མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཟའ་ལྷག་པ་ནམ་ཡིན་ལ་དཔུང་རྟཊ་དཀར་པོ་འདོག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་སྙན་ཐོ་ཞིག་དབུ་འབྱེད་གནང་བའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངོ་རྒོལ་མཚོན་ཆེད། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཞེས་པའི་དཔུང་རྟཊ་དཀར་པོ་འདོག་དགོས་པ་བཅས་དོན་ཚན་ལྔ་བཀོད་འདུག 

དེ་རིང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲོག་འོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་གར་གྱི་གྲོང་ཁྱེར་ཧ་རི་ཡཱ་ཎར་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པའི་སྟེང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ཞིབ་འཇུག་བྱས་པའི་གྲུབ་དོན་དང་། མ་འོངས་པའི་བྱེད་ཕྱོགས་བཅས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་པའི་དབྱིན་ཡིག་གི་སྙན་ཐོ་ཞིག་དབུ་འབྱེད་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་སྔ་ལོར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་རྒྱབ་ལྗོངས་གཙོ་བོ་ཁག་ངོ་སྤྲོད་གནང་བའི་ནང་། ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མི་ཚོས་ཞི་རྒོལ་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱས་ཚུལ་དང་། གནད་དོན་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ཡོད་སྐོར།  དེ་བཞིན། ཚོགས་འདུའི་མཛད་སྒོར་༧གོང་ས་མཆོག་དང་རྒྱ་གར་སྲིད་བློན་གཞོན་པ་ཨ་ཏི་ཝ་ནཱེ་མཆོག ཕྱི་སྲིད་དྲུང་ཆེ་ཟུར་པ་ཁེན་ཝེལ་སི་བྷིལ་ (Kanval Sibal) །  ཧི་ལ་ཅལ་མངའ་སྡེ་བློན་ཆེན་ཟུར་པ་སཱིན་མིན་ཁོ་ཊི་ཡ་ (Singh Mankotia) བཅས་ཕེབས་ཐུབ་ཡོད་སྟབས་བོད་དོན་ལས་འགུལ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་དང་། ལྷག་པར་དུ། རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་བྱས་ཏེ་ཚོགས་ཞུགས་གནང་བ་དེས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བློ་སྟོབས་ཆེན་པོ་སྤྲད་ཡོད་སྐོར་སོགས་འཁོད་འདུག

 

ཚོགས་ཆེན་སྟེང་མ་འོངས་ལག་བསྟར་བྱ་འཆར་སྐོར་དོན་ཚན་ ༤ བཀོད་ཡོད་པ་དག་ནི། དང་པོ་ཆབ་སྲིད་རྒྱབ་སྐྱོར་གྱི་དམིགས་ཡུལ་སྐོར་ལ། གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་བ་སྔར་ལས་ཡར་རྒྱས་དང་ལས་འགུལ་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ། བོད་ནང་གི་བོད་མི་ཚོའི་མངོན་འདོད་ལྟར། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུར་རྒྱབ་སྐྱོར་དང་། བོད་ནང་གི་གཞི་རྩའི་རང་དབང་དང་འགྲོ་སྐྱོད་རང་དབང་། འདུ་འཛོམས་དང་ཆོས་ལུགས། སྨྲ་བརྗོད་རང་དབང་ཐོག་འབད་བརྩོན་ཞུ་རྒྱུ། གཉིས་པ་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ནང་། བོད་ནང་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་གནས་སྟངས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུས་ཏེ། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དུ་འཇུག་རྒྱུ་དང་། རྒྱལ་སྤྱིའི་ཐོག་སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཅི་ཙམ་ཡོད་མེད་གཞིས་བཞུགས་བོད་མིར་བརྡ་ལན་གནང་རྒྱུ། དེ་བཞིན། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་གསལ་སྟོན་བྱ་ཆེད། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཞེས་པའི་ཚོས་གཞི་དཀར་པོའི་དཔུང་རྟགས་འདོག་དགོས་པ་མ་ཟད། མི་གཞན་ལའང་དཔུང་རྟཊ་འདོག་དགོས་པའི་སྐུལ་མ་གནང་དགོས་ཞེས་བཀོད་འདུག  

གསུམ་པ་ཁོར་ཡུག་དང་འཛུགས་བསྐྲུན་ཞེས་པའི་ནང་། རྒྱ་གཞུང་གིས་གཏེར་ཁ་སྔོག་འདོིན་ཆེད་ལམ་ཁ་བཟོ་བ་དང་ཆུ་རགས་གསར་རྒྱག་བྱེད་བཞིན་པའི་གནད་དོན་ཐོག བོད་ནང་གི་ས་གནས་ས་ཐོག་གི་མང་ཚོགས་ལ་འབྲེལ་བ་ཞུས་ཏེ་ལས་གཞི་དེ་དག་ལ་བཀག་འགོག་གནང་ཐབས་བྱ་རྒྱུ་ཡིན། བཞི་བ་རྒྱ་རིགས་ལ་འབྲེལ་མཐུད་བྱེད་ཕྱོགས་ཞེས་པའི་ནང་།  མི་སྒེར་དང་ཉམས་མྱོང་བརྗེ་རེས་བྱས་པ་བརྒྱུད་མི་རིགས་ཕན་ཚུན་བར་བོད་ཀྱི་ཁོར་ཡུག་གནད་དོན་དང་། སྨྲ་བརྗོད་དང་ཆོས་དད་ལྡན་རང་དབང་སྐོར་ཤེས་རྟོགས་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ཞེས་འཁོད་འདུག

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པ་དེ་ནི།  ༢༠༡༠ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༥ ནས་ ༧ ཉིན་བར་རྒྱ་གར་གྲོང་ཁྱེར་ཧ་རི་ཡཱ་ཎར་ཚོགས་ཡོད་ཅིང་། ཚོགས་ཆེན་དེར་རྒྱལ་ཁབ་ཁག་ ༥༧ ཙམ་ནས་ཚོགས་ཞུགས་པ་ ༢༥༨ འབྱོར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་བཙན་གནོན་ཐེབས་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

སྐར་མ ༥༨ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 9

  1. ngawang tenzin says:
    ལོ་ 12 སྔོན།

    ཧ་ཅང་ཡག་པོ་རེད་འདུག། ངས་ཀྱང་དེ་ལྟར་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    Reply
  2. vajra says:
    ལོ་ 12 སྔོན།

    སྡོད་སྟངས་བཤད་སྟངས་དེ་ཚོ་རྫིག་པོ་འདུག
    ལག་ལེན་ག་འདྲའི་ཡོད་མིན་མི་ཤེས།

    Reply
  3. རིག་འཛིན། says:
    ལོ་ 12 སྔོན།

    དང་པོ་བཤད་པ་བཞིན་ཡོང་བའི་སྨོན་ལམ་ཞུ།

    Reply
  4. sansara says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ སྟེངས་མ་འོངས་ལག་བསྟར་བྱ་འཆར་སྐོར་དོན་ཚན་བཞི་བཀོད་པའི་ནང་གི་གཉིས་པའམ་གོང་གི་དོན་ཚན་དེ་མཐོང་རྗེས་སེམས་ནང་རང་བཞིན་གྱི་འདྲི་བ་ག་རེ་མཆར་བྱུང་བ་
    ༡ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ དེ་ཚོགས་ནས་ད་བར་དུས་ཡུན་ག་ཚོད་ཕྱིན་རྗེས་ད་ཆ་གཞི་ནས་དབྱིན་ཡིག་གི་སྙན་ཐོ་དེ་དབུ་འབྱེད་གནང་དགོས་དོན། ཡང་ན་སྙན་ཐོ་དེ་སྐབས་དེའི་ཚོགས་འདུའི་ཐོག་གྲོས་ཆོད་བཞག་པ་ཞིག་མ་ཡིན་པར་ཕྱིས་སུ་བཞག་པ་ཞིག་ཡིན་ནམ། ་རྒྱུ་མཚན་གང་ལ་རྟེན་ནས་ད་བར་ཕྱི་བསྒྲགས་བྱས་མེད་དམ།
    ༢ ( རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་གསལ་སྟོན་བྱ་ཆེད། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཞེས་པའི་ཚོས་གཞི་དཀར་པོའི་དཔུང་རྟགས་འདོག་དགོས་པ་མ་ཟད། མི་གཞན་ལའང་དཔུང་རྟཊ་འདོག་དགོས་པའི་སྐུལ་མ་གནང་དགོས་ཞེས་བཀོད་འདུག་ ) རྒྱུ་མཚན་གང་ལ་རྟེན་ནས་རེས་གཟའ་ལྷག་པ་འདམས་པ་ཡིན་ནམ། དཔུང་རྟགས་དེ་ཚོས་གཞི་དཀར་པོ་ཡིན་དགོས་དོན་གང་ཡིན་ནམ། དེ་ངེས་པར་དུ་དཔུང་རྟགས་ཞིག་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ནམ།།།།།

    Reply
  5. འཇམ་བཟང་། says:
    ལོ་ 12 སྔོན།

    གྲགས་བསོད་ཀྱི་བཤད་པ་བདེན།
    དོན་དག་ཡག་པོ་སྒྲུབ་དགོས། ད་དུང་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཞེས་པའི་ཚོས་གཞི་དཀར་པོའི་དཔུང་རྟགས་འདོགས་པ་དེ་བོད་མའི་སྒྲིག་འཛུགས་ཀྱི་ལས་བྱེད་དེ་བཞིན་སློབ་གྲྭ་ཁག་དང་གྲྭ་ས་ཁག་བཅས་ལ་ངེས་པ་ཅན་དུ་ལག་ལེན་བསྟར་དུ་འཇུག་དགོས།
    དེ་ལྟར་བྱུང་ཚེ་ནུས་པ་ཆེན་པོ་ཐོན་པའི་རེ་བ་ཡོད་རེད།
    མགོ་བཀའ་བློན་ནས་བཙུགས་ཏེ་དཔུང་རྟགས་དེ་འདོགས་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    ཕྱི་མེད་ན་སྔ་མི་འདུག་ལ་བཅོས

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    ཡག་པོ་འདུག་རྗེས་སུ་ཡི་རིང་བྱེད་རྒྱུ་ཡིན། དེ་མཚུངས་སུ་་ཉིན་ཅིག་སྐྱབས་བཅོལ་བོད་མིའི་འགྲིགས་འཛུགས་མ་ལག་དང་བཅས་པའི་བོད་ཀྱི་སྐད་ཡིག་སྣང་ཆུང་གཏོང་གྱིན་འདུག་ཟེར་ནས་ལས་འགུལ་འདི་འདྲ་རེ་སྤེལ་མི་ཡོང་བའི་ངེས་པ་མེད།
    ད་ལས་འགུལ་སྤེལ་དགོས་ཚོད་ཀྱང་རེད།་སྔ་མེད་ན་ཕྱི་མི་འདུག་སྙམ།

    Reply
  8. འཇམ་ཚུལ། says:
    ལོ་ 12 སྔོན།

    དོན་ཚན་ཁག་ལ་རྒྱབ་སྐྱོར་ཡོད། གཙོ་བོ་ད་དུང་རྔ་བ་སོགས་ལ་བཙན་གནོན་མཚམས་འཇོག་བྱས་མི་འདུག་པས་དེ་དག་སྣང་མེད་ལྟར་བུ་ར་ཤོར་མི་ཉན།

    Reply
  9. གྲགས་བསོད་ says:
    ལོ་ 12 སྔོན།

    ཁ་བཤད་ཆུའི་སྦུ་བ། ལག་ལེན་གསེར་གྱི་ཐིག་པ། ཞེས་པའི་དཔེ་ལྟར་མ་སོང་ན་འགྲིག་ག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist