མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། རེ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིས་སྟོང་དགུ་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་གཅིག་གི་ཕྱི་དྲོ་རེད། ང་རང་ལས་ཀ་རུ་ཡོད། མཛའ་མོས་ང་རང་ལ་ཁ་པར་འབྱོར་ནས་ཁོ་མོ་གྲོགས་མོ་སྒྲ་ཝས་དང་ཝན་གཉིས་ཀྱི་མཉམ་དུ་སྨན་ཁང་དུ་སླེབས་ཚར་བ་ཡིན། གཅིག་བྱས་ན་ཁྱེད་རང་ལས་ཀ་མ་གྲོལ་སྔོན་དེར་ཞི་མོ་སྐྱེ་ན་ཐང་གི  ད་ལྟ་ང་ལ་ན་ཟུག་དེ་འདྲ་དམིགས་བསལ་གང་ཡང་མེད་ཀི  སྨན་པས་བཤད་ན་ཆུ་ཐོན་རྗེས་སུ་སྐྱེ་བར་ཐག་ཉེ་བ་རེད་ཟེར་གྱི་འདུག དེ་སྔོན་ང་ཚོ་མཚོ་འགྲམ་དུ་ཡོད་དུས། སྐྱེ་ལ་རན་པའི་རྟགས་མཚན་སླེབས་ནས་སྨན་ཁང་དུ་ཡོང་བཞིན་པའི་ལམ་སྐབས་སུ། ཆུ་ཐོན་སོང་། ཁྱེད་རང་གིས་ལས་ཀ་ཚར་བ་དང་ཐད་ཀར་སྨན་ཁང་གི་སྒོ་འགྲམ་ནས་འབབ་ཏེ་ང་རང་ཡོད་སར་ཤོག་ཟེར།

སྐད་ཆ་དེ་གོ་བ་དང་ང་རང་ཅུང་འཚབ་འཚུབ་དུ་གྱུར་ནས། ང་རང་ད་ལྟ་རང་ལས་ཀ་ནས་དགོངས་པ་ཞུ་ཐབས་ཁག་ན་ཡང་། ངས་ཐད་ཀར་འགན་འཛིན་ཨེས་རྒོལ་ལ་ཁ་པར་བཏང་ནས་དགོངས་པ་ཞུ་ཐབས་འདུག་མིན་བལྟས་ན་ག་འདྲ་འདུག་ཞེས་བཤད་དུས། མོས་མི་སྐྱོན་གི  ཕལ་ཆེར། སྨན་པས་བཤད་པ་ལྟར་བདེན་པར་གྱུར་ཚེ། ཁྱེད་རང་གི་ལས་ཀ་གྲོལ་རེག་བར་ད་སྒུག་ཐུབ་ས་རེད་འདུག་ཟེར། ངས་ཀྱང་དེར་ཡིད་ཆེས་མི་བྱེད་རང་བྱེད་ཆགས་པ་མ་ཟད། ཐབ་ཚང་དུ་ང་རང་མེད་སོང་བ་ཡིན་ན། མ་བྱན་གཞན་མེད་ཀྱང་། ལས་རོགས་མ་ཐེ་ལན་གྲའི་བུད་མེད་རྒྱགས་པ་ཆུང་ཆུང་དེ་ཡིས་ཟ་མ་ཚང་མ་བཟོ་ཤེས་ཀྱི་ཡོད། ངས་ཁོ་མོ་ལ་ང་རང་གི་མཛའ་མོས་ཁ་པར་འབྱོར་བའི་སྐོར་བཤད་དུས། མོས་ཁྱེད་རང་བུད་ལ་སོང་། གཅིག་བྱས་ན་དོ་ནུབ་མགྲོན་པོ་མང་བོ་མེད་ས་རེད། ངས་ཕལ་ཆེར་མགོ་ཐོན་ངེས་ཡིན་ཟེར་ནས་བཤད་པ་དང་དུས་མཚུངས་སུ། སྐུ་མགྲོན་མི་ཉུང་བ་ཞིག་གི་ཟས་ཐོ་སྒེའུ་ཁུངས་ནས་ཞབས་ཞུ་མ་ཞིག་གིས་སྤྲད་སོང་།

ངས་གཅིག་བྱས་ན་ཁ་པར་འདྲ་སླེབས་ཡོང་སྙམ་ཞོར་དུ་ཟ་མ་གང་མགྱོགས་ཅི་མགྱོགས་ཀྱིས་བཟོས་པ་ཡིན། སྟབས་ལེགས་ནས་ལས་ཀ་གྲོལ་སོང་། དུས་ཚོད་དེ་ཡི་རང་དུ་གནས་ཚུལ་ཚང་མ་བདེ་ལེགས་རེད་འདུག  ངས་མཛའ་མོ་ལ་ཁ་པར་བཏང་དུས་སུ། ཁོ་མོའི་གྲོགས་མོ་སྒྲ་ཝས་ཀྱིས་བླངས་སོང་། ཁོ་མོས་ད་ལྟ་སྐྱོན་གང་ཡང་མི་འདུག་ལ། ཚང་མ་བདེ་ལེགས་རེད། ཁོ་མོ་ད་ལྟ་བྱིས་སྐྱེ་ཁང་དུ་ཝན་དང་མཉམ་དུ་ཡོད། ཁྱེད་རང་ལྷོད་ལྷོད་བྱས་ནས་ཤོག ང་ཚོས་ཁྱེད་ལ་སྒུག་ནས་འདུག་ཟེར།

སྨན་ཁང་དུ་འབྱོར་ནས་མོ་རང་གི་འགྲམ་དུ་ཐོན་དུས་སུ། མོ་རང་གིས་ང་རང་མཐོང་བ་དང་ན་ཟུག་རེ་ཞིག་བརྗེད་པ་ལྟར། ཁྱེད་རང་སླེབས་སོང་བ་བཟང་གི  ད་ཁོ་མོ་གཉིས་ཕྱིར་འགྲོ་རོགས་ཟེར་ནས་བཤད་ན་འགྲིག་གི་འདུག  ངས་བསམ་ན་ད་དུང་ཅུང་འགོར་ས་རེད་འདུག སྒྲ་ཝས་འུ་གཉིས་ཀྱི་མགྲོན་པོ་རེད། ཁོ་མོ་འུ་གཉིས་ཀྱི་ནང་དུ་འགྲོ་དགོས། ཁྱེད་རང་གི་ལྡེ་མིག་ཁོ་མོ་སྤྲོད་ཅེས་བཤད་པ་ལྟར། ངས་ཁོ་མོ་གཉིས་ལ་ཐུགས་རྗེ་ཆེ། ག་དུས་སྐྱེ་ན་དེ་དུས་ངས་ཁྱེད་གཉིས་ལ་ཁ་པར་ནང་ནས་འཕྲིན་ཐུང་སྐུར་ངེས་ཡིན་ཞེས་ལམ་འཇུག་བྱས་པ་ཡིན། སྒྲ་ཝས་ཀྱིས་ངས་དོ་ནུབ་ཁ་པར་གྱི་སྒོ་ཕྱེ་ནས་འཇོག་ངེས་ཡིན། གལ་སྲིད། རོགས་པ་འདྲ་དགོས་གལ་བྱུང་ཚེ་དུས་ཚོད་ངེས་མེད་དུ་ཁྱེད་རང་གིས་ང་ལ་ཁ་པར་གཏོང་ཤོག་ཟེར། དེ་མཚུངས་ཀྱིས་ཝན་གྱིས་ཀྱང་སྐད་ཆ་དེ་བཤད་པ་དེར་སླར་ཡང་ངས་བཀའ་དྲིན་ཆེ་ཞུས་པ་ཡིན།

ང་རང་ཁོ་མོའི་ལག་པའི་ནང་དུ་འཐམ་ནས་ཉལ་ཁྲིའི་འགྲམ་དུ་ཡོད། སྨན་ཞབས་མ་ཞིག་ཡོང་ནས་ཁྱེད་རང་རེ་ཞིག་རིང་ཕྱི་ལོག་དུ་བསྡོད་དང་། སྨན་པས་བཟི་ཁབ་རྒྱགས་དགོས་ཀྱི་ཡོད་པ་རེད་ཟེར་བ་ལྟར། ང་རང་སྒོ་འགྲམ་ནས་སྒུག་ཞོར་དུ། སྐྱེ་ལ་རན་པའི་བུ་མོ་ཐར་མ་མཚོ་ལ་སྙན་ངག་ཐུང་ཐུང་ཞིག་བྲིས་པ་ཡིན།

མཛའ་མོ་ལ་ཟུག་རྔུ་ཕྲན་པུ་རེ་རྒྱགས་ཀྱི་འདུག་ན་ཡང་། ངུ་ཟུག་ཆེན་པོ་དེ་འདྲ་གང་ཡང་བཏབས་མ་སོང་བར། ང་ལ་མཚམས་རེར་སྐད་ཆ་འདྲ་བཤད་ཀྱི་འདུག དེ་དུས་སུ་ངེད་གཉིས་ཀྱིས་བུ་མོའི་མིང་ཐག་མ་གཅོད་པར་བཞག་ཡོད་པ་དེར། ངས་ཁོ་མོ་ལ་བུ་མོའི་མིང་ལ་ག་རེ་འདོག་འདོད་ཡོད་ན་ཁྱེད་རང་གི་འདོད་པ་ལྟར་ཡིན། ངས་དེ་ལ་མོས་མཐུན་བྱས་པ་ཡིན་ཟེར་ནས་མོ་རང་གི་ཐོད་པའི་སྒང་དུ་འོ་ཞིག་བྱས་པ་ཡིན། དངོས་ནས་བཤད་ན་སྐབས་འདི་འདྲ་ཞིག་ལ་ཁོ་མོ་ལ་སྐད་ཆ་སྙན་མོ་རེ་འཁོ་བ་ནི་བཟི་སྨན་ལས་ཀྱང་གལ་ཆེ་བ་ང་ཡིས་ཤེས་ནས་སྐད་ཆ་དེ་ལྟར་བཤད་དགོས་ཐུག་སོང་།

ཆུ་ཚོད་གཉིས་པ་སྐར་མ་ལྔའི་མ་ཟིན་གོང་དེར། མོ་རང་གིས་ན་ཟུག་དང་ངུ་འབོད་ཀྱང་རེ་ཞིག་ཆེ་རུ་སོང་བའི་སྐབས་དང་། མོ་རང་གིས་ཤུགས་གང་ཡོད་ཀྱིས་དབུགས་སྟོད་ནས་སྨད་ལ་དེད་པ་བཅས་ལ་བསྟེན། ངེད་གཉིས་ཀྱི་བུ་མོ་ཆུང་ཆུང་། འཇིག་རྟེན་མི་ཡུལ་གྱི་མངལ་སྒོ་དང་བོ། སྐྱེ་བའི་མ་དང་དྲིན་ཆེན་མའི་བྱམས་བརྩེ་ལས་སྐྱེ་བྱུང་། ངས་སྐྱེ་བའི་སྡུག་བསྔལ་ངེས་ལ་བསམ་བློ་གཏོང་ཞོར། རང་གི་མཛའ་མོའི་སྡུག་བསྔལ་དེ་དག་ལ་བསམ་ཞོར། དབུགས་སྟོད་ནས་སྨད་ལ་ཡང་ཡང་འདེད་སྐབས་ཀྱི་ན་ཟུག སྨན་ཞབས་མ་ཞིག་གིས་ཤུགས་གང་ཡོད་ཀྱིས་མོ་རང་གི་རྐུབ་སྒོ་བཀག་པའི་སྣང་ཚུལ། སྨན་པས་ཤུགས་དང་རྩལ་གྱིས་བུ་མོ་ཆུང་ཆུང་དེ་ཕྱི་ལ་འཐེན་པའི་ངང་ཚུལ། དེ་དག་ཚང་མ་ཚར་མ་ཐག མོ་རང་གིས་དབུགས་ཀྱི་ལེན་མཚམས་ཀྱང་རེ་ཞིག་རིང་གྲགས་འགུལ་མེད་པ་ལྟ་བུ་ཞིག་དུ་གྱུར་ན་ཡང་། གཟུགས་པོའི་ཆ་ཤས་གཞན་དག་ནས་ཁོ་མོ་ག་ལེར་འགུལ་བསྐྱོད་བྱེད་ཀྱི་ཡོད་པ་མཐོང་ཐུབ་ཀྱི་འདུག

ཁྲག་དང་གཞང་ཆུ་ལས་ཐོན་མ་ཐག་པའི་ཤ་ལས་མཆེད་པའི་བུ་མོ། སྨན་ཞབས་མ་ཞིག་གིས་ལག་པའི་རྩེ་གཉིས་ནས་བཟུང་དེ། གཙང་མ་ཡང་མ་བཟོས་པར། མཛའ་མོའི་བྲང་གར་བཞག་ནས་སྐར་མ་ཁ་ཤས་ཤིག་བཞག་སོང་། མཛའ་མོས་ཀྱང་རང་གི་ན་ཟུག་ཡོད་ཚད་སྐད་ཅིག་དེ་ཉིད་ལ་བརྗེད་ནས་ང་ཡི་སྙིང་གི་གཅེས་ཕྲུག་མ་ཞེས་ཡང་ཡང་བཤད་དུས། ང་ལ་གནམ་འོག་གི་སྐྱེས་མ་དག་གི་རླབས་ཆེ་བའི་བརྩེ་བ་དྲོན་མོ་དེ་ཤེས་སུ་བཅུགས་སོང་། སྨན་ཞབས་མས་སྐར་མ་ཁ་ཤས་ཀྱི་རྗེས་ཏག་ཏག་སུ། ཁོ་མོའི་ལག་པ་ནས་བླངས་དེ་ཕར་ཕྱོགས་སུ་འཁུར་སོང་ནས། བུ་མོ་གཙང་བཟོ་བྱས་པ་དང་སྤྱི་རྒྱའི་ནང་དུ་བཞག་སྤྱི་རྒྱ་ག་ཚོད་ཡོད་མེད་བལྟས། བུ་མོ་སྤྱི་རྒྱ་གཉིས་དང་གྲངས་ཆུང་དགུ་འདུག

བུ་མོའི་ལག་མགོ་དང་མཛའ་མོའི་ལག་མགོ་གཉིས་ལ་ཨང་གྲངས་གཅིག་པ་བཏགས་རྗེས། བུ་མོ་བུ་གཉེར་ཁང་དུ་འཁྲིད་ནས་བུད་སོང་། ངས་མཛའ་མོ་སྲུང་ནས་ཁོ་མོའི་ཉལ་ཁྲི་འགྲམ་དུ་གཉིད་མ་སད་ཀྱིས་མཚན་བཀང་བོ་རྐུབ་སྟེགས་ཤིག་ནས་ལུས། མོ་རང་ཡང་ག་ལེར་གཉིད་རྗེས་སུ། ང་རང་གཉིད་དུ་ཤོར། དངོས་ནས་བཤད་ན། སྨན་ཁང་ནས་ནད་པ་མ་གཏོགས་མཚན་མོ་མི་སུ་ཡང་ནད་པའི་འགྲམ་དུ་བསྡོད་ཆོག་པའི་མེད་པའི་སྒྲིག་ཁྲིམས་དེ་ནི་ཞོགས་པ་སྨན་ཞབས་མ་ཞིག་ཡོང་ནས་ང་རང་ཡར་དཀྲོགས་རོགས་བར་དུ་ངེད་གཉིས་ཀྱིས་ཤེས་མེད། དེ་དུས་མཛའ་མོས་ང་རང་ལ་ཁྱེད་རང་སོང་ན་འགྲིག་གི་འདུག ནང་དུ་སོང་ནས་གཟུགས་པོ་ཞིག་དཀྲུས། དེ་ནས་ཕྱིར་ཡོང་ན་རེད། གཅིག་བྱས་ན། དེ་རེག་བར་དུ་ང་རང་གི་མ་རྒན་ཡང་སླེབས་ངེས་ཡིན། ཁ་སང་ཕྱི་དྲོ་ང་རང་སྨན་ཁང་དུ་ཡོང་བའི་ལམ་ཁར་ཁ་པར་བརྒྱབས་དུས། ཁོ་མོ་དེ་རིང་ཞོགས་པ་བདུན་གཅིག་གི་གུང་གསེང་བླངས་ནས་ཡོང་གི་ཡོད་པ་རེད། དེ་ཡིན་དུས། ཁྱེད་རང་ལས་ཀ་ཡང་རྒྱུན་ལྡན་ལྟར་སོང་འགྲིག་གི་ཡོད་པ་རེད་ཟེར།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. karmadentse says:
    ལོ་ 15 སྔོན།

    བཀླགས་ཡོད། ངེད་ཚང་ལ་ཡོང་ནོ་བཟང་ཐལ།

    Reply
  2. tenphel says:
    ལོ་ 15 སྔོན།

    བཀླགས་ནས་བུད་སོང་།

    Reply
  3. makyiama says:
    ལོ་ 15 སྔོན།

    ཨ་རོ། ངས་ཉིན་ལྟར་ཁྱོད་ཀྱི་ཉིན་ཐོ་ཀློག་གིན་ཡོད། དེ་ཕལ་ཆེར་ང་གཅིག་བུ་ཡིན་རྒྱུ་མ་རེད། ཁྱོད་ངོ་ཤེས་མཁན་ཚང་མས་ཀློག་གིན་ཡོད་སྲིད། ད་དུང་ངོ་མི་ཤེས་མཁན་ག་ཚོད་ཅིག་ཡོད་སྲིད། ཉེ་འཆར་གྲོགས་པོ་བསོད་འཕེལ་དང་མཉམ་དུ་ཆང་འཐུང་ཞོར་ཡར་མར་གྱི་ཁ་བརྡ་མང་པོ་བྱས་མཐར་ཟིན་བྲིས་བའི་སྐོར་བཤད། ཁོ་ཡང་ཁྱོད་ཀྱི་ཟིན་བྲིས་ཀློག་མཁན་གྱིས་གྲས་རེད་འདུག མ་འོངས་བ་ན་ཁྱོད་ཀྱི་ཉིན་ཐོ་འདི་ཐག་ཚེ་རིང་དོན་འགྲུབ་ལྟ་བུའི་བརྩམས་སྒྲུང་འབྲི་མཁན་ཞིག་གིས་རྩོམ་སྒྲིག་ལེགས་པོ་ཞིག་བྱས་རྗེས་དེབ་གཟུགས་སུ་འགོད་ཐུབ་པར་སྨོན། ང་ལ་བསམ་འཆར་གཅིག་ཡོད་པ་ནི་ཟིན་བྲིས་རྙིང་བ་དང་གསར་བ་དག་གི་གོ་རིམ་སྣོག་མི་ཉན་གི རྒྱུ་མཚན་བྱུང་རིམ་དག་འཁྲུག་སོང་ནས་མཚམས་རེར་དོན་དག་ལ་ལའི་བྲོ་བ་བརླགས་འགྲོ་གི། དཔེར་ན་མུ་འབྲེལ་བརྙན་འཕྲིན་ཞིག་གི་ལེའུ་གཅིག་རྫོགས་སྐབས་ལེའུ་རྗེས་མའི་ནང་གི་དོན་དག་འགའི་མཇུག་འབྲས་ལ་རེ་སྒུག་བྱེད་སྐབས་ལེའུ་གཞན་ཞིག་ནས་ལྟོས་བ་དང་གཅིག་མཚུངས་རེད། དེ་མ་གཏོགས་བཤད་རྒྱུ་ཞིག་མི་འདུག། ཁྱོད་ངོ་མ་ངར་བ་ཞིག་རེད། ་ཧུར་བརྩོན་བྱོས། ་བུ་རྒོད་པོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese