དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་དམ་འབུམ་མཛད་སྒོའི་སྟེང་། ཁོང་གིས་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་དེ་བསྒྲུབ་རྒྱུ་ཡིན་པའི་དམ་བཅའ་ཕུལ་སོང་།
དེ་རིང་ཕྱི་ཚེས་ ༨ ཉིན་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གནས་ཆུང་གྲྭ་ཚང་དང་དགའ་གདོང་གྲྭ་ཚང་བཅས་སུ་མཆོད་མཇལ་ཞུས་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བཀའ་བློན་ཁྲི་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་གནང་རྗེས། བཀའ་བློན་ཁྲི་པའི་ལས་ཁུར་མགོ་འཛུགས་གསུང་བཤད་གནང་སོང་ལ། དེ་བཞིན་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ཀྱི་བཀའ་ཤག་ཐོག་ཁང་གསར་བའི་ཚོགས་ཁང་དུ། བཀའ་ཁྲིའི་ལས་ཁུར་དངོས་སུ་བཞེས་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་མ་དེ་བསྐྱངས་ཏེ། བོད་པ་དང་རྒྱ་གར་གཙོས་པའི་འཛམ་གླིང་གི་གསར་འགོད་པ་ ༥༠ ལྷག་གི་དྲི་བར་ལན་འདེབས་གནང་སོང་།
བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་དམ་འབུལ་གསུང་བཤད་གནང་དོན། “དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ༸གོང་ས་མཆོག་ལ་གུས་ཕྱག་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོའི་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན་ལ། གུས་པར་བཙན་བྱོལ་བོད་མི་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མ་ཟད། བཙན་འོག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་ཀྱང་སྨོན་འདུན་དང་འཚམས་འདྲིའི་ལམ་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུགས་འདིའི་ཁྲིམས་མཐུན་གྱི་ངོ་བོ་རྒྱུན་མཐུད་རྒྱུའི་གོ་སྐབས་ཐོབ་པ་འདི་ནི། བོད་གཞིས་བྱེས་གཉིས་ཀྱི་མི་རབས་གོང་མ་ཚོའི་དཀའ་སྤྱད་སྙིང་རུས་དང་བློས་གཏོང་ལས་བྱུང་བའི་འབྲས་བུ་ཡིན་པར་བརྟེན། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་མ་བྱུང་གི་བར་དུ། མེས་པོ་གོང་མ་ཚོས་བཞག་པའི་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཡོང་ཐབས་དང་། ༸གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པ་ཡོང་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།” ཅེས་གསུངས་སྟེ། བཀའ་ཁྲི་ཉིད་ཀྱི་ངོས་ནས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་བསྒྲུབ་ཐབས་ཞུ་རྒྱུ་ཡིན་པའི་ཁས་ལེན་བཅས་གནང་སོང་།
དེ་བཞིན་དམ་འབུལ་གསུངས་བཤད་སྐབས། བཀའ་ཁྲི་མཆོག་གིས་ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པ་ཞིག་མ་ཡིན་པར། རྒྱ་ནག་དབང་འཛིན་པས་བོད་ནང་ལག་བསྟར་བྱས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་ལ་ངོ་རྒོལ་དང་། ང་ཚོས་རང་དབང་དང༌། དྲང་བདེན། ཆེ་མཐོང༌། དེ་བཞིན་བོད་མིའི་ངོས་འཛིན་བཅས་ཀྱི་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་འཇགས་འཚོལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་པས། ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་ཡང་རྒྱ་གཞུང་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པའི་གསལ་འདེབས་དང་། རྒྱ་གར་གཞུང་དང་ཨ་རི། ཡུ་རོབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་སྟེ། པེ་ཅིན་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་ཀྱི་བསྐུལ་ལྕག་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་།
བཀའ་ཁྲི་གསར་པའི་མ་འོངས་ལས་འཆར་ནང་དུ། འབྱུང་འགྱུར་ལོ་ལྔའི་རིང་ཆིག་སྒྲིལ་དང༌གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་ལ་བརྟེན་ཏེ། མ་འོངས་པར་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ད་དུང་ལོ་ལྔ་བཅུར་གནས་དགོས་ཀྱང་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་དང༌། གཞིས་བཞུགས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ “ལྷག་དཀར” གྱི་ལས་འགུལ་ལ་རྒྱབ་སྐྱོར། འཛམ་གླིང་གང་སར་ཁ་བཀྲམས་ཏེ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ་སྒུལ་ཤུགས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་བྱ་རྒྱུ་མ་ཟད། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ ༢༠ ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ ༡༠༠༠༠ འཐོན་ཐུབ་པའི་དམིགས་ཚད་དང༌། བོད་ནང་ཁྱད་ལས་པ་ ༡༠༠༠༠༠ འཐོན་ཐུབ་རྒྱུའི་རེ་སྐུལ་ཞུ་རྒྱུ། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐད་ཕྱི་གསལ་ནང་གསལ་དང༌མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། དེ་བཞིན། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་རིགས་ཚོའི་བར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ་དང་། “བོད་ཀྱི་མཉམ་སྡེབ“ཅེས་པ་གསར་འཛུགས་ཀྱིས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱས་ཏེ། གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བཅས་བྱ་རྒྱུ་ཡིན་པ་གསུངས་སོང་།
བཀའ་ཁྲི་མཆོག་གིས་དམ་འབུལ་གསུངས་བཤད་ཀྱི་མཐའ་བསྡོམས་སུ། མ་འོངས་པར་གངས་ལྗོངས་ཆོས་ལྡན་ཞིང་དུ་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་རྒྱུ་དང་། ༸གོང་ས་མཆོག་ལྷ་ལྡན་གྲོང་ཁྱེར་དུ་ཆིབས་ཞབས་བསྒྱུར་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་མགོ་འཛུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པ་ཅེས་སོགས་གསུངས་སོང་།
བཀའ་ཤག་གསར་པའི་ཚོགས་ཁང་དུ་གསར་འགོད་པས་དེ་རིང་༸གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་གསུང་བཤད་ནང་“སྲིད་སྐྱོང” ཞེས་པའི་ཐ་སྙད་གསར་དུ་བེད་སྤྱོད་གནང་པའི་ཐད་དགོངས་ཚུལ་གང་ཡོད་བཀའ་འདྲི་གནང་བའི་ལན་དུ་ཁོང་གིས། “ད་ལྟའི་ཆར་ང་རང་བཀའ་བློན་ཁྲི་པ་རེད། མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་ཁྲི་པ་གང་ཆགས་མིན་གྲོས་ཚོགས་ལ་རག་ལས་ཡོད་པ་རེད། དེ་རིང་གཙོ་ཆེ་ཤོས་མི་མང་རང་ལ་གསུངས་བཤད་གནང་བ་ཡིན་པས། མི་མང་ལ་དགོངས་ཚུལ་ག་རེ་ཡོད་པ་དེ་གཞིར་བཞག་པའི་ཐོག་ནས་འགྲོ་དགོས་ཀྱི་ཡོད། ང་རང་ཡང་མི་མང་གིས་བདམས་པའི་མགོ་ཁྲིད་ཅིག་ཆགས་ཡོད་སྟབས། མི་མང་གི་བསམ་ཚུལ་ལྟར་གྲོས་ཚོགས་ཀྱིས་ཐག་གཅོད་ག་རེ་གནང་པ་དེར་མོས་མཐུན་གཙང་མ་ཞུ་རྒྱུ་ཡིན། “ཞེས་གསུངས་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
ཆབ་བྲག་ལྷ་མོ་སྐྱབས་ལ།
ཆོས་ཁྲིར་བཞུགས་མཁན་མཁན་པོ་ཡིན་ན་སྲིད་སྟེགས་སྟེང་དུ་བཞུགས་མཁན་མཁན་པོ་ཅི་ལ་མིན་ཞེས་བཤད་ཨེ་ཐུབ།
སྤྱིར་ཁྲི་པ་ཞེས་པའི་མིང་འདི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་རེད་མ་གཏོགས་འདོད་རྒྱལ་ལམ་གང་དྲན་དྲན་ཞིག་གཏན་ནས་མ་རེད།
དེ་བས་ཁྲི་ལ་འདུག་མཁན་དང་རྐུབ་སྟེགས་ལ་འདུག་མཁན་ཡང་ཁ་ཁར་ཕྱེ་དགོས་པ་རེད།
དེས་ན་ད་ལྟ་བར་དུ་བོད་ཀྱི་སྲིད་སྐྱོང་བ།ཁྲི་ལ་བཞུགས་མཁན་རྐྱང་རྐྱང་གི་ཁ་ལག་བརྒྱུད་ནས་ཡོང་བས་ཁྲི་པ་ཞེས་བཏགས་རུང་ཁོ་ཚོར་བཏགས་ཆོག་པའི་རྒྱུ་མཚན་འདྲ་ཆགས་པོ་ཞིག་བཤད་རྒྱུ་ཡོད་ཚད་དུ་འདུག་པས་ཁྱེད་ལ༼ཆོས་ཁྲིར་བཞུགས་མཁན་ཁྲི་པ་ཡིན་ལ་རྒྱལ་ཁྲིར་བཞུགས་མཁན་ཡང་ཁྲི་པ་ཅིས་མིན། ༽ཞེས་པའི་གཏན་ཚིགས་ལས་གཞན་ཅི་ཞིག་བཤད་རྒྱུ་ཡོད།
ད་རུང་ཁྱེད་ལ་རྩེད་མཚར་ཞིག་བཤད་ན།གོང་གི་དྲི་བ་འདིས་ངོས་ཐད་ནས་མཐོང་བའི་རྒན་ཆབ་བྲག་ཚང་ནི་ཞྭ་མོ་གོན་པའི་སྤྲེའུ་དེ་དང་གཅིག་མཚུངས་རེད་དོ།།
ཡཱ་ཡཱ་ས་སྔོན་མ་ང་ཚོས་རྟ་ནག་པོ་དང་དཀར་པོ་ལ་ལོ་སྟོང་ཕྲག་ཁ་ཤས་ ཁ་ཉིན་ང་ཚོས་བཙན་བྱོལ་བོད་གཞུང་དང་་སྒྲིགས་འཛུགས་ཡང་དེ་རིང་སྲིད་སྐྱོང་བ་དང་ཁྲི་པ་དངོས་འབྲེལ་དཀའ་ལས་རེད་རི་བོ་ཧི་མ་ལ་ཡའི་རྒྱབ་ན་ཡོད་པའི་ང་ཚོའི་སྤུན་ཟླ་རྣམས་ལ་དུས་ཚོད་འདི་འདྲ་མི་འདུག་ཁོང་ཚོ་རྡོ་ལེབས་ཚ་པོའི་སྟེངགི་གྲོག་མ་ལྟ་བུ་རེད་འདུག་ཅེས་ཁ་ཉིན་ངའི་གཉིད་ལམ་ནང་དུ་ཆོས་སྐྱོང་སྲུངས་མས་གསུང་གི་འདུག་ ཞི་མི་དཀར་པོ་དང་ནག་པོ་གང་ལྟར་ཙི་ཙི་གསོད་ཐུབ་ན་ཡག་པོ་རེད་ཟེར་བ་བདེན་པ་རེད་འདུག་སྲིད་སྐྱོང་དང་ཁྲི་བ་གང་ལྟར་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་ན་དགོས་ཡས་དེ་རེད།
སྲིད་སྐྱོང་དང་ཁྲི་པ་རང་ཉིད་གང་བདེ་བ་དེ་རྗོད་ན་ལེགས་སེམས་ནང་དུ་ཁོང་ནི་དམངས་གཙོའི་གཞུང་གི་འགོ་ཁྲིད་དེ་རང་རེད་ ཧཱ་ཧཱ་ད་དུང་ཞོང་པ་སྟོང་པར་ཞོང་འཛིང། ང་དགོད་ཤོར་ལ་སེམས་ཡང་སྡུག
ཆོས་ཁྲིར་བཞུགས་མཁན་ཁྲི་པ་ཡིན་ལ་རྒྱལ་ཁྲིར་བཞུགས་མཁན་ཡང་ཁྲི་པ་ཅིས་མིན། རྒྱུ་མཚན་དེའི་ཕྱིར་བཀའ་བློན་ཁྲི་པ་ཞེས་པའི་ཐ་སྙད་དེ་བྱུང་བ་རེད། དེ་ཡང་སུས་གསུངས་པ་མཁྱེན་ནམ།
ཁྲི་པ་ཞེས་པའི་ཐོག་མའི་བྱུང་རིམ་ཇི་ལྟར་ཡང་ད་ལྟ་བཀའ་བློན་ཁྲི་པ་ཟེར་བ་འདི་སྲིད་སྐྱོང་གི་གོ་གནས་མཐོ་ཤོས་ཤིག་ཆགས་ཡོད་པ་ཁས་ལོས་ལེན།
གཞོན་ནུ་ཤེས་ཡོན་ཅན་བློ་བཟང་སེང་གེ་ལགས་ལ་གུས་པས་བཀྲིས་བདེ་ལེགས་ཞུ། ད་རེས་ཁྱེད་ཀྱི་ལས་གནས་སྐབས་དེར་གུས་པས་ཁྱེད་ལ་བོད་ཀྱི་རྒྱལ་པོ་དང་ཡང་ན་བཀའ་བློན་ཁྲི་པ་ཡང་ན་བསྒྲིགས་བཙུགས་འགོ་པ་བཅས་ག་རེ་ཞུ་དགོས་མིན་མ་ཤེས་པས་ཁྱེད་དགོངས་འགེལ་མེད་པ་ཞུ། ཡིན་ནའང་ང་རང་གི་ངོས་ནས་ཁྱེད་ལ་བོད་མི་ས་ཡ་དྲུག་གི་དགོས་འདུན་བསྒྲུབས་མཁན་ཞིག་དང་བཀའ་ཡི་བློན་པོ་ཞིག་ངེས་འཛིན་ཞུ་ཡི་ཡོད། ཡིན་ནའང་བོད་མི་བསོད་ནམ་དམན་པས་ཁྱེད་བསྒྲིགས་བཙུགས་ཞིག་གི་འགོ་པ་བཟོ་རྒྱུ་གྲ་བསྒྲིགས་འདུག ཡིན་ནའང་བོད་མིའི་ཤི་གསོན་གཉིས་ཀྱི་རེ་བ་དེ་གང་ཡིན་པ་ཁྱེད་ཀྱི་ངེས་པར་དུ་འཁྱེན་པ་གནང་རོག བཀྲིས་བདེ་ལེགས་ཞུ།
སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཁྲི་པ་ཞེས་བའི་ཐ་སྙད་འདི་དབང་འཛིན་རིམ་པའི་གོ་གནས་ཤིག་གི་ཆེད་དུ་བེད་སྤྱད་བྱས་པའི་ཐ་སྙད་ཞིག་ཏུ་བཤད་པ་འདི་བདེན་དུ་ཆུག་མོད།ཡིན་ནའང་འདི་ཆོས་ཕྱོགས་ཀྱི་མཐོ་རིམ་མི་སྣ་དག་ལ་བེད་སྤྱད་བྱས་པ་༼དགའ་ལྡན་ཁྲི་པ།འབྲས་སྤུང་ཁྲི་པ།ཚོགས་ཆེན་ཁྲི་བ་༽ཞེས་མང་དུ་བཀོལ་སྤྱོད་བྱས་འདུག་པས་ན་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་ཐ་སྙད་ཞིག་ཏུ་ཡིན་ཚོད་འདུག
དེ་བས་སྤྱིར་ཁྲི་པ་ཞེས་པའི་ཐ་སྙད་འདི་ལ་སྲིད་ཕྱོགས་ཀྱི་དྲི་མ་མི་བྲོ་བ་ཙམ་དུ་མ་ཟད་ཁྲི་པ་ཞེས་པའི་ཐ་སྙད་འདི་ཐོས་ཐེངས་རེར་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་སྣང་བརྙན་ཁྲ་ལམ་མེར་ཤར་བས།
ད་ལྟ་ཆོས་ཀྱི་དབུ་ཁྲིད་ཚོས་སྲིད་ལ་ཐེ་བྱུས་དང་སྲིད་ཀྱི་དབུ་ཁྲིད་ཚོས་ཆོས་ལ་ཐེ་བྱུས་བྱེ་བྲག་མ་བྱས་ན་བཟང་བར་གསུངས་བའི་དུས་སྐབས་འདི་ལྟ་བུ་ཞིག་གི་གསེང་ནས་ཐ་སྙད་རལ་བོ་འདི་དག་ཡང་རྔ་ལམ་དུ་བརྫངས་ནས་སྲིད་ཕྱོགས་ནས་བསམ་གཞིགས་བྱས་ན་བསམ་གཞིག་བྱེད་རྒྱུ་ཡོད་པའི་ཐ་སྙད་གསར་པ་སྲིད་སྐྱོང་པ་ལྟ་བུ་ཞིག་བཏགས་ན་མི་མཛེས་སམ་བསམ་མོ།།
ཁྱེད་ཀྱི་རྨི་ལམ་དེ་འགྲུབ་ཐུབ་པའི་སྨོན་ལམ་ཡོད།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་སྲིད་དབང་གི་གོ་མིང་ཐད་ཁོང་གིས “ད་ལྟའི་ཆར་ང་རང་བཀའ་བློན་ཁྲི་པ་རེད། མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་ཁྲི་པ་གང་ཆགས་མིན་གྲོས་ཚོགས་ལ་རག་ལས་ཡོད་པ་རེད། དེ་རིང་གཙོ་ཆེ་ཤོས་མི་མང་རང་ལ་གསུངས་བཤད་གནང་བ་ཡིན་པས། མི་མང་ལ་དགོངས་ཚུལ་ག་རེ་ཡོད་པ་དེ་གཞིར་བཞག་པའི་ཐོག་ནས་འགྲོ་དགོས་ཀྱི་ཡོད། ང་རང་ཡང་མི་མང་གིས་བདམས་པའི་མགོ་ཁྲིད་ཅིག་ཆགས་ཡོད་སྟབས། མི་མང་གི་བསམ་ཚུལ་ལྟར་གྲོས་ཚོགས་ཀྱིས་ཐག་གཅོད་ག་རེ་གནང་པ་དེར་མོས་མཐུན་གཙང་མ་ཞུ་རྒྱུ་ཡིན།” ཞེས་གསུངས་འདུག་ན། སྐབས་དོན་གྱི་ཐག་གཅོད་ཐོག་མ་མཚན་གནས་ཆགས་འདུག་པས་མི་མང་གི་བསམ་ཚུལ་བསྡུ་ལེན་དེ་གལ་ཆེན་པོ་མིན་ནམ།
སྲིད་སྐྱོང་ཁྲི་པ།
བཀའ་བློན་ཁྲི་པ་དང་བཀའ་བློན། བཀའ་ཤག་བཅས་ཀྱི་མིང་སྒྱུར་སྐོར།
ཁྲི་པ་ཞེས་པ་འདི་དབང་འཛིན་རིམ་པའི་གོ་གནས་མཐོ་ཤོས་རིགས་ཤིག་གི་ཆེད་སྤྱོད་ཐ་སྙད་ཅིག་ཆགས་ཡོད་པས་འདི་རང་སོར་འཇོག་གལ་ཆེ་ན་ཡང་བཀའ་བློན་ཞེས་པ་རྒྱལ་པོའི་བཀའ་བཞིན་དམངས་དོན་སྒྲུབ་མཁན་གྱི་བློན་པོའི་དོན་ཡིན་པས་བརྗེས་ན་ལེགས།
མ་འོངས་བོད་དེ་ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་པས་སྲིད་སྐྱོང་ཞེས་པ་འདི་བོད་ཀྱི་འདས་མ་ད་གསུམ་གང་གི་ཆ་ནས་ཀྱང་འོས་འཚམ་ཞིག་ཡིན་པས་བཀའ་བློན་ཁྲི་པ་ཞེས་པའི་མིང་འདི་སྲིད་སྐྱོང་ཁྲི་པ་ལ་བརྗེ་སྒྱུར་གནང་ན་བཀའ་བློན་གཞན་དག་ཀྱང་རང་བཞིན་གྱིས་སྲིད་སྐྱོང་པ་ཞེས་པར་འགྱུར་འོས།
བཀའ་ཤག་ཅེས་པའི་མིང་འདིར་སྲིད་སྐྱོང་གཙོ་འཛིན་རྣམ་པས་བཀའ་གྲོས་དང་ཕྱག་ལས་གནང་སའི་ལས་ཤག་ཅེས་མཆན་བུ་ཞིག་བཏབ་ནས་རང་སོར་འཇོག་ཆོག་ལ། ཡང་ན་སྲིད་སྐྱོང་གཞུང་ལས་ཁང་ལྟ་བུར་སྒྱུར་ཆོག
བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག མ་འོང་ཉིད་ཀྱི་བྱ་བཞག་ཚང་མ་གེགས་མེད་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། ཁས་བཤད་ལག་སྟར་ཡོང་བའི་རེ་བ་ཡང་ཆེ།
མི་རབས་གསར་བའི་སྲིད་སྐྱོང་ཐོག་མས་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་དང་མཆོག་ཉིད་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
སིྲད’སོྐྱང’བ’མཁས’དབང’བོླ’བཟང’སིངེྒ’མཆོག’ལ’བཀིྲས’བདེ’ལེགས’གྲངས’མེད’ཞུ’།
བོད་མའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། སྐུ་ཉིད་ཀྱིས་ཇི་ལྟར་ཁས་བླངས་དམ་བཅའ་བཞིན་གེགས་མེད་ལམ་ལྷོངས་ཡོང་བ་དང་། བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
དབུ་ཁྲིད་གསར་པའི་འབྱུང་འགྱུར་ལས་དོན་མཐའ་དག་ཡར་ངོར་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་བཅས་ཏེ་གཞིས་བྱེས་གཉིས་མཉམ་འཛོམས་ཀྱི་ཉི་མ་མྱུར་འཆར་བའི་སྨོན་འདུན་ལན་བརྒྱར་ཞུ་ཞུ།།
ཐོག་མར་སྲིད་སྐྱོང་བ་བློ་བཟང་སེེངྒ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་དམ་འབུལ་དུས་ཚེས་རྒྱ་ལུགས་ལ་གཞི་བཅོལ་བ་བློ་ལ་བབས་པོ་མ་བྱུང་། གསུང་འཔྲིན་སྒྲོག་སྦྱང་སྐབས་བོད་ཡིག་ཀློག་གནང་སྐབས་བག་འཁུམ་དང་གདེངས་ཚོད་མེད་པའི་སྣང་བ་ཞིག་རང་བཞིན་གྱིས་མངོན་པ་མ་ཟད། གཅོད་མཚམས་ཀྱང་མི་ལེགས་པ་ཐེངས་འགར་བྱུང་སོང་། དབྱིན་སྐད་ཐོག་གསུངས་སྐབས་གདེངས་སྤོབས་ཆེ་མདོག་དང་གསུང་སྐད་ཀྱི་ངར་ཤུགས་ཆེ་ཙམ་བྱུང་སོང་། ངའི་མཐོང་སྣང་ཅམ་ཡིན། སླར་ཡང་བཀྲ་ཤིས་བདེ་ལེགས།
བོད་དམངས་གཙོའི་སྲིད་སྐྱོང་ཐོག་མ། ཁྲིམས་མཁས་བློ་བཟང་སངྒེ་ལ་བཀྲ་ཤིས་བདེ་ལེགས་ཞུ།
བོད་གཞུང་ཕྱོགས་ལས་རྣམ་རྒྱལ་མི་མང་དང་བཅས་པར་བཀྲ་ཤིས་བདེ་ལེགས་ཞུ།
བཙན་བྱོལ་བོད་གཞུང་གིས་འཛིན་སྐྱོངས་སྔར་ལས་ཆེས་ཁྱད་དུ་འཕགས་པ་ཡོངས་བར་ཡིད་ཆས་ཡོད། དེ་ལ་ངང་རྒུག་བྱས་ཡོད། རྒྱབ་སྐྱོར་ཡོད། བོད་རྒྱལ་ལོ།
མི་རིགས་ཤིག་གི་བདེན་དོན་ཆེད་དུ། རང་ཡུལ་མེད་པའི་སྐྱབས་བཅོལ་ཞིག་ནས། མི་རིགས་ཤིག་གི་ཤི་གསོན་ཆེད་དུ། སྤོབས་པ་དང་བཅས་དེ་བོད་ཀྱི་བཀའ་བློན་དུ་ཕེབས་མཁན་བློ་བཟང་སེང་གེ་ལགས། ཐོག་མར་རྟེན་འབྲེལ་ཞུ། དེ་ནས་ཉིད་ཀྱིས་རང་གི་ཚེ་སྲོག་ཚུན་ཚད་བོད་ཁ་བ་གངས་ཅན་པ་ཚང་གི་བདེ་སྡུག་ཆེད་དུ། ཉིན་མཚན་ལྟོས་མེད་དུ། ཕྱོགས་རུས་དབྱེ་བྲལ་གྱི་ལམ་བུ་ཞིག་ནས། ལས་ལ་བརྩོན་ཞིང་དབའ་ངར་ལྡན་པའི་བཙན་པོ་དག་གི་ཤུལ་རྗེས་ཟིན་པར་ཕྱོགས་པར་སེམས་གཏིང་ནས་སྐུལ་མ་ཡོད་ལགས།
བོད་ཀྱི་སྲིད་སྐྱོང་བ་སྐུ་ཞབས་བློ་བཟང་སེང་གེ་མཆོག་ནས་སྲིད་དབང་འཁུར་དུ་བླངས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྦྲགས་གསུང་བཤད་ཀྱི་ནང་དོན་ཇི་བཞིན་ལས་དོན་མཐའ་དག་གྲལ་འགྲིག་པོ་དང་ལམ་ལྷུང་འབྱུང་བའི་སྨོན་འདུན་ཞུ་ཞུ།
གངས་ཅན་པ་ཡི་བདེན་པའི་འོད་སྣང་གིས།།གངས་རི་རྭ་བའི་མུན་པ་གསལ་རན་སྐབས།།གངས་ཕྲུག་གསར་པས་མ་ནོར་སྒྲོན་མེ་བཏེགས།།གངས་སེང་རྒྱལ་པའི་གསེར་ཁྲི་མངའ་གསོལ་ལོ
འཚམས་འདྲི་བཀྲིས་བདེ་ལེགས་གྲང་མེད་ཞུ།།།
ཆོས་ལུགས་དང་ཆོལ་ཁ་ཞེས་པའི་རུལ་དྲི་ཁ་བའི་ཐ་སྙད་ཙམ་གྱིས་ ཀྱང་མ་གོས་པའི་བོད་པའི་སྔོན་ཐོན་གི་མི་རབས་གསར་པའི་ཆེས་ཐོག་མའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ལ་དགའ་སྤོབས་དང་བཅས་འཚམས་འདྲི་ཞུ་རྒྱུ་ཡིན།
ཤེས་ཡོན་དང་ལྷག་བསམ་གྱི་རབ་ཏུ་ཕྱུག་པས་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་ཞུ།
སློབ་གྲོགས་IGNACIO AND JHON WOOLF OR KADE PORTER སློབ་གྲོགས་མང་པོ་ཞིག་འཚམས་འདྲི་གྲངས་མེད་ཞུ་བཞིན་འདུག ཅང་མེད་ནས་་་SPANISH་་་་་་གུས་ཕུལ།
ཉིད་ཀྱིས་བོད་གངས་ཅན་ལྗོངས་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ལས་དོན་རྣམས་གེགས་མེད་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་ཀྱི་མི་ལོངས་བརཞུ་ཞུ།
བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤེས་བདེ་ལེགས་ཞུ་།
བོད་ནང་གི་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་བོད་མི་ཡོངས་ཀྱི་ཚབ་ཞུ་སྟེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ།
བློ་སྤོབས་གཡུ་རལ་ནམ་མཁའི་མཐོངས་སུ་གསིག།
བཟང་པོའི་འགྱིངས་ཉམས་གངས་རིའི་དཔལ་དུ་བརྗིད།།
སེངྒེའི་གད་རྒྱངས་འཛམ་གླིང་ཁྱོན་དུ་བསྒྲགས།།
བསིལ་ལྗོངས་དར་བའི་དགེ་མཚན་འདི་ན་འབར།།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་བོད་དུ་ཕེབས་ཐུབ་རྒྱུར་འབད་བརྩོན་ཅི་བྱས་ལ་ངས་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་ལྷོད་མེད་བྱ་རྒྱུ་ཡིན།
དུས་ལ་བབ་པའི་མི་བུ་ཞིག་གི་ལས་དབང་ཁ་བའི་ལྗོངས་དང་སྦྲེལ།།
དུས་ཀྱི་དགོས་མཁོ་གངས་དཀར་སེམས་ན་མེ་ལོང་ནང་གི་གྲིབ་མ་བཞིན།།
དུས་རབས་གསར་བའི་ལང་ཚོ་ངོམ་པ་སེང་གེ་དཀར་མོའི་སྙིང་སྟོབས་ཅན།།
དུས་ངན་གདོང་དམར་ཚང་ལ་སླེབས་པས་གདོང་ལྔ་གཉིས་པའི་གད་རྒྱངས་ཐོས།།
མཚུངས་མེད་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་ཁྲི་འདོན་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ཉིད་ཀྱིས་བོད་གངས་ཅན་ལྗོངས་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ལས་དོན་རྣམས་གེགས་མེད་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་ཞུ་ཞུ། སེར་ར་ནས་བློ་བཟང་དཔལ་ལྡན་གྱིས་གུས་ཕུལ།
བློ་དང་སྤོབས་པའི་རྩལ་གྱིས་བཞེངས་ཏེ་ས་སྒང་མཐོན་པོའི་ནམ་མཁའ་ན།།
བཟང་བསྟོད་སྐར་བརྒྱས་ཀུན་དུ་སྐོར་བ་རི་བོང་འཛིན་པའི་རྒྱལ་མཚན་ཅན།།
སེང་སྟག་དོམ་གྱི་ཁ་སྐོར་ལྷུང་བའི་ས་ཡ་དྲུག་གི་འོད་དུ་ཤར།།
གེ་སེར་རྒྱལ་བོའི་རྣམ་ཐར་སྐྱོང་ལ་འཆམ་མཐུན་རྡོ་རྗེ་མདུད་པར་ཤོག།