་རང་དབང་འཐབ་རྩོད་ཀྱི་འབོད་སྒྲ་མཚམས་མ་བཞག་པར་མཐུན་སྒྲིལ་གྱི་ལག་གདང་གཅིག་ཏུ་སྤྲེལ་པའི་སྟོབས་ཤུགས་སྟེ་གང་ནས་བྱུང་བ་རེད། དེ་ནི་ང་ཚོ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གཞུང་ཡོད་ལ་ང་ཚོའི་གཞུང་སྟེ་འཇ༹མ་གླིང་གིས་ངོ་ལེན་དགོས་པའི་ཆེད་དུ་མ་ཡིན་ནམ། དེ་ན་ཅིས་ཕྱིར་གཞུང་ཡིག་འདི་བཙན་བྱོལ་བོད་མིའི་འབོད་མིང་དུ་མ་བཞག་པ་རེད་ཟེར་ན། དེ་ཧ་ཅང་གསལ་བོ་རེད། འདི་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདིས་རྒྱ་ནག་སྲིད་གཞུང་ལ་ཕྱི་ཚུལ་གྱི་བསྟུན་མཁས་བྱས་པའི་རྣམ་པ་ཙམ་རེད། ཡིན་ཡང་སྲིད་བྱུས་འདི་རྟག་ཆད་གཉིས་ཀྱི་མཐའ་རུ་ལྷུང་སྟེ་དབུ་མའི་ལམ་དངོས་གནས་པ་ཞིག་རེད་མི་འདུག་པས་རྒྱ་བོད་གཉིས་སུ་ལའང་འདོད་པ་དང་ཕན་ཐོག་ཡོད་མི་སྲིད། འདི་ཙམ་མ་ཟད་རྒྱ་དམར་སྲིད་གཞུང་ལ་སང་ཉིན་ནས་བོད་རིགས་ཆ་ཚང་རྒྱ་ནག་ཧན་མི་རིགས་ཏུ་བསྒྱུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་བོད་མི་དང་བློ་ཐག་ཉེ་བའི་ཡིད་ཆེས་ཀྱི་བསམ་བློ་གང་ཡང་ཡོང་མི་སྲིད་པ་ཞིག་ཡིན། གང་ཡིན་ཞེས་ན་འདས་ཟིན་པའི་ལོ་ཟླའི་ནང་ཏུ་རྒྱ་དམར་སྲིད་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ག་ཚོད་ཅིག་བཏང་ཡོད་མེད་རྒྱ་ལ་ཡོད་ཚད་ལས་དབང་ཏུ་སྒོམ་པའི་བོད་མིའི་སེམས་སུ་མེད་པར་ཆ་བཞག་ཀྱང་རྒྱ་མི་རང་ཉིད་གཙོས་པའི་འཇ༹མ་གླིང་མི་མང་གི་སེམས་ཁོངས་ནས་བརྗེད་མི་སྲིད་ལ། རྒྱ་དམར་རང་ཉིད་ཀྱིས་འཇིགས་སྐུལ་རང་ལུགས་པའམ་དགྲ་བོར་ངོ་འཇི༹ན་བྱེད་བཞིན་པའི་བཙན་བྱོལ་བ་ཚོས་གློ་བུར་ཏུ་འདི་ལྟར་ཁ་ཡག་ངོ་དགའ་བྱེད་ཡོང་དུས་དེ་བས་ཀྱང་ཡིད་ཆེས་མི་སྲིད་པ་ཞིག་ཡིན་པས་ཕན་ལས་གནོད་ཆེ་བའི་སྲིད་བྱུས་འདིར་མཇུག་འབྲས་ཡག་པོ་ཞིག་ཡོད་མི་སྲིད། བོད་མིའི་ཆོས་དང་རིགས་གཞུང་སྐད་དང་ཡི་གེ་ཉམས་པ་སླར་གསོ་ཡོང་ཆེད་ཆེན་པོའི་ཆེད་དུ་ཆུང་ངུ་བློས་གཏོང་བྱེད་དགོས་ཟེར་གྱི་ཡོད་ན་དང་པོ་བཙན་བྱོལ་ནང་གི་བོད་མིའི་ཆོས་དང་རིགས་གཞུང་སྐད་དང་ཡི་གེ་བོད་ནང་གི་བོད་མི་ཚོའི་གནས་ཚད་དང་མཉམ་པར་བྱས་རྗེས་གཞུག་ནས་སྐད་ཆ་འདི་བཤད་ཚེ་ད་གཟོད་དོན་དང་ལྡན་པ་ཞིག་རེད་འདོད། ཡིན་ཡང་བཙན་བྱོལ་བ་ཚོའི་མིག་ཟུང་ཆབ་སྲིད་ཀྱིས་སྒྲུབ་སྟེ་རང་ཉིད་མིག་མཐུན་གྱི་བོད་མི་ཚོའི་སྐད་ཡིག་དང་གོམས་གཤིས་ར་མ་ལུག་ཏུ་གྱུར་ཚར་ཡོད་པ་མཐོང་གི་ཡོད་བ་མ་རེད་ལ་མཐོང་འདོད་ཀྱང་ཡོད་པ་མ་རེད། གང་ལྟར་མདོར་བསྡུས་ན་ད་ལྟའི་ང་ཚོའི་ལས་འགན་དང་མ་འོངས་སྔོན་འགོག་གི་དཀའ་གནད་མཐའ་དག་གཞུང་ཡིག་འདི་བརྗེེ་བསྒྱུར་བྱེད་དགོས་མིན་ལ་ཐུག་མི་འདུག
དཱ་བྱེད་རྒྱུ་མང་པོ་འདི་ཡག་པོ་རང་ཡོད་མ་རེད་བསམ་གྱི་འདུག
གང་ལྟར་འཕེལ་རིམ་འདིའི་སྐོར་ལ་སྐད་ཆ་ཞིག་མི་བཤད་ཐུ་མེད་ཆགས་འདུག་པས་རིང་མིན་བརྗོད་རྒྱུ་ཡིན།
བཙན་བྱོལ་བོད་གཞུང་དང་། བོད་མིའི་གཞུང་གི་སྒྲིག་འཛུགས་གཉིས་ཀྱི་ནང་ནས་མིང་དོན་མཚུངས་བ་དེ་བཙན་བྱོལ་བོད་གཞུང་མ་རེད་དམ།
གསར་འབྱོར་ལགས་ཧ་ཅང་ཡག་པོ་གསུངས་འདུག་ཡི་རང་ཡོད། བོད་གཞུང་ཞེས་པའི་མིང་འདི་ང་ཚོ་དང་ལས་བྱེད་པ་གོང་དཔོན་པོ་ནས་འོག་མི་སེར་བར་སུ་ལ་ཡང་བརྗེ་བསྒྱུར་བྱ་རྒྱའི་འདོད་པ་མེད་བཞིན་དུ་དེ་བརྗེ་དགོ་བའི་གསལ་བཤད་དུ་དགག་བྱ་དང་། དགོས་པ་གང་མང་གསུངས་བྱུང་། འོན་ཀྱང་དེ་དག་ནས་གནད་འགག་ཆེ་ཤོས་ཡུལ་ཁྲིམས་དང་འགལ་བ་ཡིན་པའི་གནད་དོན་འདི་ངས་ཧ་ཅང་གི་ཉེན་ཁ་ཞིག་ཏུ་མཐོང་སོང་། གང་ཞེ་ན་གང་ཟག་སྒེར་བ་ཞིག་ལ་མཚོན་ན་དེ་ཙམ་ཉེན་ཁ་མེད་མོད། འོན་ཀྱང་གཞུང་ངམ་ཚོགས་པ་ཆེན་པོ་ཞིག་ལ་མཚོན་ན་ཉིན་ཞིག་དཀའ་ངལ་འཕྲད་དེ་ཁྲིམས་ཐོག་ཏུ་སོང་དུས་གདེང་ཚད་མེད་པ་མ་ཟད་ཕམ་ཁའི་རྒྱུ་གཙོ་བོ་ཞིག་ཏུ་སེམས། དེས་ན་ཉིད་ཀྱིས་སྔར་བཞིན་དེའི་སྐོར་གྱི་གནད་དོན་རེ་གླེང་བའི་རེ་བ་ཡོད། གནད་དོན་འདི་ང་ཚོས་བོད་གཞུང་ཞེས་པའི་མིང་བསྒྱུར་དགོ་དང་མི་དགོས་ཀྱི་ས་མཚམས་ཤིག་ཏུ་མཐོང་བས་ཡིན་ལགས།
གསལ་བཤད་ཅིག་ལ། རྒྱ་གར་གྱི་ཁྲིམས་ལ་ཡུལ་ཁྲིམས་ཞེས་པ་འདི། ད་ལྟའི་ང་ཚོའི་བཙན་བྱོལ་བོད་གཞུང་ལ་ལྟོས་ནས་དེ་ལྟར་འབོད་བཞིན་ཡོད་པ་ལས། སྤྱིར་རྒྱ་གར་གྱི་ཁྲིམས་འདི་བོད་ཀྱི་ཡུལ་ཁྲིམས་མ་ཡིན་པ་དང་། དེ་དང་འགལ་ན་ཡུལ་ཁྲིམས་དང་འགལ་མི་དགོས་པ་དཔེར་ན་རྒྱ་གར་གྱི་ཁྲིམས་འགལ་བ་སུ་སིར་གནས་སྡོད་བོད་པ་འགའ་རེ་བཞིན་ནོ། སྤྱིར་ན་ཁྱེད་ལྟ་བུ་ལ་གསལ་བཤད་མི་དགོས་ཀྱང་གནས་དེ་ཙམ་ལ་ཡང་རྨོངས་པའི་རིག་འདོན་པ་འགའ་རེ་མཆིས་ན་དེ་དག་ལ་རྨོངས་སེལ་ཆེད་དུ་ཞར་བྱུང་ཙམ་ཡིན།
ཅོ་རི་ཉི་མ་ལགས
ཁྱོད་ཀྱིས་བདག་ལ་བྲིས་པའི་དྲི་བ་བརྒྱད་དང་འབོད་སྐུལ་གཉིས། ཡིག་ནོར་ཉེར་གཉིས་ཅན་༼ཆད་ལྷག་རྩིས་མེད༽དེ་བདག་གིས་བཀླགས་ཡིན། བརྗོད་བྱེད་ཀྱི་འགྲོས་ལ་བལྟས་ན་སེམས་ཚོར་ཆེན་པོས་བྲིས་པའི་ཚོར་སྣང་བྱུང་བས་ཡི་རང་ཡོད།
འོན་ཀྱང་། ཁྱེད་ཀྱི་དྲི་བའི་ནང་དུ་ཧ་ཅང་ཐལ་བ་བཏང་བའི་དྲི་བའི་རིགས་ཤིག་འདུག དེ་དག་ལ་བདག་གིས་ངོས་ལེན་མེད།
དྲི་བ་གཞན་པ་ཁག་ལ་ངས་དོ་སྣང་བྱ་ཆོག
ཁྱེད་ཀྱིས་མཐའ་མའི་སྐུལ་མ་༼རང་གིས་རང་མེད་པ་:པར:བཟོ་རྒྱུའི་ཕྱོགས་སུ་གོམ་ཁ་མ་སྐྱོད་རོགས༽ཞེས་ཟེར་བ་ལྟར་བདག་ལ་ཡང་དོན་དེ་བཞིན་དུ་སྔངས་སྐྲག་དང་སེམས་ཚབས་ཡོད། རྒྱུ་མཚན་ནི་ད་སྐབས་ང་ཚོའི་སྤྱི་འཚོགས་འདིར། ༧གོང་ས་མཆོག་གིས་གཙོ། ཉམས་མྱོང་དང་ཤེས་རྟོགས་ལྷག་བསམ་ཅན་དག་གིས་ཅི་ཙམ་གསལ་བཤད་དང་ལམ་སྟོན་སོགས་མཛད་ཀྱང་། གོ་ཤེས་དང་ཉན་ཤེས་ཕར་བཞག ད་དུང་རང་ལ་གདེང་ཚད་དང་ཐབས་ཇུས་གང་ཡང་མེད་པར་ཅིག་གོ་མདོག་དང་མཐོང་མདོག ཤེས་མདོག་གིས་སེམས་ཚོར་ཙམ་རེ་འུར་བསྒྲོགས་བྱས་ནས་དམངས་སེམས་དཀྲིགས། རྐྱེན་དེས་ལས་ཀྱི་སྣེ་མོ་བ་ལྷག་བསམ་ཅན་རྣམས་ལ་མཛད་དཀའ་བཟོ་བཞིན་པ་གང་མིང་འདུག་པས་ཡིན།
དེས་ན་ང་ཙམ་དུ་མ་ཟད། ཁྱེད་དང་ཁོ་མེད་པར་འུ་ཅག་ཚང་མས་རང་གིས་བསམ། གཞན་ལ་ཉན། གང་དགའ་ཅི་དྲག་གིས་བློ་རྩ་མཉམ་དུ་མཐུད་རྒྱུའི་ཕྱོགས་ལ་འབད་པ་ལས། རང་གི་དགའ་ཕྱོགས་དང་འདོད་ཕྱོགས་ཙམ་སྟེ། སྒེར་གཅོད་སེམས་ཚོར་ཙམ་གྱིས་ཕུགས་ཐག་ཐུང་བའི་ལས་ལ་སྦྱར་ཉེན་ཧ་ཅང་ཆེའོ།། མ་ཟད་གོང་འོག་སུ་ཡང་རུང་བ་ལ་དགོས་མེད་ཀྱི་ཁ་ཚིག་ངན་པས་རང་གི་ངང་ཚུལ་བསྟན་པ་ཙམ་མོ།།
དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གཞུང་གི་སྒྲིག་འཛུགས་སོགས་བཙན་བྱོལ་བོད་མིའི་ཚོགས་སྡེ་འདི་ལ་མིང་ག་རེ་བཏགས་ཀྱང་ཁྱད་པར་གང་ཡང་མེད་ཚུལ་གསུངས་བཞིན་པའི་མི་འདི་དག་གིས་གནས་སྐབས་རིང་བོད་མིའི་ཁ་བཀག་ཐབས་ཤིག་དང་རྒྱ་མིའི་མིག་བཙུམ་ཐབས་ཀྱི་སྲིད་བྱུས་སྐྱུག་དྲོ་བ་ཞིག་གི་ཟློས་གར་འཁྲབ་ཀྱིན་ཡོད་པ་འདི་ལོ་ངོ་སྟོང་ཕྲག་ལྷག་རིང་སྟོན་པ་སངས་ཀྱི་ཆོས་ལ་སློབ་ཅིང་དེང་རབ་མང་གཙོའི་ཕྱི་གསལ་ནང་གསལ་གྱི་སྲིད་ལ་སྦྱངས་པའི་མི་ཞིག་གི་བྱེད་སྟངས་རེད་མི་འདུག དོན་དང་མཐུན་པའི་མིང་དང་མིང་དང་མཐུན་པའི་དོན་ཞིག་དགོས་ཀྱི་ཡོད་པ་ནི་འདས་མ་འོངས་ད་ལྟ་གསུམ་གང་ལ་ལྟས་ཀྱང་གལ་ཆེན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། མིང་དོན་མི་མཚུངས་པའི་སྲིད་བྱུས་ཀྱི་ཟློས་གར་འདིས་མཐའ་ན་ད་ལྟའི་བོད་མི་རང་ཉིད་ཀྱི་མངོན་འདོད་ཙམ་ཡང་སྒྲུབ་ཐུབ་ཀྱི་མེད་ན་མ་འོངས་བ་ན་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། བོད་མིའི་ཆབ་དཔལ་རིག་གསུམ་ལོ་རྒྱུས་ཀྱི་རྒྱུན་ཉམས་པར་སྐྱོང་བཞིན་པའི་བོད་མིའི་གུང་བུ་གཅིག་ཏུ་བསྡུས་པའི་ཚོགས་སྡེ་འདིའི་འཇི༹ན་སྐྱོང་བྱེད་མཁན་ནི་དེའི་གཞུང་མིན་ཚེ། ང་ཚོ་བཙན་བྱོལ་དུ་ཡོང་བ་ཡང་རང་ཉིད་ཀྱི་དཀའ་སྡུག་མ་གཟོད་པར་གནད་དོན་ལ་གཡོལ་ཆེད་ཙམ་ཡིན་པ་ལས་ལོ་ངོ་སྟོང་ཕྲག་གི་བོད་མིའི་རྒྱལ་རབས་རིམ་བྱུང་གི་རྒྱལ་ཁབ་ཆེན་པོ་འདི་ཡོངས་སུ་རྫོགས་ཚར་བ་མ་ཡིན་ནམ། བོད་མི་ཚོའི་སེམས་ཁུངས་སུ་ད་བར་འདས་པའི་ལོ་རྒྱུས་ཀྱི་བརྒྱུན་སྐྱོང་བ་དང་ད་ལྟའི་དཀའ་སྡུག་གི་གདོང་ལེན་པ་མ་འོངས་བདེ་སྐྱིད་ཀྱི་འཚོལ་སྙེགས་མཁན་ནི་ད་ལྡའི་བཙན་བྱོལ་བོད་མིའི་གཞུང་འདི་ཡིན་བསམ་བཞིན་བཅལ་ཁྲལ་འབུལ་དང་བདེ་སྡུག་ཞུ་བ་སོགས་སེམས་ཀྱི་ཁ་ཕྱོགས་གཅིག་ཏུ་བསྡུ་བའི་ནུས་པ་ནི་གཞུང་ཞེས་པའི་ཡིག་འབྲུ་འདི་ལས་བྱུང་བ་ཡིན་ནའང་། གློ་བུར་ཏུ་སེམས་ཀྱི་འཇི༹ན་ཐག་ཆད་པའི་གནས་སྟངས་འདི་ལྟ་བུ་བྱུང་དུས་མ་འོངས་བདེ་སྐྱིད་ཀྱི་རྒྱབ་བརྟེན་རྟག་བརྟན་བྲག་རི་བཞིན་སྒོམ་མཁན་གྱི་མི་དག་ལ་མཚོན་ན་སྐུ་ཐག་ཆད་པའི་ཤོག་བྱ་བཞིན་ཁ་ཕྱོགས་བརླགས་སྟེ་གཅིག་སྡུས་ཀྱི་ནུས་པའི་སྟོབས་ཤུགས་མེད་པར་ཆགས་ཀྱི་ཡོད། དེའི་རྐྱེན་གྱིས་ཟླ་ངོ་ཁ་ཤས་ཤིག་གི་རིང་ལའང་བོད་མི་མི་ཉུང་བ་ཞིག་གིས་སེམས་ཀྱི་འཇི༹ན་ཐག་གསར་བ་ཞིག་འཚོལ་བཞིན་ཡོད་པ་ནི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་འདི་ཆགས་ཀྱི་ཡོད་པ་སོགས་ཀྱིས་མཚོན་བོད་ཕྱི་ནང་གཉིས་སུ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པས། མི་མང་གི་སེམས་ཁམས་དང་འབྲེལ་བའི་སྲིད་བྱུས་ལ་འགྱུར་བ་གཏོང་དུས་ངེས་པར་གཟབ་གཟབ་བྱས་སྟེ་ཕྱི་ནང་གསང་གསུམ་མཐོང་བའི་སྒོ་ནས་ཐག་གཅོད་གནང་རྒྱུ་ཧ་ཅང་གལ་ཆེན་རེད་དྲེན་གྱི་འདུག ད་བར་བོད་ཀྱི་དབུ་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ད་དུང་བོད་མིའི་སྐྱིད་སྡུག་དང་ཚོགས་སྡེ་ཁག་ལས་གང་རུང་ཞིག་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྟོབས་ཤུགས་ནུས་པ་གཅིག་ཏུ་བསྡུས་པའི་རེ་བའི་སྐྱབས་ཡུལ་ཞིག་མི་ཆགས་དོན།འདི་དག་ལ་བོད་མིའི་མངོན་འདོད་ཡོངས་སུ་སྒྲུབ་ཐུབ་པའི་གཞུང་ཞེས་པའི་མིང་དོན་མཚུངས་པའི་ནུས་པ་དེ་མེད་པས་རེད། གང་ལྟར་མི་རིགས་དང་རྒྱལ་ཁབ་ཞིག་གི་ལས་དོན་སྒྲུབ་དུས་དེའི་མི་མང་གི་སེམས་ཀྱི་རེ་བའི་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་ནུས་པ་དེ་ངོ་འཇི༹ན་དང་མཐོང་ཆེན་བྱེད་རྒྱུ་ནི་ལས་དོན་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། དེ་དང་ཆབས་གཅིག་ཤེས་ལྡན་མི་སྣ་དང་ཆབ་སྲིད་པའི་རྣམ་དཔྱོད་གཉིས་དོ་མཉམ་པའི་སྒོ་ནས་འགྲོ་ཐུབ་ཚེ་ད་ལྟའི་ང་ཚོའི་དཀའ་རྙོག་འདི་དག་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད་ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་ང་ཚོས་ཤེས་ལྡན་པ་དང་ཆབ་སྲིད་པ་ལས་མི་མང་ལ་བསམ་བློ་བཏང་མི་འདུག
དང་པོ་བོད་གཞུང་ གཉིས་པ་བོད་མིའི་སྒྲིག་འཛུགས་ གསུམ་པ་བོད་མིའི་གཞུང་གི་སྒྲིག་འཛུགས། བཞི་པ་ཀྲུང་གོའི་བོད་མིའི་སྒྲིག་འཛུགས་ཞེས་བཟོས་ན་ག་འདྲ་འདུག། གང་ཡིན་ཟེར་ན། བོད་གཞུང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དབུ་མིའི་ལམ་གྱི་དགོངས་གཞི་ཡང་དེ་ཡིན།
མིང་ལས་དོན་གཙོ་བོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་རྒྱ་གར་གྱི་ཁྲིམས་དང་བསྟུན་དགོས་རྒྱུ་གལ་ཆེ་བར་མཐོང་།
གནས་ཚུལ་ལེགས་པོ་འདུག རྒྱབ་སྐྱོར་ཡོད།
ད་ཧ་གོ་སོང་། ཟམ་གདོང་བླ་མས་བོད་ཀྱི་ལས་འགུལ་བཀག བོད་ཀྱི་གནད་དོན་ཁས་ལེན་བྱེད་ཀྱི་མེད་བཞིན་དུ་སྐུ་ཚབ་རིམ་གཏོང་བྱས། ད་དུང་བོད་གཞུང་གཏོར། ད་ག་རེ་རེག་འདུག རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གསལ་བོ་དག་པོ་དཔྱད་བརྗོད་སྤེལ་འདུག་ག ད་ལྟ་གཞི་ནས་མི་མང་ལ་ཁ་གཡར་ནས་ཡིན་མདོག་སྟོན་བཞིན་པ་མ་ཡིན་ནམ། བོད་མི་རྣམས་སྙིང་རྗེ། ཤི་བོ་རྣམས་སྙིང་རྗེ།
ངས་ལོ་གཅིག་གི་སྔོན་ནས་སྤེན་པ་ཚེ་རིང་དང་ཟམ་གདོང་བླ་མ་གཉིས་ཀ་རྩེ་འགྲན་རུ་ཁག་མི་འདྲ་བ་རེའི་《སྐྱབ་འདྲན་》འགན་ཁུར་བ་ཞིག་ལ་ངོས་འཛིན་དང་འབྲེལ་རྩེ་མོ་གང་ཞིག་རྩེ་བཞིན་ཡོད་པ་ཆ་མ་གཏོགས། རེད་དེ་འདས་པའི་ལོ་དེ་དག་ལ་ཕྱིར་མིག་ཞིག་བལྟས་ན་ཚང་མས་ཕལ་ཆེར་ཤེས་ཐུབ་པ་ཞིག་རེད། རྩེ་འགྲན་ཀ་བའི་《སྐྱབ་འདྲེན》དེ་བརྗེ་པོ་རྒྱབས་ཟིན་ཀྱང་ལས་དུས་ད་དུང་སླེབ་མེད་པས་ད་དུང་ག་ཚོད་ཞིག་རྩེ་རྒྱུ་ཡིན་པ་སུ་གང་གི་མི་ཤེས་པ་མ་ཟད། མཐའ་མ་སུ་ཐོབ་ཀྱང་གྱོང་རེག་མཁན་ནི་བོད་མི་མང་རང་ཡིན་པ་གསལ་པོ་ཤེས་ཐུབ་པ་ཞིག་ཡིན།
བསྐུར་འོས་ཚོགས་གཙོ་མཆོག་གི་བོད་མི་མང་གི་མངོན་འདོད་ལ་ཐུགས་ཁུར་རྒྱ་ཆེན་པོ་བཞེས་པ་ལ་ཡི་རང་དང་མཛད་འཆར་རྣམས་གེགས་མེད་ལམ་སློང་ཡོང་པའི་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
ཡིན་ན་ཡང་རྒྱ་མི་དམར་པོ་འདི་མགོ་འཕང་ཇེ་མཐོ་དང་དཔལ་འབྱོར་ཇེ་རྒྱས་ཧམ་བཤད་ཇེ་ཆེ། བཙན་བྱོལ་བོད་མི་ཚོས་འགྱུར་ལྡོག་ཇེ་མང། རྒྱ་མིའི་མངོན་འདོད་སྒྲུབ་རྒྱུ་ཇེ་མང་ཏུ་སོང་དགོས་པའི་བསྒྲིག་བཟོ་འདི་འཇིག་རྟེན་བཀོད་པ་པོ་ཞིག་གི་བྱས་པ་མ་རེད། འདི་ནི་ཧམ་པ་རི་ཙམ་བྱས་ན་བདེན་པ་གཡག་ཙམ་ཐོབ་ཞེས་པ་དེ་ཆེ་ཆུང་ལ་བརྟེན་ནས་བྱུང་བ་ཞིག་ཏུ་ཡིན་པར་འདོད། འདིར་བཙན་བྱོལ་དུ་གནས་སྡོད་པ་འདི་ནི། སྒྱེ་མི་ལོ་ལྟག་པའི་གཉའ་ཤིང་ལྗིད་པོ་ཞིག་དང་། སྒུར་མི་ལོ་ཐག་ནག་གི་ཞགས་པ་ནག་པོས་བཅིང་བ་ཞིག་ལ་ཚུད་ཡོད་དུས། ག་ཚོད་ཙམ་གྱི་འགྲོ་ཞི་མི་ལས་འཇམ་པ་དང་། འདུག་རི་བོང་ལས་གཙུག་པ་ཞིག་བྱས་ན་ཡང་། ཚོད་མེད་པའི་རྒྱ་མི་དམར་པོ་འདིས་བྱེད་སྟང་དང་བཤད་སྟང་འདི་ཚོ་ལ་ཞིབ་ཚག་པོས་ལྟ་ཉན་བྱེད་དུས་ཕ་བསད་པས་མི་ཚད་བུ་གི་ལྤགས་པ་བཤུ་སྟང་སྡུག་པོ་འདི་ནི།
བོད་གངས་ཅན་མི་ཡི་ཤ་ཁྲག་རུས་གསུམ་ལས་གྲུབ་པ་ཞིག་ཡིན་ནས་བཟུང་དུས་ནམ་ཡང་བརྗེད་མི་ཐུབ་པ་དང་དུས་ནམ་ཡང་དངོས་རྒྱུད་ཤུགས་གསུམ་ནས་ལེ་ལེན་རྔ་དང་རྔ་ལྕགས་སྐྱེ་ལེན་བྲག་དང་ཤུག་པ་ཞིིག་སྤྲད་མ་ཐུབ་ན་རང་གར་ག་འདྲ་བྱས་ནས་བཞག་མི་ཐུབ་པའི་ཚོར་སྣང་ཆེན་པོ་ཞིག་ལྡོག་ཏུ་མེད་པར་ཡོད་པར་བརྟེན།
ང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱི་མངོན་འདོད་དང་དགོས་པ་ནི་རང་གི་རྒྱལ་ས་རང་མིའི་ལེན་ན་དགའ་བ་དང་སྤྲོ་བ་ཞིག་ལས་དེ་ལ་མི་དགའ་བ་དང་མི་འདོད་པ་ཞིག་འཇིག་རྟེན་སྲིད་པ་གསུམ་གྱི་གནས་འདི་ན་སུ་ཡང་མེད། ཡིན་ན་ཡང་གླེན་པ་བྱེད་སྟང་མ་ཤེས་པ་དག་དགྲ་བོའི་སྒྱོག་གི་མདུན་སར་འཆོང་རྒྱག་བྱེད་ན་རང་ལུས་ཚལ་པར་བཏང་འགྲོ་བ་ཞིག་ལས་དེ་ལ་རྒྱལ་ཁ་གང་ཡང་མེད་པ་བཞིན། བཙན་བྱོལ་བོད་མིའི་བསྒྲིག་འཛུག་གི་དབུ་ཁྲིད་པའི་གཞིས་བྱེས་ཡོངས་ཀྱི་གྲོས་འདེབས་དང་འདེམས་ཐོན་ལས་བྱུང་བའི་བཀའ་བློ་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་མཐུས་ལྷན་ཚོགས། བོད་ཀྱི་ཆེས་མཐོའི་ཁྲིམས་ཁང་གསུམ་ནི། གཞིས་བྱས་བོད་མི་ཡོངས་ཀྱི་རྟེན་གཞི་འདི་ཡིན་པས། སྨན་པ་ནད་པའི་གནད་ལ་མཁས་པ་དང་། ཤིང་མཁན་ཤིང་གི་གནད་ལ་མཁས་པ་ཡིན་ཙང་ཁོང་རྣམ་པས་ཕྱག་ལས་བཀའ་བསྡུར་གང་གནང་བ་དེ་རྒྱ་ཆེའི་བོད་མི་མང་ལ་ཕན་ཐབས་དང་། རྒྱ་ཆེའི་བོད་མི་མང་གི་མངོན་འདོད་སྒྲུབ་པ་རྐྱང་གཅིག་ལས་རྒྱ་མི་དམར་པོའི་དབང་འཛིན་གཅིག་བསྡུས་པ་ལྟ་བུ་རྩ་བ་ཉིད་ནས་མིན་ཙང་དེ་བོད་མི་རིགས་འདི་ཉིད་ཀྱི་ལོངས་ཕྱོགས་དང་སྒྲུབ་ཕྱོགས་སོགས་ལ་ནོར་འཕྲུལ་གཏན་ནས་ཡོང་མི་སྲིད།
ཡིན་ན་ཡང་རང་རང་གི་མངོན་འདོད་གང་ཡོད་པ་དེ་གླེང་སྟེགས་འདི་ཉིད་ཀྱི་སྟེང་དུ་བཤད་པ་དེ་དགོས་ངེས་པ་ཞིག་དང་བཤད་དགོས་པ་ཞིག་ཡིན་པས་དེ་ལ་བཀག་འགོགས་སུས་ཀྱང་བྱེད་མི་རུང་། དེ་ལ་དབུ་ཁྲིད་རྣམ་པས་ཁོང་ཁྲོ་དང་ཞེ་ཁྲེལ་ཡང་ཡོང་མི་སྲིད། མི་སུམ་བཅུ་ལ་སྣང་བ་སུམ་ཅུ་དང་། གཡག་དྲུག་ཅུ་ལ་རྭ་ཅོ་དྲུག་ཅུ་ཡོད་པ་མཁྱེན་མཁྱེན་པ་ཡིན་ཙང་བཤད་པ་འདི་ཚོ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་འབྲས་རྟགས་ཡང་དག་ཞིག་ཡིན་པས། ངེས་པར་དུ་བཤད་དགོས་པ་དང་བཤད་འོས་པ་ཞིག་ཡིན། ཕྱི་ནང་སུ་གི་ལྟས་ན་དེ་ལ་འཚེར་སྣང་དང་ཞེད་སྣང་སོགས་ཀྱི་དགོང་པ་གཏན་ནས་བཞེས་མི་དགོས་པར་སེམས། ནམ་རྒྱུན་ཕྱི་གསལ་ནང་གསལ་ཞེས་འདི་འདྲའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སྤྱོད་ཆོག་པ་ཞིག་ཡོད་དུས་ང་ཚོའི་བདེན་པ་འདི་དངོས་ར་འཕྲོད་པ་ཡིན། དཔེར་ན་རྒྱ་མི་དམར་པོ་ལྟ་བུ་ལ་མཚོན་ན། སྲིད་དང་ཁེ་དབང་ཡོད་ཚད་གཞུང་གི་སྟང་འཛིན་གྱི་འོག་ཏུ་བཅུམ་ནས། སྒེར་གྱི་སྟེང་དུ་སྲིད་ཀྱི་དབང་བེད་གཏན་ནས་སྤྱོད་མི་ཆོག་པའི་ཕྱི་ཤུབ་མཛེས་པོ་འདི་ཉིད་ཡོད་ནས་བཟུང་། རང་དབང་གི་ལམ་ཁ་གཏན་ནས་མེད་པ་ཡིན་པ་འདི་བྱུང་བ་རེད། དེར་བརྟེན་གུས་པས་ཀྱང་འདིར་བཤད་འདོད་པ་ཞིག་ལ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དུས་སུ་གུས་པའི་རེ་བ་ལ་ངེས་པར་དུ་རྒྱལ་རྟགས་ཀྱི་ནང་དུ་(གཞུང་)ཞེས་པའི་ཐ་སྙད་ཞིག་ཡོད་ན་དེ་ནི་ཤིན་ཏུ་དགེ་མཚན་ཆེ་བ་མ་ཚད་སྒྲུབ་ཕྱོགས་ལ་ཡང་དགོས་པ་ཆེན་པོ་ཡོད་པར་སྣང་། རྒྱལ་རྟགས་ཀྱི་ནང་དུ་(བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག) ཞེས་པའི་པར་དེ་ཐོག་མར་མཐོང་དུས་སུ་སེམས་ནང་དུ་མི་དགའ་བ་དང་ཉམས་དམའ་བའི་ཚོར་བ་ཤུགས་ཆེན་པོ་བྱུང་སོང་། ངོས་ལ་སེམས་ཚོར་ཡོད་པ་བཞིན་བོད་མི་བྱིང་ལ་ཡང་གཅིག་མཚུངས་ཡིན་པ་བཤད་མ་དགོས་པར་སེམས། ཡིན་ན་ཡང་ཁྱེད་རྣམ་པའི་དགོང་འཆར་དང་དགོས་པ་ལ་བརྟེན་ནས་ཕྱག་ལས་རྣམས་ནོར་འཕྲུལ་དང་རྒྱུ་མཚན་མེད་པ་རེད་ཞེས་ངས་ལག་ཐལ་མོ་སྦྱོར་ནས་ཞུ་གི་མེད། ངོས་རང་གི་སེམས་ཚོར་ཞུས་པ་ཡིན། ངོས་ཀྱི་བསམ་འཆར་ནི་རྒྱལ་ཐིག་ནང་དུ། (བོད་གཞུང་མང་རྣམ་རྒྱལ་ཕོ་བྲང་།) (བོད་གཞུང་ཕྱོགས་ལས་རྣམ་རྒྱལ།) (བོད་བདེན་པའི་གཞུང་ཕྱོགས་ལས་རྣམ་རྒྱལ།)(བོད་གཞུང་རྩེ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། ) བོད་མིའི་སྒྲིག་འཛུག་གཞུང་ཕྱོགས་ལས་རྣམ་རྒྱལ། ) སོགས་(གཞུང་)ཞེས་པ་འདི་ཡོད་ན་བོད་ཡོད་པར་མཚོན་པ་དང་། བོད་ཀྱི་རྒྱལ་ཁབ་ཡིན་པར་མཚོན་པ་དང་། བོད་མིའི་ཕོ་བྲང་ཡིན་པར་མཚོན་པ་དང་། བོད་མིའི་མངོན་འདོད་སྒྲུབས་ཏུ་ཡོད་པར་མཚོན་པ་སོགས་ཀྱི་དགོས་པ་ཆེན་པོ་ཡོད། དེ་མིན་སྨོན་ལམ་འདིས་དགག་ཕྱོགས་ཀྱི་མཚོན་དོན་ཀྱང་མང་པོ་ཡོད་པར་སྣང་།
རེད་རེད་དོན་བཀྲ་ལགས་ཁྱེད་ཀྱིས་གསུམ་པར་དེ་ལྡན་པ་རེད།
འོནཀྱང་་གནས་དོན་འདིའི་ཐད་ལ་གྲོས་བསྡུར་དང་ཐབས་བཅོད་བྱེདམཁན་ཚོགས་གཙོ་ཁོང་གཅིག་པོ་ཡིན་ཀྱི་མ་རེད།
འཇམ་ཚུལ་ལགས།
རྒྱ་གར་གྱི་ཡུལ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཟེར་བ་ཞིག་འཛམ་གླིང་ཐོག་ཏུ་ཡོད་མི་ཆོག་ཞེས་བྲིས་ཡོད་པ་རེད་དམ། ཡིན་གཅིག་མིན་གཉིས་་་་བོད་རྒྱལ་ཁབ་ཟེར་བ་ཞིག་མེད་་་་སྒྲིག་འཛུགས་ཆུང་ཆུང་ཞིག་ཡིན་ལབ་དགོས་པ་རེད་དམ། སྒྲིག་འཛུགས་དེ་ཡང་ཏང་མི་ཁྲི་ཚོ་བརྒྱད་ཀྱི་བཀའ་བཀོད་རྒྱུད་འཛིན་འོག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁུངས་ཡིན་ལབ་དགོས་པ་རེད་དམ།
རྒྱ་གར་གཞུང་གི་དགྲ་བོ་ངོ་མ་གོང་ཁྲན་ཏང་ཆགས་ཀྱི་ཡོད་པར་ལས་བོད་རྒྱལ་ཁབ་ཆགས་ཀྱི་མེད་པ་ཡང་ཤེས་ཀྱི་མེད་པས། ཨ་རི་རྩ་ནས་དམག་གི་གནམ་གྲུ་༡༨༠་ཉོས་ནས་གྲལ་སྒྲིག་བྱས་བསྡད་ཡོད་པ་དེ་བཙན་བྱོལ་བོད་གཞུང་གཏོར་རྐྱེན་རེད་བསམ་བྱུང་བས།
དོན་ངོ་མ་་་་ང་ཚོ་རྒྱ་མི་ཡིན་་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་དང་ལེན་བྱེད་ཀྱི་ཟེར་བསྡད་ན་རྒྱ་གར་གཞུང་གིས་ལས་སླ་པོ་བཞག་གི་མ་རེད་དོ། གནས་ཚུལ་འདིར་ཤེས་པ་བྱོས།
ང་རང་ཚོས་ངོས་ནས་ང་ཚོ་རྒྱ་ཁུངས་ཡིན་དང་རྒྱ་ཁུངས་ཡིན་ལབ་བསྡད་ན་ཕྱིའི་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོབ་བ་ཚོ་ལ་དཀའ་ངལ་འཕྲད་ཀྱི་ཡོད། གོང་ཁྲན་ཏང་གིས་ངོ་ནས་ཕྱི་རྒྱལ་བ་ཁྱོད་ཚོ་ལ་རྒྱ་ནག་གི་ནང་སྲིད་ལ་ལག་པ་འཆམ་རྒྱུའི་མཐོང་ཐང་མེད་ཞེས་སྡུག་ར་བསྐུལ་གྱི་ཡོད་པ་ཡང་མཐོང་མ་སོང་ངམ།
བོད་དོན་རྒྱབ་སྐྱོས་བ་རྣམས་ཀྱིས་བོད་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ཀྱི་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་སུ་རྒྱབ་སྐྱོབ་བྱས་བསྡད་པ་མ་རེད། ༢༠༠༨་ལོར་ཡུང་རོ་གྲོས་འཚོགས་ཀྱི་འཐུས་མི་ཚོས་༧གོང་ས་མཆོག་ལ་ཁྱེད་རང་གི་བོད་རང་བཙན་རྩོད་དང་ང་ཚོས་རྒྱབ་སྐྱོབ་ཡོད་ཞེས་དངོས་སུ་ཞུས་བསྡད་པར་མཐོང་མྱངས་མེད་པས།
ཁྱེད་ཀྱི་ཆེད་དུ་དེ་ཙམ་ཡིན། རང་གིས་རང་མེད་པ་བཟོ་རྒྱུའི་ཕྱོགས་སུ་གོམ་ཁ་མ་སྐྱོད་རོགས་ཞེས་ཞུ་རྒྱུ་ཡིན།
ཉི་ཟླ་སྐར་ལགས་ཀྱི་གསུངས་པར་བདེན་པ་རེད། རྗེས་སུ་ཡིད་རུང་ཡོད། ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་རྒྱུ་ཡིན།
དྲ་གྲོགས་་་་གནས་ཚང་ཟེར་བའི་མི་འདི་ནི་དུས་བབ་ཐོག་གི་མཆན་འདེབས་པ་ཡག་ཕྱོགས་ཤིག་དང་རྒྱུས་མངའ་ཆེ་ཤོས་ཤིག་རེད་འདུག་དྲན་བཞིན་ཡོད། ཁྱེད་ཀྱི་མཆན་བུ་རྣམས་ག་དུས་ཡིན་ནའང་བཀླགས་ཀྱི་ཡོད། མི་ཁྱེད་ཀྱི་བཤད་པའི་སྐད་ཆ་རྣམས་སུ་དང་བ་ཆེ་རེ་ནས་ཆེ་རེ་འགྲོ་བཞིན་ཡོད།
ང་ཅོ་རིའི་སེམས་ཀྱི་གནས་ཚང་ཞིག་ཏུ་འགྱུར་བཞིན་ཡོད། དགོངས་ཚུལ་མང་ཙམ་གསུང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། དགའ་པོ་ཡོད་།
བོད་མི་རིགས་ཀྱི་ལས་དབང་ལ་ཐུག་པའི་ཆབ་སྲིད་ཀྱི་གནད་དོན་གལ་འགངས་ཅན་གྱི་རིགས་དེ་ཚོར་སྐུ་རྩེད་རྩེད་རྒྱུ་མང་དྲགས་ན་མཐར་ཕམ་ཉེས་སུ་འགྲོ་རྒྱུ་ལས་མེད།
དེ་སྔ་ཡིན་ནའང་མི་རབས་་རྒན་པའི་སྐུ་ངོ་ཚོས་བོད་ཀྱི་ཆབ་སྲིད་དབང་བསྒྱུར་ཐད་ལ་སྐུ་རྩེད་རྩེད་རྒྱུ་མང་དྲགས་ནས་ས་སྦར་ར་གང་དང་ཁང་པ་ཀ་གཅིག་ཀྱང་མེད་པའི་སྤྲང་འཁྱམས་ཀྱི་བྱེད་སྟངས་འདི་འདྲའི་ཕམ་ཉེས་ཤིག་འཁུར་དགོས་བྱུང་བ་རེད།
ད་དུང་བོད་མི་རིགས་དང་བོད་ཀྱི་ཆབ་སྲིད་ལ་གང་བྱུང་སྣང་བ་གང་དྲན་བྱས་ཏེ་གོས་ཐུང་ནང་རླིག་པས་གང་བྱས་ཡིན་བསམས་པའི་བསམ་གཏམ་དྲན་སྐྱེས་བྱེད་རྒྱུ་མང་དྲགས་ན་ཡང་བསྐྱར་ཕམ་ཉེས་ཀྱི་ལས་སུ་འགྲོ་དོགས་འདུག
བློ་བཟང་རྒྱལ་མཚན་ལགས། གལ་སྲིད་ཁྱེད་ཡིན་ན། གནས་ཚུལ་འདིའི་སྐོར་སུ་ལ་འདྲི་ས་རེད། ཡང་ན་གཡུགས་འཇོག་རྒྱུ་ཡིན།
་་་དངོས་གནས་དྲ་གྲོགས་ཚེ་རིང་ལགས་ཀྱིས་གསུམ་པ་དེ་ལྡན་པ་ལྡན་ཀྱང་རེད་དོན་བཀྲ་ལགས་ཀྱིས་ཚོགསགཙོ་ཁོང་ལ་བཅར་འདྲི་ཞུས་ཞུ་ག་ཉིད་ཀྱིས་་ང་ནས་དབེ་དེས་ཉོག་སོང་
ཚོགས་གཙོ་ཁོང་ལ་སྐད་གསར་པ་གང་བཤད་རྒྱུ་མི་འདུག་
ད་གཞུང་གི་ལས་བྱེད་ཀྱི་གླད་པ་ནང་འབུ་འཛིན་ཚར་ས་འགུ ཕར་བསྒྱུར་ཚུར་བསྒྱུར་བྱེད་ནས་ཆི་བཟོ་ལ་རེད། ཡིད་རྩ་བ་ཉིད་ནས་མི་མཆིས།།
ད་གང་ཤེས་མགོ་ཡོམ་འཁོརཡོང་གི་འདུག
བརྩེ་བའི་དྲ་གྲོགས་རྣམས་པ་ལག་།
ད་དངོས་གནས་ག་རེ་ཟེར་གི་ཡོད་རེད་ཟམ་གདོང་དང་པེན་པ་གཉིས་ནས་ཡང་གཅར་ག་རེ་་་་་་་་
བོད་རྒྱལ་ཁབ་འདི་ཁོང་སྐྱ་སེར་གཉིས་གི་ཀུ་རེ་སྩེད་བྱེད་འདྲ་ཡིན་ནི་ཨེ་རེད་་་་
དེ་མིན་འདི་འདྲ་བྱས་ན་ད་ང་ཚོ་གདན་ས་གསུམ་གཙོས་པའི་བོད་མི་མང་ལང་ཐག་ཆོད་ཡིན་ད་་
དུག་ཚེར་དམར་པོའི་གསུང་ཡ་དངོས་གནས་རེད་ཤག་་
དཔལ་ལྡན་ཚོགས་གཙོ་མཆོག་གིས་”བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། དེའི་རྗེས་སུ་གྲོས་ཚོགས་འཕར་མའི་སྟེང་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་གཏན་འབེབས་བྱས་པ་རེད།” ཅེས་པའི་གསུངས་སྟངས་འདིར་བལྟས་ན་༼བོད་མིའི་སྒྲིག་འཛུགས་༽ཞེས་པའི་མཚན་བྱང་འདིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱིས་ཀྱང་གཏན་འབེབས་དང་རྒྱབ་སྐྱོར་ཡོད་འདོག་ཁ་བོ་ཞིག་གསུང་གི་འདུག འོན་ཀྱང་མཚན་བྱང་འདི་དང་བོད་གཞུང་མང་རྒྱལ་ཡོང་ཚོགས་ཆེན་གཉིས་འབྲེལ་བ་གང་ཡང་མེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྟེང་བཙན་བྱོལ་བོད་གཞུང་རང་འཇག་འཇོག་དགོས་པ་མང་མོས་བྱུང་ཡོད་སྐོར་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་གསར་འགོད་པའི་དྲི་བ་དང་ལེན་གནང་སྐབས་གསུངས་འདུག་གོ།
ད་དུང་ཁོང་གིས་”ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་ག་རེ་ཡིན་པ་མགོ་མ་འཚོས་པ་དེ་འདྲ་མིན་”ཞེས་དང་ཡང་”གཅིག་བྱས་ན་སྐབས་དེར་ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་མ་གཏོགས་པ་དེ་འདྲ་ཡང་བྱུང་ཡོད་སྲིད་པ་རེད།”ཅེས་གང་བྱུང་མང་བྱུང་གསུང་གི་འདུག
མདོ་དོན་བོད་མི་མང་ཕལ་ཆེར་གྱི་མངོན་འདོད་ནི་རང་ལ་རྒྱལ་ཁབ་ཡོད་དགོས་པ་དེ་ཡིན། དེས་ན་༼བོད་གཞུང་༽ཞེས་པའི་ཚིག་འདི་བརླག་འགྲོ་དུས་དངངས་སྐྲག་སྐྱེ་ཡི་ཡོད་པ་རེད། ༼བཙན་བྱོལ་བོད་གཞུང་ Tibetan Government in Exile༽པའི་མཚན་བྱང་འདི་རྒྱལ་ཁབ་ཅིག་གི་ནང་ལ་གཞུང་གཉིས་ཡོང་མི་ཆོག་པའི་རྩ་དོན་དང་འགལ་བའི་ཐོག་ནས་བཀག་ཡོང་གི་ཡོད་མ་རེད། འདི་རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་པ་དེའི་ཕྱོགས་ནས་གནོན་ཤུགས་སླེབས་ཡོང་གི་ཡོད་པ་རེད། རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་བྱ་ཕྱིར་བཙན་བྱོལ་དུ་འབྱོར་བ་ཡིན་ན་དེ་ལ་བཙན་བྱོལ་གཞུང་ངེས་པར་དུ་དགོས་པ་རེད། དེས་བཙན་བྱོལ་གང་དུ་གནས་སའི་རྒྱལ་ཁབ་ཀྱི་རང་དབང་དང་གཅིག་གྱུར་ལ་དོ་ཕོག་འགྲོ་རྒྱུ་འབྲེལ་མེད་དོན་གཞན་ཞིག་ཡིན།
ཞེན་པ་དཀར་བའི་རིག་འདོན་པ་དག ཁྱེད་ཅག་གིས་དོན་དངོས་རང་མི་རིགས་འདིའི་ལས་དོན་དང་། ཁེ་ཕན་ལ་བསམ་ན་རང་གི་འདོད་ཕྱོགས་ཙམ་དང་དགའ་ཕྱོགས་ཙམ་གྱིས་ལབ་གླེང་མི་བྱེད་པར་འགན་ཞིག་ཁུར་དགོས་རེད། ལྷག་དོན་དུ་རྒྱ་ཆེས་མི་མང་གིས་འདམས་པའི་ལས་བྱེད་པ་རྣམས་དང་། གནད་ཡོད་མི་སྣ་དག་ལ་ཁ་ཚིག་ངན་པ་ཞུ་ཕྱོགས་ལ་གཟབ་གལ་ཆེ། གང་ཡིན་ཞེ་ན། ཁྱེད་ཀྱིས་བྲིས་པའི་མཆན་དེ། མི་ཁྲི་སྟོང་མང་བོ་ཞིག་གི་མིག་མདུན་དུ་ཤར་བཞིན་པས་ན་དེ་དག་ལ་གོ་རྟོགས་ཡར་བསྐྱེད་དང་། མིག་དཔེ་ཡར་སྟོན་ཕྱོགས་ལ་འགན་ཁུར་དགོས།
༼མ་ཟད་གསར་འགྱུར་འདི་ནི་བོད་མི་རིགས་ཀྱི་མ་འོངས་ལས་དོན་དང་འབྲེལ་བའི་གཞི་རྩའི་གནད་འགག་ཅིག་ཏུ་མཐོང་བའི་ཐོག་ནས་སྔར་༧གོང་ས་མཆོག་གིས་གཙོ་བཀའ་ཁྲི་དང་འཐུས་མི་རྣམས་ནས་གསལ་བཤད་རིམ་པ་གནང་བའི་གནད་དོན་དག་དྲན་པར་བྱས་ཏེ་ཅི་དགའི་བགྲོ་གླེང་བྱེད་རྒྱུ་ད་ལྟའི་ང་ཚོའི་གནད་འགག་ཅིག་རེད།༽
སྤྱིར་གསར་འགྱུར་འདི་ཡོང་དགོས་པ་ཡང་མི་མིང་གི་ཤུགས་རྐྱེན་ཁོ་ན་རེད་མ་གཏོགས་གནད་ཡོད་མི་སྣ་དག་གི་འདོད་ཚུལ་ཙམ་མ་ཡིན་པ་ཡང་ཤེས་དགོ་བ་ཞིག་རེད།
དེས་ན་རིག་འདོན་པ་དག་གི་བསམ་ཚུལ་གྱིས་དམངས་ལ་ཡང་ཤུགས་རྐ྄ེན་གང་ཙམ་ཐེབས་བཞིན་པས་ན་གོང་དུ་ཞུས་པ་ལྟར། སྒེར་གྱིས་འདོད་ཕྱོགས་དང་དགའ་ཕྱོགས་ཙམ་མ་ཡིན་པར་ཀུན་ཁྱབ་ཀྱི་བསམ་བློ་ཞིག་གིས་ཕུགས་རྒྱང་རིང་པོའི་འཐབ་རྩོད་ལས་དོན་ཕྱོགས་ལ་གཞོལ་རྒྱུ་གལ་ཆེའོ།།
བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་ཡུལ་མིའི་ཁྲིམས་མཐུན་ཞིག་ཡིན་ན། བོད་གཞུང་སྒྲིག་འཛུགས་ཀྱང་ཡུལ་འདིའི་ཁྲིམས་སུ་མི་འགྱུར་རམ།
དེ་སྔོན་གྲོས་ཚོགས་འཕར་མའི་སྟེང་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་མཚན་བསྒྱུར་གནང་ཡོད་པ་དེ། མི་ཁ་ཤས་ཀྱིས་བཟོས་པ་རེད་མི་དམངས་ཀྱི་མངོན་འདོད་མིན་པ་ནི་ཡོངས་གྲགས་རེད། དེ་ལྟར་མཚན་བརྒྱུར་དགོས་པའི་རྒྱུ་མཚན་བཤད་སྐབས་རྒྱ་གར་གཞུང་གིས་གནོད་ཤུགས་དང་ཕྱི་རྒྱ་གྲོགས་པོ་རོགས་སྐྱོར་བ་ཚོར་དཀའ་ངལ་མི་འཕྲད་པའི་ཁྱེད་དུ་ཡིན་སྐོར་བརྗོད་ཀྱིས་ཡོད་ཀྱང། རྒྱ་གར་གཞུང་གིས་གནོད་ཤུགས་སྤྲད་མི་སྲིད་པ་ལྟ་བུ་རེད། གང་ཡིན་ཞེ་ན་རྒྱ་གར་དང་ཕྱི་རྒྱ་གང་གི་སྐད་ཡིག་ཐོག་ཏུ་གཞུང་ཞེས་པའི་ཚིག་ཅིག་ཟུར་ཙམ་ཡང་མེད་པས་བོད་སྐད་ཐོག་ཏུ་གཞུང་རེད་འདུག་ཅེས་རྒྱ་གར་གྱིས་གནོད་ཤུགས་སྤྲད་མི་ཤེས་པ་ལྟ་བུ་རེད། དེ་བཞིན་ཕྱི་རྒྱ་གྲོགས་པོ་ཚོ་ལའང་གཅིག་མཚུངས་རེད། ད་སྐབས་ཚོགས་གཙོ་མཆོག་གིས་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་འཆར་ཡོད་སྐོར་གསུངས་འདུག་ཀྱང་དེའང་མི་ཁ་ཤས་གཅིག་གིས་བསམ་ཚུལ་ཙམ་ལས་མི་མང་གི་མངོན་འདོད་མིན་པ་གསལ་པོ་རེད།
ཚེ་རིང་ལགས་སུ་ཞུ་རྒྱུར། སྤྱིར་གསར་འགོད་པ་ཞིག་ཡིན་ན། གནད་དོན་ཞིག་གང་དུ་ཡོད་ཀྱང་དེ་ལ་ཐེངས་བརྒྱར་བཅར་འདྲི་ཞུ་དགོས་ཀྱང་། གསལ་གསལ་ཐང་ཐང་གིས་བཙིར་འདེད་བྱ་རྒྱུ་ལས་འགན་ཡིན་ལ། ལྷག་པར་དུ་ང་ཚོ་སྐྱབས་བཅོལ་བོད་མི་ཞིག་ལ་མཚོན་ན་ཡང་། ལོ་འདིའི་ནང་ལ་བྱུང་བའི་ཡ་མཚན་ཅན་གྱི་གནས་ཚུལ་འདི་དག་མཐར་གཏུག་ན་བོད་མི་མང་སྤྱི་འཐུས་ལ་ཐུག་ཡོད་སྟབས། སྒྱུ་མ་ཕུ་འདེད་བྱ་དགོས་པ་འདི་ཡང་བོད་པའི་གསར་འགོད་པའི་འོས་འགན་དུ་མཐོང་། བོད་པའི་བདེན་དོན་འཐབ་རྩོད་དེ་མར་ཐལ་བའི་རྡུལ་དུ་བརྫི་རྒྱུ་དང་། ཡར་རྒྱལ་ཁའི་རྩེ་མོར་བསྒྲེང་རྒྱུ་གང་ཞིག་ཡིན་རུང་ད་ལྟའི་ཆར་བཀའ་སྤྱི་གཉིས་ལས་ང་ཚོར་རེ་བའི་མིག་གི་ལྟ་ས་ཞིག་མེད། ཚོགས་གཙོས་ལན་དྲང་མོར་རྒྱག་མིན་ཇི་ལྟར་ཡང་། ངས་ཚོགས་གཙོར་བཏོན་པའི་དྲི་བ་ཡོད་ཚད་རྒྱ་ཆེའི་མི་མང་གི་དྲི་བ་ཡིན་ལ། ཚོགས་གཙོས་ང་ལ་གསལ་བཤད་ལན་འདེབས་བྱས་པ་དག་ཀྱང་རྒྱ་ཆེའི་མི་མང་་གི་དོགས་སེལ་རེད།
དོད་གྲུབ་བཀྲ་ཤིས་ལ། བཀུར་འོས་ཚོགས་གཙོ་སྤེན་པ་ཚེ་རིང་ལས་གཞན་བཅར་འདྲི་ཞུ་ས་ཞིག་མེད་པ་འདྲ། རྟག་པར་ཁོང་རེད་འདུག ཚོགས་གཙོར་བཅར་འདྲི་ཞུས་པ་སྐྱོན་རེད་བརྗོད་པ་མིན་མོད། ཡང་ཡང་འདི་ལྟར་དྲིས་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་བརྒྱུད་ལམ་འདྲ་བོ་འདུག
ཚོགས་གཙོས་གསུངས་པ་དེ་ཡང་། དང་ཐོག་ནས་ཞིབ་འཇུག་ནན་མོ་བྱས་ཏེ་གཏན་འབེབས་བྱེད་རྒྱུ་གལ་ཆེ་མོད། དེ་ལྟར་མ་བྱུང་བ་རེད། ༧གོང་ས་མཆོག་གི་བཀའ་ཡིན་སྐོར་མང་པོ་ཞིག་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་ཏེ་ཚ་ཚ་འུར་འུར་ངང་བཟོ་བཅོས་བརྒྱབ་པ་རེད། ད་ལྟ་ཡང་བསྒྱུར་བཅོས་གཏོང་དགོས་ཟེར་ན་འདི་གཞུང་ཞིག་གི་མིང་འདྲ་པོ་མི་འདུག ཁྱད་མཚར་ཞིག་རེད། སྔོན་མ་༧གོང་ས་མཆོག་ལ་ཁ་པར་ཞུས་ཡོད་ཚུལ་དང་༧གོང་ས་མཆོག་གི་བཀའ་ཡིན་སྐོར་མང་པོ་གསུངས་སོང་། ད་ལྟ་དེ་ལ་ཉན་མི་དགོས་པ་ཞིག་རེད་དམ།
སྤྱིར་མི་མང་གི་བསམ་ཚུལ་ལ་ཉན་ནས་ལས་དོན་སྒྲུབ་ཀྱི་ཡོད་མེད་མི་ཤེས་འོན་ཀྱང་ད་སྐབས་མི་མང་གི་བསམ་ཚུལ་ལྟར་ན་སྒྲིག་འཛུགས་ཞིག་གི་ངོ་བོའི་ཐོགས་བཞག་པ་ཡིན་ན་དེ་འདོད་པ་མེད་པའི་ནམ་པ་མང་པོ་ཞིག་ཡོང་གི་འདུག་དེ་འདྲ་ཡིན་དུས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་གཏན་འབེབས་སུ་གནང་ཐུབ་ན་དགེ་མཚན་གང་ཙམ་ཡོད་ངེས་རེད།
གཅིན་ཚེ་དགུ་དྲན་ཟེར་བ་དེ་ཁྱེད་ཚོ་རེད། ལོ་གཅིག་ནང་བཅའ་ཁྲིམས་བསྐྱར་བཅོས་ཐེངས་གཉིས་གསུམ་རེ་བྱས་ན་འགྲིག་གམ།
གལ་ཏེ་འགྲིག་ན་ཁྱེད་ཁྲིམས་བཟོ་ལྷན་ཁང་གིས་ཅི་བདེར་བྱོས། ང་བལྟས་ན་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་ཕོད་ས་ནས་བོད་གཞུང་ཟེར་མི་ཕོད་དོན་གང་ཡང་མེད་སྙམ། དེས་ན་ཡག་ཤོས་དེ་བཙན་བྱོལ་བོད་གཞུང་རང་འཇགས་བྱས་ན་བཟང་གི་འདོད།
འདི་ལྟར་བལྟས་ཡོང་ན་ཁྱེད་ཚོ་སྐྲག་ས་དེ་བཙན་བྱོལ་ཟེར་བའི་ཚིག་དེ་ཡིན་པ་ལས་གཞུང་ཞེས་པ་དེ་མ་རེད། དེ་མིན་ན་བོད་གཞུང་གཅིག་པོ་ཐོགས་ཤིག དེ་བོད་གཞི་བྱེས་གཉིས་ཀྱི་རེ་བ་ཡང་རེད།
དེ་ནས་རྒྱལ་རྟགས་ཀྱི་ཐད་ནས་བཤད་ན། དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཏག་ཡོད། འོན་ཀྱང་ད་སྐབས་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་བྱང་ཕྱིར་བསྡུ་བྱས་པ་རེད། དེར་བརྟེན་དེ་ལ་འགྱུར་བ་འཕྲན་བུ་ཞིག་གཏོང་དགོས་རེད། དེ་སྨོན་ཚིག་ཏུ་བསྒྱུར་ན་མཛེས་པོ་དང་རྒྱུ་མཚན་ཡོད་པ་ཞིག་ཏུ་མི་མཐོང་གི དེ་བས་ལས་སླ་ཤོས་དང་རྒྱུ་མཚན་ཡོད་པ་ནི། དགའ་ལྡན་ཕོ་བྲང་ཞེས་པ་དེ་བླངས་ནས་བོད་གཞུང་ཕྱོགས་ལས་རྣམ་རྒྱལ་ཞེས་ཐོགས་དང་འཁྲིགས་སེ་ཡོད་པ་རེད། འདི་དངོས་པོའི་གནས་ཚུལ་དང་མཐུན་པ་རེད། དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་པ་ཡང་གསལ་བོར་ཡོད། ད་དུང་བོད་གཞུང་རང་འཇགས་ཡོད་པ་ཡང་གསལ་བོར་ཡོད། འདིའི་སྐོར་ལ་དོ་སྣང་ཧ་ཅང་མི་བྱེད་མཁན་ཞིག་གིས་བལྟས་ན། འགྱུར་བ་བཏང་ཡོད་མེད་ཀྱང་གསལ་བོར་མི་ཤེས།
དེས་ན་ད་ཐེངས་བཅའ་ཁྲིམས་བསྐྱར་བཅོས་གཏོང་སྐབས། གཞུང་གི་མཚན་ལ་བོད་གཞུང་དང་། རྒྱལ་རྟགས་ལ་བོད་གཞུང་ཕྱོགས་ལས་རྣམ་རྒྱལ་ཞེས་འབྲི་རོགས་ཞུ།
གལ་ཏེ་ཁྱེད་ཚོས་བོད་གཞུང་གི་མཚན་ལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་གྱི་ཡིན་ན། མ་འོངས་པར་བོད་གཞུང་མང་ཚོགས་ཆེན་ཐེངས་གསུམ་པ་ཚོགས་སྐབས། ག་རེ་ཟེར་རྒྱུ་ཡིན་ནམ། བོད་མིའི་གཞུང་གི་སྒྲིག་འཛུགས་དང་མང་ཚོགས་ཚོགས་ཆེན་ཐེངས་གསུམ་པ་ཟེར་རྒྱུ་ཡིན་ནམ།
ད་དུང་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་སོགས་ཟེར་རྒྱུ་ཡིན་ནམ།
དོན་ལ་བོད་ཡིག་གི་འཕྲད་དང་རྣམ་དབྱེ་ལ་སྐྲག་གི་ཡོད་པ་འདྲ། རྒྱུ་མཚན་བོད་མིའི་གཞུང་ཟེར་བའི་བར་གྱི་༼མིའི་༽བླངས་བ་ཡིན་ན། བོད་གཞུང་ཟེར་བ་རེད། ཁྱེད་ཚོས་བོད་ཡིག་གི་མགོ་ལ་རིག་གསར་གྱི་ལས་འགུལ་ཞིག་སྤེལ་འདོད་པ་ཡིན་ན། དེ་གསལ་བོར་བྱས་ནས་ཤོད་དང་། ཁྱེད་ཚོར་དབང་ཚད་ཡོད་ན་ཐང་།
ངས་བལྟས་ན་ཁྱེད་ཚོས་ངེས་པར་དུ་བརྗེ་དགོས་པ་ཞིག་བརྗེས་མི་འདུག་པར་ལྷག་འདུག དེ་ནི་རྒྱལ་གླུའི་ནང་གི་ཚིག གནམ་སྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག། ཟེར་བ་དེ་རེད། དགའ་ལྡན་ཕོ་བྲང་མཚན་བྱང་བརྗེས་པ་ཡིན་ན་དེ་ངེས་པར་དུ་བརྗེ་དགོས།
ད་དུང་ཁྱེད་ཚོ་བོད་རྒྱལ་ཁབ་ཟེར་བར་སྐྲག་གི་ཡོད་ན། བརྗེ་དགོས་པ་མང་པོ་ཞིག་ཡོད། དཔེར་ན། རྒྱལ་གླུ། རྒྱལ་དར། རྒྱལ་རབས་སོགས་ཀྱང་བརྗེ་དགོས། བརྗེ་དགོས་ན་ཇི་ལྟར་བརྗེ་རྒྱུ་ཡིན་ནམ།
རྒྱལ་གླུ་ལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་གླུ་ཟེར་རྒྱུ་ཡིན་ནམ། དེ་བཞིན་བོད་མིའི་གཞུང་གི་དར། བོད་མིའི་ལོ་རྒྱུས་སོགས་སུ་བསྒྱུར་རྒྱུ་ཡིན་ནམ།
འདི་ལྟར་བསམ་བློ་གཏང་ཡོང་དུས་ང་ནི་དཀའ་སྣང་ཞིག་དང་སུན་སྣང་ཞིག་ཡོང་གི་འདུག
གང་ལྟར་ཕྱི་ཟླ་དགུ་བའི་ནང་ཡང་བསྐྱར་བཅའ་ཁྲིམས་བསྐྱར་བཅོས་བྱེད་སྐབས། རྒྱལ་བ་ཇོ་ནང་བ་བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་དུ་བཞག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་ཞེས་འབྲི་རོགས་ཞུ། དེ་མིན་ཇོ་ནང་ཚང་གི་ད་བར་དུ་ཉམས་ཆུང་བྱས་ཏེ་༧གོང་ས་མཆོག་གི་བཀའ་བརྩིས་ཏེ་བསྡད་ཡོད་མོད། བརྙས་བཅོས་བྱེད་རྒྱུར་མཚམས་མ་བཞག་ན། ཁོང་ཚོས་ཡང་འཕག་ཚག་བྱེད་མི་སྲིད་པ་མིན་པས། དེ་དུས་བོད་མིའི་གཞུང་ངམ་སྒྲིག་འཛུགས་ལ་འགྱོད་པ་སྐྱེས་ན་ཡང་འཕྱི་དྲགས་པ་རེད།
འདི་ནི་ཞོར་བྱུང་ཙམ་དང་རྐྱེན་མ་ཡོང་གོང་གི་རིམ་གྲོའི་ཚུལ་དུ་གདམས་པ་ཡིན།
བཀུར་བར་འོས་པའི་བཀའ་ཁྲི་དང་ཚོགས་གཙོ་མཆོག་གི་གཙོས་གནད་ཡོད་ལྷན་རྒྱས་ནས་དམངས་ཀྱི་བསམ་ཚུལ་ལ་ཐུགས་བསམ་བཞེས་པ་བཀའ་དྲིན་ཆེ་ཞུ་འདོད་བྱུང་། སེམས་ཅན་ཁ་སངས་རྒྱས་ཀྱིས་མི་ཆོད་པའི་དཔེ་ལྟར། ཁྱེད་རྣམ་པར་མཛད་དཀའ་ཡོད་པ་ཡང་ང་ཚོ་མི་མང་གིས་ཤེས་ཀྱིན་ཡོད་ལ། ང་ཚོ་བོད་མི་རིགས་ཀྱི་བདེ་སྡུག་གི་དོན་དུ་ལྷག་བསམ་ཟོལ་མེད་གྱིས་ཧུར་ཐག་བྱེད་པར་ཡིད་ཆེས་གཙང་མ་ཡོད། དེས་ན་གཙོ་བོ་ང་ཚོ་མི་རིགས་ཀྱིས་འཐབ་རྩོད་འདི་མི་ལོ་ཅི་ཙམ་གནས་དགོ་ཡང་སྲ་བརྟན་དུ་གནས་ཐུབ་པའི་ཕྱོགས་ལ་ཐུགས་བསམ་བཞེས་པ་ལས་། འགན་ཅི་ཡང་མི་ཁུར་ཞིང་རྒྱལ་སྤྱིའི་གནས་བབ་དང་།ཡུལ་ཁྲིམས་ལ་རྒྱུས་མངའ་མེད་པའི་བཤད་ལ་དགའ་བ་དག་གིས་ཅི་བཤད་ལ་གསན་འཇོག་མི་མངའ་བར་ཞུ། གང་ཡིན་ཞེ་ན། དེ་དག་ནི་དམིགས་རྒྱང་ཐུང་བའི་རྐྱེན་གྱིས་གཤིན་རྗེ་མ་མཐོང་ན་འཇིགས་པ་ངོ་མི་ཤེས་པའི་གྲལ་དང་། ཡང་འགའ་རེས་ཤེས་བཞིན་ཏུ་དམིགས་ཡུལ་རེའི་ཆེད་དུ་བསམ་བཞིན་མི་སེམས་དཀྲིགས་པའི་གོ་སྐབས་འཚོལ་བར་སེམས། གལ་ཏེ་ལྷག་བསམ་ཅན་གྱི་མི་སེར་འགའ་རེར་གོ་བརྡ་མ་འཕྲོད་པ་དང་གོ་རྟོགས་ཀྱིས་དབང་གིས་བསམ་ཚུལ་ཡོད་ངེས་ཅན་ཡིན་ཡང་དེ་དག་ལ་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་། མ་འོངས་མདུན་བསྐྱོད་ཀྱི་དགག་དགོས་རྣམས་སྔར་བཞིན་འགྲེལ་བརྗོད་གནང་ན་གོ་རྟོགས་འཐོབ་པའི་ཡིད་ཆེས་ཡོད། དེ་མིན་ད་སྐབས་ཧོར་བརྒྱུག་ཅིག་ཤོར་ན་ཧ་ཅང་གི་ཉན་ཚབས་ཅན་ཏུ་མཐོང་གི་འདུག་ན་དེ་དོན་དཔྱད་ཞིབ་ཡོད་པར་ཞུ།།
རིག་འདོན་པ་འགའ་རེས་འདི་ལྟར། བོད་གཞུང་དང་བོད་རྒྱལ་ཁབ་ཅེས་པ་མ་གཏོགས་མི་དགོས་ཟེར། བདེན་པ་ཡིན་རྒྱུ་རེད། ང་ཚོ་སུ་ལ་ཡང་ཁྱེད་ཀྱི་འདོད་པ་ལྟར་དགོ་ཡོད། འོན་ཀྱང་ད་ལྟ་ང་ཚོ་གང་ན་བསྡད་ཡོད། ང་ཚོ་སྡོད་ས་འདི་རང་གི་ས་ཆ་རེད་དམ་གཞན་གྱི་རེད། གལ་ཏེ་ང་ཚོ་ལ་ཉིན་གཅིག་ས་འདིར་མི་འདོད་བཞིན་དུ་བསྡད་མི་ཆོག་པའི་གནས་སྐབས་ཤིག་བསླེབ་ན་དེ་རྐྱེན་གང་ལ་བརྟེན་ནས་བསླེབ། སྐབས་དེར་ང་ཚོའི་བརྟེན་ས་ཁྲིམས་མ་གཏོགས་གཞན་ཡོད་དམ། ཁྲིམས་ས་ནས་ཕ་རོལ་བོས་གང་ཞིག་ཁྲིམས་འགལ་ཏུ་རྩི་རྒྱུ་རེད། དེ་དུས་འགྱོད་པ་སྐྱེ་མཁན་ང་ཚོའམ་ང་ཚོའི་ཕྱི་རབས་པ་དག་ཡིན་ངེས་པས་ན་ད་ལྟ་ནས་ང་ཚོ་ཚང་མས་རིག་པ་སྒྲིམ་སྟེ་མཐུན་སྒྲིལ་གྱི་རྣམ་པ་ཕྱི་གསལ་ནང་གསལ་དགྲ་ཡིས་གོ་ན་སྙིང་རྩ་འདར་བ་ཞིག་དང་གཉེན་གྱིས་གོ་ན་དཔའ་སྙིང་རྒྱས་པ་ཞིག་བྱེད་བཞིན་མ་འོངས་ཕུགས་རྒྱང་རིང་པོའི་ལས་དོན་དང་། ཁེ་ཕན་ལ་བསམ་གཞིག་བྱེད་རྒྱུ་ལས། ཅི་ཡོང་ཆ་མ་འཚལ་བའི་ཐ་སྙད་ཅིག་ལ་གནད་ཀྱི་དམ་པ་མ་མཐོང་ངོ།།
བོད་མིའི་སེམས་ཁམས་ལ་གནོད་པའི་ལས་ཀ་མ་བྱེད་རོགས་ཞེས་བཀའ་ཁྲི་དང་ཚོགས་གཙོ་སོགས་ལས་བྱེད་ཡོངས་ལ་ཞུ་རྒྱུ་ཡིན་།
བོད་གཞུང་གི་མིང་ཙམ་ང་ཚོས་བདག་པོ་རྒྱག་མི་ཐུབ་པ་འདི་། ཁྱོད་རང་ཚོ་བློ་ཁོག་ཆུང་བའམ་། ཡང་ན་རྒྱ་མིའི་གསོ་བས་བྱས་པ་གར་རུང་ཞིག་ལས་མ་འདས་།
བོད་མིའི་སྒྲིག་འཛུགས་དང་ བོད་མིའི་གཞུང་གི་སྒྲིག་འཛུགས་གང་ཡང་ང་ཚོ་ལ་མི་དགོས་། བོད་གཞུང་། བོད་རྒྱལ་ཁབ་། འདི་ང་ཚོ་ལ་དགོས་།
བདེན་པ་ཉིད་རྒྱལ་གྱུར་ཅིག་། ཟེར་བ་དེ་བོད་ཀྱི་འདས་མ་ད་གསུམ་ གནམ་མཚོ་ས་གསུམ་། ཆོས་སྲིད་གཉིས་། ཤི་གསོན་གཉིས་། གནའ་དེང་གཉིས་ཀྱི་རིག་གཞུང་སོགས་གང་དང་འབྲེལ་མི་འདུག་པས་། ང་ཚོ་ལ་མི་དགོས་། དེ་ལས་ ཕོ་བྲང་པོ་ཏ་ལ་། ཞེས་བྲིས་ན་བཟང་།
ད་འཕྱི་སོང་བ་རེད། བློ་མཐུན་བྱེད་འདུན་སྔོན་ལ་བསྟན། དང་ལེན་མ་བྱས་ཚེ་ཡང་བསྐྱར་དྲན་འཕྲུལ་སྟོན་བཞིན་པ་མིན་ནམ། སྲིད་དོན་ནི་རྩེད་མོ་ཞིག་རེད་དེ། རྩེད་སྟངས་ཨེ་འདྲ་ཞིག་རེད་དམ།
ལྷག་པར་དུ་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཟེར་བའི་དཔེ་བཞིན་བོད་ཚིག་ཐོག་གི་སྲོལ་རྒྱུན་ཡང་དུས་ཡུན་ཐུང་ངུའི་ནང་གཏོར་ཆོག་ན། རིག་གཞུང་སྲུང་སྐྱོབ་ཀྱང་ཁ་བཤད་ཙམ་མ་གཏོགས་སུས་ཀྱང་བཤད་སྟངས་བསྒྱུར་ཆོག་ཆོག་ཅིག་མ་ཡིན་ནམ།
བཙན་བྱོས་བོད་མི་གཞུང་གི་བརྒྱུད་རིམ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་གཞུང་གི་ངོ་བོ་དང་རྣམ་པ་ནི་རང་བཙན་གྱི་ལྟ་གྲུུབ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་གཞུང་གི་ངོ་བོ་དང་རྣམ་པ་ནི་དབུས་མའི་ལམ་ལྟ་གྲུབ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་གཞུང་གི་ངོ་བོ་དང་རྣམ་པ་ནི་བོད་མའི་སྒྲིག་འཛུགས་།་
མང་གཙོའི་རྒྱལ་ཁབ་ཤིག་གི་ལས་བྱེད་པ་ཚོས་མི་དམངས་ཀྱི་བསམ་ཚུལ་ལ་གུས་བཀུར་བྱེད་དགོས་པ་ནི་ལྡོག་ཏུ་མེད་པའི་འགན་ཁུར་ཞིག་རེད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མི་དམངས་ཀྱི་བསམ་ཚུལ་བདག་པོ་བརྒྱབས་ཀྱི་ཡོད་པ་དེ་ནི་བཙན་བྱོལ་བོད་གཞུང་མང་གཙོ་ཡི་ཕྱོགས་སུ་གོམ་ཁ་བསྒྱུར་གྱི་ཡོད་པའི་དཔང་རྟགས་ཤིག་ཀྱང་རེད།
བོད་རྒྱལ་ཁབ་ཀྱི་སྐྱིད་སྡུག་འདྲེས་མའི་ལོ་རྒྱུས་ནང་དུ་བོད་གཞུང་ཞེས་པའི་མིང་ཚིག་འདི་ནི་བོད་མི་རིགས་ཀྱི་འདས་ཟིན་པའི་དཔའ་པོ་ཚོའི་རྣམ་ཤེས་འཁོར་སར་དང་གསོན་པོ་ཚོའི་སེམས་ཀྱི་རྟེན་གཞི་རེད། བོད་གཞུང་ཞེས་པའི་མིག་ཚིག་འདི་མེད་པ་བཟོས་པ་ཡིན་ན་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཞིག་ཆགས་ངེས་ཡིན་ནོ།
བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྒྱུར་བཅོས་སྐབས་སུ་བསྒྱུར་མི་རུང་བའི་མིང་ཚིག་དང་རྒྱལ་རྟགས་བཅས་གནས་སྐབས་རིང་བསྒྱུར་བཞག་ཡོད་རྣམས་སླར་གསོལ་བྱ་རྒྱུ་ཡིན་པའི་དགོངས་ཚུལ་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདིར་རང་འཇག་བཞག་དགོས་པ་ལས་དེ་ལ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་ཚིག་ལྷག་རྒྱབ་དགོས་པ་དེ་འདྲ་མེད། དེ་ཡང་སྒྲིག་འཛུགས་ཞེས་པ་ནི་ཚོགས་ཁག་ཚང་མ་ལ་ཡོད་ཀྱང་གཞུང་ཞེས་ནི་རྒྱལ་ཁབ་ཁོ་ན་ལ་མ་གཏོགས་མེད།
དེར་བརྟེན་སྒྲིག་འཛུགས་ཞེས་པའི་མིང་ཚིག་འདི་ནི་དགོས་མཁོ་མེད། བོད་རྒྱལ་ཁབ་དང་བཙན་བྱོལ་བོད་གཞུང་ཟེར་དགོས་པ་ལས་བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་ཚིག་འདི་དགོས་མཁོ་མེད། བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ཚིག་འདིས་བོད་རྒྱལ་ཁབ་ཟེར་བ་ཞིག་མེད་པ་ཚོགས་ཁག་ཆུང་ཆུང་ཞིག་བསྟན་གྱི་ཡོད་སྟབས་སྒྲིག་འཛུགས་ཞེས་པའི་མིང་ཚིག་འདི་དགོས་མཁོ་མེད་ངེས་ཡིན།
དཔེར་ན་གཞོན་ནུའི་སྒྲིག་འཛུགས་ཟེར་བ་དང་ཆུ་སྒང་སྒྲིག་འཛུགས་ཟེར་འདྲ་ཡོད་ཀྱང་གཞོན་ནུའི་གཞུང་ཟེར་བ་དང་ཆུ་སྒང་གཞུང་ཟེར་དེ་འདྲ་མེད་པ་རེད། ཅིའི་ཕྱིར། གཞོན་ནུ་དང་ཆུ་སྒང་སོགས་ཚོགས་པ་ཡིན་པ་ལས་རྒྱལ་ཁབ་མིན་པས་རེད།
དབྱིན་ཡིག་ནང་་་་ Administrationཟེར་བ་དང་བོད་ཡིག་ནང་དུ་སྒྲིག་འཛུགས་ཞེས་པ་གཉིས་དོན་གཅིག་རེད།
དབྱིན་ནང་དུ་་་་Government་་་ཟེར་་བ་དང་བོད་ཡིག་ནང་དུ་སྲིད་གཞུང་ཞེས་པ་གཉིས་དོན་གཅིག་ཏུ་འདོད།
བོད་རྒྱ་ཆེན་མི་དམངས་ཀྱིས་འདོད་པ་ཡོད་པ་ནི་་་་Government་་དང་སྲིད་གཞུང་ཡིན། Administration་ཟེར་བའི་ཚིག་འདི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ཚིག་འདི་གཉིས་བཀའ་ཁྲི་ཟམ་གདོང་བླ་མའི་ལས་ཡུན་རྫོགས་མཚམས་སུ་ཁོང་ཕྱིར་ཕུལ་རོགས་བྱོས། བོད་མི་རིགས་དང་བོད་རྒྱལ་ཁབ་ལ་དགོས་མཁོ་མེད།
གཉིས་ནས་རྒྱལ་རྟགས་ཀྱི་མཚན་བྱང་བརྗེས་པོ་རྒྱག་ཡོད་རེད། འདི་ཡང་བསྐྱར་གསོལ་བྱ་དགོས། བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་སུ་བོད་རྒྱལ་ཁབ་མཚོན་བྱེད་དང་བོད་ཀྱི་སྲིད་གཞུང་མཚོན་བྱེད་ཤིག་དགོས་པ་ལས་སྨོན་ཚིག་འདྲ་བའི་བདེན་པ་ཉིད་རྒྱལ་གྱུར་བཅུག་ཟེར་བ་འདི་འདྲ་རྩ་ནས་འགྲིག་གི་མེད།
སྔོན་མ་༧གོང་ས་མཆོག་གིས་སྲིད་དབང་འཛིན་སྐབས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་ཡོད་པ་རེད། དེང་སྐབས་མང་གཙོས་འོས་འདེབས་བྱས་པའི་བཀའ་སྤྱི་གཉིས་ཀྱིས་སྲིད་དབང་འཛིན་པའི་དུས་སུ་བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྒྱལ་ཞེས་བཏགས་དགོས་ངེས་རེད་འདོད།
བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།།།། ༧གོང་ས་མཆོག་གིས་ཕོ་བྲང་པོ་ཏྭ་ལ་འདི་ནི་མང་གཙོའི་ཕོ་བྲང་ཞིག་ཏུ་སྒྱུར་བཞིན་ཡོད་པ་ནི་བོད་མི་རིགས་ཀྱི་ཆེད་དུ་རེད་འདོད། ལོ་རྒྱུས་ལྡན་པའི་ཕོ་བྲང་པོ་ཏྭ་ལ་འདི་ནི་བོད་མི་རིགས་ཀྱི་རྒྱལ་ཁང་རེད། ཕོ་བྲང་འདིའི་ནང་དུ་མང་གཙོ་ཚད་དང་ལྡན་པའི་སྲིད་གཞུང་ཞིག་འཛུགས་དགོས་པ་ནི་༧གོང་ས་མཆོག་གི་བཀའ་དགོངས་དང་ཡོངས་སུ་མཐུན་གྱི་ཡོད་པ་འདོད།
བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་་་ང་ཚོའི་སེམས་ཀྱི་དམིགས་རྟེན་ཡིན།
བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་་་་་༧གོང་ས་མཆོག་གི་གསོལ་བསྩལ་ཡིན།
བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་་་་གདོང་དམར་བོད་ཀྱི་བླ་སྲོག་ཡིན།།།།
སྐྱིད་པ་ལགས་ད་དུང་འགྱུར་བ་གཏང་རྒྱུ་ཡོད་པ་འདྲ་འདི་ནི་གལ་ཆེན་གྱི་གནད་དོན་ཡིན་པས་རང་དབང་་སྒེར་ཚུགས་ཀྱི་ནམ་ཡང་ཐག་གཅོད་མི་ཆོག་ མདོ་བསྡུས་ནས་བཤད་ན་མང་ཚོགས་ཀྱི་བསམ་ཚུལ་དང་བསྟུད་དགོས་ལ། ལྷག་པ་དུ་བསམ་བློ་བ་དང་ཤེས་ཡན་ཅན་དག་བསྡུ་རུབ་བྱས་ཏེ་ཚོགས་འདུལ་དང་གྲོས་བསྡུ་ངེས་པར་དུ་བྱེད་དགོས་པ་སེམས།
ད་སྤྱི་མཐུས་རྒྱག་པ་དེའི་ཟེར་ལུག་ལབསྟས་ན་དཀའ་ཁྲི་དང་སྤྱི་མཐུས་དེ་ཚོས་༧གོང་ས་མཆོག་གི་བགྲེས་ཡོལ་མཛད་པ་དེ་ཁོང་ཚོའི་མདོད་ཐོག་རྟ་སྒྱུག་རེད་ཤག་
འདི་ཡང་གསར་འགྱུར་གལ་ཆེན་རེད། ཕྱོགས་གཅིག་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་ཡག་པོ་རེད། གཞན་ཞིག་ནས་གླེང་ན། དང་པོར་དྲན་པ་བློ། རྗེས་སུ་དྲན་པ་འགྱོད་ཅེས་པའི་དཔེ་ལྟར་སོང་འདུག