མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་དགེ་རྣམས་ཀྱི་ལས་ཀའི་ངོ་བོ་གང་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

                                                         ནག་པོ་གཤིན་རྗེ་གཤེད།

 སློབ་གྲྭ་ཁག་ལ་དམིགས་བྱ་གཅིག་དང་བསམ་ཕྱོགས་གཅིག་ཡོད་པ་ནི་དགེ་རྒན་རྣམས་གཙོ་བྱས་སློབ་ཕྲུག་རྣམས་ནང་ཆོས་དང་ཡང་ན་རིགས་ལམ་གྱི་འགྲོས་འདི་ཡར་བསྐྱེད་དང་། ངོས་ཟིན་ཞིག་ཡོང་རྒྱུའི་རེ་བ་དང་འདོད་འདུན་འདི་འདྲ་ཞིག་བཅིངས་ཡོད། འདི་ཡང་གཙོ་ཆེར་༸གོང་ས་མཆོག་གི་བཀའ་སློབ་གཞི་བཟུང་ནས་ལམ་སྲོལ་ལམ་དམིགས་འདུན་ཞིག་བཟུང་བ་ཡིན་ཞེས་བཤད་ན་ཡང་འགལ་འཛོལ་མེད་བསམ།

སྤྱིར་བཙན་བྱོལ་དུ་གནས་པའི་བོད་ཀྱི་སློབ་གྲྭ་ཁག་གི་ནང་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་མེད་པ་ནས་ཡོད་པར་གྱུར་ཡོད་ལ། ཡོད་པ་ནས་ཀྱང་སྤུས་ཇེ་ལེགས་ཀྱི་རྣམ་པ་ཞིག་ལ་མངོན་ཇི་ཐུབ་བྱས་ཡོད། དེ་ཡང་གྲོས་བསྡུར་དང་། གོ་རྟོགས། བསམ་ཚུལ། ཤན་འབྱེད་ཀྱིས་ཐོག་ནས་སློབ་གྲྭ་རེ་ལ་སློབ་ཕྲུག་མང་ཉུང་དང་ཡག་སྡུག མཐུན་རྐྱེན་འཛོམས་མེད་ལ་མ་བལྟས་པར་གྲྭ་ས་ཁག་ནས་རང་འདོད་དང་ཁུར་ལེན་ལ་བརྟེན་ནས་ཆོས་དགེ་ཞིག་ངེས་པར་དུ་དགོས་ཞེས་གྲོས་ཆོད་རབ་རིམ་བཞག་པ་རེད། དེ་ལྟར་བཞག་པ་ནང་བཞིན་ཆོས་དགེ་ཡི་ཆ་རྐྱེན་ཡང་གང་ལ་གང་འཚམས་ཀྱི་དགོས་འདུན་བཞིན་རགས་ཐབས་བྱོས་ཡོད་པ་རེད། འོ་ན་ཆོས་དགེ་ཡི་ཆ་རྐྱེན་ལག་ཏུ་ཚུད་ནས་སློབ་གྲྭ་ཁག་ལ་ཡར་བསྐྱེད་གང་འདྲ་ཞིག་བྱུང་ཡོད་པ་རེད། གོ་རྟོགས་གང་འདྲ་ཞིག་བྱུང་ཡོད་པ་རེད། ཆ་རྐྱེན་དང་དམིགས་བྱ་ལ་དཔག་པས་དོན་གནད་ཇི་འདྲ་ཞིག་འགྲུབ་ཡོད་པ་རེད་ཞེས་བརྡར་ཤ་ཞིག་གཅོད་དགོས་པ་རེད། བརྡར་ཤ་ལ་དཔག་ནས་དངོས་ཡོད་དང་། ཕན་འབྲས། མདོ་དོན་གྱི་དམིགས་བྱ་ཞིག་འཛིན་དགོས་པ་རེད། དེ་ནི་ད་ཡོད་ཀྱི་ཆོས་དགེ་རྣམས་ལ་ཡང་གསལ་གསལ་ཐིང་ཐིང་ཞིག་ཡིན་ལ་མགོ་རྔ་ཚང་མས་ཀྱང་འདི་རེད་དེ་རེད་ཞེས་ཁ་མཚོན་ཞིག་ཀྱང་གཅོད་ཐུབ་ཀྱི་རེད་འདོད།

འོ་ན་ཆོས་དགེ་ནི་ཅི་ཞིག་རེད། གང་ཞིག་བྱེད་དགོས་ཀྱི་རེད་ཞེས་སློབ་གྲྭའི་ལས་རིམ་མམ་ཉིན་རེའི་མཛད་རིམ་ཁག་ལས་མཛུབ་རྩིས་ཤིག་བྱས་ན། དེ་ནི་སློབ་ཐུན་སྐབས་རང་བགོས་འཛིན་གྲྭ་ཁག་ལ་བསྐྱོད་ནས་དཀོན་མཆོག་གསུམ་དང་སྐྱབས་སུ་འགྲོ་མིན་གྱིས་ལས་སླ་བ་ནས་ཚིག་མཁྲེགས་ཅན་དང་། ཡང་ན་གྲྭ་སའི་སློབ་གཉེར་གྱི་བྱེད་སྟངས་གཙོ་བཟུང་གིས་ངག་རྒྱུགས་ལེན་པ་བཞིན་བཤད་ནས་ཚོགས་ཐུན་གྱིས་དྲིལ་བརྡ་སྒྲོགས་པའི་དབར་ཡིན། དེའི་རྗེས་ཀྱི་འགན་དང་། གཙོར་བཟུང་། ངེས་ཤེས་ལ་ཕལ་ཆེར་ཞིབ་འདང་ཞིག་མེད་ཞེས་བརྗོད་ན་མི་ཆོག་རྒྱུ་མེད་བསམ། དེ་ཡང་རང་ཉིད་ཀྱི་འགན་བབ་བསྒྲུབ་ཡོད་ལ་སློབ་ཁྲིད་གཙོ་སྐྱོང་གི་གནས་བབ་ལ་སུས་ ཀྱང་དོ་སྣང་བྱས་མེད་ལ་རང་ཉིད་ནས་ཀྱང་གཅིག་འགྲུབ་སོང་བསམ་པ་ལས་ཅི་ཞིག་བསླབ་ཡིན་གང་ཞིག་ཤེས་རྟོགས་བྱུང་ཡོད་མེད་ལ་འཚོལ་ཞིབ་བྱས་མེད། ཡིན་ཡང་འདི་ཡང་ཆོས་དགེ་རྣམ་དག་ཞིག་དང་རང་གཤིས་དྲང་བའི་ཆོས་དགེ་ཞིག་གི་འཁྲིད་སྟངས་ཡིན། ཁོའི་གཤིས་ལ་གྲྭ་ས་ནས་གང་འདྲ་འགྲོ་བཞིན་ཡོད་པ་གཞིར་བཅོས་ནས་བསླབ་ཁྲིད་བྱེད་པ་ལས་སློབ་གྲྭའི་གནས་བབ་དང་། ཕྲུ་གུའི་དེའི་སེམས་ངོགས་ལ་གང་ཞིག་འཇགས་མིན་རང་ཉིད་ཀྱི་གོམས་གཤིས་ལ་དཔེ་བླངས་ནས་བསམ་ཞིབ་བྱས་ཡོད། དེ་བས་རང་ཉིད་ཀྱི་གོམས་གཤིས་དང་བསམབློ། བྱེད་བབ་རྣམས་དུས་རབས་ཀྱི་འགྲོས་སམ་ཡང་ན་སློབ་ཁྲིད་ཀྱི་གོ་རྟོགས་ཁྲོད་ནས་འགྱུར་བ་ཕྱིན་པ་ལ་བསམ་ཞིབ་དེ་ཙམ་མེད་ཞེས་བརྗོད་ན་མ་འཐུས་པ་མེད།

དེ་ན་འདི་ཡང་མིན་ལ་དེ་ཡང་བྱེད་མི་དགོས་པའི་ཆོས་དགེ་ནི་གང་ཡིན་ཞེས་ཚ་འདེད་ཐེངས་གཅིག་བྱས་ན། དེ་ནི་ཐོག་མའི་དམིགས་བྱ་དང་ལག་ལེན་དངོས་གཉིས་ཀྱི་ཐད་ནས་མི་འོས་པ་དང་མི་མཚམས་པའི་ཆོས་དགེ་དག་རེད། ཁོ་ཚོ་ནི་ནང་ཆོས་དང་རིགས་ལམ་གྱི་ལམ་ཁ་སྟོན་ཕྱིར་སློབ་གྲྭའི་དགེ་ཆོས་ཞེས་ལམ་སྲོལ་དང་མིང་བཏགས་དེ་འདྲ་ཞིག་ཡིན་དགོས་པ་ལས། ལུས་རྩལ་འགྲན་བསྡུར་གྱི་ཁ་མགོ་སྔ་ལ་ཇུས་གཏོགས་བྱེད་མཁན་དང་། སློབ་གྲྭའི་སྒྲིག་ཁྲིམས་ཀྱི་ཚོགས་གཙོའི་འགན་བབ། སློབ་གྲྭའི་བདེ་འཇགས་ཚོགས་གཙོ་སོགས་འཇིག་རྟེན་པའི་ལས་ནང་འཛུལ་ཞུགས་བྱས་ན་མི་འོས་ལ། རིགས་གཞུང་ཚོགས་གཙོ་ཞེས་སློབ་གྲྭའི་ནང་འཁྲབ་ཆོས་གྲངས་ག་ཚོད་ཡོད་མེད་དང་། ཕྱི་ལ་གཡར་ཆོག་པའི་འཁྲབ་ཆོས་གང་ཡིན་དང་གཡར་མི་ཆོག་པའི་འཁྲབ་ཆོས་གང་དག་ཡིན་མིན་གྱི་ཐོ་གཞུང་ཉར་མཁན་དང་། འཇིག་རྟེན་འཁོར་བ་པོའི་ཆོས་གོས་ལ་བདག་གཉེར་བྱེད་མཁན་ཞིག་གི་དགེ་ཆོས་བྱས་ན་མི་ལེགས་སེམས། རིགས་གཞུང་ཞེས་ནང་ཚན་ཞིག་བགར་ནས་ཆོས་ཕྱོགས་ཁོ་ནའི་མཛད་ཁུར་བྱས་ན་འོས་ཤིང་འཚམས་པ་ལས་དེ་མིན་འཇིག་རྟེན་འཁོར་བ་པའི་འཁྲབ་ཆོས་ཙམ་གྱི་འགོ་ཁྲིད་དང་མཚན་མཐོང་ཞིག་ ཁུར་ན་ཤིན་ཏུ་མི་འོས་འདོད། འདི་ཡང་གཙོ་ཆེར་ཐོག་མའི་མིང་དང་མཛད་ཁུར་ལ་བལྟས་ནས་གཙོར་ཆེར་བརྗོད་བཞིན་ཡོད། ཕྲན་སྤྱིར་གང་ཡང་མི་འཇོན་པ་དང་གང་ཡང་ཤེས་རྟོགས་མེད་མཁན་ཞིག་ཡིན་མོད། འཇིག་རྟེན་པའི་ལས་དང་སེར་མོ་བའི་དབྱེ་མཚམས་ཤིག་ཏན་ཏན་ཡོད་ངེས་རེད་བསམ་པ་བྱུང་། དེ་བས་འདི་བཀོད་པ་ཡིན་སྟབས་ནོར་འཛུལ་བྱུང་ན་ཐོ་ལོ་གཤགས།

 (སློབ་གྲྭ་ཚང་མའི་ཆོས་དགེ་རྣམས་ནས་དེ་ལྟར་གནང་གི་འདུག་ཞེས་བརྗོད་བཞིན་མེད། སློབ་གྲྭ་ཉུང་ཤོས་ཤིག་ནས་དེ་འདྲ་གནང་བཞིན་ཡོད་པས་འབྱུང་འགྱུར་ལམ་ལུགས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ན་དེ་ཙམ་མི་འོས་བསམ།)

མཆན། 11

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 11 སྔོན།

    བརྒྱ་བཤད་སྟོང་བཤད་ཅི་བྱས་ཀྱང་། ཆོས་དགེ་ཞིག་གིས་ཆོས་དགེ་དག་གི་རྐང་བའི་འཐེན་ཡོད་པ་འདྲ།

    སྐོར་བ་བསྐོར་ནས་བཤད་བསྡད་པ་ལས་དེའི་སློབ་གྲྭ་ལ་ཕེབས། ་དེ་ནས་ཐག་བཅད་ན་རེད

    Reply
  2. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 11 སྔོན།

    སྨར་ཀླུང་དཔའ་ལ་ལག།
    ཁྱེད་ནི་དངོས་གནས་དེང་དུས་ཀྱི་བརླེད་པ་དང་ཤེས་ཡོན་གཉིས་ཆ་ཡོད་མཁན་གྱིས་མཁས་དབང་ཞིག་ཡིན་པར་སེམས་ང་ཅི་ཡང་མི་ཤེས་པའི་བརླན་པ་སྡོ་འདྲ་བོ་ཡིན་ཡང་ཁྱེད་ཀྱི་བྱིན་བྲིས་དེ་ལ་དངོས་གནས་དགའ་བོ་བྱུང་མི་མཐུད་སྟེ་སྤེལ་རོག་གནང་ཐུགས་རྗེ་ཆེ།།།

    Reply
  3. འཁྲུངས་སྐར། says:
    ལོ་ 11 སྔོན།

    ཆོས་དགེ་ནི་ཆོས་པ་ཞིག་ཡིན་དགོས། དེ་ཡང་མཁས་དབང་ཨ་དཀར་ཚང་འཇམ་དབྱངས་དཔལ་འབྱོར་ཞལ་སྔ་ནས་རིན་ཆེན་དང་པོ་གོང་ཆེ་ཡང་སོ་སོ་བདེ་སྤྱོད་ལྕགས་ཡག་གསུང་པ་བཞིན་ཆོས་དགེ་ལས་ནི་ཆོས་ཕྱོགས་ཡིན་ཡང་དེང་དུས་དང་ཕྱོགས་ཞེན་སོགས་མང་པོ་ཞིག་ཡང་སློབ་མ་རྣམས་ལ་འཁྲིད་ཐུབ་གནང་དགོས་པ་མཐོང་།

    Reply
  4. དམར་ཁ་ཚ། says:
    ལོ་ 11 སྔོན།

    གཤིན་རྗེ་གཤེད་ཀྱི་གྲོང་ཁྱེར་ནས།།
    ནག་པོ་གཤིན་རྗེ་ལ་མདུད།།
    ཡང་དག་གསུང་ལ་མི་ཕྱེད་པའི།།
    དད་པ་སྤྱི་བོའི་རྒྱན་དུ་ལེན།།

    ཨ་ཧ་བོ་ན ཐ་ཧར་སྐལ་བཟང་ལགས། ཁྱོས་ཅི་ཡང་ཤེས་མི་འདུག

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 11 སྔོན།

    དེ་རིང་སློབ་གྲྭ་ཁག་ནང་ཆོས་དགེ་བསྐོར་ལ་(ནག་པོ་གཤིན་རྗེ་གཤེད་)དགྲ་བོའི་སྲོག་ལ་དུག་ཧ་ལ་ལགས་ཀྱི་བསམ་ཚུལ་ནང་བོད་ཀྱི་བུད་མེད་ཁ་ཤས་ཀྱི་ཟིན་བྲིས་མཐོང་རྒྱུ་འདུག་པ་འདི་ལ་ངོས་ནས་དང་པོ་ཡི་རང་ཞུ་གི་ཡོད། སྤྱིར་སློབ་གྲྭ་ཁག་ཏུ་ཆོས་དགེ་ནི་ངེས་པར་དུ་ཡོད་དགོས་པ་དང་། དེར་བཞུགས་པའི་ཆོས་དགེས་ཀྱང་ཞལ་འདོན་སྐྱོར་རྒྱུ་གདན་ས་ཁག་ཏུ་བསྡུས་གྲྭའི་སློབ་ཁྲིད་ལྟ་བུ་གཅིག་པུ་མིན་པ། ནང་པ་སངས་རྒྱས་པའི་རིང་ལུགས་འདི་མ་སྦྱང་ན་ཐབས་ཆགས་པའི་ལོ་རྒྱུས། སྦྱང་ན་དགེ་མཚན་ཆེན་པོ་ལྡན་པའི་ལོ་རྒྱུས། དེ་ཡང་མི་ཆོས་ལ་འཁོ་བའི་ཀུན་སྤྱོད་དང་ལས་འབྲས་སློབ་མའི་རྒྱུད་དང་སྦྲེལ་ནས་སློབ་མ་ཚོའི་ཤེས་རིག་ལ་ངེས་པར་དུ་བརྩོན་འགྲུས་དང་སློབ་འབྲས་རྩེར་ཐོན་གྱི་བསྐུལ་མ་བཅས་འབུར་དུ་ཐོན་པའི་སློབ་ཁྲིད་ཞིག་མེད་ན། འདོད་ན་མ་འདོད་ན། ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཨི་ཁྱབ། ཞེས་པ་འདི་ཚོ་ནི་གྲྭ་ས་ཚོའི་ནང་། ནང་ཆོས་འདི་གཏིང་ཟབ་མོ་ཞིག་མི་ཡི་གླད་པར་རྒྱུས་མངའ་བཞག་དགོས་པའི་སྦྱང་འབྲས་རིང་པོ་ཞིག་གི་ཁྲིད་སྟང་ཡིན་སྟབ་འདི་ཚོས་ནི། སློབ་མ་ལ་མི་ཕན་ཁར་སློབ་སྦྱོང་གཞན་པའི་དུས་དགག་རོག་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད། ཁོ་བོས་བསམ་པ་ལ་སློབ་མ་རྣམས་ལ་སློབ་ཁྲིད་གཙོ་བོ་དུས་ཐུང་ཐུང་གནང་ནས་། ནང་ཆོས་ཞེས་པ་འདི་མིང་གང་གི་སྒོ་ནས་བཏགས་པ། དེས་འགྲོ་བ་སེམས་ཅན་ཡོད་དོ་ཅོག་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་ཕན་བཏགས་ཐུབ་པ། ལས་འབྲས་ཞེས་པ་དེ་ཚུལ་ཇི་ལྟར་བྱས་ནས་བཞག་པ། སེམས་ཞེས་པ་དེ་དང་དབང་པོ་གཉིས་ཚུལ་ཇི་ལྟ་བུའི་སྒོ་ནས་འབྲེལ་བ་བྱེད་ཀྱི་ཡོད་པ། སེམས་དེ་རྒྱུད་གཅིག་ནས་གཅིག་ཏུ་ཚུལ་ཇི་ལྟ་བུ་སྒོ་ནས་འཕོས་པ་སོགས་ཀྱི་རྣམ་བཞག་དེང་དུས་དང་སྦྲེལ་ནས། གསེར་རྟ་མཁན་ཆེན་གྱིས་གསུང་ལྟ་བུ་རྩ་བའི་ཨ་མ་བཞག་ན། འཇིག་རྟེན་གྱི་སྐྱོན་ཡོན་ཆོས་ཀྱི་ལམ་ནས་སྤང་རྟོགས་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཆེ་ལ་སློབ་མ་རྣམས་ཀྱང་ཉབས་སྣང་དང་འཚེར་སྣང་ཡང་རང་བཞིན་གྱི་མི་འབྱུང་བ་སོགས་ཀྱི་དགོས་པ་ཡོད་པར་སེམས། དེ་མ་ཡིན་པར་སྔ་ས་བཞིན་འགྱུར་བ་ཞིག་མེད་ན། བསྡུས་གྲྭ་དང་ཞལ་འདོན་རྣམས་ཀྱིས། སློབ་མ་ཁ་ཤས་ཀྱིས་ཞལ་འདོན་མི་དགོས་པའི་བསམ་འཆར་མང་པོ་འདོན་འདུག་པ་འདི་ཚོ་ལ་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད་སྙམས།

    Reply
  6. ཐ་ཧྭར་སྐལ་བཟང་། says:
    ལོ་ 11 སྔོན།

    ཆོས་དགེ་རྣམས་ཀྱི་ལས་ཀའི་ངོ་བོ་ཆོས་དགེ་༼ཆོས་སློབ་ཁྲིད་བྱེད་མཁན༽་རེད། ཁྱོད་ཀྱི་ཁ་བྱང་དེ་ནང་འགལ་ཡོད་པ་འདྲ་བོ་མཐོང་སོང་ཙང་བྲིས་པ་ཡིན།

    དགོན་པ་ནས་ཆོས་ཁྲིད་ན་དགོན་པའི་སྒྲིག་ཁྲིམས་བཞིན་འགྲོ་དགོས་པ་རེད། དཔེར་ན་དགོན་པའི་ནང་གི་ལས་སྣེ་སོགས་བྱེད་དགོས་པ་རེད། དེ་བཞིན་སློབ་གྲྭ་ནས་ཆོས་དགེ་བྱས་ན་སློབ་གྲྭའི་སྒྲིག་ལམ་ལྟར་འགྲོ་དགོས་པ་རེད། ཆོས་དགེ་བྱེད་ལས་གཙོ་བོ་ཡིན་པ་གང་ཞིག་ལ་ལས་ཞོར་དུ་སློབ་གྲྭའི་སྤྱི་ཚོགས་ཀྱི་འགན་འཁྱེར་དགོས་པ་རེད།
    སློབ་གྲྭའི་ནང་ནས་ཆོས་དགེ་ལ་དམིགས་གསལ་གང་ཡང་ཡོད་པ་མ་རེད། རྩིས་རིག་དང་དབྱིན་ཇིའི་དགེ་རྒན་སོགས་ཀྱི་ཚད་རིམ་གཅིག་པ་རེད། ཕལ་ཆེར་གླ་ཆ་གཅིག་པ་ཡིན་རྒྱུ་རེད།

    Reply
  7. ལྷ་མོ་དབྱངས་ཅན། says:
    ལོ་ 11 སྔོན།

    ཆོས་དགེ་རྣམ་པས་ཞལ་འདོན་དང་གསོལ་འདེབས་དེ་རིགས་བསླབ་ན་ལས། དེ་མིན་ཆོས་ཀྱི་ཞག་ཚིལ་རང་ཉིད་ལ་མེད་ཙང་སློབ་ཕྲུག་རྣམས་ལ་ཅི་སྟེ་བསླབ་བོ།། ཤེས་རིག་ནས་ཀྱང་ཕྱིའི་རྣམ་པའི་འཁྲབ་སྟོན་འདིའི་རིགས་ལས་གཞོན་སྐྱེས་རྣམ་པའི་ཤེས་ཡོན་ཡར་རྒྱས་རྣལ་མ་ཞིག་ལ་དགོངས་བཞེས་གནང་གི་ཡོད་ཚེ་སློབ་དེབ་དང་དགེ་རྒན་གྱིས་སྤུས་ཀ་མཐོ་ནས་མཐོ་རུ་འདེགས་གནང་ཡོང་གསོལ་འདེབས་སུ་།།

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 11 སྔོན།

    ང་དང་བཀྲ་ཤིས་སྒྲོལ་མ་གཉིས་ཕལ་ཆེར་ལས་ཀྱི་བསྡུས་པའི་བུད་མེད་ཞེས་ན་ང་ཡང་མི་སྤྲོ། བུ་ཡོད་བཞིན་དུ་བུ་མེད་ཞེས་ན་མི་དགའ་བ་དེ་ཡིན། དེ་རིང་བཀྲ་ཤིས་ལགས་ཀྱིས་རྟོགས་མ་རྟོགས་དང་ཡིན་མ་ཡིན་གྱི་དགོས་མེད་ཚིག་བརྗོད་ཁ་ཤས་ཤིག་སྤེལ་སྟངས་ལ་དཔག་ན་བུད་མེད་ཞིག་ལས་གྲྭ་རྫུན་ཞིག་ཏུ་སྤྲུལ་འདུག་ཞེས་ན་ཡང་ནོར་བ་ཆེ་མེད་བསམ། ཡི་གེ་དག་ཆ་ཞེས་པ་དེ་ལ་ངོ་མ་རེད་ནོར་ཆོག་པ་ཞིག་དང་ཡང་ན་སྐྱོན་བརྗོད་ཞིག་ངེས་པར་དུ་དགོས་པ་ཡིན། འོན་ཀྱང་ཆོས་དགེ་ཞིག་ཡིན་ཕྱིར་དོན་གདན་གང་ཞིག་འཛིན་དགོས་པ་དང་། དམིགས་བྱ་ཡང་ནོར་མི་རུང་སེམས། དེ་མིན་ཡར་ལ་མགོ་བདེ་དང་མར་ལ་ཡིན་མདོག་ཞིག་འཁྲབ་ན་ཐོག་མའི་བླང་བྱ་དང་དོར་བྱ་གཉིས་རྒྱབ་འགན་ཡིན། བརྗོད་བྱ་འདིའི་ནང་དུ་ཡང་ཆེར་བཤད་མི་འདུག་བསྒྲུབ་ཕྱོགས་ཤིག་དང་གནད་འཁེལ། ཡང་ན་རྩ་བའི་ལངས་ཕྱོགས་གཉིས་ཀྱི་ཐད་ནས་བརྗོད་བཞིན་ཡོད་བསམ་པ་འདུག འདི་ལ་དྲང་བདེན་གྱི་ལངས་ཕྱོགས་ཤིག་དང་ལམ་སྟོན་ཞིག་ངེས་པར་དུ་དགོས་པ་ལས་རང་ཕྱོགས་ཙམ་བཟུང་ན་ཡར་བསྐྱེད་མེད་ལ་དྲང་བདེན་ཡང་མེད་བསམ།

    Reply
  9. གྲགས་བསོད་ says:
    ལོ་ 11 སྔོན།

    སློབ་གྭ་ཁག་ལ་ཆོས་དགེ་དགོས་རྒྱུ་མི་འདུག ཆི་རེད་ཟེར་ན། མི་གསར་པ་ལ་བསམ་བློ་རྙིང་པའི་བག་ཆགསབཞག་ཀྱིན་འདུག།

    Reply
  10. བཀྲ་ཤིས་སྒྲོལ་མ། says:
    ལོ་ 11 སྔོན།

    ཆོས་དགེ་རྣམས་པའི་གནས་ཚུལ་ལ་རྒྱུས་ལོན་མེད། དེ་བཞིན་བཙན་བྱོལ་ནང་གི་སློབ་ཕྲུག་དག་ལ་ཆོས་དགེ་རྣམ་པའི་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་ཀྱང་ངེས་གསལ་མེད། འོན་ཀྱང་དབྱངས་ཅན་སྒྲོལ་མ་མིང་ཅན་གྱི་བསམ་ཚུལ་ལྟ་བུའི་མཆན་བུ་དེ་ལ་སྐད་ཆ་ཆུང་ཆུང་ཞིག་མོལ་འདོད་བྱུང་།

    གཅིག་ནས་ཉིད་ཀྱིས་གོ་རྒྱུ་མེད་པའི་སྐད་ཆ་དེ་འདྲ་ལན་གཅིག་མིན་པར་ཐེངས་ཁ་ཤས་ལ་ཟིན་བྲིས་དང་གསར་འགྱུར་སོགས་ཀྱི་གཤམ་མཆན་དུ་བཀོད་སོང་བས་རྗེས་ཕྱོགས་མཆན་བུ་འདེབས་ཚེ་ངེས་པར་ཅུང་གཟབ་ནན་བྱས་ནས་འདེབས་རོགས།
    གཉིས་ནས་ཟིན་བྲིས་བཏབས་པའི་སྐབས་སུ་ཡི་གེའི་དག་ཆ་ལ་གང་ཐུབ་གཟབ་རོགས། སྤྱིར་བཏང་ཡིན་སྐྱོན་རྩ་བ་ནས་མི་ཤོར་མཁན་ཅུང་ཁག་པོ་ཡིན་པས་ཉིད་ལ་ཡང་ཅི་ཁག འོན་ཀྱང་བསམ་བཞིན་དང་ཆེད་མངགས་ལྟ་བུའི་བཟོ་བལྟ་ཡོད་པའི་ཡིག་སྐྱོན་དེ་འདྲ་མི་འབྲི་རོགས།
    གསུམ་ནས་མཆན་བུ་འདེབས་སྐབས་ངེས་པར་གང་ཞིག་མཆན་བུ་འདེབས་སའི་མ་རྩོམ་གྱི་རྩ་བའི་གནས་ཚུལ་ལ་རྒྱུས་ཅུང་ཡོད་པའི་སྒོ་ནས་མཆན་བུ་འདེབས་རོགས། དེ་མིན་ཁ་ལ་ཡོང་ཚད་དང་ལག་ལ་ཐོགས་ཚད་བྲིས་ན་རང་གཞན་སུ་ལ་མི་ཕན་པས་དེ་འདྲ་མི་གནང་པར་མཁྱེན།

    སྐད་ཆ་ཆུང་ཆུང་འདི་ཉིད་ལ་ཅུང་ཕན་ན་སྙམ་པའི་རེ་བ་བཟུང་སྟེ་བྲིས་སྟབས་ཐུགས་ལ་མི་གནོད་པར་མཁྱེན།

    Reply
  11. དབྱངས་ཅན་སྒྲོལ་མ། says:
    ལོ་ 11 སྔོན།

    ད་ཆོས་དགེ་ཚོར་ཡང་པགས་པ་ཚ་དགོས་མདོག་བལྟན་འདུག་མོད།
    ར་བྱ་ནས་ལུག་འདར་དགོས་པ་མ་རེད། སློབ་གྲྭ་དང་དགོན་སྡེ། ཚོགས་སྡེ་གང་ཡིན་ཡང་ངན་པའི་རིགས་ལིང་ཤོར་མི་འཇུག་རྒྱུ་འཁོར་ཡུག་དེའི་གནད་ཡོད་མི་སྣ་ཚོར་རགས་ལས་ཡོད་པ་ཞིག་རེད། སོ་སོའི་རང་སྔོན་ནས་ལས་དཀའ་དེ་འགན་ཡག་པོ་མི་ཁུར་བར་ལས་འདུག་ན། དཔེར་དེ་སྔོན་ཚེ་མཆོག་གླིང་གི་དགེ་བསྐོས་དང་རྒན་རིམས་ཀྱི་འགན་ཁུར་བ་བཞིན་དགོས་ནི་རེད།

    Reply

Leave a Reply to དབྱངས་ཅན་སྒྲོལ་མ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist