མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལས་ཀ་བྱེད་ས་ནས་དེ་རིང་དངོས་ནས་དཀའ་ལས་ཁག་ནས་ཤི་ལ་ཁལ་ཞིག་མྱངས་སོང་། མཛའ་མོས་དེ་རིང་ནི་སྒེར་གཉེར་བྱིས་སྐྱོང་གི་ལས་ཀ་དེ་མཇུག་རྫོགས་པ་ཡིན་ལ། ཁོ་མོ་ང་རང་གི་ལས་ཀ་བྱེད་སའི་འགྲམ་གྱི་མི་ཚང་ཞིག་དུ་ཡོང་ཡོད་པ་ཡིན་དུས། ང་རང་གི་ལས་ཀ་གྲོལ་ནས་གོན་པ་བརྗེ་བཞིན་པའི་སྐབས་སུ་ཁ་པར་སླེབས་སོང་། དེ་དུས་ངས་ཁྱེད་རང་གང་དུ་ཡོད་ཅེས་དྲིས་པ་ན། ཁོ་མོས་ཁྱེད་རང་གིས་དེ་རིང་ང་ཁྱེད་ཀྱི་འགྲམ་དུ་ལས་ཀ་བྱེད་དུ་ཡོང་ཡོད་པ་ཤེས་བཞིན་དུ་ཁ་པར་ཁྱེད་རང་གི་འགྲམ་དུ་མི་གཉར་བར་གང་བྱེད་ཅེས་བཤད་པ་དེར། ངས་ད་ལྟ་རང་ལས་ཀ་ཚར་སོང་། ཁྱེད་རང་གང་དུ་ཡོད་ཅེས་དྲིས་པའི་ལན་ཏུ། མོ་རང་འཚིག་ཇ་ཁང་ཞིག་ཡོད་པ་དེ་རུ་སྒུག་ཡོད་ཟེར།

ནང་དུ་ཕྱིར་ལོག་པའི་ལམ་བར་ཏུ་ཁོ་མོའི་ཕོ་བ་ལྟོགས་ཀྱི་འདུག  སྟབས་བདེ་བག་ལེབ་ཞིག་ཉོ་རོགས་ཟེར་ནས་ང་རང་གིས་བག་ལེབ་ནང་དུ་ཚལ་རིགས་གཏུབ་མ་དང་སྣུམ་བསྲེག་ཚལ་སྒོང་ཞིག་ཡོད་པ་དེར་ཉོས་ནས་ཁོ་མོར་སྤྲད། ངེད་གཉིས་ཕྱིར་ནང་དུ་སླེབས་ནས་ཅུང་མ་འགོར་བར་མོ་རང་གི་མ་རྒན་ཡང་ལས་ཀ་ནས་ནང་དུ་འབྱོར་སོང་། ཁོ་མོས་བཤད་ན། སང་ཉིན་ལས་ཀ་ཚར་བ་དེ་ཡི་ཆེད་དུ། བྱིས་པའི་འཕྲོད་བརྟེན་ཟས་རིགས་ཀྱི་ཟས་ཐོ་ཞིག་ཁོ་མོས་ཕྱོགས་བསྒྲིགས་བྱས་ནས་བྲིས་ཡོད་པ་དེ་དཔར་བཤུ་བྱེད་དུ་ཚོང་རྭ་ཆེན་མོ་ལ་འགྲོ་དགོས་ཟེར། དེ་དུས་ངས་རང་གི་ནུ་མོ་ལྷ་མོ་སྐྱིད་ལ་རྔན་པ་ཞིག་ཉོ་རོགས། སང་ཉིན་ཁྱེད་རང་ཁོམ་པ་ཡོད་ན། ངའི་ནུ་མོ་ལྷ་མོ་སྐྱིད་ལ་ཞིམ་པོའི་རིགས་དང་འདྲ་དཔར་ཁ་ཤས་ཤིག་སྐུར་རོགས་ཞུས་པ་དེར། ཁོ་མོས་འགྲིག་གི་རེད་ཟེར་ནས་དཔར་ཆས་ནང་གི་བྱང་བུ་འཁུར་ནས་ལམ་དུ་ཆས་སོང་།

ཡུན་རིང་མ་སོང་བར་ཁོ་མོས་མ་རྒན་གྱིས་བུ་མོ་ངེད་གཉིས་རྩེད་མོ་རྩེ་ནས་བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ལ། བུ་མོས་ང་ལ་ཁ་པར། ཁ་པར་གཏོང་དགོས་ཀྱི་ཡོད་ཀི ཨ་ཕ། ཨ་ཕ་ཟེར་ནས་བཤད་དུས། ངས་ཁ་པར་ཞིག་མེད་ཀི་ཞེས་བོད་སྐད་ཀྱིས་ལན་བཏབས་དུས། བུ་མོ་ངུས་སོང་། མཛའ་མོའི་མ་རྒན་ངེད་གཉིས་ཀྱི་འགྲམ་དུ་ཡོང་ཞོར་དུ། ཁྱེད་རང་ལ་ཁོ་མོས་སྐད་ཆ་བཤད་པ་དེ་མ་གོ་སྟབས་ངུས་པ་རེད་ཟེར། དེ་དུས་ངས་རེད་དམ་ཞེས་རང་ཉིད་ཀྱིས་བུ་མོའི་བཤད་པ་གོ་ན་ཡང་། འགྱིག་གི་ཁང་ཆུང་དེ་ཡི་ནང་དུ་ཁ་པར་གཏོང་ས་ཡིན་པ་མ་ཤེས་པ་དེར་མཛའ་མོའི་མ་རྒན་གྱིས་བུ་མོ་ལ། ཁྱེད་རང་གིས་མི་འདི་ལ་ཁ་པར་གཏོང་དུ་འཇུག་འདོད་ཡོད་དམ་ཟེར་བ་དེར། བུ་མོས་ཀྱང་ཡིན་ཟེར་ནས་ངུ་མཚམས་ཆད་སོང་། དེ་དུས་གཞི་ནས་ངས་འགྱིག་གི་ཁང་ཆུང་ནང་དུ་ཁ་པར་གཏོང་ས་ཡོད་པ་ཤེས་དུས། མཛའ་མོའི་མ་རྒན་གྱི་བཤད་པ་དེ་བདེན་པ་ཡིན་པ་ཤེས་ན་ཡང་། ཁྱེད་ཀྱི་གསུངས་པ་བདེན་པ་རེད་ཟེར་ནས་བཤད་མ་འཕོད་པར། ཁ་རོག་གེར་ཁོ་གཉིས་ལ་བལྟས་དེ་བསྡད་དུས། མཛའ་མོའི་མ་རྒན་གྱིས་ང་ལ་ཁོ་མོ་ཡང་ཅུང་ཙམ་རྗེས་སུ་གློག་བརྙན་དུ་བལྟ་རུ་འགྲོ་ཡི་ཡོད། ལ་རས་དང་མཉམ་དུ་ཟེར། ལ་རས་ནི་མཛའ་མོའི་ཕ་རྒན་ཡིན། མཛའ་མོའི་ཕ་མ་གཉིས་མཉམ་དུ་བསྡད་མེད་པ་རེད།

ངས་ཡིན་དང་ཡིན། ཁྱེད་རང་སོང་ན་འགྲིག་གི་རེད། ངས་བུ་མོ་ལ་བལྟས་ཆོག སེམས་ཁྲལ་མ་བྱེད་ཅེས་བཤད་དེ་བུ་མོ་ལ་མུ་མཐུད་དུ་བོད་སྐད་བཤད་ནས་རྩེད་རོགས་བྱས་པ་ཡིན། ད་ནི་བུ་མོ་ངེད་གཉིས་གཅིག་བུ་ཤུལ་དུ་ནང་ལ་ཡོད་དུས། བུ་མོས་ཀྱང་ང་ལ་རྙོག་དྲ་འདྲ་མིན་མི་བཤད་པར། ང་དང་མཉམ་དུ་རྩེད་མོ་འདྲ་རྩེས་ཀྱིན་བསྡད། སྐབས་ཤིག་ལ་ངས་བུ་མོ་ལ་གློག་ཀླད་དྲ་རྒྱའི་ནང་ནས། བྱིས་སྒྲུང་གྲགས་ཅན་ཞིག་ཨ་མདོའི་སྐད་དུ་ཡོད་པ་ཐེངས་འགར་བསྟན་རྗེས། བོད་སྐད་ཀྱི་གླུ་དབྱངས་ཆེས་མི་ཉུང་བ་ཞིག་ལ་ཉན་དུ་བཅུགས་པ་ཡིན། ཆུ་ཚོད་དགུ་བ་ཟིན་གྲབས་ཡོད་དུས། བུ་མོས་ཧེས་པོས་སྐད་དུ་ང་རང་ཉལ་དུ་འགྲོ་རྒྱུ་ཡིན་ཟེར། ངས་ཀྱང་ཆུ་ཚོད་བརྒྱད་པ་ཡོལ་ནས་ཁོ་མོའི་སོ་ཡང་དཀྲུས་དེ་ཉལ་སའི་ནང་དུ་འཇོག་པར་གྲྭ་སྒྲིག་བྱས་ནས་བསྡད་ཡོད།

ཐོག་ཁང་དུ་སོང་ནས་ངས་མོ་རང་གི་ཉལ་ཁྲིའི་ནང་དུ་བཞག་ནས། བོད་གླུ་ནམ་རྒྱུན་ཉལ་སའི་ནང་དུ་བཞག་རྗེས་སུ་ངས་ཁོ་མོར་ལེན་གྱི་ཡོད་པ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་བླངས། ཆུ་ཚོད་དགུ་བའི་རྗེས་སུ་ངའི་ལག་པ་ལ་འཐམ་ནས་གཉིད་གྲབས་ཡོད་དུས། ང་རང་འགུལ་ཙམ་བྱས་པ་ན། གཉིད་ལས་སད་ནས་ང་རང་ལ་བཙོག་པ་ཡོད་ཟེར་ནས་ངུ་འགོ་བརྩམས། ངས་ཐེངས་ཁ་ཤས་ཤིག་ལ་མོ་རང་གཙང་སྤྱོད་དུ་ཁྲིད་ཀྱང་། བར་སྐབས་ཤིག་ལ་ཨ་མ་དགོས་ཟེར་ནས་ངུ་མཚམས་མ་བཞག་པར། ཉལ་སའི་ནང་དུ་མི་བསྡོད་པར། ངས་སྐད་ཆ་ལ་མི་ཉན་པར། ངུ་ཤུགས་ཆེ་རུ་སོང་ནས་ངའི་ལག་ནང་དུ་བཟུང་ན་ཡང་། འཕག་ར་བྱས། ངུ་རྒྱངས་བྱས། སྐར་མ་བཅོ་ལྔ་ཙམ་གྱི་རིང་དུ་ང་རང་ཐང་ཆད་ནས་ཡོད་པའི་སྒང་ལ་བུ་མོས་ཅུང་ཙམ་མིན་ན་སྨྱོན་པ་བཟོ་གྲབས་བྱས་སོང་།

སེམས་པ་སྐྱོ་ཞོར་དུ། ངས་འདི་ལྟར་ཉི་མ་རེ་རེ་བཞིན་བུ་མོ་ལ་བོད་སྐད་བཤད་ཀྱང་། བུ་མོས་ད་དུང་ང་ལ་བོད་སྐད་ཀྱི་ལན་ཁ་ཤས་ཤིག་ལས་གཞན་མེད་པ་དེར་ང་རང་བློ་ཕམ་མེད། ག་ལེར་ཆེན་པོ་ཆགས་ན་ཐབས་ཤེས་འགྲིག་འགྲོ་ངེས་རེད་མོད། མི་རིགས་ཤིག་གི་སྐད་དང་ཡི་གེ་ཤ་གསེང་རུས་གསེང་དུ་ཟུག་དགོས་ཚེ། ཕ་མ་གཉིས་ཀ་སྐད་ཡིག་གཅིག་པ་དང་གོམ་གཤིས་གཅིག་པ་ཏན་ཏན་དགོས་པའི་ངེས་ཤེས་ཟབ་དུ་བཏང་སོང་། མཇུག་དེར་ཐབས་ཤེས་འདྲ་མིན་ཞིག་རྒྱུད་ནས་ཁོ་མོ་ག་ལེར་རང་གི་ཉལ་སའི་ནང་དུ་གཉིད་དུ་ཤོར། ང་རང་འོག་ཁང་དུ་ཡོང་ནས་ཁྱམས་ར་ལ་སོང་ནས་ཐ་མག་རྐང་གཅིག་འཐེན་ནས་ནང་དུ་སླེབས་མ་ཐག ཐག་ཐག་ཐག  སྒོ་ཕྱེ་བའི་སྒྲ་གོ་སོང་ལ། སྐེས་འཛེགས་སྟེང་དུ་ག་ལེར་གོམ་པ་རྒྱགས་པའི་སྒྲ་ལ་ཉན་དུས། ངའི་མཛའ་མོ་ཡིན་པ་ཤེས་སོང་།

མཛའ་མོས་ང་རང་ལ་ཁྲོམ་རྭ་ནས་གང་བྱས་པ་དང་ང་རང་གི་ནུ་མོ་ལྷ་མོ་སྐྱིད་ལ་གྲྭ་སྒྲིག་བྱས་པའི་འདྲ་དཔར་དག་འདི་རེད་ཟེར་ནས་ང་རང་གི་འགྲམ་དུ་ཡོང་ནས་རེ་རེ་བཞིན་བསྟན་སོང་། ངས་ཐད་ཀར་དུ་གློག་ཀླད་ནང་དུ་ཡི་གེ་འབྲོ་ཞོར་དུ་དངོས་ནས་ཡག་པོ་འདུག་ཞེས་ལན་བཏབས་པ་ཡིན། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་དེར་ཁོ་མོའི་མ་རྒན་ཡང་སླེབས། མ་རྒན་གྱིས་མཛའ་མོའི་ཕ་རྒན་གྱི་བཟོས་པའི་འདྲ་དཔར་ཆེན་པོ་ཁ་ཤས་ཤིག་འཁུར་ནས་སླེབས་འདུག་པ་ངེད་གཉིས་ལ་བསྟན། མཛའ་མོས་དེ་ལ་སྐྱོན་བརྗོད་བྱས། ངས་གང་བྱས་པ་དེར་ཁྱེད་ཀྱིས་བཀའ་དྲིན་ཞུས་ན་རེད་ཅེས་བུ་མོའི་སྐྱེ་སྐར་ལ་བཟོས་པའི་འདྲ་དཔར་ཆེ་ཤོས་དེ་དག་ལ་བལྟས། ༢༧།༧།༠༨

མུའགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༩ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

མཆན། 1

  1. karmasamten says:
    ལོ་ 15 སྔོན།

    ཡིན་རྒྱུ་རེ་ཁག་མེད མི་ཡུལ་གྱི་འཚོ་བ་ནི་དགུན་གྱི་རླུང་བུ་བཞིན་རེད་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese