མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་གསལ་བརྡ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་གསལ་བརྡ།

 
༈ བཙན་བྱོལ་ཁྲོད་སྙན་ངག་དང་སྐད་ཡིག་ལ་དོ་ཁུར་ཡོད་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དྲུང་དུ།

རླབས་ཆེ་ཞིང་གཞུང་བརྟན་པའི་ཡབ་མེས་རྣམ་པས་ཚེ་སྲོག་དང་རྔུལ་ཁྲག་གིས་བསྐྲུན་པའི་དབྱངས་གསལ་སོ་བཞིའི་རྨུ་ཐག་འདི་ཉིད་མགོ་ནག་བོད་པ་ཡོངས་ཀྱི་ཚེ་སྲོག་གི་རྩ་བར་སྦྲེལ་ཡོད་ན། འདི་ཉིད་དར་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོ་མི་རབས་གསར་བའི་གཞོན་རབས་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཆགས་ཡོད། བོད་ནང་ལ་མཚོན་ན་རྒྱ་ཆེའི་བོད་དམངས་ཡོངས་ཀྱིས་སྐད་ཡིག་དང་རིག་གཞུང་ལ་བཅངས་པའི་བརྩེ་ཞེན་སྔ་ཕྱི་བར་གསུམ་དུ་ལྷོད་པ་མེད་ལ། ལྷག་དོན་ཕྱི་ལོ་ ༢༠༡༠ ལོར་སློབ་མའི་སྐད་ཡིག་རིག་གཞུང་གི་རིན་ཐང་ལ་བཟུང་བའི་ཡར་ལངས་རྣམ་འགྱུར་ལས་བོད་གཞིས་བྱེས་གཉིས་ཀྱི་མི་རྣམས་གཉིད་ལས་སད་དུ་བཅུག་ཡོད། དེ་དང་དེ་ལྟའི་ལས་མཐུན་ལམ་ལྷུང་གིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་ལ་སྐད་ཡིག་གི་གོ་རྟོགས་གསར་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་། སྐབས་འདིར་ངེད་དྲ་ཚིགས་ཀྱིས་སྐད་ཡིག་རྒྱུན་འཛིན་ནམ་གོང་འཕེལ་གྱི་ཐབས་ལམ་ལ་དམིགས་ཏེ། རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་སྙན་ངག་གྱེར་འདོན་འགྲན་ཚོགས་དང་། སྙན་ངག་རྩོམ་རིག་གི་ཚོགས་ཆེན་བསྡུ་སྐོང་། བཙན་བྱོལ་ནང་དུས་རབས་གསར་པའི་གཞོན་སྐྱེས་སྙན་ངག་པ་དང་སྙན་རྩོམ་གཅིག་ལ་ཕུལ་བྱུང་བྱ་དགའ་འབུལ་བའི་ལས་རིམ་ཞིག་སྤེལ་རྒྱུ་ཡིན། ལས་རིམ་འདི་ནི་གཅིག་ནས་བོད་ཡིག་གི་རྩོམ་པ་པོ་དང་ནང་སྒོས་སྙན་ངག་པ་རྣམས་ཀྱི་ཉམ་ང་བའི་འཚོ་ཐབས་ལ་ཤུགས་རྐྱེན་ཞིག་ཡོང་ཆེད་དང་། གཉིས་སུ་སྙན་ངག་ལ་བརྟེན་ནས་སྐད་ཡིག་ལ་ངོས་འཛིན་ཡང་དག་དང་སྙན་ངག་སྒྱུ་རྩལ་གྱི་སྤུས་ཚད་གོང་མཐོར་ཡོང་བའི་ཐབས་སུ་དམིགས་པ་ཞིག་ཡིན།

བྱ་འགུལ་གྱི་ལས་རིམ་ནི།

 

དང་བོ། བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་སྐོར་བསྐྱོད་ཀྱིས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་རིམ་པ་གཅིག་ནས་གཉིས་བར་སྤེལ་རྒྱུ་དང་། མཐའ་མའི་རྟིང་རྩོད་འགྲན་བསྡུར་ནི་སྙན་ངག་ཚོགས་ཆེན་དང་ལྷན་དུ་བསྡུ་རྒྱུ་ཡིན། སྙན་ངག་གྱེར་འདོན་འགྲན་ཚོགས་སུ་ཞུགས་མཁན་རྣམས་ཀྱིས་རང་ཉིད་ཀྱི་སྙན་ངག་གྱེར་འདོན་བྱས་ཆོག་ལ་སྔོན་དང་ད་ལྟའི་སྙན་ངག་བདམ་གསེས་ཀྱིས་གྱེར་འདོན་བྱས་ཀྱང་ཆོག གྱེར་འདོན་འགྲན་བསྡུར་གྱི་ཨང་དང་བོར་ཧིན་སྒོར་གསུམ་ཁྲི་ལྷག ཨང་གཉིས་པར་ཧིན་སྒོར་གཅིག་ཁྲི་ལྷག ཨང་གསུམ་པར་ཧིན་སྒོར་ལྔ་སྟོང་ལྷག གཞན་ལེགས་གསོལ་འཚམས་རྟགས་ཀྱི་རིམ་པ་ཁ་ཤས་བཅས་ཡོད། རང་ཉིད་ཀྱི་རྩོམ་ཡིག་རང་ཉིད་ཀྱིས་གྱེར་འདོན་བྱས་པ་ལ་དམིགས་བསལ་ཡོད།

གཉིས་པ། བཙན་བྱོལ་ནང་གི་དུས་རབས་གསར་བའི་གཞོན་སྐྱེས་སྙན་ངག་པ་གཅིག་དང་སྙན་ ངག་གཅིག་ལ་སྙན་ངག་རྩོམ་རིག་གི་བྱ་དགའ་ཧིན་སྒོར་ཆིག་ཁྲི་རེ་དང་གཟེངས་བསྟོད་ ལག་འཁྱེར་འབུལ་རྒྱུ། 

གསུམ་པ། བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་ལྔ་དང་། རྩོམ་པ་པོ་ལྔ་ལ་གཟེངས་རྟགས་འབུལ་རྒྱུ། བདམ་གསེས་བྱེད་སྟངས་ནི་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་གཙོས་པའི་ཤེས་ཡོན་ཅན་རྣམས་ཀྱི་དགོངས་འཆར་གཞི་ལ་འཇོག་རྒྱུ་ཡིན། དེ་བས་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་གཙོས་མཁྱེན་ལྡན་རྣམས་ཀྱིས་བློ་གཟུ་བོའི་སྒོ་ནས་སྙན་ངག་པ་དང་རྩོམ་པ་པོ་འདེམས་གསེས་དང་མཚམས་སྦྱོར་གྱིས་ངེད་ཅག་ལ་རམ་འདེགས་གནང་རྒྱུ་མཁྱེན།

ང་ཚོར་འབྲེལ་བ་བྱེད་ས་ནི། 

གློག་འཕྲིན་ཁ་བྱང་།
wokar2010@gmail.com, wokar.net ཡང་ནdawakarpo.com

ཁ་པར་ཨང་གྲངས། རྒྱ་གར་ལྷོ་ཕྱོགས། +91- 8095050518 རྒྱ་གར་བྱང་ཕྱོགས། +91-8679329164

 སྦྲགས་ཁང་ཁ་བྱང་།wokar.net # 880 Seraje Monastery P.O. Bylakuppe ・ 571104 Distt, Mysore (K.S.) India
 
འགྲན་ཚོགས་འདིའི་ནང་དཔྱོད་ལྡན་དོན་གཉེར་ཅན་རྣམས་གང་མང་མང་མཉམ་ཞུགས་གནང་རྒྱུའི་རེ་བ་ཞུ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༤ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese