རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད།
ཉེ་ཆར་ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༤ པའི་ཐོག་ཁམས་ཏྲེ་ཧོར་དཀར་མཛེས་རྗོང་དར་རྒྱས་རི་མགོ་གྲོང་འབྲུག་ཐར་ཚང་ཕ་དཀོན་མཆོག་གི་བུ་རང་ལོ་ ༡༧ ཡིན་པའི་བློ་བཟང་ཕུན་ཚོགས་དང། ལོ་སྣ་གྲོང་ནས་ཡིན་པའི་བུ་བསམ་འཕེལ། ནོར་འཛིན་གྲོང་ནས་ཡིན་པའི་བུ་བློ་བཟང་ལྷུན་འགྲུབ་བཅས་མི་གསུམ་ནས་དཀར་མཛེས་ཁྲོམས་གཞུང་དུ་བོད་ལ་རང་དབང་དགོས་པ་དང། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟེན་དགོས་པ་སོགས་ཀྱི་ངག་ནས་སྐད་འབོད་དང། ༸གོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་གཞིས་བྱེས་བོད་མི་ས་ཡ་དྲུག་མཉམ་འཛོམས་དགོས་པ་སོགས་ཀྱི་ལག་ནས་ཡིག་ཆ་འགྲེམས་སྟོར་གྱིས་རྒྱ་དམར་གཞུང་ལ་ངོ་རྒོལ ་ཤུགས་ཆེ་བྱེད་པ་བརྟེན། དུས་ཚོད་ཡུན་རིང་མ་སོང་བ་རྒྱ་གཞུང་ཉེན་རྟོག་པས་ཁོ་ཚོ་གསུམ་ས་ཆ་དེ་གར་ཉེན་རྡུང་ཚད་མེད་བཏང་ནས་འཛིན་བཟུང་བྱས་ཡོད་འདུག།ད་ལྟའི་ཆར་ཁོ་ཚོ་གསུམ་བཙོན་ཁང་གང་ཞིག་ཏུ་བཅུག་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་ཀྱིན་མེད་པར་བརྟེན་ནང་མི་དང་ཉེ་འབྲེལ་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག།འབྲེལ་བ་གནང་ཡུལ།
འཁྲུངས་གསར་དགེ་བཤེས་བསྟན་འཛིན།
༼འབྲས་སྦུངས་བློ་གསལ་གླིང་།༽
ཁ་པར་ཨང། 09880061889


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)


