མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་འོས་ཆོས་ཚང་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

བསོད་ནམས་རྡོ་རྗེ་ལགས་སུ་ངྷ་ས་ས་གནས་མགོ་འཛིན་གྱི་འོས་ཆོས་ཚང་མིན་གྱི་གླེང་རྙོག་ཐད་དོ་བདག་གིས་གསལ་བཤད་གནང་ཡོད་ལ། ནང་སྲིད་དྲུང་འཕར་ལཊ་ཀྱིས་ཀྱང་འོས་བསྡུ་ཡག་པོ་བྱུང་སོང་། མི་འགྱང་བར་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་རེད་ཟེར།

བཞུགས་སྒར་ངྷ་རམ་ས་ལའི་ས་གནས་མགོ་འཛིན་གྱི་འོས་འདེམས་ཐེངས་གཉིས་པའི་ཁྲོད། ས་གནས་གཞོན་ནུའི་ཚོགས་ཟུར་བསོད་ནམས་རྡོ་རྗེ་ལགས་སུ་འོས་གྲངས་བརྒྱ་ཆ་ ༥༣།༦༠ ཙམ་ཐོབ་སྟེ། ངྷ་ས་ས་གནས་མགོ་འཛིན་དུ་བདམས་ཐོན་བྱུང་ཡོད་ཀྱང་། འོས་གྲངས་ཞིབ་བཤེར་སྐབས་དྲང་བདེན་བྱུང་ཡོད་མེད་དང་། ལྷག་པར་དུ་བསོད་ནམས་རྡོ་རྗེ་ལགས་ལ་འོས་ཆོས་ཚང་ཡོད་མེད་ཀྱི་རྙོག་གླེང་ཞིག་བྱུང་ཡོད། དེ་ནི་བསོད་ནམས་རྡོ་རྗེ་ལགས་ཀྱི་སྐྱེས་ཡུལ་ཀུ་ལུ་མ་ཎ་ལི་ཡིན་པ་དང་། ཁོང་གི་རང་བཙན་ལག་དེབ་ཀྱང་ས་གནས་དེ་གར་བཟོས་ཡོད་སྟབས། བཞུགས་སྒར་ངྷ་རམ་ས་ལའི་ས་གནས་མགོ་འཛིན་གནང་ཆོག་གི་མེད་ཚུལ་བཤད་ཡོད།

བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མི་སུ་འདྲ་ཞིག་ཡིན་རུང་། ས་གནས་ཞིག་ནས་ས་གནས་གཞན་ཞིག་གི་ཁོངས་སུ་ཚུད་རྒྱུར། སྔར་ཡོད་པའི་ཁང་པ་དང་ཞིང་ཁའི་ཐོབ་ཐང་ཡོངས་རྫོགས་ཁྲིམས་མཐུན་ཐོག་ས་གནས་གཞིས་མགོ་དེར་རྩིས་སྤྲོད་གནང་ཟིན་པ་དང་། རང་ཉིད་འགྲོ་ཡུལ་གྱི་ས་གནས་དེའི་ཁོངས་ནས་ལོ་ ༥ ཙམ་བསྡད་ཡོད་པ་ཞིག་ཡིན་ན་རང་བཞིན་གྱིས་ས་གནས་དེའི་ཁོངས་མི་བཟོ་ཆོག་པའི་ཆ་རྐྱེན་ཚང་ཡོད་སྟབས། བསོད་རྣམས་རྡོ་རྗེ་ལགས་སྐྱེས་ཡུལ་ཀུ་ལུ་མཱ་ཎ་ལི་ཡིན་ཡང་། ཁོང་ལ་བཅའ་ཁྲིམས་ཀྱི་ཆ་རྐྱེན་རྣམས་ཚང་ཡོད་པས་ངྷ་ས་ས་གནས་མགོ་འཛིན་གྱི་འོས་མིའི་ཁྲོད་ཞུགས་པར་ཆ་རྐྱེན་ཚང་ཡོད་པ་དང་། མ་འོངས་པའི་བདུན་ཕྲག་གཉིས་ནང་ཁོང་གིས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་ལྟར་ས་གནས་མགོ་འཛིན་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་ཡིན་ཟེར།  

བསོད་ནམས་རྡོ་རྗེ་ལགས་ཀྱིས།  “ ང་ཚོས་ངྷ་སའི་ཉམ་ཐག་མི་མང་གི་དངོས་ཡོད་དཀའ་ངལ་ལ་ཞིབ་འཇུག་བྱས་ཏེ་རོགས་རམ་བྱ་རྒྱུ་དང་། མྱོས་རྫས་སྤྱོད་མཁན་དང་གཞོན་སྐྱེས་ལས་མེད་ཚོར་ངྷ་ས་བོད་པའི་ཟ་ཁང་དང་མགྲོན་ཁང་ཁག་གི་སྦྱིན་བདག་ལ་འབྲེལ་བ་བྱས་ཏེ་ལས་ཀ་འཚོལ་རྒྱུ། ༧གོང་ས་མཆོག་གི་སྐུ་ཕྱཱ་དང་ངྷ་སའི་ཁོར་ཡུག་སྲུང་སྐྱོབ་བཅས་ལ་འབད་བརྩོན་གནང་རྒྱུ་ཡིན་ ” ཞེས་བརྗོད་བྱུང་།

དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསུངས་དོན། “ ངྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུ་དེ་དབུས་འོས་བསྡུའི་ལས་ཁུངས་ཀྱི་སྒྲིག་གཞིའི་ལྟར་ལག་བསྟར་གནང་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་ནང་དབུས་འོས་བསྡུ་ལས་ཁུངས་ནས་ལག་པ་འཆང་ཡོད་པ་མ་རེད་ ” ཅེས་བརྗོད་བྱུང་།

ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས“ ད་ཐེངས་ངྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུ་ཡག་པོ་བྱུང་ཡོད་པ་རེད། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་མི་འགྱང་བར་ས་གནས་མགོ་འཛིན་གསར་རྙིང་གི་རྩིས་ཁྲ་རྩིས་ལེན་གནང་དུ་འཇུག་རྒྱུ་ཡིན་ ” ཡིན་ཞེས་གསུངས་སོང་།  

ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཁུལ་གྱི་མི་མང་ཚོས་ས་གནས་མགོ་འཛིན་འོས་འདེམས་ཐེངས་གཉིས་པ་དེ་གནང་ཡོད་ཅིང་། ཐེངས་འདིར་ངྷ་ས་ཁུལ་དུ་དེབ་སྐྱེལ་བྱེད་མཁན་ ༡༠༠༠༠ དང་། དངོས་སུ་འོས་ལྡུག་མཁན་ ༩༤༤ ཙམ་བྱུང་ཡོད་པ་ལས་བསོད་ནམས་རྡོ་རྗེ་ལགས་སུ་འོས་ཤོག་ ༥༠༦ དང་། བརྒྱ་ཆ་ ༥༣།༦༠ ཙམ་ལོངས་ཏེ་ཨང་དང་པོ་ཆགས་ཡོད་པ་དང་།  དྭངས་ཟུར་བུ་ཆུང་ཚེ་རིང་ལགས་སུ་འོས་ཤོག་ ༤༡༦ དང་། བརྒྱ་ཆ་ ༤༤།༦ ཙམ་ལོངས་ཏེ་ཨང་གཉིས་པ་བཅས་ཆགས་ཏེ། ངྷ་ས་ས་ནས་གཞོན་ནུའི་ཚོགས་ཟུར་བསོད་ནམས་རྡོ་རྗེ་ལགས་ངྷ་རམ་ས་ལའི་ས་གནས་མགོ་འཛིན་དུ་བདམས་ཐོན་བྱུང་ཡོད།

སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་བཞུགས་སྒར་ངྷ་རམ་ས་ལའི་ས་གནས་མགོ་འཛིན་འོས་འདེམས་སྐབས། འོས་མི་ ༦ ལ་དངོས་གཞིའི་འོས་ཤོག་བླུགས་སྐབས་འོས་ཤོག་ཁ་ཐོར་དུ་ཕྱིན་ཏེ་བརྒྱ་ཆ་མ་ལོངས་སྟབས། ངྷ་ས་ས་གནས་མགོ་འཛིན་བདམས་ཐུབ་མེད་པ་དང་། སྐབས་དེའི་འོས་བསྡུའི་ཁྲོད་ཁྱོན་མི་ ༡༥༠༠ ཙམ་བྱུང་ཡོད་པའི་ཁྲོད། སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་སུ་འོས་གྲངས་ ༤༠༥ ཐོབ་སྟེ་ཨང་གཉིས་པ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    བསོད་ནམས་རྡོ་རྗེ་ལགས་སུ་རྡ་ས་ས་གནས་མགོ་འཛིན་གྱི་འོས་ཐོབ་པར་སྙིང་ཐག་པ་ནས་དགའ་ཡོད །བཀྲ་ཤིས་བདེ་ལེགས་ཞུ །

    Reply
  2. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ས་གནས་འོས་བསྡུ་ལེགས་གྲུབ་བྱུང་བ་ལ་དགའ་བསུ་ཞུ། ས་གནས་འོས་བསྡུ་ལེགས་གྲུབ་བྱུང་ན་རང་བཞིན་གྱིས་བོད་མིའི་སྤྱི་མཐུས་དང་བཀའ་ཁྲིའི་འོས་བསྔུ་དེ་ལ་ཡང་རང་བཞིན་གྱིས་ཕན་འབྲས་ཐོན་ངེས་རེད། སླར་ཡང་གཞོན་སྐྱེས་ཤིག་ཐོན་པ་དགའ་བསུ་ཞུ།

    Reply
  3. བསྟན་འཛིན་ནོར་བུ་ says:
    ལོ་ 15 སྔོན།

    སྤྱི་ལ་ཕན་པའི་ལས་དོན་འགྲུབ་མཁན་ཡིན་ན་བོད་མི་སུས་ཀྱང་ས་གནས་འགོ་འཛིན་གནང་ཀྱང་ཁྱད་མེད་ རང་ཡུལ་མེད་པའི་སྤྱི་ཚོགས་ལ་ངའི་ས་དང་ཁོ་ཡུལ་སོགས་མིན་པར་ཕན་པའི་མི་ཤིག་ཡིན་ན་འགྲིག

    Reply
  4. vajra says:
    ལོ་ 15 སྔོན།

    རྩིས་སྤྲད་རོགས་གནང།་དེ་ཡང་ལོ་ཆུང་ཆུངཞིག་རེད་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese