མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཏཱ་ལའི་བླ་མར་སློབ་སྦྱོང་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་སེང་གེ་ཡིས་བརྩམས། ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།

གཟའ་ལྷག་པའི་ཉིན།    ཏཱ་ལའི་བླ་མའི་ཝེ་རིས་ཟོན་ལྟེ་གནས་སུ་མི་མང་གཅིག་ཁྲི་གཅིག་སྟོང་ལྷན་དུ་འཁྲུངས་སྐར་སྲུང་བརྩི་བྱ་རྒྱུ་ཡིན་པ་དང་། འཁྲུངས་སྐར་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གྲས་སུ་ཨ་རིན་གྷན་ངྷི་དང་མར་ཊན་ལོ་ཏེན་ཁན་གསུམ་པ་ཡོད་ལ། ཁོང་རྣམ་པ་གཉིས་ནི་རླབས་ཆེ་བའི་འཚེ་མེད་ཞི་བ་རིང་ལུགས་པའི་དབུ་ཁྲིད་གཉིས་ཀྱི་ཚ་བོ་དང་བུ་རེད།

ད་ལོའི་དབྱར་ཁར་མེ་ཏོག་བ་སྤུའི་གསར་བརྗེ་བྱུང་བ་དང་། མི་མང་གིས་མང་གཙོ་བརྩོན་ལེན་ཆེད་རང་སྲོག་དོར་བཞིན་ཡོད། ཡིན་ནའང་མོ་ཨར་མར་ཁ་ཊ་ཧྥུ་དམག་སྤྱི་ཡིས་སྲིད་དབང་གཅིག་སྡུད་སྲུང་སྐྱོབ་ཆེད་མི་མང་དམར་གསོད་གཏོང་བཞིན་པ་རེད། སྐབས་འདིར་ཏཱ་ལའི་བླ་མས་བོད་མི་མང་གི་འབོད་སྐུལ་ཤུགས་དྲག་པོ་བྱེད་བཞིན་པ་ལ་མ་ལྟོས་བར་རང་ཉིད་ཀྱི་ཆབ་སྲིད་དབང་ཆ་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་བོད་མིའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས། དེ་ནི་ཏཱ་ལའི་བླ་མས་གྲོས་ཚོགས་དང་ཁྲིམས་ཞིབ། འཛིན་སྐྱོང་བཅས་འཕོ་འགྱུར་དང་། གྲོས་གཞི་ཁག་ལ་ཆོག་མཆན་དང་ཡང་ན་མོས་མཐུན་མེད་པའི་ས་རྟགས་འགོད་པ། ཛ་དྲག་ཚོགས་འདུ་བསྡུ་བསྐོང་། ཕྱི་འབྲེལ་སྐུ་ཚབ་བསྐོ་འཇོག་བཅས་བཅའ་ཁྲིམས་སུ་གསལ་བའི་འགན་དབང་ཚང་མ་དོར་བ་རེད།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིན་བྱོན་གྱི་རྒྱུན་སྲོལ་ཏེ་མི་ལོ་ ༤༠༠ རིང་གི་ཆབ་སྲིད་འགོ་ཁྲིད་ཀྱི་གོ་གནས་མཚམས་འཇོག་པར་ཐག་གཅོད་གནང་བ་དང་།  ཐག་གཅོད་འདི་ལ་བོད་མི་མང་པོ་དང་འཛམ་གླིང་མི་མང་ཧ་ལས་པར་གྱུར་པ་རེད།  ཡིན་ནའང་ཐག་གཅོད་འདི་གློ་བུར་དུ་བྱུང་པ་ཞིག་མིན་པས་བློ་ཡུལ་ལས་འདས་བ་ཞིག་མ་རེད།  དོན་དངོས་སུ་ཐག་གཅོད་འདི་སྔོན་མ་ནས་ཡོང་བ་ཞིག་རེད། མི་ལོ་བཅུ་ཕྲག་རིང་ཏཱ་ལའི་བླ་མའི་བོད་ཀྱི་སྲོལ་རྒྱུན་ཁྲོད་ལྷ་དང་སྐུ་དྲག་གིས་དབང་སྒྱུར་བའི་མ་ལག་རིམ་བཞིན་དོར་ཏེ་བོད་མི་ཚོར་ཁོང་ཉིད་ཞལ་མ་བཞུགས་པའི་ཉིན་མོ་གྲ་སྒྲིག་བྱ་དགོས་བའི་བརྡ་སྟོན་གྱི་ཡོད། ཏཱ་ལའི་བླ་མའི་སྔོན་མ་ ༡༩༥༤ ལོ་ནས་བཟུང་མང་གཙོ་བཅོས་བསྒྱུར་འགོ་བཙུགས་པ་དང་།  བསྒྱུར་བཅོས་ལྷན་ཚོགས་བཙུགས་ཏེ་དབུལ་ཕོངས་ཅན་གྱི་ཞིང་བ་དང་བོད་མི་ཚོར་བཀལ་བའི་ཁྲལ་ལྗིད་མོ་དག་མེད་པ་བཟོས།  ཡིན་ནའང་བསྒྱུར་བཅོས་དེ་རྒྱ་ནག་དམར་ཤོག་གི་དམག་དཔུང་བོད་ལ་བཙན་འཛུལ་རྗེས་སུ་མཚམས་ཆད་སོང་། 

རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་ ༡༩༥༩ ལོར་ཏཱ་ལའི་བླ་མ་རྒྱ་གར་ཏུ་འབྱོར།  ཁོང་གི་དགོངས་གཞི་སྟེ་འཇིག་རྟེན་པའི་མང་གཙོའི་སྤྱི་ཚོགས་མངོན་དུ་གྱུར་བའི་དབུ་བརྩམས།  ༡༩༦༠ ལོ་དགུང་ལོ་ ༢༥ ཡིན་པའི་ཏཱ་ལའི་བླ་མའི་མཛུབ་སྟོན་འོག་བོད་མི་ཚོས་གྲོས་ཚོགས་ཀྱི་འཐུས་མི་ཐོག་མ་བདམས།  ཅུང་མ་འགོར་བར་བོད་ཀྱི་བུད་མེད་ཁ་ཤས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་རུ་བསླེབས།  བོད་ཀྱི་ཆེས་ཐོག་མའི་བཅའ་ཁྲིམས་དེ་ ༡༩༦༣ ལོར་གཏན་ལ་ཕབས་པ་དང་།  ཏཱ་ལའི་བླ་མའི་ནན་སྐུལ་འོག་བཅའ་ཁྲིམས་ནང་ཏཱ་ལའི་བླ་མ་གནས་དབྱུང་གཏོང་ཆོག་པའི་དོན་ཚན་ཞིག་བཅུག ༡༩༩༡ ལོར་༼ཐེངས་གསུམ་པའི་མང་གཙོའི་རླབས་རྒྱུན༽སྐབས་བོད་ཀྱི་གྲོས་ཚོགས་རྒྱ་སྐྱེད་བཏང་བ་དང་མཉམ་དུ་གཞུང་འཛིན་བཀའ་བློན་འོས་འདེམས་ཀྱི་འགན་དབང་ཐོབ།  སྔོན་ཆད་ཀྱི་བཀའ་བློན་ནི་དབུ་ཁྲིད་ཏཱ་ལའི་བླ་མའི་ཐད་ཀར་བསྐོེ་བཞིན་ཡོད། ༢༠༠༡ ལོར་ཤར་ཡུ་རོབ་ཀྱི་ཁ་དོག་གསར་བརྗེ་བྱུང་བའི་སྔོན་དེར།  ཏྰ་ལའི་བླ་མས་ཕྱེད་བགྲེས་ཡོལ་གྱི་གསལ་བསྒྲགས་བསྐྱངས་བ་དང་། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དགོས་བའི་ལམ་སྟོན་གནང་།  ཟམ་གདོང་རིན་པོ་ཆེ་ལ་འོས་གྲངས་བརྒྱ་ཆའི་༩༠ རག་སྟེ་བཀའ་ཁྲི་ཐོབ།

༢༠༡༡ ལོའི་ཟླ་ ༣ པར་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དང་། ཁོང་ཉིད་མུ་མཐུད་གཞུང་གི་མཚན་འཛིན་དབུ་ཁྲིད་གནང་དགོས་བའི་འབོད་སྐུལ་ལ་དང་ལེན་མ་གནང་།  མི་འགྱངས་པར་བོད་པའི་བཅའ་ཁྲིམས་བསྒྱུར་བཅོས་གཏན་ལ་ཕབས་པ་དང་སྒྲིག་འཛུགས་ཀྱི་རྣམ་པ་གསར་བ་ཞིག་མངོན།  བཀའ་བློན་ཁྲི་པ་སྟེ་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་འགོ་ཁྲིད་ཆགས་པ་དང་། ད་ནས་བཟུང་ཁྲིམས་ཡིག་ལ་ཆོག་མཆན་འགོད་པ།  སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་བསྐོ་འཇོག  གལ་གནད་ཆེ་བའི་སྲིད་བྱུས་ལག་བསྟར་སོགས་ལ་འགན་ཁུར་དགོས་བ་རེད། 

སྲིད་དབང་བརྒྱུད་སྤྲོད་འདི་ལ་བོད་མི་མང་པོ་ཞིག་གིས་སེམས་ཁྲལ་བྱེད་བཞིན་པ་ནི་བརྗོད་མི་དགོས་བ་ཞིག་རེད།  ཡིན་ནའང་དུས་སྐབས་འདི་ནི་བོད་མིའི་རང་དབང་འཐབ་རྩོད་དེ་སྔར་ལས་མི་སྐྱ་ཅན་དང་སྟོབས་ཤུགས་ཅན།  མུ་མཐུད་རྒྱུན་འཛིན་ཐུབ་པ་ཅན་ཞིག་ཆགས་པའི་གོ་སྐབས་ཤིག་ཀྱང་ཡིན།  བོད་མི་ཚོར་མཚོན་ན་འདི་ནི་ལོ་རྒྱུས་སྟེང་མ་བྱུང་བའི་ཁྱབ་ཁོངས་ཆ་མེད་ཅིག་རེད།  ཡིན་ནའང་བོད་མི་ཚོ་སེམས་ཤུགས་བསྐྱེད་དེ་གདོང་ལེན་གསར་བ་འདི་བསུ་བར་སྟ་གོན་བྱེད་བཞིན་པའི་རྟགས་མཚན་མངོན་བཞིན་པ་རེད།

ཏཱ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ན་ ༣ པའི་ཚེས་ ༢༠ ཉིན་དེ་སྔ་བྱུང་མ་མྱོང་བའི་འོས་བསྡུ་ཆེན་མོ་དང་ལྷན་དུ་བསླེབས་པ་དང་།  ཉིན་དེར་གླིང་ཆེན་ཨེ་ཤ་ཡ་དང་ཡུ་རོབ། བྱང་ཨ་རི་བཅས་ཀྱི་རྒྱལ་ཁབ་ ༣༠ ནང་གི་བོད་མི་ཚོས་བཀའ་བློན་ཁྲི་པ་དང་གྲོས་ཚོགས་འཐུས་མི་གསར་པ་འདམ་དགོས་བ་རེད།  བོད་ནང་བཞུགས་པའི་བོད་མི་ཚོས་ཀྱང་ལོ་རྒྱུས་རང་བཞིན་གྱི་འོས་འདེམས་འདི་ལ་དོ་སྣང་ཆེན་པོ་བྱས།  འོས་འདེམས་བརྒྱུད་རིམ་འདིས་བོད་མི་ཚོ་ཞུམ་པ་མེད་པ་དང་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་མཚོན་པ་རེད། ཐེངས་འདིའི་འོས་འདེམས་ཀྱིས་པེ་ཅིན་ལ་བོད་པའི་རང་དབང་ལས་འགུལ་འདི་མི་རབས་གསར་བའི་ཕྲག་ཏུ་བླངས་པ་དང་།  ཁོང་ཚོའི་སྔོན་རབས་པའི་མི་ལོ་ ༥༠ འཐབ་རྩོད་ཀྱི་རྨང་གཞིའི་སྟེང་ནས་མུ་མཐུད་མདུན་སྐྱོད་བྱ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་རེད། 

ཏྰ་ལའི་བླ་མ་སྲིད་སྟེགས་ལས་གྱེས་བ་དེས་རྒྱ་ནག་སྲིད་གཞུང་གི་ཁྱབ་བསྒྲགས་ནི་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་པ་དང་།  རྒྱ་ནག་སྲིད་གཞུང་གིས་ནམ་རྒྱུན་ཏཱ་ལའི་བླ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་མིན་པར་སྲིད་དོན་མི་སྣ་ཞིག་ཡིན་པར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་རེད། ཡིད་ཕངས་བ་ཞིག་ལ། རྒྱ་ནག་དམར་ཤོག་གིས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་གོ་གནས་ལ་དམིགས་ཏེ་མུ་མཐུད་མཚན་སྨོད་བྱེད་ཀྱི་ཡོད་པ་ལས།  བོད་དང་བོད་མིའི་མདུན་ལམ་ལ་སེམས་ཁུར་བྱེད་ཀྱི་མེད་པ་རེད།  དེ་དང་ལྷན་བརྒྱུད་ལམ་ཕྱི་གསལ་ནང་གསལ་མིན་པས་བོད་ནང་དུ་མི་མང་གིས་ཏཱ་ལའི་བླ་མའི་གོ་གནས་ལའང་ངོས་འཛིན་གསལ་བོ་མ་བྱུང་བ་ཆགས་ཡོད།

ད་ལྟ། རྒྱ་ནག་སྲིད་དབང་གཅིག་སྡུད་ལ་གདོང་ལེན་བྱ་དགོས་བ་ཞིག་ཏུ་བསླེབས་ཡོད་དེ། བོད་པའི་མི་ལོ་ ༥༠ རིང་གི་དྲག་པོའི་དབང་སྒྱུར་ལ་བཟོད་སྒོམ་བྱས་པ་དང་།  བོད་ཀྱི་ད་ལྟའི་གནས་སྟངས་ནི་གསལ་བསྒྲགས་མེད་པར་བཀག་སྡོམ།  ཀིརྟི་དགོན་དང་དཀར་མཛེས་སུ་མུ་མཐུད་ངོ་རྒོལ་བྱེད་བཞིན་པ།  ལྟ་སྐོར་བ་བོད་ནང་འཛུལ་མི་ཆོག་པ་སོགས་ལས་པེ་ཅིན་གྱིས་བོད་ལ་དབང་སྒྱུར་ཕམ་ཁ་བྱུང་བ་མཚོན་ཐུབ།  པེ་ཅིན་གྱི་འགོ་ཁྲིད་ཚོའི་མི་མང་ཚོགས་ཁང་ཆེན་མོ་རུ་དམག་འཁྲུག་གི་ཉེས་མིང་ཁུར་བཞིན་པའི་སུའུ་ཏེན་སྲིད་འཛིན་ཨོ་མར་ཧ་སིན་པ་ཤེར་སྣེ་ལེན་བྱེད་པའི་ཚབ་ཏུ་ཏཱ་ལའི་བླ་མར་ལ་སློབ་སྦྱོང་བྱས་དེ།  དབང་ཆ་བོད་མི་མང་ལ་སྤྲོད་པ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པ།  གསེར་ལྟ་བུའི་གོ་སྐབས་འདི་དམ་འཛིན་གྱིས་འཛམ་གླིང་ལ་ལྷག་བསམ་རྣམ་དག་ཕྱིར་མངོན་ཚེ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་ཐོབ་ངེས་བ་དང་རྒྱ་ནག་གི་རྒྱལ་སྤྱིའི་སྣང་བརྙན་ལེགས་བཅོས་བྱ་ཐུབ་པ་རེད། གང་ལྟར། རྗེས་སུ་གནས་ཚུལ་ཅི་བྱུང་རུང་༧གོང་ས་ཏཱ་ལའི་བླ་མའི་ཁོང་ཉིད་ནི་མང་གཙོ་འདོད་མཁན་ཞིག་ཡིན་པ་བདེན་དཔང་བྱས་ཡོད།

རྩོམ་པ་པོ་ནི་ཧ་ཝེར་ཊི་ཁྲིམས་ལུགས་སློབ་གཉེར་ཁང་གི་མཐོ་རིམ་ཉམས་ཞིབ་པ་ཡིན་ལ།   ཟླ་༨ པའི་ཚེས་༨ཉིན་བཀའ་ཁྲི་གནང་རྒྱུ་ཡིན་པ་རེད།

དབྱིན་རྩོམ་མ་ཡིག་http://www.washingtonpost.com/opinions/what-china-could-learn-from-the-dalai-lama/2011/07/04/gHQAYBnByH_story.html

རྒྱ་བསྒྱུར་མ་དཔེ། http://global.dwnews.com/news/2011-07-06/57876787.html

 

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 14

  1. gyatsenlodo says:
    ལོ་ 14 སྔོན།

    རྒྱ་གཞུངགི་ཧམ་བཤད་ནི་འཛམ་གླིང་བདག་ཟུང་བྱ་རྒྱུ་ཡིན་འདོག་བཤད་སྲོལ་ཡོད་པ་ལྟར་ད་ཐེང་ཡང་ཏཱ་ལ་བླ་མའི་ཡང་སྲིད་སྐོར་ལ་སྙོག་གཏམ་མང་ད་ག་ཅིག་བཤདའདུག་པར་དོན་མཚནགསུམ་ཟེར་པའི་ཐད་བྱེད་སྲོ་ལ་དང་མི་མཐུན་པ་དང་ཆོས་ལུག་དང་མི་མཐུན་པ་བྱེད་མཁན་ནི་རྒྱ་གཞུང་རང་ཉིད་ཡིན་པར་བོད་ཀྱི་སྤྲུལ་སྐུ་མལ་ལུགས་ནི་བོད་པ་རང་ཉིད་ཀྱིས་སྲོལ་གཏོད་བྱས་པ་ལས་རྒྱ་མི་བྱས་པ་མིན།
    དམར་པོའི་རིང་ལུག་འཛིན་པ་ཞིག་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ངོ་འཛིན་བྱེད་ཐབས་ནི་ཆོས་ལུགས་དང་མཐུན་ཐབས་མེད།བོད་བརྒྱུདནང་བསྟན་ནི་རྒྱ་གཞུང་གི་བརྟན་ཕེབ་བྱས་པ་ཞིག་མིན་པའི་ཁོ་ཚོ་ལ་བྱུས་གཏོགས་ཡོད་པ་མ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྲིད་སྐྱོང་ཁྲི་པ་མཆོག བརྒྱད་བརྒྱད་ཉིན་གྱི་དགུ་དགུ་དགུའི་ཐོག་དམ་འབུལ་ཞུ་རྒྱུ་ཡིན་པ་་དེས་གང་ཉིད་ཀྱི་དགོངས་དོན་གང་ཞིག་མཚོན་ཐུབ། རྣམ་རྟོག་ཚང་མ་བཟློག་ནས་རྣམ་དག་ལམ་ལ་འཇུག་པར་སེང་གེའི་དཔའ་རྩལ་ངོམས་ཤིག
    ངས་སྐབས་འདིར་ཞུ་འདོད་པ་ཉག་གཅིག་ནི། དམངས་གཙོར་དགའ་མཁན་ཞིག་ཡིན་ཕྱིན་དམངས་བསྐོས་དཔོན་ཆེན་གང་དེར་གུས་བརྩི་བྱེད་དགོས། གཞོགས་འདེགས་བྱེད་དགོས། དེ་བཞིན་དམངས་བསྐོས་དཔོན་གྱིས་ལྷག་པར་དམངས་དོན་སྒྲུབ་དགོས།
    བཀའ་ཁྲིར་འོས་འདེམས་སྐབས་ནི་རྟ་རྒྱུག་རྒྱན་འཇོག་ཅིག་དང་འདྲ་བས་དེ་ལ་རྟ་གང་ངར་དང་རྩལ་སུ་ཆེ། ཐབས་གང་བཟང་ཚང་མ་འདོན་ཆོག འོན་ཀྱང་རྒྱལ་ཁྲིར་བཞུགས་པ་ནས་རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་མཁན་གྱི་དཔོན་བྱང་སེམས་ཅན་ཞིག་གནང་དགོས།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བོད་སྐད་ཡག་པོ་ཤེས་འདོད་ན། ༼ཏཱ་ལའི་བླ་མའི་ཝེ་རིས་ཟོན་ལྟེ་གནས་སུ་མི་མང་གཅིག་ཁྲི་གཅིག་སྟོང་ལྷན་དུ་འཁྲུངས་སྐར་སྲུང་བརྩི་བྱ་རྒྱུ་༽ཞེས་མ་རེད། མི་མང་ཆིག་ཁྲི་ཆིག་སྟོང་དང་ལྷན་དུ་ཞེས་གསུངས་རོགས།
    དེ་བཞིན་དགོངས་ཚུལ་གསུང་མཁན་ཚོས་ཡིག་ནོར་མང་པོ་ཤོར་འདུག
    སོ་སོའི་རིག་གཞུང་ལ་གཅེས་སྤྲས་གནང་རོགས།

    Reply
  4. མདོ་ཁམས་པ། says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ལ་མིག་ཡ་གཅིག་ལས་མེད་པ་གང་ཡིན་ནམ། ཁྱེད་ཀྱི་མིག་ཡ་གཅིག་ལས་མེད་པའི་སྐོར་གྱི་སྐྱོ་སྣང་དང་འགྱོད་གདུང་ཤོད་དགོས་དོན་གང་ཡིན་ནམ། སྐུ་ཉིད་ཀྱི་མིག་ཡ་གཅིག་དགོན་པའམ་ཡང་ན་བླ་སྤྲུལ་གང་རུང་ཞིག་གིས་བཀོག་སོང་མ་ཡིན་ནམ། ཡང་ན། དང་པོ་ཉིད་ནས་རང་མེད་དུ་གྱུར་པ་ཞིག་ཡིན་ནམ། དགོངས་དག སྐུ་ཉིད་ལ་མིག་ཡ་གཅིག་མེད་པ་གོ་བས་ང་ཡང་སེམས་པ་ཧ་ཅིང་སྐྱོ་བོ་ཞེ་དྲག་བྱུང་།

    Reply
  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    མིག་ཡ་གཅིག་ལས་མེད་པའི་ཁོ་བོ་ལྟ་བུ་ལ་གཟིགས་རྟོགས་ཤིག་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། གཞུག་ཕྱོགས་མུ་མཐུད་དུ་གཟིགས་རྟོགས་གནང་རོགས་ཞེས་ཀྱང་ཞུའོ། ཐུགས་རྗེ་ཆེ།

    Reply
  6. ལྷ་མོ་དབྱངས་ཅན། says:
    ལོ་ 14 སྔོན།

    རང་རེའི་བཀའ་ཁྲིའམ་སྲིད་སྐྱོང་པ་གསར་བ་འདི་ལ་བོད་མི་རང་གི་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཞག་རྩི་དྲི་མ་ཙམ་ཡང་མ་གོས་པར་རྒྱ་ནག་ལྷོ་ཕྱོགས་ཀྱི་གནམ་བོའི་ལྷ་སྒྲུང་གི་རྗེས་སུ་འབྲངས་ཤིང་འུད་ཀྱིས་ཤོད་པ་འདི་ལ་བློ་ཕམ་ཅུང་སྐྱེས་སོང་། ཚེས་གཅིག་ནོར་ན་བཅོ་ལྔའི་དཔེ་ལྟར་འགོ་འཛུགས་སྟངས་ཀྱི་རྟེན་འབྲེལ་ནོར་བ་འདིས་ལས་དོན་རྣམ་ལྷུན་འགྲུབ་ཡོང་བའི་རྟགས་དང་མཚན་མ་ནོར་བ་རེད། བོད་མི་རང་ལ་ཕུལ་དུ་བྱུང་བའི་རྩིས་རིག་དང་གཟའ་ཚེས་འཕྲོད་སྦྱོར་གྱི་འགྲོ་ལུགས་ཡོད་བཞིན་དུ་ཞབས་འདྲེན་འདི་རིགས་ཞུ་དགོས་དོན་མེད་པར་བསམ། དངོས་གནས་ཧ་རེ་ཧུར་རེ་རང་རེད། ད་ཅི་དྲགས།

    Reply
  7. གྲགས་བསོད་ says:
    ལོ་ 14 སྔོན།

    ང་ལ་མཚན་ན་རྟགས་དང་རྟེན་འབྲེལ་མི་དགོས་ལ་མོ་དང་རྩིས་དེ་བའི་ཀྱང་མི་དགོས། ང་རང་ཚོ་ལ་དགོས་པ་ནི་ཕ་གཞིས་གྲུ་བཞིའི་སྟེང་དུ་གདོང་དམར་པོའི་མི་རིགས་ང་ཚོ་ལ་ལོ་རྒྱུས་དང་ལྡན་པའི་རང་དབང་དང་ཐོབ་ཐོང་འདྲ་མཉམ་སོགས་དགོས་པ་ཡི། བོད་པ་ཚང་གི་རྟེན་འབྲེལ་ཡག་པོ་བྱུང་མ་སོང་ཟེར་མཁན་འཇམ་དབྱངས་ཀྱིས་བཤད་པ་དེ་ནི་ཀུན་སློང་གང་འདྲ་ཞིག་ཡོད་མི་ཕལ་ཆེར་ཚད་དཔགས་ཐུབ་པ་ཞིག་རེད།

    Reply
  8. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ཟླ་ཚེས་ནམ་ཞིག་ལ་བཀའ་ཁྲི་གསར་བའི་དམ་བཅལ་འབུལ་གྱི་ཡིན་མིན་དེ་ལ་ཁྱད་པར་མི་འདུག འོན་ཀྱང་། རྒྱ་རྗེས་བོད་འདེད་ཀྱི་བསམ་བློ་གསལ་བོར་བརྗོད་པ་འདིས་རང་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་ཡ་མེད་བཏང་བའི་རྣམ་འགྱུར་ཞིག་བསྟན་འོང་གི་འདུག
    རང་རེ་རྣམས་ལའང་ཉིན་དཀར་དང་ཉིན་ནག་གི་དབྱེ་བ་ཡོད་པ་རེད། བོད་རྩིས་ཀྱིས་འགྲོས་སུ་བརྟག་པ་ཞུས་ན་ལས་དོན་མགོ་འཛུགས་ཀྱི་ཉིན་མོ་ཡག་པོ་དེ་འདྲ་ཡོད་པ་རེད།
    རྒྱ་ནག་ཅན་རང་རེད་འདུག

    Reply
  9. འཇམ་དབྱངས། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་ཤེས་ཡོན་ངས་མི་ཤེས། བོད་གཞུང་ལན་འདེབས་ཚོགས་ཆུང་ནང་རྒྱ་ནག་ལ་ལན་འདེབས་མཁན་ཁོ་རང་གཅིག་པུ་རེད་འདུག ངའི་ཤེས་ཚད་ཁྱོད་ཀྱིས་བརྗོད་པ་ལྟར་ཡིན། མིའི་ལད་ཟློས་བྱས་ཏེ་འགྲེང་གཟུགས་ཐུབ་ཙམ་ཡིན། ཡིན་ན་ཡང་རྒྱ་ནག་གི་ཕྱོགས་བཟུང་སྟེ་བརྒྱད་བརྒྱད་དགུ་དགུ་དགུ་མང་པོ་ཞིག་རིམ་པ་དགུ་བརྩེགས་སུ་སྒྲིག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྟངས་ཤིག་ཡོད་པར་མ་མཐོང་། ན་ཟུག་དང་འཁུན་སྒྲ་སོགས་སྟོབས་ཤུགས་སུ་བསྒྱུར་དགོས་པ་བདེན་ཡང་། ཐབས་ལམ་གསར་པ་མི་འཚོལ་བར་རང་ཕ་གསོད་པའི་དམེས་པོ་ཚང་ལ་བསྟུན་དགོས་པ་དེ་བས་ཀྱང་མ་མཐོང་། བྱེད་སྟངས་འདི་ལ་དེང་རབས་ཀྱི་ཐ་སྙད་ལྟར་ན། མགོ་འདོགས་རང་ལུགས་ཟེར། གང་ལྟར་གཟུ་བོར་གནས་པའི་དཔྱད་པ་རེ་དང་གནང་སྟངས་རེ་གནད་དུ་ཆེའོ།།

    Reply
  10. བྱམས་པ་རྒྱལ་མཚན says:
    ལོ་ 14 སྔོན།

    དགོངས་དག་ཞུ། འཇམས་དབྱངས་དང་ཤར་ཕྱོགས་ཁུག་རྟ་གཉིས་གང་ཡང་མི་ཤེས་མཁན་གཉིས་རེད་ཅེས་བཤད་འདོད་བྱུང་སོང་། ང་ཚོ་ག་དུས་ཡིན་ན་ཡང་བརྒྱད་ཅེས་པའི་ཐ་སྙད་འདིའི་སྟེང་ནས་ཕོངས་ཀྱི་ཡོད་ན། ང་ཚོ་ལངས་ས་ཡང་ངེས་པར་དུ་ཐ་སྙད་འདི་ལ་དགོས། འདས་སོང་གི་ལོ་རྒྱུས་ཁྲོད་ཀྱི་ཡིད་སྐྱོ་བའི་རྣམ་པ་དག་སེམས་ལ་ཡང་ཡང་དྲན་པར་བྱས་ཏེ། སྐབས་དེའི་ན་ཟུག་དང་། འཁུན་སྒྲ། སྡུག་བསྔལ་དག་ནི་ངེས་པར་དུ་ང་ཚོའི་སྟོབས་ཤུགས་སུ་བསྒྱུར་དགོས་ལ། ད་ཐེངས་བློ་སེང་ལགས་ཀྱི་སྐད་ཆ་དེ་འདྲ་བཤད་ཡོད་ན་དེ་ནི་བླ་ན་མེད་པའི་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྟངས་ཤིག་ཡིན་པར་འདོད། གང་ལྟར་ཡང་ང་ཚོ་ནམ་ཡང་རྒྱ་ནག་གི་འགྲེལ་བཤད་རྒྱག་སྟངས་ཀྱི་ལྡོག་ཕྱོགས་ནས་གོ་བ་བླངས་ཏེ་ཁ་གཏད་དུ་ལངས་རྒྱུ་གལ་ཆེན་ཡིན་པར་འདོད། རྒྱ་ནག་ལ་གནས་ལུགས་དང་རྒྱུ་མཚན་མི་འགྲོ་བ་མཁྱེན་པར་མཛོད།

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྟགས་དང་རྟེན་འབྲེལ་ཞེས་པ་འདི་སྣ་དགོད་རྒྱག་ས་ཞིག་གཏན་ནས་མིན། འདི་ལ་ཞིབ་འཇུག་བྱ་ཡུལ་ཡོད་ལ། རྟགས་དང་རྟེན་འབྲེལ་ལ་འཁྱུད་པའི་བློ་གྲོས་ཀྱིས་མི་རིགས་ཤིག་གི་བསམ་བློའི་འཕེལ་རིམ་མཚོན་ཐུབ་པས། རྟགས་དང་རྟེན་འབྲེལ་འདི་རིག་གནས་ཤིག་གམ་བོད་མིའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པས། དེས་རང་ངོ་རང་གིས་ཟིན་རྒྱུར་རྟགས་དང་རྟེན་འབྲེལ་འདིའང་འཚོལ་བྱའི་དངོས་པོ་ཡ་མེད་ཅིག་ཡིན་པ་བསྟན་ཡོད། དེའི་ཞིབ་རྒྱས་གཞན་ཞིག་ནས་གླེང་།
    འོན་ཀྱང་། བཀའ་ཁྲིའི་དམ་བཅའ་ཕུལ་ལ་ཉེ་བའི་འབུམ་རམས་པ་སྐུ་ཞབས་བློ་བཟང་སེང་གེས་(八八九九九) ཞེས་པ་འདི་ཉེ་སྔོན་ནས་བདམས་ཤིང་སྤོབས་པ་མཐོན་པོས་འགྲེལ་བཤད་རྒྱག་སྟངས་ནི་གཅིག་བྱས་ན་ལེགས་པའི་ཆ་རེ་ཡོད་སྲིད་ཀྱང་། མི་ལ་ལྷ་མིང་བཏགས་ཚར་རྗེས་ཀུན་གྱིས་འདི་འང་རྣམ་དཔྱོད་ཅིག་ཏུ་མཐོང་སྲིད་མོད། ངས་བལྟས་ན་འདི་ལ་ཟབ་ཡངས་ཀྱི་ནང་དོན་དང་། རང་གི་རིག་གནས་ཀྱི་ཞགས་རྩི་འདྲ་གང་ཡང་མེད་ཁར། ཤེད་ཅན་འཕྲུལ་མཛངས་ཅན་གྱི་བྱེད་སྟངས་ཤིག་དེ་བས་ཀྱང་མ་རེད་འདོད་པས། འགོ་འདི་ནས་འཛུགས་ཚུལ་འདིས་ཀྱང་ང་ལ་ནི་མ་འོངས་པར་དྲི་བ་སྣ་ཚོགས་སླེབས་ཀྱི་འདུག་ན།
    འཇིག་རྟེན་པའི་ལྷ་དྲེག་ལྡན་དག་གིས་ཅིག་མཁྱེན།

    Reply
  12. འཇམ་དབྱངས། says:
    ལོ་ 14 སྔོན།

    རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག སྒྱུར་པ་པོ་ལ་ཡང་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ཉེ་ཆར་བོད་ཀྱི་བང་ཆེན་ནང་བློ་བཟང་སེངྒེས “རྒྱ་ནག་གིས་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཀྱི་དགོང་མོ་ཆུ་ཚོད་༨ སྐར་མ་༨ སྐར་ཆ་༨ ཀྱི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་འགོ་འཛུགས་བྱས་པ་རེད། བརྒྱད་བརྒྱད་ཞེས་པ་དེ་རྒྱ་སྐད་ཐོག་རྒྱ་ནག་གིས་ཨ་གྲངས་ཡག་པོར་བརྩིས་ཏེ། ཕྱུགས་པོར་ཆགས་ཀྱི་རེད་ཟེར་གྱི་ཡོད་པ་དང་། དགུ་དགུ་དེ་རྒྱ་སྐད་ཐོག་ག་རེ་ཡིན་ནའང་རིང་པོར་བརྩི་ཡི་ཡོད་པས། ཕྱུགས་པོ་རིང་པོ་ཡིན་ན་ཡག་པོ་རེད། དེར་བརྟེན། ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད་”ཅེས་སྤོབས་པ་དང་བཅས་བཤད་འདུག སྐུ་ཉིད་ཀྱི་བཀའ་ཁྲིའི་ཁྲི་སྟོན་སོགས་ཆ་ཚང་རྒྱ་ནག་ལ་བསྟུན་དགོས་པའི་རྒྱུ་མཚན་ཅི། རང་རེའི་བོད་པ་ཚང་ལ་མཚོན་ན་ཨང་ཡིག་བརྒྱད་པ་འདི་ཅི་འདྲའི་སྣ་ནག་མ་ཞིག་ཡིན་པ་དང་། ཨང་ཡིག་8པའི་ལོ་ཟླའི་ནང་ཅི་འདྲའི་ཤི་རྨས་གཏོར་བཅོམ་གྱི་གོད་ཆགས་སྐྱི་བ་ཞིག་བྱུང་བ་ཀུན་གྱིས་ཤེས་གསལ་ཙམ་དུ་མ་ཟད། ཤར་དུང་རིའི་ནང་གི་རྩོམ་ཡིག་ “ལྟས་ངན་ཨང་ཀི་ 8 པ་” ཞེས་པ་དེར་ལྟོས་དང་ཤེས་ངེས། མ་ཟད་རང་རེའི་བོད་པ་ཚང་ལ་ཡང་རྟགས་དང་རྟེན་འབྲེལ་ལེགས་པའི་ཟླ་ཚེས་དང་ཨང་ཀི་སོགས་ཅི་འདྲའི་མང་པོ་ཞིག་ཡོད་པ་རྣམས་སྣང་མེད་དུ་བཏང་ནས། རྟེན་འབྲེལ་འགོ་ནས་འཆུགས་པའི་ལྟས་ངན་དེ་འདྲ་གནང་དགོས་དོན་ཅི། ངས་བལྟས་ན་ད་རེས་ཀྱང་བོད་པ་ཚང་གི་རྟེན་འབྲེལ་ཡག་པོ་བྱུང་མ་སོང་།

    Reply
  13. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ། བོད་སྒྱུར་སྐབས་༸ཏཱ་ལའི་བླ་མ་ཞེས་པའི་དོད་དུ་༸གོང་ས་མཆོག་ཞེས་འགོད་རོགས། རྩོམ་པ་པོའི་ངོས་བོད་ཀྱི་སྤྱི་ཚོགས་གསར་རྙིང་གི་བརྒྱུད་རིམ་དང་༸གོང་ས་མཆོག་གིས་མང་གཙོར་ཁྲིད་པའི་བརྒྱུད་རིམ་ད་དུང་ཅུང་མཚོན་ཤུགས་ཆེ་ཙམ་བྱུང་ན་ལེགས་སོ་སྙམ།

    Reply
  14. ནམ་མཁའ། says:
    ལོ་ 14 སྔོན།

    དཔེ་མི་བཟད་པ་ཡག་པོ་རེད་འདུག
    ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་འཛམ་གླིང་གི་སྒང་ལ་ཁྱབས་བསྒྲགས་བྱེད་དགོས་པ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese