མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ལག་འཁྱེར་ཁ་པར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp


བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་བོད་ཡིག་ཐོག་བཀོད་སྤྱོད་བྱེད་ཆོག་པའི་ལག་འཁྱེར་ཁ་པར་ཞིག་
བཟོས་ཡོད་འདུག   

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ནང་གི་དྲ་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་སྣེ་འཁྲིད་པའི་བློ་བཟང་ཀུང་ཟིས་བོད་ཡིག་གི་ལག་འཁྱེར་ཁ་པར་ཞིག་གསར་བཟོ་བྱས་ཡོད་འདུག་ལ། ཁ་པར་དེའི་ཁྱད་ཆོས་གཙོ་བོ་བརྙན་ངོས་སུ་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་འཆར་བ་དང་འཕྲིན་ཐུང་བསྐུར་ཐུབ་པ། མཉེན་ཆས་ཁག་རང་ངོས་ནས་སྒྲིག་འཇུག་བྱས་ཆོག་པ།  ཧི་མ་ལ་ཡའི་བོད་ཡིག་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་སུ་ཡོད་པའི་བོད་ཡིག་ཕན་ཚུན་མཐུན་འཇུག་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད་འདུག   

༢༠༠༩ ལོ་སྐུ་ཞབས་བློ་བཟང་ལགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་ཀློག་རྡུལ་ཚིག་མཛོད་ཞིག་གསར་གཏོད་བྱས་ཡོད་ལ། ཟླ་རྗེས་མར་ཁོང་གིས་གསར་གཏོད་གནང་བའི་བོད་ཡིག་ཅན་གྱི་ལག་འཁྱེར་ཁ་པར་ཚོང་རར་་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 11

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱི་མཛད་རྗེས་ལ་དགའ་བསུ་ཞུ། ཡར་རྒྱས་ཀྱི་མཛད་རྗེས་རང་རེད། བོད་མི་རིགས་ཀྱི་ལ་རྒྱ་བཟུང་སྟངས་དེ་འདྲ་རང་རེད། མུ་མཐུད་བྱ་བ་དེ་ལྟ་བུ་སྤེལ་གང་ཐུབ་གནང་རོགས། བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་བཀྲིས་ཆེ་རིང་སོགས་བོད་ཡིག་ལ་ཧ་ཙང་གིས་གཙིགས་ཆེར་འཛིན་མཁན་གྱི་མི་རིགས་དཀོན་པའི་དུས་ཡུན་གཉན་འཕྲང་གི་སྐབས་སུ་ཁྱེད་ལྟ་བུས་དམིགས་བསལ་གྱིས་ཤུགས་རྒྱག་པ་ལ་ངོ་མར་དགའ་བསུ་ཞུ་བཞིན་ཡོད། མ་གཏོགས་བོད་ནང་གི་བོད་མི་རིགས་འགའ་ཤས་ཀྱིས་བྱ་བ་ཆུང་ཆུང་ཞིག་བྱས་པ་ལ་བསྙད་ནས་སྙན་གྲགས་ཀྱི་མིང་ཆེན་པོ་ཐོབ་འདོད་ཀུན་སློང་བྱེད་པ་ནི་མི་རིགས་པ་ཞིག་ཡིན།

    Reply
  2. སྟག་ཕྲུག says:
    ལོ་ 15 སྔོན།

    སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟ་བུའི་ལས་གཞི་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་ཧ་ཅང་མཁོ་བ་རེད།

    Reply
  3. གཟི་མིག་༣པ says:
    ལོ་ 15 སྔོན།

    ངས་བོད་ཕྱི་ནང་གི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དགེ་རྒན་ཆེ་མོ་བློ་བཟང་ལགས་སུ་བསྔགས་བརྗོད་དང་ཁྱེད་ཀྱི་བྱ་གང་བརྩམས་ཀྱང་དེ་དག་ཀུན་སྒྱུབ་པའི་སྨོན་ལམ་ཞུ་་་་བོད་ནང་གི་བོད་མི་འབྱོར་ལྡན་ཚོས་མི་རིགས་ཀྱི་ལ་རྒྱ་སེམས་ལ་བཅང་ནས་མི་རིགས་ཀྱི་རིག་གཞུང་དང་མི་རིགས་སྤྱི་ལ་ཕན་པའི་དཔལ་འབྱོར་བེད་སྤྱད་ཐུབ་ན་དེ་ནི་རྩ་དོན་ཡིན་

    Reply
  4. ཤག་སྒང་པ། says:
    ལོ་ 15 སྔོན།

    ཧ་ཅང་ལེགས། རྟེན་འབྲེལ་བཀྲིས་བདེ་ལེགས་ཞུ། དང་པོ་སུས་གསར་དུ་བཏོད་པ་དེར་སྐྱོན་ཆ་ཡོང་སྲིད་ཅིང་ཆོག་པ་ཞིག་ཀྱང་རེད། མུ་མཐུད་ཕྱག་ལས་གནང་རོགས་གནང་། ང་ཚོ་གངས་ཅན་པའི་ལ་རྒྱ་ཟེར་བའང་འདི་འདྲ་བའི་གསེང་ནས་སྐེ་སྲེང་གིན་རེད།

    Reply
  5. བོད་པ་ཚང་། says:
    ལོ་ 15 སྔོན།

    སྤྱིར་བཏང་ལག་འཁྱེར་ཁ་པར་ཞེས་པ་དང་། ལག་ཐོགས་ཁ་པར་ཞེས་པ་གཉིས་ཀྱི་དོན་ལ་ཁྱད་པར་སྤུ་ཙམ་མེད་རུང་། ལག་འཁྱེར་ཐ་སྙད་དེ་སློབ་སྦྱོང་མཐར་ཕྱིན་པའི་རྗེས་སུ་དཔང་རྟགས་སུ་འཐོབ་རྒྱུ་ཡོད་པའི་ཤོག་བུར་སྦྱར་ཟིན་སྟབས། ལག་ཐོགས་ཁ་པར་ཞེས་བརྗོད་ན་བཟང་སྙམ། ཚིག་དེ་བེད་སྤྱོད་བྱས་ན་དཀའ་ངལ་ཡང་མི་འཕྲད་མི་སྲིད་དེ། གཞིས་བྱེས་གཉིས་སུ་མི་ཉུང་བར་སྤྱོད་བཞིན་མཆིས། དེ་འདྲ་སོང་ཙང་། ཀློག་པ་པོ་རྣམས་ཀྱིས་དགོངས་བཞེས་ཡོང་བ་ཞུ།

    Reply
  6. ཁ་བའི་བུ། says:
    ལོ་ 15 སྔོན།

    བློ་བཟང་ཟུང་ལ་མངོན་པར་བསྟོད་དོ། ཁ་པར་དེ་འཛམ་གླིང་གང་སར་ཁྱབ་པའི་སྨོན་འདུན་ཞུ།

    Reply
  7. ཤར་མདའ། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་ཞུ།  གང་ལྟར་འདི་དང་འདི་ལྟ་བུ་གང་མང་ཞིག་ཐོན་བཞིན་པ་འདི་བོད་མི་ཚི་དེང་དུས་ཀྱི་བསམ་བློ་རིག་སྒོ་གསར་པ་ཞིག་གི་ནང་དུ་འགྲོ་ཐུབ་པ་མཚོན་གྱི་ཡོད་ངོ་མ་རིན་ཐང་ཡོད་པ་ཞིག་རེད་ཟེར་ན་མི་ཆོགས་པ་ཡོད་པ་མ་རེད།  དགའ་འོས་པའི་བྱ་བ་ཞིག་རེད།

    Reply
  8. ཇ་མ་ says:
    ལོ་ 15 སྔོན།

    གོང་ཚད་ཧང་ཅང་ཆེ་ལ་སྤེས་ཀ་དེ་འདྲ་མི་བཟང་བ་ཞིག་ཡིན་པ་ཐག་གི་ཆོད། སྔོན་གྱི་ཀློག་རྡུལ་ཚིག་མཛོད་བཞིན།
    ཡིན་ནའང་དེ་འདྲ་ཞིག་མིའི་སྤྱི་ཚོགས་ནང་སྟོན་རྒྱུ་ཡོད་པ་བཟོ་བ་ལ་ཐུགས་རྗེ་ཆེ།

    Reply
  9. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    བོད་དུ་ཡོད་པའི་དགེ་རྒན་བློ་བཟང་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་བརྩན་བྱོལ་དུ་ཡོད་པའི་ཤེས་ཡོད་ཅན་རྣམས་ནི་རང་དབང་ལུང་པའི་ནང་གནས་ཡོད་ཀྱང་ད་དུང་བོད་ཡིག་གི་སྤྱོད་ཁོ་ཆེ་རུ་འགྲོ་རྒྱུའི་ལས་འགུལ་ཙམ་ཡང་སྤེལ་ཐུབ་ལ་མ་ཐུབ་ཀྱི་གནས་ཚུལ་དེ་དག་མཐོང་ཚེ་སྣ་ཁུག་ན་ཟུག་རྒྱག་པའི་རྒྱུ་རང་རེད།

    Reply
  10. གཅེན་པོ། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས། བོད་ཕྱི་ནང་གཉིས་ནས་གློག་ཀླད་མཛུབ་སྣོན་དབྱིན་ལྟར་གཅིག་གྱུར་ཞིག་བཟོ་ཐུབ་པའི་རེ་བ་ཡོད། དབྱིན་ཡིག་ལ་གཅིག་གྱུར་ཐོག་ནས་མཛུབ་སྣོན་གཅིག་ལས་མེད་ཀྱང་བོད་ཡིག་ལ་མཛུབ་སྣོན་ཁག་མང་པོ་ཞིག་ཡོད་པའི་དབང་གིས་གཅིག་གྱུར་མ་བྱུང་སྟབས་གཅིག་ཤེས་ནས་གཞན་པ་ཞིག་བློ་བུར་དུ་བེད་སྤྱོད་བྱ་དགོས་བྱུང་ཚེ་དཀའ་ངལ་ཆེན་པོ་འདུག ཁ་ས་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས་ནས་དེའི་ཐོག་ལ་དགོངས་ཚུལ་ཞིག་གསུངས་འདུག དངོས་གནས་དེ་འདྲ་ཞིག་བྱུང་ཐུབ་པ་ཡིན་ན་བོད་ཡིག་གཅིག་གྱུར་ཅན་ལ་གྱུར་ཐུབ་པ་མ་ཟད་བོད་ཡིག་ཡར་རྒྱས་ལ་གཡུར་ཟའི་འབྲས་བུ་སྨིན་པར་ངེས། དེ་དོན་བོད་རིགས་ཚན་རྩལ་མཁས་ཅན་རྣམས་ནས་ཐུགས་ཟབ་གནང་བ་དང་མ་ཟད་དྲ་གྲོགས་ཡོངས་ཀྱི་མཐའ་གཅིག་ཏུ་ཁོང་རྣམས་ལ་འབོད་སྐུའི་ཞུ་བའི་རེ་བ་ཡོད།

    Reply
  11. གྲགས་བསོད་ says:
    ལོ་ 15 སྔོན།

    རྩ་་ཆེན་གསར་བསྟེན་གྱི་ལས་འགུལ་འདིའི་རིགས་གང་དུ་སྤེལ་མཁན་ཡོད་པ་དེ་ལ་ཐུགས་རྗེ་ཆེན་ཞུ་བ་དང་བོད་ཕྲུག་རྣམས་ཀྱིས་འདི་དག་ལ་མིག་དཔེ་བལྟ་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese